ཁ་བརྡ་དྲ་དེབ། Posted on 2008-10-17 By དགེ་རབ་ 11 Comments on ཁ་བརྡ་དྲ་དེབ། གཤམ་གསལ་ནི་ཁ་བརྡ་དྲ་དེབ་སྟེང་བདུན་གཅིག་རིང་ཞུགས་མཁན་བྱུང་བའི་རིམ་པ་མཚོན་པའི་རི་མོ་ཡིན། རིམ་གྱིས་ང་ཚོས་འདི་དག་མི་ཚང་མས་གཟིགས་ཐུབ་པ་ཞིག་ཞུ་འཆར་ཡོད། གསར་འགྱུར།
འདི་ཁ་བརྡ་དྲ་ཁང་རེད་ཨེ། ང་ཚོ་ནམ་རྒྱུན་ཡོང་ནས་འདྲ་མི་འདྲ་འབྲི་ས་དེ་འདི་འདྲ་ཞིག་རེད་མི་འདུ་ག དེས་ན་ང་གང་ན་ཡོད་གི ཅིག་སྟོན་དང། དེ་མིན་ཡུམ་རློམ་ན། ད་བར་གི་མྱི་འདི་ཚོ་འདྲེ་རེད། འདྲེ་རེད། བསམ་པའི་རྒྱ་ཡིད་ལ་མ་ཤར་བ་རྐྱང་རྐྱང་བྱས་ཡོང་གི།
གྲོགས་པོ་ཕྱག་གཉིས་པ་ལགས། བདུན་གཅིག་གཉིས་ཤིག་གི་སྔོན་ལ་མི་གཅིག་གཉིས་ཤིག་གིས་ཁ་བརྡ་དྲ་ཁང་ལ་མི་བཞི་ལྔ་ཞིག་མ་གཏོགས་ཡོང་གི་མི་འདུག་ཟེར། དེ་ནས་ངས་འཕྲུལ་རྩལ་པ་ལ་འབྲེལ་བ་བྱས་ཏེ་ཉིན་གཅིག་ལ་འཛུལ་ཞུགས་བྱེད་མཁན་ག་ཚོད་ཡོད་མེད་ལྟ་ཨེ་ཐུབ་ལ་བལྟས་པ་ཡིན། དེའི་འབྲས་བུ་ལ་གནས་ཚུལ་བྱུང་བ་རེད། ཧ་ལམ་ཉིན་རེར་སྟོང་ཕྲག་ཁ་ལོངས་པ་རེ་ཡོང་གི་འདུག ང་ཡང་ཅུང་ཟད་དགའ་ནས་འདི་གློ་བུར་དུ་པར་བཏབ་པ་རེད། དགོངས་དག མུ་མཐུད་ནས་ནོར་འཁྲུལ་ལ་ཞལ་བསངས་གནང་རོགས་ཞུ་བ་ཡིན། རབ་གསལ་གྱིས་ཕུལ།
མཆན་བཏབ་རྗེས་ཡིག་ནོར་ཤོར་བ་བཟོ་བཅོས་ཐུབ་པ་ཞིག་བཟོ་མི་ཐུབ་བམ། བོད་ནང་གི་དྲ་ཚིགས་འགས་དེ་འདྲ་བྱས་འདུག དེ་མ་གཏོགས་རྟ་ཤོར་ན་འཛིན་ཐབས་ཡོད་ཀྱང་། ཚིག་ཤོར་ན་འཛིན་ཐབས་མེད་པའི་ཚད་དུ་འདུག མཆན་གྱི་ཡིག་ནོར་ཕྱིར་བཅོས་བྱེད་ཐུབ་ན་མཆན་གྱི་ཤོང་ཚད་བསྲི་ཚགས་བྱེད་ཐུབ་པའི་དགེ་མཚན་ཆེ་སྙམ། དེ་བཞིན་འདྲ་པར་འཇོག་མི་ཐུབ་པའི་སྐྱོན་ཞིག་ཀྱང་ཡོང་གི་འདུག བསམ་འཆར་ཙམ་ཡིན། དགེ་མཚན་མིག་གིས་མཐོང་གསལ་འདི་རེད། ང་ནི་འདིའི་ནང་ལ་འཛུལ་རྒྱུར་སྐྱག་ལངས་ཤོར་ནས་ཁ་ནང་ལ་ཁ་ཏོན་དང་ལག་ནང་ལ་ཕྲེང་བ་མི་ཡོང་གི་ཡ།
ཨོ། རབ་གསལ་འདི་ན་ཡོད་དམ། ཁྱོའི་ཁ་བརྡ་དྲ་ཚིགས་འདིའི་ནང་ནས་ཁ་ཏོན་མི་བྱེད་པའི་བླ་རྒན་ཁ་སྤུ་ཅན་ཞིག་གསར་བུ་ཁ་བདེ་འགའི་ཁ་ནང་ལ་ལྷུང་ནས་ཁ་རྡུང་འཇིགས་པོ་དག་དག་གིས་ཁ་གྲགས་རྒྱུ་མེད་པ་ཞིག་བཟོས་སོང་ང་། འདིའི་སྡིག་པ་ཕྱེད་ཀ་ཁྱོད་ལ་མེད་ན་སྡིག་པ་འཁུར།
ཨ་རོགས། ཀླུ་སྨྱོན་ད་ཐེངས་ངོ་མ་ཡིན། ཁྱོད་ཀྱིས་མཆན་གྱི་ཤོག་བུ་བསྲི་ཚགས་བྱེད་འདོད་པ་དེ་གཏམ་བཟང་ཞིག་རེད། ངས་ཟླ་གཉིས་གསུམ་ཞིག་གི་གོང་ནས་དེའི་སྐོར་ཅུང་ཟད་གླེང་བ་ཡིན་ཡང་ཁྱེད་རང་གིས་གཡག་སྣ་ཤེད་འཁུར་མཁན་ཚོ་ནང་བཞིན་བྱས་ནས་ཐབས་ཤེས་མི་འདུག ཁྱེད་རང་གིས་མཆན་རེའི་ནང་ཤོ་ལོ་ཀ་རེ་བྱས་ཏེ་མཆན་འདེབས་ས་བཞི་ལྔ་རེ་ཟ་ཐེངས་གཅིག་ལ་ཟ་འགྲོ་བ་འདི་བསྲི་ཚགས་ཤིག་ཅི་ལ་ཡིན། ངས་དེ་རིང་ཁུངས་ལུང་མེད་པའི་བོད་རང་བཙན་ཟེར་བའི་ནང་ཁྱོད་ཀྱིས་མཆན་ག་ཚོད་རྒྱབ་འདུག་གྲངས་ཀ་རོབ་ཙམ་རྒྱབ་པ་ཡིན། ཕལ་ཆེར་མཆན་གྲངས་བཞི་བཅུ་ལྷག་ཡོད་པ་རེད་བསམས་སོང་། མ་གཞི་མཆན་མང་པོ་རྒྱབ་ན་ཡག་པོ་རེད། ཡིན་ན་ཡང་། པང་སྒྲིག་ནས་ཡི་གེ་ཉུང་ཉུང་རེ་བྲིས་ཏེ་མཆན་ཤོག་ལྔ་དྲུག་རེ་ཟ་ཐེངས་གཅིག་ལ་ཟ་འགྲོ་བ་དེ་འདྲ་བྱས་ན་ཁྱོད་ཕོ་མ་ན་ཡང་མཆན་ཤོག་འཕྲོ་བརླག་རེད། དེ་ངའི་བསམ་འཆར་ཡིན།
མགོན་པོས་བཤད་པ་དེ་བདེན་པ་རེད། ཡ་ད་ཡང་ཚང་མས་ཀླུ་སྨྱོན་ལ་སློབ་སྦྱོང་མ་བྱེད། ར་ལོ་ལ་ཡང་སློབ་སྦྱོང་མ་བྱེད།
ཁ་བརྡ་ལ་ཡང་ཡང་འཁོར་བ་འདི་ཅིག་འགྲིག་མི་འདུག་བསམ་སོང་། མེ་རི། འདིར་ཞུགས་ཀྱི་གྲོགས་པོ་མང་བོ་ཞིག། ནུབ་ཕྱོགས་སུ་འཚོ་བ་དང་མི་ཚེ་་རོལ་བར་བསམ་ལ། འདི་ཡང་ཡང་འཁོར་བ་ནི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་ཆ་ཤས་ཙམ་ཡང་ལེན་མ་ཐུབ་པར། རང་ཉིད་བོར་ཞིང་། རང་ཉིད་ཀྱི་ཁོར་ཡུག་བོར་བའི་འཁྱམ་པོ་ཅི་བཞིན། ཐ་ན་སྐད་ཆ་ཙམ་ཡང་བཤད་ས་མེད་པའི་འཇིག་རྟེན་ཞིག་ཏུ་ལྷག་སྟངས་། གནས་འདི་ཁོ་ན་ནི་སྡུག་སྐད་བརྗོད་ས་ཙམ་དང་། ཡང་ན་ངུ་ངག་བརྗོད་ས་ཙམ། ཐ་ན་རང་སྐད་ཀྱི་ཀི་རྒྱངས་བྱེད་ས་ཞིག་ཏུ་རློམས་ནས་། ཚིག་ཁ་ཤས་བརྗོད་པ་ཡང་རྩོམ་དུ་རློམས་མཁན་གྱི་ཀླུ་སྨྱོན་དང་མདའ་བཙན་ལྟ་བུ་ཞིག་གིས་སྙིང་ཁམས་མ་དྭངས་དུས་ཚིག་རེ་ཐོན་ཡོང་བ་ཀླུ་སྨྱོན་དང་། སེམས་པ་མ་སྐྱིད་དུས་ཆང་དེ་གྲོགས་སུ་སྒོམ་པའི་མདའ་ཚན་ལྟ་བུའི་ར་རེ་བཟི་དུས་ཚིག་རེ་ཐོན་དུས། འདིར་འཁོར་བ་དང་། ང་ཚོས་སྨྱོ་གཏམ་དང་བཟི་གཏམ་ཏག་ཏག་ལ་ཉན་པ་འདི་ཧ་ཅང་སྐྱོ་དགོས་བ་ཞིག་དུ་རློམས། དེ་མིན་གཞན་དག་མང་བོ་ཞིག་ཀྱང་འདུག། དེར་བརྟེན་ཁ་བརྡ་འདི་ལ་ཡང་ཡང་འཁོར་བ་ནི་ཅིག་འགྲིག་མི་འདུག་བསམ་སོང་། ང་མེ་རི་འདི་ལ་ཡང་ཡང་མ་འཁོར་བར་ཐབས་ཤེས་བྱེད་བཞིན་ཡོད། ང་ཚོ་ནི་སྤྱི་ཚོགས་དང་འཚོ་བ། ཡང་ན་མི་ཚེ་མ་འདྲ་བ་མང་བོ་ཞིག་བརྒྱུད་པའི་མི་ཞིག་ཡིན་ལ། མི་རིགས་མི་འདྲ་བ་དང་འདྲེས་བཤིབ་ཡོད་པའི་མི་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག ང་ཚོས་ལས་འགུལ་ནི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་འཛུལ་གང་ཐུབ་ཀྱིས་ཞུགས་ནས་ལེགས་ཆ་བསྡུ་ལེན་གྱིས་རྩོམ་ཡིག་ཞིག་སྤེལ་ཐུབ་ན་རང་མི་རིགས་ཀྱིས་སྙིང་བཅུད་ལྡན་པའི་ལེགས་ལེན་ཞིག་ཐོབ་ཐུབ་པ་དེ་ཡིན། ཁ་བརྡ་འདིར་ཡང་ཡང་འཁོར་ཞིང་་། འདི་ནི་ཁྱེད་རང་གི་སྤྱི་ཚོགས་དང་མི་ཚེ་དེ་ཡིན་ན་། ཧ་ཅང་ཕངས་དགོས་བ་ཞིག་རེད། ང་ཚོ་ལ་གདོང་ལེན་དང་བློ་ཁོགས་ཡངས་པོ་དགོས་ལ། ང་ཚོ་ལ་ཨུ་ཚུགས་ཉམས་ཆུང་གི་གཤིས་ཀ་ཡང་དགོས། འདི་དག་ཚང་མ་ནི་ང་ཚོས་རང་ཉིད་ཀྱི་མི་རིགས་ཤིག་ཡར་རྒྱས་སུ་གཏོང་ཆེད་ཡིན་པ་ངེས་ཟིན་དགོས།
ཁ་བརྡ་འདི་བྲོ་ར་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་སྐྱ་སེར་རིས་སུ་མ་ཆད་པའི་གཞོན་པ་མང་པོ་ཞིག་ཕེབས་ནས་རང་རང་ལུགས་ཀྱི་བྲོ་གར་འཁྲབ་ཡོད། ཁ་བརྡ་འདི་ཁྱིམ་ཚང་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་ཡར་མར་བཅོ་བརྒྱད་ན་ལས་རིགས་སྣ་ཚོགས་པར་ཞུགས་པའི་སྤུན་མཆེད་མང་པོ་ཞིག་ལྷན་འཛོམས་བྱུང་ཡོད། ཁ་བརྡ་འདི་འབྲི་དེབ་ཅིག་ཡིན་པའི་དབང་དུ་བཏང་ན། ད་ནི་ང་ཚོས་ནང་སྦྱོང་དང་ཟིན་བྲིས་སྣ་ཚོགས་ཤིག་བཏབས་ནས་ཡར་རྒྱས་ཕྱིན་ཡོད། ཁ་བརྡ་འདི་གློག་བརྙན་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་མི་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་གིས་བལྟས་དང་བལྟ་བཞིན་ཡོད། ཁ་བརྡ་འདི་མེ་ཏོག་ལྡུམ་ར་ཞིག་ཡིན་པའི་དབང་དུ་བཏང་ན། ཁ་དོག་མི་གཅིག་པའི་སྦྲང་མ་མང་པོ་ཞིག་གིས་ལྡུམ་ར་འདིར་གནས་མལ་བཅས་ཡོད། རེད། ང་ཚོ་ནི་ཁ་བརྡ་དྲ་ཤོག་འདིའི་མགྲོན་པོ་དང་བདག་པོ་གཉིས་ཀ་ཡིན་པའི་ངོས་ནས་བཤད་ན། ད་ནི་ང་ཚོས་གྲངས་ཀའི་འབོར་དང༌། ནང་དོན་གྱི་ངོས་གཉིས་ཀ་ནས་རྩ་བ་བརྟན་པོ་ཞིག་ཚུགས་ཟིན་ཡོད། འདི་ཚང་མ་དྲ་ཤོག་གསར་འདོན་བྱེད་པོ་དག་དང༌། དྲ་ཤོག་འདི་བེད་སྤྱོད་གཏོང་མཁན་ང་ཚོ་ཐུན་མོང་གི་གྲུབ་འབྲས་ཡིན་པ་གཞི་ལ་བཞག་སྟེ། དྲ་གྲོགས་ཚང་མར་ཐུགས་རྗེ་ཆེ་བ་ཞུ་བ་ཡིན། ཞུ་འདོད་གཞན་ཞིག་ནི། ང་རང་ལ་མཚོན་ན། དྲ་གྲོགས་ཁྱེད་རང་གི་རྩོམ་ཡིག་དང་བསམ་ཚུལ་ལས་བློ་སྐྱེད་གང་འཚམ་ཐོབ་ཡོད་སྙམ་པའི་སྤོབས་པ་དང་བཅས་ཏེ། རྣམ་པ་ཚོར་བླ་ན་མེད་པའི་གོང་བཀུར་དང༌། ལྷད་མེད་ལྷག་བསམ་རྣམ་པར་དག་པས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེས་ན། དྲ་གྲོགས་རྣམ་པས་གཅིག་གིས་གཅིག་ལ་ཚིག་མཚོན་དང་སྐྱོན་མཚང་བསྔོག་རེས་ཀྱི་ཕྱོགས་ལ་གཟབ་གཟབ་ཅིག་གནང་རོགས་ཞུ་འདོད་བྱུང༌། དེ་ནི་ང་ཚོའི་ལས་འགན་ཅང་མ་རེད། ཞུ་ཐལ་གྱུར་ཡོད་ན། དགོངས་དག་ཞུ་བ་ཡིན།
ཁ་བརྡ་འདི་བྲོ་ར་ཞིག་ཏེ། སྐྱ་སེར་རིས་མེད་ཀྱི་གཞོན་པ་མང་པོ་ཕེབས་ནས་རང་རང་ལུགས་ཀྱི་བྲོ་གར་འཁྲབ། ཁ་བརྡ་འདི་ཁྱིམ་ཚང་ཞིག་ཏེ། ཡར་མར་བཅོ་བརྒྱད་ན་ལས་རིགས་སྣ་ཚོགས་བྱེད་པའི་སྤུན་མཆེད་མང་པོ་ལྷན་འཛོམས་བྱུང་ཡོད། ཁ་བརྡ་འདི་འབྲི་དེབ་ཅིག་ཏེ། ང་ཚོས་ནང་སྦྱོང་དང་ཟིན་བྲིས་སྣ་ཚོགས་བཏབ་ནས་ཡར་རྒྱས་ཕྱིན་ཡོད། ཁ་བརྡ་འདི་གློག་བརྙན་ཞིག་ཏེ། མི་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་གིས་བལྟས་དང་བལྟ་བཞིན་ཡོད། ཁ་བརྡ་འདི་མེ་ཏོག་ལྡུམ་ར་ཞིག ཁ་དོག་མི་གཅིག་པའི་སྦྲང་མ་མང་པོས་ལྡུམ་ར་འདིར་གནས་མལ་བཅས་ཡོད། རེད། ང་ཚོ་ནི་ཁ་བརྡ་དྲ་ཤོག་འདིའི་མགྲོན་པོ་དང་བདག་པོ་གཉིས་ཀ་ཡིན་པས། ང་ཚོས་གྲངས་འབོར་དང༌། ནང་དོན་གཉིས་ཀ་རྩ་བ་བརྟན་པོ་ཞིག་ཚུགས་ཟིན། འདི་ཚང་མ་དྲ་ཤོག་གསར་འདོན་བྱེད་པོ་དག་དང༌། དྲ་ཤོག་འདི་བེད་སྤྱོད་གཏོང་མཁན་ཐུན་མོང་གི་གྲུབ་འབྲས་ཡིན་པས། ཚང་མར་ཐུགས་རྗེ་ཆེ། ཞུ་འདོད་གཞན་ཞིག་ནི། ང་ལ་རྩོམ་ཡིག་དང་བསམ་ཚུལ་དག་ལས་བློ་སྐྱེད་ཐོབ་པའི་སྤོབས་པའི་ངང་། རྣམ་པ་ཚོར་བླ་ན་མེད་པའི་གོང་བཀུར་དང༌ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེས་ན། དྲ་གྲོགས་རྣམ་པས་ཕན་ཚུན་ཚིག་མཚོན་དང་སྐྱོན་མཚང་བསྔོག་རེས་ཀྱི་ཕྱོགས་ལ་གཟབ་རོགས་ཞུ་འདོད་བྱུང༌། དེ་ནི་ང་ཚོའི་ལས་འགན་མ་རེད་སྙམ། དེ་རིང་དོན་མེད་ལ་རྩོམ་རྙིང་ཚོ་བསྔོག་བཞིན་པའི་སྐབས་རྩོམ་ཡིག་ཡ་རབས་དང་ཞི་ཚིག་གི་འཛུམ་མདངས་བཞད་ཀྱི་འདི་མཐོང་ནས་དགའ་བ་དང་བཅས། ཚིག་ཉུང་དུ་བཏང་ནས་བསྐྱར་འགདོ་བྱས་པ་ཡིན། འདི་ལྟར་བྲིས་ཡོད་ན་དེ་ལས་ཀྱང་སྙན་འཇེབས་ལྡན་པར་འགྱུར་བར་མཐོང་། གང་འདྲ་འདུག ཡི་གེ་ཁ་ཤས་གསུབ་པ་ལས་གཞན་བཅོས་པ་མེད། གཞན་རྩོམ་ལ་ཇུས་གཏོགས་བྱས་པར་དགོངས་དྭངས་དང་། མྱི་ལྡིང་ལ་ཐུགས་རྗེ་ཆེ་ཞུ་འདོད།
དེ་ལྟར་བྱུང་ན་ཧ་ཅང་ལེགས། ཁ་བརྡ་མང་པོ་བྱ་རྒྱུ་ཡིན། ཧ་ཅང་སྐྱིད་པོ་འདུག ཐུགས་རྗེ་ཆེ།
འདི་ཁ་བརྡ་དྲ་ཁང་རེད་ཨེ། ང་ཚོ་ནམ་རྒྱུན་ཡོང་ནས་འདྲ་མི་འདྲ་འབྲི་ས་དེ་འདི་འདྲ་ཞིག་རེད་མི་འདུ་ག དེས་ན་ང་གང་ན་ཡོད་གི ཅིག་སྟོན་དང། དེ་མིན་ཡུམ་རློམ་ན། ད་བར་གི་མྱི་འདི་ཚོ་འདྲེ་རེད། འདྲེ་རེད། བསམ་པའི་རྒྱ་ཡིད་ལ་མ་ཤར་བ་རྐྱང་རྐྱང་བྱས་ཡོང་གི།
གྲོགས་པོ་ཕྱག་གཉིས་པ་ལགས།
བདུན་གཅིག་གཉིས་ཤིག་གི་སྔོན་ལ་མི་གཅིག་གཉིས་ཤིག་གིས་ཁ་བརྡ་དྲ་ཁང་ལ་མི་བཞི་ལྔ་ཞིག་མ་གཏོགས་ཡོང་གི་མི་འདུག་ཟེར། དེ་ནས་ངས་འཕྲུལ་རྩལ་པ་ལ་འབྲེལ་བ་བྱས་ཏེ་ཉིན་གཅིག་ལ་འཛུལ་ཞུགས་བྱེད་མཁན་ག་ཚོད་ཡོད་མེད་ལྟ་ཨེ་ཐུབ་ལ་བལྟས་པ་ཡིན། དེའི་འབྲས་བུ་ལ་གནས་ཚུལ་བྱུང་བ་རེད། ཧ་ལམ་ཉིན་རེར་སྟོང་ཕྲག་ཁ་ལོངས་པ་རེ་ཡོང་གི་འདུག
ང་ཡང་ཅུང་ཟད་དགའ་ནས་འདི་གློ་བུར་དུ་པར་བཏབ་པ་རེད། དགོངས་དག མུ་མཐུད་ནས་ནོར་འཁྲུལ་ལ་ཞལ་བསངས་གནང་རོགས་ཞུ་བ་ཡིན།
རབ་གསལ་གྱིས་ཕུལ།
མཆན་བཏབ་རྗེས་ཡིག་ནོར་ཤོར་བ་བཟོ་བཅོས་ཐུབ་པ་ཞིག་བཟོ་མི་ཐུབ་བམ། བོད་ནང་གི་དྲ་ཚིགས་འགས་དེ་འདྲ་བྱས་འདུག དེ་མ་གཏོགས་རྟ་ཤོར་ན་འཛིན་ཐབས་ཡོད་ཀྱང་། ཚིག་ཤོར་ན་འཛིན་ཐབས་མེད་པའི་ཚད་དུ་འདུག མཆན་གྱི་ཡིག་ནོར་ཕྱིར་བཅོས་བྱེད་ཐུབ་ན་མཆན་གྱི་ཤོང་ཚད་བསྲི་ཚགས་བྱེད་ཐུབ་པའི་དགེ་མཚན་ཆེ་སྙམ། དེ་བཞིན་འདྲ་པར་འཇོག་མི་ཐུབ་པའི་སྐྱོན་ཞིག་ཀྱང་ཡོང་གི་འདུག བསམ་འཆར་ཙམ་ཡིན། དགེ་མཚན་མིག་གིས་མཐོང་གསལ་འདི་རེད། ང་ནི་འདིའི་ནང་ལ་འཛུལ་རྒྱུར་སྐྱག་ལངས་ཤོར་ནས་ཁ་ནང་ལ་ཁ་ཏོན་དང་ལག་ནང་ལ་ཕྲེང་བ་མི་ཡོང་གི་ཡ།
ཨོ། རབ་གསལ་འདི་ན་ཡོད་དམ། ཁྱོའི་ཁ་བརྡ་དྲ་ཚིགས་འདིའི་ནང་ནས་ཁ་ཏོན་མི་བྱེད་པའི་བླ་རྒན་ཁ་སྤུ་ཅན་ཞིག་གསར་བུ་ཁ་བདེ་འགའི་ཁ་ནང་ལ་ལྷུང་ནས་ཁ་རྡུང་འཇིགས་པོ་དག་དག་གིས་ཁ་གྲགས་རྒྱུ་མེད་པ་ཞིག་བཟོས་སོང་ང་། འདིའི་སྡིག་པ་ཕྱེད་ཀ་ཁྱོད་ལ་མེད་ན་སྡིག་པ་འཁུར།
ཨ་རོགས། ཀླུ་སྨྱོན་ད་ཐེངས་ངོ་མ་ཡིན། ཁྱོད་ཀྱིས་མཆན་གྱི་ཤོག་བུ་བསྲི་ཚགས་བྱེད་འདོད་པ་དེ་གཏམ་བཟང་ཞིག་རེད། ངས་ཟླ་གཉིས་གསུམ་ཞིག་གི་གོང་ནས་དེའི་སྐོར་ཅུང་ཟད་གླེང་བ་ཡིན་ཡང་ཁྱེད་རང་གིས་གཡག་སྣ་ཤེད་འཁུར་མཁན་ཚོ་ནང་བཞིན་བྱས་ནས་ཐབས་ཤེས་མི་འདུག ཁྱེད་རང་གིས་མཆན་རེའི་ནང་ཤོ་ལོ་ཀ་རེ་བྱས་ཏེ་མཆན་འདེབས་ས་བཞི་ལྔ་རེ་ཟ་ཐེངས་གཅིག་ལ་ཟ་འགྲོ་བ་འདི་བསྲི་ཚགས་ཤིག་ཅི་ལ་ཡིན། ངས་དེ་རིང་ཁུངས་ལུང་མེད་པའི་བོད་རང་བཙན་ཟེར་བའི་ནང་ཁྱོད་ཀྱིས་མཆན་ག་ཚོད་རྒྱབ་འདུག་གྲངས་ཀ་རོབ་ཙམ་རྒྱབ་པ་ཡིན། ཕལ་ཆེར་མཆན་གྲངས་བཞི་བཅུ་ལྷག་ཡོད་པ་རེད་བསམས་སོང་། མ་གཞི་མཆན་མང་པོ་རྒྱབ་ན་ཡག་པོ་རེད། ཡིན་ན་ཡང་། པང་སྒྲིག་ནས་ཡི་གེ་ཉུང་ཉུང་རེ་བྲིས་ཏེ་མཆན་ཤོག་ལྔ་དྲུག་རེ་ཟ་ཐེངས་གཅིག་ལ་ཟ་འགྲོ་བ་དེ་འདྲ་བྱས་ན་ཁྱོད་ཕོ་མ་ན་ཡང་མཆན་ཤོག་འཕྲོ་བརླག་རེད། དེ་ངའི་བསམ་འཆར་ཡིན།
མགོན་པོས་བཤད་པ་དེ་བདེན་པ་རེད། ཡ་ད་ཡང་ཚང་མས་ཀླུ་སྨྱོན་ལ་སློབ་སྦྱོང་མ་བྱེད། ར་ལོ་ལ་ཡང་སློབ་སྦྱོང་མ་བྱེད།
ཁ་བརྡ་ལ་ཡང་ཡང་འཁོར་བ་འདི་ཅིག་འགྲིག་མི་འདུག་བསམ་སོང་།
མེ་རི།
འདིར་ཞུགས་ཀྱི་གྲོགས་པོ་མང་བོ་ཞིག། ནུབ་ཕྱོགས་སུ་འཚོ་བ་དང་མི་ཚེ་་རོལ་བར་བསམ་ལ། འདི་ཡང་ཡང་འཁོར་བ་ནི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་ཆ་ཤས་ཙམ་ཡང་ལེན་མ་ཐུབ་པར། རང་ཉིད་བོར་ཞིང་། རང་ཉིད་ཀྱི་ཁོར་ཡུག་བོར་བའི་འཁྱམ་པོ་ཅི་བཞིན། ཐ་ན་སྐད་ཆ་ཙམ་ཡང་བཤད་ས་མེད་པའི་འཇིག་རྟེན་ཞིག་ཏུ་ལྷག་སྟངས་། གནས་འདི་ཁོ་ན་ནི་སྡུག་སྐད་བརྗོད་ས་ཙམ་དང་། ཡང་ན་ངུ་ངག་བརྗོད་ས་ཙམ། ཐ་ན་རང་སྐད་ཀྱི་ཀི་རྒྱངས་བྱེད་ས་ཞིག་ཏུ་རློམས་ནས་། ཚིག་ཁ་ཤས་བརྗོད་པ་ཡང་རྩོམ་དུ་རློམས་མཁན་གྱི་ཀླུ་སྨྱོན་དང་མདའ་བཙན་ལྟ་བུ་ཞིག་གིས་སྙིང་ཁམས་མ་དྭངས་དུས་ཚིག་རེ་ཐོན་ཡོང་བ་ཀླུ་སྨྱོན་དང་། སེམས་པ་མ་སྐྱིད་དུས་ཆང་དེ་གྲོགས་སུ་སྒོམ་པའི་མདའ་ཚན་ལྟ་བུའི་ར་རེ་བཟི་དུས་ཚིག་རེ་ཐོན་དུས། འདིར་འཁོར་བ་དང་། ང་ཚོས་སྨྱོ་གཏམ་དང་བཟི་གཏམ་ཏག་ཏག་ལ་ཉན་པ་འདི་ཧ་ཅང་སྐྱོ་དགོས་བ་ཞིག་དུ་རློམས། དེ་མིན་གཞན་དག་མང་བོ་ཞིག་ཀྱང་འདུག། དེར་བརྟེན་ཁ་བརྡ་འདི་ལ་ཡང་ཡང་འཁོར་བ་ནི་ཅིག་འགྲིག་མི་འདུག་བསམ་སོང་། ང་མེ་རི་འདི་ལ་ཡང་ཡང་མ་འཁོར་བར་ཐབས་ཤེས་བྱེད་བཞིན་ཡོད།
ང་ཚོ་ནི་སྤྱི་ཚོགས་དང་འཚོ་བ། ཡང་ན་མི་ཚེ་མ་འདྲ་བ་མང་བོ་ཞིག་བརྒྱུད་པའི་མི་ཞིག་ཡིན་ལ། མི་རིགས་མི་འདྲ་བ་དང་འདྲེས་བཤིབ་ཡོད་པའི་མི་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག ང་ཚོས་ལས་འགུལ་ནི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་འཛུལ་གང་ཐུབ་ཀྱིས་ཞུགས་ནས་ལེགས་ཆ་བསྡུ་ལེན་གྱིས་རྩོམ་ཡིག་ཞིག་སྤེལ་ཐུབ་ན་རང་མི་རིགས་ཀྱིས་སྙིང་བཅུད་ལྡན་པའི་ལེགས་ལེན་ཞིག་ཐོབ་ཐུབ་པ་དེ་ཡིན། ཁ་བརྡ་འདིར་ཡང་ཡང་འཁོར་ཞིང་་། འདི་ནི་ཁྱེད་རང་གི་སྤྱི་ཚོགས་དང་མི་ཚེ་དེ་ཡིན་ན་། ཧ་ཅང་ཕངས་དགོས་བ་ཞིག་རེད།
ང་ཚོ་ལ་གདོང་ལེན་དང་བློ་ཁོགས་ཡངས་པོ་དགོས་ལ། ང་ཚོ་ལ་ཨུ་ཚུགས་ཉམས་ཆུང་གི་གཤིས་ཀ་ཡང་དགོས། འདི་དག་ཚང་མ་ནི་ང་ཚོས་རང་ཉིད་ཀྱི་མི་རིགས་ཤིག་ཡར་རྒྱས་སུ་གཏོང་ཆེད་ཡིན་པ་ངེས་ཟིན་དགོས།
ཁ་བརྡ་འདི་བྲོ་ར་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་སྐྱ་སེར་རིས་སུ་མ་ཆད་པའི་གཞོན་པ་མང་པོ་ཞིག་ཕེབས་ནས་རང་རང་ལུགས་ཀྱི་བྲོ་གར་འཁྲབ་ཡོད། ཁ་བརྡ་འདི་ཁྱིམ་ཚང་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་ཡར་མར་བཅོ་བརྒྱད་ན་ལས་རིགས་སྣ་ཚོགས་པར་ཞུགས་པའི་སྤུན་མཆེད་མང་པོ་ཞིག་ལྷན་འཛོམས་བྱུང་ཡོད། ཁ་བརྡ་འདི་འབྲི་དེབ་ཅིག་ཡིན་པའི་དབང་དུ་བཏང་ན། ད་ནི་ང་ཚོས་ནང་སྦྱོང་དང་ཟིན་བྲིས་སྣ་ཚོགས་ཤིག་བཏབས་ནས་ཡར་རྒྱས་ཕྱིན་ཡོད། ཁ་བརྡ་འདི་གློག་བརྙན་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་མི་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་གིས་བལྟས་དང་བལྟ་བཞིན་ཡོད། ཁ་བརྡ་འདི་མེ་ཏོག་ལྡུམ་ར་ཞིག་ཡིན་པའི་དབང་དུ་བཏང་ན། ཁ་དོག་མི་གཅིག་པའི་སྦྲང་མ་མང་པོ་ཞིག་གིས་ལྡུམ་ར་འདིར་གནས་མལ་བཅས་ཡོད། རེད། ང་ཚོ་ནི་ཁ་བརྡ་དྲ་ཤོག་འདིའི་མགྲོན་པོ་དང་བདག་པོ་གཉིས་ཀ་ཡིན་པའི་ངོས་ནས་བཤད་ན། ད་ནི་ང་ཚོས་གྲངས་ཀའི་འབོར་དང༌། ནང་དོན་གྱི་ངོས་གཉིས་ཀ་ནས་རྩ་བ་བརྟན་པོ་ཞིག་ཚུགས་ཟིན་ཡོད། འདི་ཚང་མ་དྲ་ཤོག་གསར་འདོན་བྱེད་པོ་དག་དང༌། དྲ་ཤོག་འདི་བེད་སྤྱོད་གཏོང་མཁན་ང་ཚོ་ཐུན་མོང་གི་གྲུབ་འབྲས་ཡིན་པ་གཞི་ལ་བཞག་སྟེ། དྲ་གྲོགས་ཚང་མར་ཐུགས་རྗེ་ཆེ་བ་ཞུ་བ་ཡིན། ཞུ་འདོད་གཞན་ཞིག་ནི། ང་རང་ལ་མཚོན་ན། དྲ་གྲོགས་ཁྱེད་རང་གི་རྩོམ་ཡིག་དང་བསམ་ཚུལ་ལས་བློ་སྐྱེད་གང་འཚམ་ཐོབ་ཡོད་སྙམ་པའི་སྤོབས་པ་དང་བཅས་ཏེ། རྣམ་པ་ཚོར་བླ་ན་མེད་པའི་གོང་བཀུར་དང༌། ལྷད་མེད་ལྷག་བསམ་རྣམ་པར་དག་པས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེས་ན། དྲ་གྲོགས་རྣམ་པས་གཅིག་གིས་གཅིག་ལ་ཚིག་མཚོན་དང་སྐྱོན་མཚང་བསྔོག་རེས་ཀྱི་ཕྱོགས་ལ་གཟབ་གཟབ་ཅིག་གནང་རོགས་ཞུ་འདོད་བྱུང༌། དེ་ནི་ང་ཚོའི་ལས་འགན་ཅང་མ་རེད། ཞུ་ཐལ་གྱུར་ཡོད་ན། དགོངས་དག་ཞུ་བ་ཡིན།
མྱི་ལྡང་འདིས་མྱི་སྐད་ཟིག་བཤད་སོང་།
ཁ་བརྡ་འདི་བྲོ་ར་ཞིག་ཏེ། སྐྱ་སེར་རིས་མེད་ཀྱི་གཞོན་པ་མང་པོ་ཕེབས་ནས་རང་རང་ལུགས་ཀྱི་བྲོ་གར་འཁྲབ། ཁ་བརྡ་འདི་ཁྱིམ་ཚང་ཞིག་ཏེ། ཡར་མར་བཅོ་བརྒྱད་ན་ལས་རིགས་སྣ་ཚོགས་བྱེད་པའི་སྤུན་མཆེད་མང་པོ་ལྷན་འཛོམས་བྱུང་ཡོད། ཁ་བརྡ་འདི་འབྲི་དེབ་ཅིག་ཏེ། ང་ཚོས་ནང་སྦྱོང་དང་ཟིན་བྲིས་སྣ་ཚོགས་བཏབ་ནས་ཡར་རྒྱས་ཕྱིན་ཡོད། ཁ་བརྡ་འདི་གློག་བརྙན་ཞིག་ཏེ། མི་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་གིས་བལྟས་དང་བལྟ་བཞིན་ཡོད། ཁ་བརྡ་འདི་མེ་ཏོག་ལྡུམ་ར་ཞིག ཁ་དོག་མི་གཅིག་པའི་སྦྲང་མ་མང་པོས་ལྡུམ་ར་འདིར་གནས་མལ་བཅས་ཡོད། རེད། ང་ཚོ་ནི་ཁ་བརྡ་དྲ་ཤོག་འདིའི་མགྲོན་པོ་དང་བདག་པོ་གཉིས་ཀ་ཡིན་པས། ང་ཚོས་གྲངས་འབོར་དང༌། ནང་དོན་གཉིས་ཀ་རྩ་བ་བརྟན་པོ་ཞིག་ཚུགས་ཟིན། འདི་ཚང་མ་དྲ་ཤོག་གསར་འདོན་བྱེད་པོ་དག་དང༌། དྲ་ཤོག་འདི་བེད་སྤྱོད་གཏོང་མཁན་ཐུན་མོང་གི་གྲུབ་འབྲས་ཡིན་པས། ཚང་མར་ཐུགས་རྗེ་ཆེ། ཞུ་འདོད་གཞན་ཞིག་ནི། ང་ལ་རྩོམ་ཡིག་དང་བསམ་ཚུལ་དག་ལས་བློ་སྐྱེད་ཐོབ་པའི་སྤོབས་པའི་ངང་། རྣམ་པ་ཚོར་བླ་ན་མེད་པའི་གོང་བཀུར་དང༌ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེས་ན། དྲ་གྲོགས་རྣམ་པས་ཕན་ཚུན་ཚིག་མཚོན་དང་སྐྱོན་མཚང་བསྔོག་རེས་ཀྱི་ཕྱོགས་ལ་གཟབ་རོགས་ཞུ་འདོད་བྱུང༌། དེ་ནི་ང་ཚོའི་ལས་འགན་མ་རེད་སྙམ།
དེ་རིང་དོན་མེད་ལ་རྩོམ་རྙིང་ཚོ་བསྔོག་བཞིན་པའི་སྐབས་རྩོམ་ཡིག་ཡ་རབས་དང་ཞི་ཚིག་གི་འཛུམ་མདངས་བཞད་ཀྱི་འདི་མཐོང་ནས་དགའ་བ་དང་བཅས། ཚིག་ཉུང་དུ་བཏང་ནས་བསྐྱར་འགདོ་བྱས་པ་ཡིན། འདི་ལྟར་བྲིས་ཡོད་ན་དེ་ལས་ཀྱང་སྙན་འཇེབས་ལྡན་པར་འགྱུར་བར་མཐོང་། གང་འདྲ་འདུག ཡི་གེ་ཁ་ཤས་གསུབ་པ་ལས་གཞན་བཅོས་པ་མེད། གཞན་རྩོམ་ལ་ཇུས་གཏོགས་བྱས་པར་དགོངས་དྭངས་དང་། མྱི་ལྡིང་ལ་ཐུགས་རྗེ་ཆེ་ཞུ་འདོད།