གཤམ་གསལ་ནི་ ཕྱི་ཟླ་ ༥ ཚེས་ ༢༦ ནས་ ཕྱི་ཟླ་ ༦ ཚེས་ ༢༥ བར་གྱི་ཟླ་གཅིག་རིང་ཁ་བརྡ་ཀློག་མཁན་རྣམས་གང་ནས་ཕེབས་པའི་རེའུ་མིག་དེ་རེད།
རྒྱལ་ཁབ། | ཕེབས་གྲངས། | ཀློག་ཡུན། |
རྒྱ་གར། | ༡༧༩༢༣ | 00:08:13 |
ཨ་མི་རི་ཀ་ | ༡༧༧༥༠ | 00:05:32 |
ཧྥ་རན་སི། | ༣༣༩༨ | 00:07:20 |
བལ་ཡུལ། | ༢༣༩༣ | 00:07:46 |
བྷེལ་འཇམ། | ༢༢༤༧ | 00:06:25 |
ཐེ་ཝན། | ༢༡༦༩ | 00:05:32 |
ཁེ་ན་ཌ། | ༢༠༤༧ | 00:07:21 |
སུད་སི། | ༡༨༢༢ | 00:04:45 |
ཨའུ་སི་ཊི་རི་ལི་ཡ། | ༡༢༩༥ | 00:08:30 |
ཨིན་ཡུལ། | ༡༡༣༨ | 00:06:45 |
ལགས་སོ།།
བོད་ནང་ལ་ཁ་བརྡ་རྩ་བ་ཉིད་ནས་ལྟ་ཀློག་མི་ཐུབ་བམ། ཐུབ་ན་གྲངས་ཉུང་ཡང་འདིར་བཀོད་ན་བཟང་སྙམ།
ང་གཅིག་པུས་ཟླ་རེར་ཐེངས་བརྒྱ་ལྷག་ལ་ཀློག་གི་ཡོད་རྒྱུ་རེད་ཡ་་་་
ཕེབས་གྲངས་ཞེས་བརྗོད་པ་ལས་སྐྱག་པ་གཏོང་གྲངས་ཞེས་བརྗོད་ན་ལེན་ཤས་ཆེ།
ཧ་ཧ་ཧ་དྲ་འབུ་ནི་དྲ་འབུ་རང་རེད། སྙིང་རྗེ་པོ་ཞིག་གསུངས་འདུག་ག
བོད་ནང་གི་གནད་དོན་གསང་བ་རེད། འདིར་བཀོད་ན་ཕན་ཐོགས་ག་རེ་འདུག
དེ་ནི་སྤྱིར་ཟླ་གཅིག་རིང་གི་ཀློག་ཐེངས་ཀྱི་གྲངས་ཡིན་པ་ལས། ཀློག་མཁན་མི་ཅི་ཙམ་ཡོད་པའི་གྲངས་ཡིན་ས་མི་འགྲོ་གི
གྲངས་ཀ་དེ་ག་འདྲ་བརྩིས་ཀྱི་ཡོད་རེད། དཔེར་ན་ངས་ཉིན་མ་གཅིག་ལ་ཐེངས་གསུམ་ཀློག་ན་དེ་གསུམ་བརྩིས་ཀྱི་རེད་པས།
གྲངས་ཀ་དེ་ག་འདྲ་བརྩིས་ཀྱི་ཡོད་རེད། དཔེར་ན་ངས་ཉིན་མ་གཅིག་ལ་ཐེངས་གསུམ་ཀློག་ན་དེ་གསུམ་བརྩིས་ཀྱི་རེད་པས། །
བོད་ལ་ཞེན། རེད་རེད། ཁྱེད་ཀྱིས་ཉིན་གཅིག་ནང་ཁ་བརྡ་ནང་ཡར་འཛུལ་མར་ཐོན་ཚར་བརྒྱ་བྱས་ཡོད་མ་ཁྱེད་ཁ་བརྡར་ཕེབས་ཐེངས་བརྒྱ་རེད། ཡང་གོང་གི་མཆན་བུ་བ་དྲ་འབུའི་ཐ་སྙད་ལྟར་ན་ཁྱེད་ཀྱིས་ཁ་བརྡར་སྐྱག་པ་གཏོང་ཐེངས་བརྒྱ་རེད།
ཧྥ་རན་སི་ན་བོད་པ་ཆིག་སྟོང་ལྷག་ལས་མེད་ཀྱང་ཀློག་གྲངས་ཨང་གསུམ་པ་དང་ཀློག་ཐེངས་༣༣༩༠ཙམ་ལ་བསླེབས་འདུག་པས་དགའ་བོ་བྱུང་། མང་ན་རོ་ཡིན། ཉུང་ན་རྣོ་ཡིན་ཞེས་བ་བདེན་ས་རེད།
འོ་དེ་འདྲ་ཡིན་ན། ངས་ཉིན་མ་རེ་ལ་ཐེངས་མ་ཉུང་ཤོས་ལ་ཡང་གསུམ་བརྫུལ་གྱི་ཡོད་།
གཟུར་གནས་བློ་ལྡན་གྱི་རྩོམ་པ་པོ་ཞུགས་མཁན་ཉུང་ཞིང་ཡིག་ངོ་ཆོད་མ་ཆོད་ཀྱི་མི་དག་དང་། སྤྱི་ཚོགས་སུ་ལབ་གླེང་བཟོ་རྒྱུ་དགའ་བའི་མི་སྣ་ནི་དབྱར་གྱི་ཆུ་བོ་བཞིན་རྒྱས་བཞིན་འདུག་པས་རྩོམ་གྱི་ཞལ་འདེབས་འབུལ་མཁན་ལས་སྐྱག་པ་གཏོང་མཁན་ཞེས་བརྗོད་ན་ཀུ་རེའི་ཞོར་དུ་བདེན་ཆའང་མི་དམན་པ་འདུག དྲ་གྲོགས་གསལ་ལེ་རྒྱལ་གྱི་དཔེ་དེ་རང་སྟེང་དུ་བཀོད་དེ་ཧྥ་རིན་སེས་སྐྱག་པ་གཏོང་གྲངས་མང་ན་རོ་ཡིན། ཉུང་ན་རྣོ་ཡིན་ཞེས་བརྗོད་ན་ཇི་འདྲ་འདུག ཧཧཧཧ། མ་གཞི་ནས་ད་བར་ཐོན་མི་སོགས་ཀྱིས་ཧ་འོག་ཏུ་ཕ་བཏགས་པའི་ཡི་གེ་ཞིག་གསར་གཏོད་གནང་མེད་ཀྱང་ཕལ་ཆེར་གསལ་ལེ་རྒྱལ་ལམ་ཆབ་བྲག་ལྷ་མོ་སྐྱབས་གང་རུང་གིས་གསར་གཏོད་གནང་མིན་འགྲོ།
༄༅ངས་ཉིན་ལྟར་ཁ་བརྡའི་དྲ་བྱང་རྒྱུད་ནས་བོད་དང་འབྲེལ་བའི་གནས་ཚུལ་ཤེས་ཐབས་བྱེད་ཀྱི་ཡོད་། ཡུལ་རེང་མ་སོང་བར་ངས་བོད་དང་འབྲེལ་བའི་གནས་ཚུལ་གལ་ཆེན་མང་པོ་ཤེས་བྱུང། ངས་གུས་སྐབས་འདི་རྒྱུད་ནས་ལས་བྱེད་དང་རྩོམ་པ་པོ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།