ཕུག་རོན། ༼ཕ་རི་སི༽
ཟླ་སྔོན་མར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་། བཀའ་ཤག་གིས་གཞུང་དོན་འཐུས་ཤོར་ལ་བསྙད་དེ། དོན་གཅོད་ལས་གནས་ནས་གནས་དབྱུང་བཏང་བ་ནས་བཟུང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྔར་བྱུང་མ་མྱོང་པའི་རྙོག་གླེང་ཆེན་པོ་ཞིག་བྱུང་སྟེ། སྔ་ཕྱིར་བཀའ་ཤག་དང་སྲིད་སྐྱོང་ལ་མངོན་གསལ་དང་མངོན་གསལ་མིན་པའི་ཐོག་ནས་ངོ་རྒོལ་དང་ཞུ་སྐུལ་ཐེངས་མང་བྱས་ཡོད་ལ། དེའི་ཐད། ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ཕྱོགས་གཏོགས་ཀྱིས། ཐེངས་འདིར་སྲིད་སྐྱོང་གི་གནང་སྟངས་དེ་ནི། ཁྲིམས་སྒྲིག་དང་འགལ་བའི་གང་ཟག་སྒེར་གྱི་ཐག་གཅོད་ཅིག་ཡིན་པར་མ་ཟད། འོས་བསྡུའི་སྐབས་ཀྱི་སྙིང་ནད་སངས་ཐབས་སུ་འཁོན་ལན་སློག་པ་ཞིག་ཡིན་པར་བརྗོད་ཀྱིན་ཡོད།
ཁ་ཅིག་གིས་ན་རེ། ཐེངས་འདིའི་སྲིད་སྐྱོང་གི་དམིགས་ཡུལ་གཙོ་བོ་ནི། སྤེན་པ་ཚེ་རིང་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བསྐྱར་དུ་ལངས་རྒྱུ་ཡིན་པ་མཐོང་སྟེ། ཆེད་དམིགས་ཁོང་ནག་པོ་བཟོས་པ་རེད་ཟེར་བ་དང་། ཡང་སྤེན་པ་ཚེ་རིང་སྤིར་ཛིལ་དོན་གཅོད་ལ་བསྐོ་བཞག་གནང་མཁན་སྲིད་སྐྱོང་ཡིན་མིན་དོགས་པ་མེད་རུང་། སྲིད་སྐྱོང་གིས་ཨ་རིའི་དོན་གཅོད་ལ་བཀའ་ཟུར་དངོས་གྲུབ་ཚེ་རིང་མ་གཏོགས་སྤེན་ཚེ་འཇོག་འདོད་རྩ་བ་ནས་མེད་ཅིང་། ལྷག་པར་དུ། སྤེན་ཚེ་སྤར་ཛིལ་ནས་ཨ་རིའི་དོན་གཅོད་ལ་བརྗེ་བསྒྱུར་གནང་མཁན་སྐུ་མདུན་ཁོང་ཡིན་པས། བར་སྐབས་རིང་ཁོས་སྐུ་མདུན་གྱི་བཀའ་ཟློག་མ་ནུས་པར། ཟླ་ངོ་༡༥ རིང་སྤེན་ཚེའི་ལས་དོན་བྱེད་ཕྱོགས་ཀྱི་སྐྱོན་ཁོ་ནར་བརྟགས་ཏེ། ཚུལ་ཇི་ལྟར་དང་དུས་ནམ་ཞིག་ལ་གནས་དབྱུང་གཏོང་རྒྱུར་ངང་སྒུག་དང་གྲྭ་སྒྲིག་བྱས་པར་ཤོད་ཀྱིན་ཡོད།
ཁོང་ཚོས་མུ་མཐུད་བཤད་ཡག་ལ། སྤེན་པ་ཚེ་རིང་ལ་མི་ལོ་ཉི་ཤུར་བཙན་བྱོལ་གཞུང་ལ་སྲི་ཞུ་དང་ལྷག་པར་དུ། སྤྱི་འཐུས་ཚོགས་གཙོ་ལོ་ངོ་༨ ལ་ཉེ་བར་སྲི་ཞུ་བསྒྲུབས་པའི་ཉམས་མྱོང་དང་བྱས་རྗེས་ཡོད་པ་ལས་གཞན། གོང་ས་མཆོག་གི་བཀའ་དགོངས་འོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་མོས་ཐོག་གཏན་ལ་ཕབ་པའི་ལམ་དབུ་མི་སྲིད་བྱུས་དང་། བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་གཏན་འབེབས་བྱུང་བའི་ཤེས་ཡོན་སྲིད་བྱུས་གཙོས། བཀའ་ཤག་སྐབས་སྔོན་མའི་གལ་ཆེའི་སྲིད་བྱུས་ཁག་མུ་མཐུད་ལག་ལེན་དོན་འཁྱོལ་ཡོང་བར་གལ་ཆེའི་དབུ་ཁྲིད་ཅིག་ཡིན་པའི་སྒྲུབ་བྱེད་དུ་བཀོད་ཡོད།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྙོག་གླེང་རིམ་པར་བྱུང་བའི་མུར། རྙོག་གླེང་དེའང་ཁྱབ་ཆེ་ས་དང་གཏིང་ཟབ་ས་ནས། དཀྲོག་གཏམ་དང་འཐེན་འཁྱེར་གྱི་ངོ་བོར་འགྱུར་ཡོང་དུས། བཀའ་ཤག་ནས་དོན་གཅོད་གནས་དབྱུང་ཐད། ཡིག་ངག་གཉིས་ཐོག་ནས་གསལ་བཤད་རིམ་པར་གནང་དགོས་བྱུང་ཡོད་ཀྱང་། མང་ཚོགས་ནང་འདོད་བློ་ཚིམས་པའི་གོ་བརྡ་མ་འཕྲོད་སྟབས། ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་ལ། གཅིག་བྱས་ན་མ་འོངས་པར་ད་དུང་ཡང་འབྱུང་སྲིད་ཀྱི་རེད།
སྲིད་སྐྱོང་ཕྱོགས་གཏོགས་ཀྱིས་བཤད་ན། སྲིད་སྐྱོང་ལ་བཅའ་ཁྲིམས་དགོངས་དོན་ལྟར། དོན་གཅོད་གནས་དབྱུང་གི་དབང་ཆ་ཆ་ཚང་ཡོད་པ་དང་། ལྷག་པར་དུ་བཀའ་ཤག་གི་གསལ་བཤད་དག་ལས་གསལ་བཤད་དོན་ཚན་བཅུ། དེའི་ཐོག་ཁ་ཎ་ཌིའི་སྲིད་སྐྱོང་གི་གསལ་བཤད་བཅས་ཀྱིས། སྤེན་པ་ཚེ་རིང་དོན་གཅོད་ནས་འཕོས་པ་དེར་སྲིད་སྐྱོང་སྒེར་ལ་འཁོན་འཛིན་པ་མེད་པའི་རྒྱུ་མཚན་ཤོད་ཀྱིན་ཡོད།
དེ་བཞིན་དུ། སྲིད་སྐྱོང་ལ་ངོ་རྒོལ་བྱས་སོང་། བཀའ་ཤག་ལ་ངོ་རྒོལ་བྱས་སོང་། དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་བྱས་སོང་ཟེར་ཡང་། ཁ་གཏད་ངོ་རྒོལ་བས་སྲིད་སྐྱོང་དང་བཀའ་ཤག་གི་ཐག་གཅོད་ལ་ངོ་རྒོལ་ཙམ་ལས་གཞན་སུ་ལ་ངོ་རྒོལ་བྱེད་ཀི་མེད་ལུགས་བརྗོད་དེ། ཕན་ཚུན་བར་གོ་བ་ལོག་སྒྲུབ་ཀྱིས་ནང་འཛིང་ལུ་གུ་རྒྱུད་དུ་འབྱུང་བཞིན་པ་རེད།
གང་ལྟར། ད་ལན་གྱི་རྙོག་གླེང་འདིའི་ཐད། བཀའ་ཤག་དང་སྲིད་སྐྱོང་གིས་གསལ་བཤད་སྔ་རྗེས་ལན་མང་གནང་བའི་མཐའ་མར། ཚོགས་ཟུར་སྤེན་པ་ཚེ་རིང་གིས་ལས་གནས་ནས་དགོངས་ཞུ་གནང་བའི་རྗེས་སུ། ཡོངས་ཁྱབ་ཐོག་དུས་ཡུན་ཆུ་ཚོད་༤ ཙམ་གྱི་གསལ་བཤད་རྒྱས་པ་ཞིག་གནང་ཡོད།
དེ་བས། དོན་དམ་ཐོག་གོང་ས་མཆོག་ལ་དད་པ་དང་བོད་གཞུང་ལ་གུས་བརྩི། བོད་མི་རིགས་དང་དེའི་རིག་གཞུང་གི་མདུན་ལམ་ཐོག་མནོ་བསམ་གཏོང་མཁན་ཞིག་ཡིན་ཕྱིན། མིག་གཉིས་ཀ་ཕྱེ་སྟེ། དྲང་བདེན་ཕྱོགས་ལྷུང་མེད་པར་ཕྱོགས་གཉིས་ཀྱི་གསལ་བཤད་ལ་ཞིབ་བསྡུར་ཐོག ཁ་གསང་པོའི་ལམ་ནས་མང་གཙོའི་ཁེ་དབང་ལོངས་སྤྱད་ནས་བདེན་པ་སུ་ཡོད་ལ་རྒྱབ་སྐྱོར་གནང་རྒྱུ་ལས། ཆོལ་ཁ་དང་ལུང་ཚན་གྱི་གུ་དོག་དང་བླུན་པོའི་བརྟུལ་ཞུགས་བཟུང་ན། རང་གཞན་ཚང་མ་ཕུང་བའི་རྒྱུ་ལས་མ་འདས།
གཞན། ཁོ་བོ་སྒེར་གྱི་ལྟ་ཚུལ་ལྟར་ན། ཐེངས་འདིའི་རྙོག་གླེང་མགོ་བཙུགས་སྐབས་ནས་ཀྱང་། རང་ཅག་ཤེས་ཡོན་པའི་སྡེ་རྣམས་ཁུ་སིམ་མར་སྡོད་པ་ལས། སྤྱི་ཚོགས་དང་རྩ་དོན་ལ་འགན་འཁུར་གྱི་བསམ་བློ་མེད་པའི་ཚོར་སྣང་བྱུང་ལ། སྤྱི་ཚོགས་ལ་སྣེ་ཁྲིད་མཁན་ཤེས་ཡོན་པ་བཏང་སྙོམས་སུ་བསྡད་པའི་ཉེར་ལེན་གྱིས། མང་ཚོགས་ཏེ་ཡིག་རྨོངས་པ་དང་བླུན་པོ་སྐོར་ཞིག་གིས་ཁ་ནས་ཅི་དྲན་བྱུང་རྒྱལ་དུ་སྨྲ་བ།
རང་ཕྱོགས་ལྷ་ལྟར་བཀུར་བཞིན་གཞན་ཕྱོགས་དགྲ་ཡི་དྭངས་མར་བརྩིས་ཏེ། ལོ་རྒྱུས་ཐོག་སྤུན་ཟླ་ཡ་བྲལ་གྱི་སྡིག་ཉེས་ཚབས་ཆེན་བསགས་དང་གསག་བཞིན་ཡོད་ཅིང་། སྲིད་སྐྱོང་དང་ཚོགས་གཙོའི་འགལ་བར་བསྙད་དེ། བོད་མིའི་སྤྱི་ཚོགས་དུམ་བུར་སོང་ན་ཕམ་ཁ་བོད་མི་སྤྱི་ལ་རག་གི་ཡོད་དུས། ཤེས་ཡོན་པའི་སྡེ་ནས་དམངས་སེམས་ལྷོད་ལ་འབབ་ཆེད། བློ་རྒྱ་ཁ་མིག་ལས་ཏོག་པའི་བླུན་པོ་ཁག་ཆུ་སྣ་གར་ཁྲིད་ཀྱི་ཚུལ་དུ་མི་འགྲོ་བར་གོ་བསྐོན་སློབ་གསོ་གནང་རོགས།
ཉེ་ལམ་བརྒྱུད་ལམ་ཁག་ཏུ་མཐོང་བའི་མཐོང་བའི་ཕྱོགས་གཉིས་ཀྱི་རྒྱབ་སྐྱོར་བར་རོབ་ཙམ་བལྟས་ཡོང་ན། ཕྱོགས་ཞེན་པ་ཤེས་ཡོན་ཅན་ཆེས་ཉུང་ཤས་ལས་གཞན། ཚང་མ་རི་བོང་ཅལ་འགྲོགས་ལྟར་རྒྱུགས་བཞིན་པ་བཞིན་པ་ཞིག་ལས། དངོས་ཡོད་ལ་ལྟ་ཤེས་པ་དང་རྒྱུ་མཚན་ལ་དཔྱོད་ཤེས་པའི་མི་ཧ་ཅང་ཅུང་ཉུང་ཡིན་པའི་མཐོང་ཚུལ་བྱུང་།
ཕྱི་ཚེས་༡༠ ཉིན་ནེའུ་ཡོག་ཏུ་གོ་སྒྲིག་ཞུས་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་སྐབས། བོད་རིགས་སྤུན་ཟླ་ནང་ཁུལ་ཕན་ཚུན་མ་འཆམ་པའི་གནས་ཚུལ་མཐོང་འཕྲལ། སེམས་ནས་མ་བཟོད་པར་དྲན་སྐུལ་གྱི་ཚུལ་དུ་བྲིས།
དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གི་ཐུགས་འགན་ཆེ་ཤོས་དེ་བོད་མི་ནང་ཁུལ་མཐུན་འབྲེལ་ཟབ་ཏུ་གཏོང་རྒྱུ་དང་བཙན་བྱོལ་བོད་མིའི་བདེ་འཇགས་དང་མི་མང་གི་འཚོ་བ་ལ་འགན་བཞེས་རྒྱུ་དང་བཅའ་ཁྲིམས་ནང་གསལ་བའི་བོད་དོན་བདེན་མཐའ་གསལ་ཐབས་ལ་ཐུགས་འགན་ཞེས་རྒྱུ་སོགས་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ན་ད་ལམ་ཨ་དོན་འཕོ་འགྱུར་དང་འབྲེལ་བའི་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་འཇགས་དང་མཐུན་འབྲེལ་ལ་གས་ཆགས་བྱུང་ཡོད་ན་དེའི་འགན་འཛིན་སྐྱོང་བཀའ་ཤག་ནས་བཞེས་དགོསཔ་དེ་ཐོག་མ་ཨ་དོན་འཕོ་འགྱུར་གྱི་གསལ་བསྒྲགས་མཉམ་འཕོ་འགྱུར་གཏོང་དགོས་པའི་གསལ་བཤད་དུས་ཐོག་གནང་ཡོད་ན་ད་ལྟའི་གླེང་སྙོགས་འདི་ལང་མི་ཐུབ་པ་དང་བཀའ་ཤག་ནས་དྲན་གཏམ་གསལ་བཤད་ཁྲིམས་སྒྲིག་དང་མ་མཐུན་པའི་གསལ་བཤད་སྔ་རྗེས་ཡིག་ངག་གཉིས་ནས་དོན་ཚན་བཅུ་ཅན་གནང་བའི་རྒྱུད་ནས་མེ་འབར་བའི་ཐོག་ས་སྣུམ་གཏོར་བ་ཇི་བཞིན་མི་མང་ལ་སྒོ་ལྐོན་གསལ་བཤད་ལམ་སྟོན་མེད་པ་མ་ཟད་མི་མང་གི་ཞུ་འབོད་ལ་འབྱོར་ལན་ཙམ་ཡང་མེད་པ་སོགས་ལ་དཔྱད་སྐབས་ད་ལམ་གྱི་གནད་དོན་ལེགས་ཉེས་ཡོངས་རྫོགས་ཀྱི་འགན་དེ་འཛིན་སྐྱོང་བཀའ་ཤག་ལ་ཡོད་པ་ལོ་རྒྱུས་ཀྱི་ཀྱོག་མཚམས་ནས་མ་འོངས་ལོ་རྒྱུས་ནང་ལྷག་ནས་སུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཞིག་ང་ཚོའི་མིག་མདུན་དུ་ཁ་ཕྱེ་ནས་བཞག་པ་མ་རེད་དམ་།
༄༅། ཤེས་ཡོན་པ་རྣམས་ཁ་ཁུ་སིམ་མས་ལོས་བསྡད། རྒྱུ་མཚན་གང་ཡང་མ་ཤེས་པར་
ཀླད་སྟོང་གིས་སྐད་སྟོང་བརྒྱབ་སོང་ང། དཔེར་ན་་་འཕོ་འགྱུར་བཏང་པ་ལ་་གནས་དབྱང་
བཏང་སོང་ཞེས་དང། ས་ཡ་གཅིག་དང་ཕྱེད་ཀ་་་སྐོག་ཟ་རུལ་སོང་བྱས་སྐོར་སྟོང་བཤད་འུར་
སྐད་ག་ཚོད་བྱས་སོང། བོད་གཞུང་ལ་ངོ་རྒོལ་མིན་། དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་མིན། སྲིད་སྐྱོང་དང་བཀའ་ཤག་ལ་ངོ་རྒོལ་ཡོད་ཟེར་བ། མགོ་འཇུག་མེད་པ་། གོ་དོན་ཡང་དག་པ་
མ་ཤེས་པ་སོགས་བྱུང་སོང་བ་་་དེའི་ནང་ཤེས་ཡོན་པ་རྣམས་མཉམ་དུ་ཞུགས་ན་ག་འདྲ་ཡོང་
ས་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་མཁན་ཞིག་གི་ངོས་ནས་བལྟས་ན་བོད་གཞུང་ལ་ངོ་རྒོལ་མིན་ཟེར་བའི་གཞུང་འདི་ཁྲིམས་མཐུན་དུ་ནམ་ཡང་མཁས་བླང་མི་ཐུབ་པ་ནི་བཅའ་ཁྲིམས་ནང་བོད་གཞུང་མ་གསལ་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་ཁ་ཕྱོགས་པ་ནས་བོད་གཞུང་ཟེར་བའི་ཐ་སྙད་དེ་ཁྲིམས་མཐུན་དུ་ངོས་འཛིན་མི་ཐུབ་པའི་ངོ་སྤྲོད་བཙན་བྱོལ་བོད་མིའི་བཅབ་ཁྲིམས་ནས་ཁ་གསལ་མི་འདུག་གམ་།
ཨ་འབར་ལགས། ལས་བྱེད་འཕོ་འགྱུར་ཇི་ལྟར་བཏང་སོང་། སྤེན་ཚེ་ལ་ལས་གནས་གང་ཞིག་བཀོད་བསྒྲིགས་བྱས་འདུག ལས་གནས་གང་ཡང་བཀོད་བསྒྲིགས་བྱས་མེད་ན་དེ་ནི་གནས་དབྱུངས་སམ་ཕུད་པ་རེད། དབྱིན་སྐད་དུ། Fire ཟེར་དུས་ཕུད་པ་རེད། འཕོ་འགྱུར་ཡིན་ན།་དབྱིན་སྐད་དུ། transfer ཟེར་བ་རེད། དེ་ནི་ལས་ཁུང་དེའི་ཡན་ལགས་གང་རུང་ཞིག་ནས་ལས་གནས་སྤྲད་ཡོད་པར་གོ སྤེན་ཚེ་ལ་ལས་གནས་གང་ཡང་མེད་སྟབས་གནས་དབྱུངས་བཏང་བ་རེད། ཧ་གོ་སོང་ངམ། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རྙོག་ཟིང་དེ་ལྐོག་ཟ་ཞེས་ཟེར་ན་མི་འགྲིག རྒྱུ་མཚན་ནི་དོན་ཁང་ཉོ་སྟངས་དེ་ཁྲིམས་མཐུན་ཡིན་མིན་ཙམ་ལས་བློ་སེང་བཀའ་ཤག་གིས་ཟོས་པ་གང་ཡང་མ་རེད། །
འཕོ་འགྱུར་ change.
གནས་སྤོས་ transfer.
གནས་དབྱུང་ dismiss
གོང་གི་ཐ་སྙད་གསུམ་པའི་ཐོག་བཀའ་ཤག་ནས་ཨ་དོན་བརྗེ་ལེན་གནང་བ་ལ་ངོས་འཛིན་ཞུས་ན་དེ་ལས་གསལ་ཆ་དོད་པ་དང་ཁུངས་བཙན་པའི་ཁྲིམས་མཐུན་གྱི་འབྲེལ་བཤད་ཡོད་ན་གསུང་དང་
ད་ལྟའི་འཛིན་སྐྱོངས་བཀའ་ཤགས་འམ་སྲིད་སྐྱོངས་ལ་ངོ་རྒོལ་བྱས་ན་དབུས་བོད་མིའི་སྒྲིགས་འཛུགས་ལ་ངོ་རྒོལ་བྱས་པ་ཞེས་པ་ནི་སྲིད་དོན་པའི་དགོས་ཁོའི་དབང་གི་མི་མང་ནང་འུར་ཟིང་གླང་འཐབ་ཙམ་ལས་དོན་དངོས་དབུས་བོད་མིའི་སྒྲིགས་འཛུགས་ནི་བོད་དོན་བདེན་ཐ་མི་སལ་བར་གནས་དགོས་པའི་མང་གཙོའི་ཀ་བ་གསུམ་དེ་རེད་དེ་ལ་ཆེ་ཐོའི་ཁྲིམ་ཞིབ་ཁང་དང་གྲོས་ཚོགས་འཛིན་སྐྱོང་བཅས་ལས་བསྒྲུབས་པའི་སྒྲིགས་འཛུགས་དེ་རེད་དེ་ན་སྲིད་སྐྱོངས་བློ་བཟང་སེངགེའི་བཀའ་ཤགས་ནི་མང་གཙོའི་ཀ་བ་གསུམ་ནང་གི་བཀའ་ཤག་དང་ཐ་དད་ཞིག་རེད་དེའི་ཚོན་དོན་ཡིན་པ་ལས་མང་གཙོའི་བཀའ་བ་གསུམ་ནང་གི་བཀའ་ཤགས་དེ་མན་པ་ནི་༢༠༢༡ལོར་བློ་སེང་བཀའ་ཤགས་སྐྱུར་འགྲོ་བ་འམ་འཇུགས་ཛོགས་པ་རེད་ཏེའི་ བོད་མིའི་སྒྲིགས་འཛུགས་བཀའ་ཤགས་སྒོ་རྒྱབས་པ་ག་ནས་ཡིན་རྒྱུ་ཚན་དེ་ཙམ་ལས་མང་ན་འདེར་མི་སྤྲོ་བས་སོ
འཕོ་བ་ནི་སྔར་གྱི་སྡོད་ས་དེ་ལས་གནས་གཞན་ཞིག་གམ་གོ་ས་གཞན་ཞིག་ཏུ་སོང་བ་དགོས་དཔེར་ན་སྔར་གྱི་གོ་ས་ལས་གོ་ས་གཞན་ཞིག་ཏུ་འགྱུར་སོང་བས་ན་འཕོ་འགྱུར་ཟེར།
Change བརྗེ་བོ་རྒྱག་པའི་དོན།
གཞུང་པ་དང་བཙན་པོ་གཉིས་ལ། ལས་ཁུང་གཅིག་གི་ཡན་ལག་གང་རུང་ལ་འཕོ་ན་དེ་ལ་དབྱིན་སྐད་དུ། transfer ཟེར་བ་ལས། change ཞེས་མི་བརྗོད་དོ། །་དབྱིན་སྐད་དུ། change my job ཟེར་ན་བྱ་བ་རྗེ་བོ་རྒྱབ་པ་ལྟ་བུ་རེད། ལས་ཁུངས་རང་འཇགས་ཡིན་ཀྱང་ཆོག་ལ། ལས་ཁ྄ུངས་གཞན་ཞིག་ཡིན་ཀྱང་ཆོག་གོ །
ཚང་མ་དབྱིན་ཡིག་གི་ཐ་སྙད་ལ་བསྟུན་ཨེ་དགོས། ཞྭ་དཔེ་ལྷམ་འགེབས་དེ་མི་དགོས་པ་འདྲ། བོད་པ་རང་སྐད་ལ་རང་མགོ་ཐོན་ཐུབ་པ་འདྲ།
གང་ལྟར་ཀྱང་བོད་ཡིག་སྟེང་ནས་འཕོ་འགྱུར་ཟེར་ན་འཕོ་སའི་གནས་ཤིག་གཏན་ཁེལ་དགོས་པ་རེད། གནས་དབྱུང་ཟེར་ན་སྔར་གྱི་གནས་ལས་ཕུད་བཞག་པ་ཞིག་ལས་གཞན་ལ་གོ་རྒྱུ་མེད།
སྤེ་ཚེའི་ལས་གནས་འགྱུར་བ་འདི་གནས་དབྱུང་ལས་འཕོ་འགྱུར་མིན་པ་གསལ་བོ་ཡིན།
ཕྱི་ཚེས་བཅུའི་ཉིན་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་བའི་སྐབས་སུ་རྒྱལ་སྤྱི་དང་ཕྱོགས་སོ་སོའི་གསར་འགོད་པ་གཅིག་ཀྱང་སྐད་བཏང་མི་འདུག
དེ་དོན་གཅོད་གསར་བའི་ནོར་འཁྲུལ་དང་མ་འཇོན་པ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་དགོས་པ་སྨྲས་མེད་རེད། དོན་གཅོད་གསར་བ་ཡང་གནས་དབྱུང་གཏོང་དགོས།
གཞན་ལས་བཤུས།
ལས་མེད་བཞག་པ་ལ་གནས་དབྱུངས་མི་ཟེར་ན་ག་རེ་ཟེར་དགོས་རེད་འབྲེལ་བཤད་ཡོད་ན་བཀོད་དང་།