རྣ་ལོ།
ཁ་བརྡ་འདི་མ་བཀླགས་པར་ཡུན་རིང་འགོར། བོད་སྐད་བཤད་ས་མ་རེག་པར་ཡུན་རིང་འགོར། བོད་པའི་གྲོགས་པོ་ཚོར་མ་ཐུག་པར་ཡུན་རིང་འགོར། རི་ཆུང་ཆུང་དེའི་སྒང་གི་ཁང་མིག་ཆུང་ཆུང་དེར་ཆུང་མ་དང་མཉམ་དུ་རྩོམ་འབྲིའི་ལས་ཀ་བྱས་ནས་ཟླ་བ་ཁ་་ཤས་ཕྱིན། དེ་རིང་ཆུང་མ་ཕ་ཡུལ་ལ་ལོག་སོང༌། ངས་ཀྱང་ལས་ཀ་ཚར། དྲ་རྒྱའི་ཐོག་གི་བོད་ཀྱི་སྐད་ཡིག་་ཡོད་ས་ཞིག་ལ་འཛུལ། དེ་ནི་ཁ་བརྡ་དྲ་དེབ་འདི་རེད། བོད་ནང་གི་དྲ་དེབ་ཁ་ཤས་སྒོ་བརྒྱབ་འདུག་ མི་ལས་དགུ་ལས་བྱེད་མཁན་ཚང་མ་རྒྱ་རྒན་རོ་ས་འོག་ལ་འཇུག་རྒྱུ་འདི་ཚང་ཡིན། རྒྱ་྄རྒན་འདི་བ་ཚང་མིན་ན། ང་སྔ་མོ་ནས་རང་གི་ཕ་ཡུལ་བོད་ལ་ལོག་ཚར་ཡིན། ངའི་བུ་ཕྲུག་རྣམས་ཀྱང་བོད་ནས་འཚར་ལོངས་བྱུང་ཡོད།
ཡ་ད་ང་སྒེར་གྱི་དོན་དག་དེ་ཚོ་གཡུག་ཤོག་ དེ་ལས་ཁ་བརྡ་གླེང༌།
ད་ཡིན་ན། ཁ་བརྡའི་སྒང་ན་གསར་བུ་ཁ་བདེ་འགའི་ཁ་བརྡར་འདུག
ཁ་བརྡའི་ཐོག་ན། བོད་རང་བཙན་ཡིན་མིན་གྱི་ལབ་གླེང་བྱས་་འདུག
ངས་འདིེར་ཁ་གསལ་བོའི་ཐོག་ནས་ལབ་ཀྱི་ཡིན། དབུས་གཙང་རང་བཙན་ཡིན་པའི་བཟོ་འདྲ་བོ་ཞིག་ལོ་རྒྱུས་ཁག་ན་ཡོད་རེད་མ་གཏོགས། ཁམས་དང་ཨ་མདོ་གཉིས་རང་བཙན་གཙང་མ་ཡིན་པའི་ཁྲིམས་མཐུན་ཡིག་ཆ་དང་ས་ཁྲ་སོགས་ཁུངས་སྐྱེལ་ཅི་ཡང་མེད།
ཞ་སྒབ་པའི་ལག་འཁྱེར་འདྲ་བོ་དང་གཞན་ཆིངས་ཡིག་ཡིན་ལ་མིན་ལ་ཁ་ཤས་བཞག་པ་དེ་ཚོས་རང་བཙན་གཙང་མ་ཡིནཔའི་ཁུངས་སྐྱེལ་ནམ་ཡང་བྱེད་ཐུབ་ཀྱི་མ་རེད། ལོ་རྒྱུས་བཤད་ན༌། དང་པོ་རྒྱ་བོད་གཉིས་ཀའི་ལོ་རྒྱུས་ཞིབ་ཕྲ་བལྟས། དེ་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ལོ་རྒྱུས་ཞིབ་པར་ཀློགས། དེ་ནས་རྒྱལ་སྤྱིའི་ལོ་རྒྱུས་ཡག་པོ་ཀློགས དེ་མིན་བོད་ཡིག་གི་ནང་ལ་ཡོད་པའི་སྐད་ཆ་ཐ་ཐོར་དེ་ཚོས་ཅི་ཡང་ཁུངས་སྐྱེལ་ཐུབ་ཀྱི་མ་རེད།
ད་དུང་ཁ་བརྡའི་སྒང་ན་དབུ་མའི་ལམ་ཀླད་ཀོར་ཡིན་པའི་བླུན་གཏམ་ཞིག་བཤད་འདུག དེ་ལབ་མཁན་གྱི་མི་དེ་ཀླད་ཀོར་རེད་འདུག མི་དེ་༧གོང་ས་མཆོག་གི་ཐུགས་དགོངས་དངོས་གནས་བ་་མི་མཁྱེན་མཁན། བོད་ཀྱི་གནས་སྟངས་དངོས་ལ་རྒྱུས་མྱོང་མེད་མཁན། སྐབས་འཚོལ་བའི་ལས་ཀ་བྱེད་མཁན་ཞིག་རེད་འདུག་ དབུ་མའི་ལམ་ཀླད་ཀོར་ཡིན་པ་ཤེས་ན། ཁྱོདད་ས་མཐའ་ནས་མ་འདུག
ཕ་ཡུལ་ལ་ལོག རྒྱའི་བཙོན་ཁང་ནང་ནས་མི་ཚེ་སྐྱེལ། ས་མཐའ་ནས་མི་ཚེ་སྟོང་ཟད་ལ་མ་གཏོང་ལབ་ཡ་ཡིན།
ཁ་བརྡའི་ཐོག་ན། རྒྱ་ནག་དམངས་གཙོ་ཆགས་མིན་གྱི་སྐོར་གླེང་འདུག རྒྱ་ཡིག་མི་ཤེས་མཁན། རྒྱའི་སྤྱི་ཚོགས་ལ་སློབ་སྦྱོང་བྱས་མ་མྱོང་མཁན། ཆབ་སྲིད་ལ་སློབ་སྦྱོང་བྱས་མ་མྱོང་མཁན། རང་གི་ལྟོ་གོས་མ་གཏོགས་དཔལ་འབྱོར་མི་ཤེས་མཁན་ཁྱེད་ཚོ་ལྟ་བུ་རྐྱང་རྐྱང་གིས་རྒྱ་ནག་དམངས་གཙོ་ཆགས་མིན་་ཅི་ལྟར་གླེང༌། ད་དུང་ཆབ་སྲིད་དང་དཔལ་འབྱོར་སྐོར་ལ་སློབ་སྦྱོང་བྱས་ལབ་ཡ་ཡིན།
ཁ་བརྡའི་སྒང་ན། བླ་མིན་གྲྭ་མིན་ཞིག་གིས་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རེག་པ་དེ་མ་འགྲིག་མདོག་མདོག་ལབ་འདུག མི་དེ་ཚོའི་རིགས་རྒྱ་ནག་དང་ངན་པ་ལག་འབྲེལ་མེད་ན་མ་གཏོགས་དེ་འདྲ་ལབ་ཀྱི་མ་རེད།
ད་དུང་ཁ་བརྡས་བཙན་བྱོལ་ནང་གི་བོད་ཡིག་རྩོམ་འབྲི་བ་ཞིག་མེད་སོང་ན་བཙན་བྱོལ་གཞུང་ཚར་བ་ཡིན་མདོག་མདོག་ལབ་འདུག ཆབ་བྲག་ཕོ་ཉ་ཟེར་མཁན་དེ་བོད་ཡིག་ལ་དགའ་མཁན་གྱི་དགེ་རྒན་ཧུར་བརྩོན་ཅན་ཞིག་རེད་མ་གཏོགས་བོད་པའི་སྤྱི་ཚོགས་ཀྱི་གདུང་འདེགས་ཀ་བ་མ་རེད། ཁོང་ལ་རྩོམ་གྱི་གྲངས་མང་བ་མ་གཏོགས་ཐུན་མིན་གྱིཁྱད་ཆོས་ཡོད་མཁན་མེད༌།
ད་དུང༌། ཁ་བརྡའི་སྒང་ན། གསར་བུ་ཞིག་གིས་ཤོད་ལབ་ནས་རྩོམ་ཞིག་སྤེལ་འདུག་ བཙན་བྱོལ་སྤྱི་ཚོགས་སུ་ད་ལྟ་བར་དུ་བཤད་མཁན་མེད་ནས་ལྷག་པ་མ་རེད། ཉན་མཁན་མེད་ནས་ལྷག་པ་རེད། ལག་ལེན་དངོས་ལ་བསྟར་མཁན་མེད་ནས་ལྷག་པ་རེད། སྤྱི་ཚོགས་དང་གནས་སྟངས་ལ་ཉམས་མྱོང་མེད་ན། རྗེས་མ་ནས་ཤོད་མང་པོ་མ་ལབ་མ་གཏོགས་ཁྱེད་ཀྱིས་མ་ལབ་སྔོན་ལ་ཁྱེད་རང་གསོད་གི་རེད། ད་དུང་ལོ་ཆུང་ཆུང་རེ་བ་ཅན་རེད། སོ་སོའི་མདུན་གྱི་ལམ་ལ་ཡག་པོ་བལྟས་ནས་གོམ་པསྤོས།
ད་དུང༌། ཁ་བརྡའི་སྒང་ན། སྐབས་འཚོལ་བ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་སྐོར་ལ་གླེང་འདུག་ མུ་མཐུད་ནས་གླེང་རོགས་ལབ་ཡ་ཡིན། མི་དེ་ཚོའི་རིགས་མེད་པར་བཟོས་ན་མ་གཏོགས་བོད་མི་ཉམཆུང་ཚོའི་མགོ་གནམ་ལ་མགྱོགས་དཀའ་ནི་རེད། ད་དུང༌། རྒད་པོ་ང་ལ་་ལ་རེ་བ་ཞིག་ཡོད། གསར་བུ་ཀླད་སྟོང་ཁྱེད་ཚོས། ཁ་བརྡའི་སྒང་ནས་མཇེ་དང་྄སྟུ་ཡི་སྐོར་མང་པོ་མ་ལབ་མ་གཏོགས།
གྲྭ་མིན་བླ་མིན་དེ་ཚོའི་སྡོམ་པ་རྫོགས་ན་ཐང༌།
ཡ་གསར་བུ་ཚོ། སྐད་ཆ་སོམས་ལ་ཤོད། འོ། ཁ་བརྡའི་རྩོམ་སྒྲིག་པ་དང་ལས་རོགས་ཚོར་ཐུགས་རྗེ་ཆེ་ལབ་ཀྱི་ཡོད།
ད་གནས་སྐབས་ལ་བདེ་མོ་བྱོས།
རབ་གསལ་ལགས་སུ། ཉིད་ཀྱིས་གོང་གི་མི་རེ་འགས་གོང་ས་མཆོག་ལ་ནོ་སྦེལ་གཟེངས་རྟགས་ཐོབ་པ་དེ་ལ་མི་དགའ་ཚུལ་འདུག་པ་དེ་སུ་ལ་བརྗོད་པ་ཡིན། ངས་བཤད་ཡོད། གཟེངས་རྟགས་དེས་གོང་ས་མཆོག་གི་དབུ་མའི་ལམ་ལེགས་འགྲུབ་བྱུང་ནས་རྒྱ་རྒན་འདི་ཚོ་དོན་དང་ལྡན་པའི་གྲོས་ར་གོར་མོ་འདིའི་སྟེང་དུ་ཡོང་ནས་ང་ཚོ་ལ་ཅི་ཞིག་དགོས་པ་དེ་སྟེར་གྱི་ཡིན་ཟེར་བ་ལྟ་བུའི་ནུས་པ་ཞིག་ཐོན་མི་འདུག ཟེར་བ་མ་གཏོགས། གཟེངས་རྟགས་དེས་ཅི་ཡང་ཕན་མི་འདུག་བརྗོད་མེད། དེས་གོང་ས་མཆོག་གི་མཚན་སྙན་དང་བོད་དོན་ཁྱབ་བསྒྲགས། ཕྱི་རྒྱལ་བའི་རྒྱབ་སྐྱོར། རྒྱ་ནག་གི་སྙིང་ལ་ཟུག་རྔུ་སོགས་མཐུན་ཕྱོགས་དང་ལྡོག་ཕྱོགས་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པ་དེ་འཛམ་གླིང་གི་སྐྱེ་བོ་ཚང་མས་མཁྱེན་གསལ་རེད། དཔེར་ན་ཨ་རིའི་གསེར་གྱི་གཟེངས་རྟགས་དེ་ཡང་དེ་ལྟ་བུ་རེད། ཨ་རི་འདི་ཚང་གིས་གོང་ས་མཆོག་ལ་གཟེངས་བསྟོད་དེའི་ཚབ་ཏུ་རྒྱ་རྒན་ཚང་ལ་བོད་ལ་
རང་སྲིད་རང་སྐྱོང་ངམ་བོད་ཀྱིས་གང་ཞིག་འདོད་པ་དེ་སྤྲོད་ཤོག དེ་མི་སྤྲོད་ན་ཅིག་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད་ན་དེ་རིང་ང་ཚོ་ས་མཐའ་འདི་ན་དྲ་ཚིགས་ཐན་ཐུན་རེའི་ནང་ན་ཁ་བརྡ་ཆོ་མེད་རེ་བཤད་ནས་བསྡད་མེད་ཐག་ཆོད་ཡིན། མདོ་དོན་ང་ཚོ་གོང་ས་མཆོག་ལ་གཟེངས་རྟགས་ཐོབ་རྒྱུའི་ཆེད་དུ་ས་མཐའ་འདི་ལ་ཡོང་བ་མ་ཡིན་པར། བོད་མི་ས་ཡ་ལྔའམ་དྲུག་ལ་ངེས་པ་དོན་གྱི་རང་དབང་ཞིག་དང་ཐོབ་ཐང་ཞིག་ཐོང་པའི་ཆེད་དུ་ས་མཐའ་འདི་ལ་ཡོང་བ་དེ་དྲ་གྲོགས་ཚང་མས་ང་ཁྱོད་མེད་པར་མཁྱེན་ན་ལེགས། ང་ཚོ་སྐྱོན་ཞིག་ཡོད་པ་ནི་༧གོང་ས་མཆོག་ལ་གཟེངས་རྟགས་རེ་ཐོབ་དུས་བོད་དོན་ལ་རེ་བ་སྐམ་པོ་རེ་བརྒྱབ་ནས་གཅིག་གིས་གཅིག་ལ། ཨ་རོ། བོད་རང་བཙན་ནམ་ཟིག་ག་ཐོབ་ཀོ་ཁུ། ཞེས་བོད་སྤྱི་བའི་དོན་དག་དེ་༧གོང་ས་མཆོག་ལ་གཞན་གྱིས་གདེང་འཇོག་བྱེད་མིན་ལ་ཐུག་ཡོད་པ་འདྲ་བོའི་བསམ་བློ་ཞིག་སེམས་ཀྱི་གཏིང་ལ་ཉལ་བསྡད་ཡོད་པ་རེད། ༧གོང་ས་མཆོག་མི་གཅིག་རེད་ལ་ཁོང་ལ་ཕུལ་བའི་གཟེངས་རྟགས་དེ་ཡང་བོད་མི་གཅིག་ལ་ཐོབ་པའི་བྱ་དགའ་ཙམ་ཞིག་རེད། མདོ་དོན་ང་ཚོ་ལ་གཞན་གྱི་གཟེངས་རྟགས་དགོས་སམ་རང་གི་ཕ་ཡུལ་དགོས། བོད་སྤྱི་བའི་དོན་དག་འདིའི་རྩ་བ་ཐུག་ས་འདི་གཉིས་ལས་འགྲོ་ས་གཞན་མེད། ངས་༧ཡིད་བཞིན་ནོར་བུར་གཟིམ་ཆུང་མཇལ་ཁ་ཞུ་དུས་ཕོ་བྲང་གི་མགྲོན་བསུ་ཁང་དེའི་རྩིགས་ངོས་ཡོངས་སུ་རྫོགས་པ་༧གོང་ས་མཆོག་ལ་འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྒེར་ཁག་གིས་ཕུལ་བའི་གཟེངས་རྟགས་དག་དག་གིས་ཁེངས་བསྡད་ཡོད་པ་དེ་
མཇལ་མྱོང་ལ། གཟེངས་རྟགས་དེ་དག་དང་བོད་མི་ས་ཡ་དྲུག་གི་བདེ་སྡུག་གཉིས་ཀྱི་བར་ན་ད་དུང་བར་ཐག་ཅི་ཙམ་ཞིག་ཡོད་པའི་སྐོར་ལ་བསམ་བློ་ཐེབས་ཆག་ཅིག་ཀྱང་འཁོར་སོང་། ད་དེ་བྱོས། འཆི་ཁ་གཏམ་མི་མང་ནི་བྱེད། ཉལ་ཁ་ཇ་མི་འཐུང་ནི་བྱེད།
ཀླུ་སྨྱོན་ལགས།
ཁྱེད་བདེ་མོ། འདིར་གསལ་བཤད་ཆུང་ཆུང་གཅིག་ཞུ་རྒྱུ་ཡོད། གོང་གི་རྩོམ་དེ་རྩོམ་མཁན་རྣ་ལོ་ཟེར་བ་ཞིག་གིས་ང་ལ་རྩོམ་འདི་བསྐུར་ནས་ཁ་བརྡའི་ཐོག་འགོད་རོགས་ཟེར། དེ་ནས་ངས་ཁ་བརྡའི་ཐོག་བཀོད་པ་ཡིན།
དེ་ཙམ་ཡིན། རབ་གསལ་གྱིས་ཕུལ།
རྩོམ་ཡིག་འདིའི་ཁ་བྱང་ལ་ལྟོས་པ་ཙམ་གྱིས་ཁོ་ཆད་གི་འདུག བསླབ་བྱ། མི་ཆུང་ཆུང་གིས་གཏམ་ཆེན་པོ་བཤད་གི་འདུག རྩོམ་འདིར་མཆན་བུ་ཞིག་འབྲི་བ་ནི་ཁུར་པོ་ལས་ཁུར་ཐག་ལྗིད་པའི་ཚོད་རེད། ངས་ཁ་སང་བཤད་རྒྱུ་བྱུང་། དབྱར་ལྕགས་ལ་བདག་ལ་བྱོས། དགུན་རྫ་མ་ལ་བདག་བྱོས། དུས་རྒྱུན་དུ་མིའི་ཁ་ལ་བདག་བྱོས་ཞེས་པ་ལྟར། ཞི་ལི་ཁ་ལ་བདག་བྱོས། དེ་རིང་དེ་ཙམ་ཡིན།
མིའི་ཁ་ལ་བདག་བྱོས་ཨེ་ཡིན་ནམ། རང་གི་ཁ་ལ་བདག་བྱོས་མ་ཡིན་ནམ། འདི་འདྲ་གཏམ་དཔེ་རྫོབ་རོ་དེ་འདྲ་དྲུད་མ་ཡོང་། སྐྱེས་པ་ནས་ཐོབ་པའི་ཁ་གཅིག་རང་གཅིག་ཡོད་པ་འདི་བཤད་པའི་ཆེད་དང་ཟ་འཐུང་གི་ཆེད་ཡིན་པས་བདག་པོ་རྒྱག་དགོས་དོན་ཡོད་མ་རེད། ཡར་ལྷ་ལ་ཕོག་ན་མར་ཀླུ་ལ་ཕོག་ན་མུ་མཐུད་དུ་ཤོད་ཨ་བུ་རྒོད་པོ། ཨ་མའི་སྟུ་ཡི་ནང་ནས་ཁ་མཚར་མོ་ཞིག་སྐྱེས་འདུག ཆི་འདྲ་འདྲའི་ཧེབ་ལང་སའི་ཁ་ཟིག་ཡོད་པ་རེད།
ར་ལོ་དང་འཕན་མྱི་ཡིན་ན་མིང་འདི་འདྲ་དཀོར་ལོག་ཏག་ཏག་བཏགས་ཡོང་ནས་ཨ་ལགས་ལ་རྣམ་རྟོག་ཆེན་པོ་བསླངས་ཙང་། ད་ཡིན་ན་རབ་གསལ་གྱིས་ཡེ་ཤེས་ལ་གསལ་བཤད་བྱས་ནས་བརླག་འཁེལ་ས་མ་རེད།
ད་རེས་ཡེ་ཤེས་ཨར་ལ་གཏད་འདུག ངོ་མ་ཡེ་ཤེས་ཀྱིས་དེ་འདྲ་བོ་ཞིག་བཤད་སོང་ང། ཚང་མས་ཀློག་ཡོད་པ་རེད། ཚིག་ཤོར་ལ་འཛིན་ཐབས་མེད། ཚིག་ཤོར་ལ་གསལ་བཤད་མེད།
ཡེ་ཤེས་ཀྱིས་ཁ་ཉིན་ནང་ཁུལ་གཅིག་གཅིག་ལ་གཏམ་འཇིགས་པོ་དེ་འདྲ་ཡོད་རེད་ཟེར། བྱས་ཙང་ང་སེམས་ཁྲལ་ཆེན་པོ་འདུག རྣམ་རྟོག་འདིས་ཆག་སྒོ་བསླང་ཡོང་འདོད་ལས། མ་གཞི་གནམ་གྲུ་ལ་འབྱར་ནས་ཧོབ་སྟེ་ཐོན་མ་ཡོང་ན་སེ་ཨ་རོལ་དང་ཨིན་དྲི་ཡ་ན་གཉིས་སྟབས་ཡག་ནས་བར་ཐག་ཅུང་རིང་བོ་རེད།
གསར་རྒོད་གཡག་རྒོད་འདྲ་བ་འདི་ཚོས་བླ་རྒན་ཉལ་སའི་ནང་ལ་འཆི་ཁའི་མ་ཎི་འདོན་མཁན་ཚོ་ཡང་འདུག་གི་མི་འཇུག་གི ད་དེས་ན་ངས་ཡང་སྐྱར་གསལ་བཤད་ཅིག་བྱེད་ཡ། ཁྱོད་རྣམ་པས་ལྷ་སའི་རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་གྱི་བརྩམས་སྒྲུང་་ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག ཅེས་པའི་ནང་གི་གསར་བུ་རིག་པ་གསལ་བོ་ཅན་ཕུན་ཚོགས་ཟེར་བ་དེས་ཁོ་ཚོའི་ཀུང་ཧྲེའི་ལས་བྱེད་ཁྱིག་ལུ་འདྲ་བ་དེ་ཚོར་གཞི་རིམ་མང་ཚོགས་ཀྱི་བདེ་སྡུག་སྐོར་བརྗོད་དུས། ལས་བྱེད་དེ་དག་གིས་ཁོའི་སྙན་ཞུ་དེ་བེད་སྤྱོད་ལོག་པར་ཁྱེར་ཏེ། ཁོ་ལ་མང་ཚོགས་ཀྱི་འཚོ་བར་སྒྲོ་འདོགས་བྱས་ནས་གསར་བརྗེ་ངོ་རྒོལ་གྱི་འཆར་གཞི་འདུག དེ་འདྲ་མ་ཡིན་ན་ང་ཚོའི་གཞུང་ལས་ཁང་གི་རྩིགས་ངོས་ཀྱི་བྱ་དགའི་དར་ཆ་དམར་པོ་འདི་དག་ལ་གཅིག་ལྟོས་དང་ཟེར་བའི་ལན་དུ། ཕུན་ཚོགས་ཀྱིས། མང་ཚོགས་ཀྱི་འཚོ་བ་ལ་དོན་དམ་པའི་ཡར་རྒྱས་ཤིག་མེད་པར་གཞུང་ལས་ཁང་གི་རྩིགས་པ་ཡོངས་རྫོགས་དར་དམར་གྱིས་ཁེངས་ན་ཡང་དེ་ལ་དོན་སྙིང་ཆེན་པོ་ཞིག་ཡོད་པ་མ་རེད་ཅེས་ལན་བརྒྱབ་པ་དེ་དྲན་སོང་། ཕྱོགས་གཞན་ཞིག་ནས་བསམས་ན་ཨ་རི་དང་ཡོ་རོབ་པ་ཚོས་གོང་ས་མཆོག་ལ་འབུལ་དང་ཕུལ་བཞིན་པའི་བྱ་དགའི་དངོས་པོ་འདི་དག་ཀྱང་བོད་མིའི་རྩ་དོན་འགྲུབ་པའི་མཐུན་རྐྱེན་ཞིག་ཡིན་མིན་ཆབ་སྲིད་པ་ཚོས་རིག་པ་ཞིབ་མོས་དཔྱད་བསྡུར་བྱེད་དགོས་པ་ཞིག་རེད། ཆབ་སྲིད་ཟེར་བ་དེ་མགོ་རྙོག་ཚ་བོ་ཞིག་རེད། སྐབས་རེར་ཨ་རི་བ་དང་ཡོ་རོབ་པ་འདི་ཚོས་བོད་ཀྱི་གནད་དོན་བེད་སྤྱོད་བྱས་ནས་རང་རང་གི་ཁེ་ཕན་བསྒྲུབ་ཐབས་མི་བྱེད་པའི་ངེས་པ་ཡོད་པ་མ་རེད། དཔེར་ན་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་སྐབས་སུ་འོས་མི་རེ་ཟུང་གིས་གལ་སྲིད་ང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཁ་པ་ཡིན་ན་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་པ་བྱེད་ཀྱི་ཡིན་ཟེར་བ་ལྟ་བུ་ང་ཚོའི་མིག་ཁྲ་རིལ་གྱིས་མཐོང་རྒྱུ་ཡོད་ལ་རྣ་ཅོར་ཅོར་གྱིས་གོ་རྒྱུ་ཡོད་པ་འདི་དག་ལ་ཡང་བསམ་བློ་རེ་བཏང་ན་ཆོག་རྒྱུ་ཅི་ཡོད། མདོ་དོན་༧གོང་ས་མཆོག་གཅིག་པོ་མ་ཡིན་པར་བོད་ཀྱི་ཆེས་མཐོའི་དབུ་ཁྲིད་དག་ལ་བྱ་དགའི་གཟེངས་སྐྱེས་རེ་ཐོབ་པའི་སྐབས་སུ་དོན་དག་ཆེན་པོ་ཞིག་འགྲུབ་སོང་པའི་སྟོང་བསམ་བཅངས་ནས་རྩིབས་མ་མ་རུལ་བར་དུ་ཉལ་ནས་སྡོད་པའི་རང་རེའི་རྩ་དོན་རྩོད་སྟངས་འདི་དག་ལ་བསྐྱར་ཞིབ་ཅིག་བྱེད་རན་འདུག་ཟེར་གིན་ཡོད། ད་དེ་བྱོས། ཁ་སང་ནས་འཆི་རྒྱུ་ལ་འཇིགས་ཀྱི་འདུག་ལུགས་བཤད་ཚར་བ་ཡིན། ཆབ་སྲིད་ཀྱི་སྐོར་ནས་ང་ལས་ཁྱོད་ཚོ་མཁས་ཀྱི་རེད། གང་ཡིན་ཟེར་ན་ཁྱོད་ཚོ་རྡ་ས་ནས་འདུག་ཡུན་རིང་ལ་ཡིག་རིགས་གཉིས་གསུམ་ཤེས་པ་ཅུང་མང་གི འདི་ནི་སྐྱིད་ཅིག་རེད། ངས་རྗེས་ནས་སྒྲུང་གཏམ་རེ་འདིར་དགོད་ཐུབ་ན་དེ་ངའི་འཆི་ཁའི་ཤུལ་བཞག་གི་རྒྱུ་ནོར་ཉག་གཅིག་དེ་ཡིན། དེ་མིན་ང་ལ་ཅང་མེད། གོང་དུ་བཀུར་འོས་དྲ་གྲོགས་ཤིག་གིས་བཤད་པ་ལྟར།
སྒོ་མོ་མེད་ལ་འཁོར་གཡོག་མེད། །
བལ་ཕྲུག་མི་སོས་སེམས་ཁུར་མེད། །
བརླག་པར་དོགས་པའི་མིང་ཡང་མེད། །
འཆི་མི་ཐུབ་སྤྱད་ཅི་ཡང་མེད། །
གོང་གི་དྲན་སོང་ཞེས་པ་དེ་དྲན་མ་སོང་ངམ་ཞེས་པ་ཡིན། ཡིག་ནོར་ཡིན་ན་གནའ་ཤུ་བོ་འདིས་བླ་རྒན་འཆི་ཁ་མ་ཚོ་འཆི་གི་ར་མི་འཇུག་གི
ལྟོས་ར། གནའ་ཤུ་ཞེས་པ་དེ་གནའ་ཤི་ཞེས་པར་གོ་དགོས། ཡིག་ནོར་ཡིན་ན་མྱིག་གིས་མི་རིག་རྒྱུ་འདི་ཚོས་མྱི་འཆི་ཁ་མ་ཚོ་འཆི་གི་ར་མི་འཇུག་གི
རྣ་ལོ་ཡིན་ནམ་དེས་ཤོད་སྟངས་ལས་ནང་གི་དེ་ཉིད་མཐོང་ཡོང་གིན་འདུག མི་ཅི་གང་ཡང་མི་འཇོན་མཁན་དེ་ཚོ་གཏམ་རྫིགས་པོ་ཤོད་པ་ལ་དགའ་གི་རེད།
རྣ་ལོས་བཤད་ཚུལ་ལ་བལྟས་ན་ཁོ་ལ་མཁྱེན་པ་ཡོད་ཟེར་བའི་སྒྲུབ་བྱེད་ཅིག་བཀོད་ཀྱིན་འདུག ངོ་མ་དགོད་བྲོ་བ་ཞིག་རེད། གཅིག་བྱས་ན་ཁོ་ལ་ཡང་རིན་པོ་ཆེ་ཞིག་གི་མིང་དགོས་མཁོ་ཡོད་འགྲོ། ངོ་མ་ཧ་གོ་གི་མི་འདུག ད་སྐབས་མི་བླུན་པོར་གྱུར་བླུན་པོ་འདྲེ་གི་གྱུར་བཞིན་འདུག
རྣ་ལོ་འདི་ངོ་མ་བོད་རྣ་མེད་མཁན་ཞིག་རེད། ཁྱེད་ཟླ་གཅིག་ལ་རྩོམ་འདི་འདྲ་བྲིས་བ་ཡིན་ན་ཁྱེད་ཚར་འདུག། ཆོལ་གསུམ་རང་བཙན་ཡིན་པའི་ཁྲིམས་ཡིག་དང་རྒྱ་ཕྱོགས་ནས་བྲིས་པའི་ས་ཁྲ་རིག་མྱོང་། རང་གིས་མ་རིག་ན་མེད་པར་ཐག་གི་མ་གཅོད། རྒྱ་རི་ལ་ངན་མ་བརྗོད། གོང་ས་མཆོག་དམིགས་གསལ་བྱོས། རང་བཙན་ཤོར་ནས་ལོ་ང་བཅུའི་རིང་གི་སྟོད་དུ་རྒྱལ་ལོ་དྲིན་ཆེ་ན་འང། སྨད་དུ་རྒྱ་རི་ལས་ལྷག་པའི་འཇོན་པའི་མྱི་ཞིག་བོད་ལ་བྱུང་མེད། ༡ ཨ་རིའི་གཞུང་གི་ནང་བོད་ལས་ཁང་འཛུགས་ཐུབ་པ་རྒྱ་རིའི་དྲིན་ཡིན། ༢ རྒྱལ་སྤྱིའི་བོད་ལས་དོན་ཁང་བཙུགས་ཐུབ་རྒྱ་རི་ལ་འབྲེལ་བ་ཡོད། ༣ ཨ་རིའི་བོད་སྐད་རླུང་འཕྲིན་ཁང་ཡོད་རྒྱ་རིས་བཟོས། ༤ ཨེ་ཤ་ཡ་རང་དབང་ནང་གི་བོད་སྐད་ཡོད་པ་རྒྱ་རིས་བྱས། ༥ ན་ནང་གསེར་རྟགས་ཐོབ་པ་ཡང་རྒྱ་རིའི་ཤུགས་རྐྱེན་ཡོད། ༦ ཨ་རིའི་གྲོས་ཚོགས་ནང་བོད་དོན་ཡང་ཡང་གླེང་བ་རྒྱ་རིས་སྐུལ་མ་ཡིན་། ཨ་རིའི་གྲོས་འཚོགས་གོང་འོང་གི་རྒན་པོ་རྒན་མོ་ཚོ་བརྗེ་བོ་མ་རྒྱབ་པར་ཏུ་རྒྱ་རི་འདི་ཡིན་གཅིག་མིན་གཅིག་དམིགས་གསལ་སྐུ་ཚབ་བྱེད་དགོས། ཝ་ཤིན་ཀྲོན་གྱི་ལས་བྱེད་ཆེ་ཆུང་ཚང་མ་ངོ་ཤེས་མཁན་ཁོ་འདྲ་བོ་ཞིག་བོད་པའི་ནང་ད་སྔ་་བྱུང་མེད།།
གོང་གི་ཟིན་བྲིས་པ་འདིའི་མིང་གི་ཐོག་ཀྱང་ནས་གྲོང་གསེབ་པ་ཞིག་ཡིན་པ་གསལ་པོ་རེད། དེའི་ཕྱིར་ཁོང་གིས་ཁ་བརྡ་ངོ་མ་དེ་བཤད་ཀྱིན་འདུག གྲོང་གསེབ་རྒན་པོ་ཚོ་ཡང་ཉི་མ་དྲོ་བའི་ལྷས་རྭར་འདུ་འཛོམས་ཀྱིས་ཁ་བརྡ་འདི་ལྟར་བྱེད་བཞིན་པ་ངས་གོ་མྱོང་། གྲོང་གསེབ་རྒན་པོའི་ཁ་བརྡ་ལ་གནས་ལུགས་ཡོད་མེད་ཅི་རིགས་ཡོད་དུས་ང་ཚོས་རྣམ་པར་ཕྱེས་ནས་ཉན་དགོས། དང་པོ་ཁོང་ཉིད་ཁེར་རྐྱང་དུ་ལུས་པའི་སྐྱོ་གདུང་དང་གནོང་འགྱོད་ཞིག་གསལ་བཤད་བྱས་འདུག་པས་ང་ཚོས་སྙིང་རྗེ་བསྒོམ་དགོས། དེ་ནས་དབུས་གཙང་ལ་མ་གཏོགས་ཁམས་ཁུལ་དང་ཨ་མདོ་ལ་རང་བཙན་ཡིན་པའི་ལོ་རྒྱུས་དང་དེ་ཁུངས་སྐྱེལ་བྱེད་པའི་ཁྲིམས་མཐུན་གྱི་ཡིག་ཆ་ས་ཁྲ་སོགས་གང་ཡང་ཡོད་མ་རེད་ཟེར། འོ་ན་དབུས་གཙང་ཁུལ་དུ་ཁྲིམས་མཐུན་གྱི་ཡིག་ཆ་དང་ས་ཁྲའི་ཐོག་ནས་ཁུངས་སྐྱེལ་བྱེད་ཐུབ་པ་ཡོད་དམ། ཡིག་ཆ་དེ་ག་འདྲ་འདུག དེའི་ནང་དུ་ཨ་མདོ་དང་ཁམས་པ་ལོགས་སུ་ཕྱེས་འདུག་གམ།། ཡང་རྒན་པོ་ན་རེ། བོད་ཡིག་གི་ནང་ལ་ཡོད་པའི་སྐད་ཆ་ཐ་ཐོར་དེ་ཚོས་ཅི་ཡང་ཁུངས་སྐྱེལ་ཐུབ་ཀྱི་མ་རེད། ཅེས་བཤད་འདུག་དེས་ན་དབུས་གཙང་ཁུལ་དུ་རང་བཙན་ཡིན་པའི་ཁུངས་སྐྱེལ་གྱི་ཡིག་ཆ་ཡོད་སྐད་དེ་བོད་ཡིག་མ་ཡིན་པའི་རྒྱལ་ཁབ་གཞན་པའི་ཡིག་ཆ་ནང་དུ་ཡོད་པ་ཡིན་ནམ། དེ་མ་ཡིན་ན་མདོ་དབུས་ཁམས་གསུམ་ལ་ཁྱད་པ་ཕྱེ་རྒྱུ་གང་འདུག་གསལ་པོ་གསུངས་རོགས། ད་དུང་ལོ་རྒྱུས་བལྟ་ཚུལ་གྱི་བསླབ་བྱ་ཞིག་གི་འཇུག་ཏུ་བོད་རང་བཙན་མ་ཡིན་པའི་སྡོམ་ཚིག་ཞིག་རྒྱབ་འདུག་ཡག་བྱུང་ཐུགས་རྗེ་ཆེ་ཞུ་ཡ་ལས་ཅི་ཡོད། ལམ་དབུ་མ་ལ་ཀླད་ཀོར་རེད་ཅེས་ཟེར་བ་དེ་༧གོང་ས་མཆོག་གི་དགོངས་པ་དང་འགལ་བ་རེད་ཟེར། འོ་ན་འདས་པའི་ལོ་རྒྱུས་ཐོག་ཏུ་བོད་རང་བཙན་མ་ཡིན་ཟེར་རྒྱུ་དེ་༧གོང་་ས་མཆོག་གི་ཐུགས་དགོངས་དང་མཐུན་པ་རེད་དམ། ངས་མཐོང་སྣང་ལ་ད་ལྟའི་བཀའ་ཤག་གིས་ལམ་དབུ་མ་ལ་འགྲེལ་བ་གནང་བ་འདི་དོན་དངོས་ཀྱི་་ཐོག་ནས་ཀླད་ཀོར་ཆགས་ཀྱིན་འདུག་སྙམ། སྤྱིར་དབུ་མ་ཟེར་བའི་ཚིག་དེ་ཁྱབ་རྒྱ་ཆེན་པོ་རེད་ལ་དེ་ཉིད་འགྲེལ་བཤད་བྱེད་དུས་མཐའ་གཉིས་དང་བྲལ་བ་ཞིག་ལ་ཟེར་གྱིན་ཡོད་ཅིང་། མཐའ་གཉིས་དེ་སྔོན་དུས་ཡིན་ན་བོད་་འདི་རྒྱ་ནག་དང་ཁ་བྲལ་བ་མ་ཡིན་ཏེ་ཕྱི་སྲིད་ཀྱི་དབང་ཆ་རྒྱ་ནག་ལ་ཡོད་པ། རྒྱ་ནག་དང་གཅིག་གྱུར་ཡང་མ་ཡིན་ཏེ་ནང་སྲིད་ཀྱི་དབང་ཆ་བོད་རང་ལ་ཡོད་པ་གཅིག་སྟེ་མཐའ་གཉིས་དང་བྲལ་བའི་ལམ་དབུ་མ་ཟེར་བཞིན་ཡོད་རེད། འོན་ཏེ་དེང་དུས་བཀའ་ཤག་གིས་འགྲེལ་ཚུལ་ནི་བོད་ཀྱིས་རང་བཙན་བརྩོད་པའི་མཐའ་དང་། རྒྱ་ནག་གི་སྲིད་ཇུས་ལག་ལེན་མི་བྱེད་པའི་མཐའ་གཉིས་དང་བྲལ་བ་ལ་དབུ་མ་ཟེར་གྱིན་ཡོད་རེད་དེས་ན་བོད་རང་ངོས་ནས་ཀླད་ཀོར་མི་ཆགས་པའི་རྒྱུ་མཚན་ཞིག་ཁྱེད་ཀྱིས་གསུངས་དང་།
དགོངས་དག་འདི་ཆབ་སྲིད་དང་འབྲེལ་བ་མེད།
གྲོགས་པོ་ལྷན་རྒྱས་ལ་ཆེད་ཞུ། ཧི་མ་ལ་ནི་win visitaནང་ལ་ལྷན་སྐྱེས་ལྟ་བུར་ཡོད་པ་ནི་ཡིག་གཟིགས་དེའི་གལ་ཆེན་རང་བཞིན་ཞིག་རེད། དེ་མ་གཏོགས་དེང་སང་ཡིག་གཟུགས་ཧི་མ་ལ་ལས་ལྡབ་འགྱུར་གྱི་མཛེས་པའི་ཡིག་གཟུགས་སྣ་ཚོགས་མཉམ་གཅིག་ཏུ་སྤྱོད་ཐུབ་པའི་མཉེན་ཆས་ཤིག་དར་བཞིན་ཡོད། མཉེན་ཆས་དེའི་ནང་དུ་ཁྱོན་ཡིག་གཟུགས་བཅུ་ཕྲག་ལྷག་ཡོད་པ་དང་། ཁྱོད་རང་ཧི་གཟུགས་ཀྱི་གཏགས་མར་གོམས་པ་ཞིག་ཡིན་ན་དེ་ལྟར་སྤྱོད་ཆོག་ལ། tcrcལ་གོམས་པ་ཞིག་ཡིན་ན་ཡང་དེ་ལྟར་སྤྱོད་ཆོག ད་དུང་སྨོནལམ་གཉིས་པ་དང་། པཎ་ཊི་ཏ། རྨ་ཆེན། ཉེ་ལམ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གིས་བཟོས་པའི་ཡིག་གཟུགས་སོགས་ཕལ་ཆེར་དེ་སྔ་སྤྱོད་སྒོ་ཅུང་ཆེ་བའི་ཡིག་གཟུགས་མ་ལག་ཆ་ཚང་དེའི་ནང་དུ་འདུ་བས། གྲོགས་པོ་རྣམས་ཀྱི་ཅུང་ཙམ་སྒུག་དང་མི་རིང་བར་ཁྱད་ཆོས་སྣ་ཚོགས་ཀྱིས་ཕྱུག་པའི་བོད་ཡིག་མཉེན་ཆས་ཤིག་ང་ཚོའི་བགོ་སྐལ་དུ་བྱོན་རྒྱུ་རེད།
སྐད་འདི་སུས་གོ་ན་ཕན་ཚུན་ལ་བཤད་པར་བཀའ་དྲིན་ཆེ།
དུས་ཀྱི་འགྱུར་བ་ནི་ཚད་ལས་བརྒལ་བའི་འཁོར་བསྐྱོད་ཀྱི་མྱུར་འགྲོས་ཤིག་སྟེ། འཁོར་བསྐྱོད་དེའི་འོག་ནས་འཕོ་འགྱུར་གྱི་བྱ་དངོས་ཧ་ཅང་མང་བ་ལས་ཆེས་ངོ་མཚར་བ་ནི་གླེན་པ་ལུག་གིས་མི་སྐད་བཤད་པ་འདི་རེད།
མི་སྐད་བཤད་པ་ཙམ་དུ་མ་ཟད་འབྱུང་འགྱུར་གྱི་ལུང་བརྟན་ཟབ་མོ་འདི་འདྲ་གནང་བ་ནི་དགའ་འོས་པ་ཞིག་མ་ཡིན་ནམ།