གྲོགས་པོ་ཚོ། ཉིན་ཤས་སྔོན་ཨ་རིར་ཡོང་བའི་རྒྱ་མཚོའི་རླུང་འཚུབ་ཆེན་པོ་དེས་རྐྱེན་གྱིས་བསླངས་པའི་རླུང་ཤུགས་ཀྱིས་ཁ་བརྡ་འཛིན་སའི་དྲ་རྒྱའི་གློག་མེད་པར་གྱུར་ནས་ཉིན་ཤས་རིང་ཤར་མ་ཐུབ་པ་ཆགས་སོང་། འདི་ནི་གནམ་གཤིས་དང་འབྲེལ་བའི་གནས་ཚུལ་ཞིག་ཡིན་པ་ལས་གཞན་གང་ཡང་མ་རེད་ཅེས་གསལ་བཤད་ཞུ་བ་ཡིན།ཐུགས་རྗེ་ཆེ།
ད་ཡིན་ན་ཡག་བྱུང་། ངས་འདི་ཡང་རྒྱ་མིའམ་ཡང་ན་འཇིགས་སྐུལ་རིང་ལུགས་པས་ཅིག་བྱས་པ་མིན་འགྲོ་བསམས་ནས་སེམས་ཁྲལ་བྱས་ནས་བསྡད་ཡོད། རྒྱ་གྲོག་དམར་པོ་མེད་ས་ཞིག་དང་། འཇིགས་སྐུལ་རིང་ལུགས་པས་མི་གཏོར་བ་ཞིག་མི་འདུག་ཡ།
ད་ཨ་མེ་རི་ཁ་ཟེར་བའི་རྒྱལ་ཁབས་ཐབས་སྐྱོ་པོ་འདིའི་དངུལ་ཁང་གི་མ་རྩ་རྡིབས། འཇིགས་སྐུལ་རིང་ལུགས་པས་གཙེས། སྲིད་འདིན་རྦུ་ཤིས་སྡོད་དུ་མི་འཇུག ཐ་ན་ཆར་རླུང་གིས་ཀྱང་སྡོད་མི་འཇུག་པས་དོན་རྐྱེན་འདི་འདྲ་ཡོང་སྲིད་པ་ང་ཚོས་ཤེས་ཀྱིན་ཡོད།
གལ་སྲིད་རྒྱ་གྲོག་དམར་པོ་ཟེར་བའི་ཚིག་འདི་དམར་ཕྱོགས་ཀྱི་ལམ་ལུགས་དང་ལྟ་བའི་ཐོག་ནས་བཤད་ཀྱི་ཡོད་ཚེ། ཚིག་འདི་མུ་མཐུད་དུ་བེད་སྤྱོད་མ་བཏང་ན་བཟང་སྙམ། རྒྱ་ནག་གིས་ད་སྐབས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟེར་གྱི་ཡོད་མོད། ཡིན་ནའང་དོན་དངོས་སུ་རྒྱ་ནག་ནི་མིང་ཙམ་དང་ཕྱི་ཚུལ་ཙམ་གྱི་ཐོག་ནས་མ་གཏོགས་དམར་པོའི་ལྟ་བ་དོར་ཚར་བ་ནི། དཔལ་འབྱོར་བཅོས་སྒྱུར་གྱི་སྲིད་ཇུས་ཀྱི་ཐོག་ནས་མཚོན་ཐུབ། དེང་སང་རྒྱ་ནག་ཏུ་དམར་བོའི་ལྟ་བའི་ཤུལ་ཙམ་མཐོང་རྒྱུ་ཡོད་པ་ནི་གཅིག་སྡུད་ཀྱི་སློབ་གསོའི་ལམ་ལུགས་དང་གསར་འགྱུར་བརྒྱུད་ལམ་གཉིས་རེད། སློབ་གསོ་དང་གསར་འགྱུར་གཉིས་ཀྱི་ནང་དོན་ལ་གཞུང་གིས་སྟངས་འཛིན་དམ་པོ་བྱེད་ཀྱི་ཡོད་མོད། ཡིན་ནའང་སྒེར་གྱི་སློབ་གྲྭ་ཇེ་མང་དང་། དྲ་ཚིགས་ཀྱི་འབྲེལ་ལམ་ཇེ་ཡངས་སུ་སོང་བ་ན་རྒྱ་ནག་གིས་མང་ཚོགས་ཀྱི་བསམ་བློར་དབང་སྒྱུར་བྱེད་པའི་ནུས་པ་ཇེ་ཆུང་ནས་ཇེ་ཆུང་མིན་ནམ་བསམ།
གསུང་བརྩི་རྒྱུ་ཡིན་ན་ལགས་སོ་ཟོས།
ཁ་མི་ལེན་ཟེར་ན་ཕྱིར་ལ་འགྱོ།