ཁ་སྔོན་ཕྱི་ཚེས་༡༥ཉིན་། བོད་ནང་གི་དགེ་རྒན་༡༣༦(གནས་ཚུལ་མཁོ་སྤྲོད་པས་གསུངས་ན་དགེ་རྒན་༣༠༠ཙམ་ཟེར།)ལྷག་གིས་རྒྱ་གཞུང་ལ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྙན་ཞུ་ཞིག་ཕུལ་ཡོད། སྙན་ཞུ་དེ་ཐོག་མར་ཁ་བརྡར་འབྱོར། ཁ་བརྡས་སྙན་ཞུ་དེའི་ནང་དོན་མདོར་བསྡུས་ཤིག་དབྱིན་ཡིག་ཏུ་བསྒྱུར་ནས་གསར་འགྱུར་བརྒྱུད་ལམ་ཁག་འགའ་ཤས་ལ་བཏང་།
གསར་འགྱུར་དེའི་མཉམ་དུ། དགེ་རྒན་ཚོའི་སྙན་ཞུའི་འདྲ་པར་དགུ་དེ་ཡང་བཏང་། ང་ཚོས་བཏང་བ་ནང་བཞིན། ནེའུ་ཡོག་དུས་བབ་(The New York Times)སྟེང་དགེ་རྒན་ཚོའི་སྙན་ཞུ་དེའི་སྐོར་སྤེལ་འདུག འབྲེལ་ཐག
ཕ་ཡུལ་དྲ་རྒྱའི་སྒང་ལ་ཡང་སྤེལ་འདུག འབྲེལ་ཐག ད་དུང་། སྙན་ཞུའི་བོད་ཡིག་གི་ཤོག་ལྷེ་གཉིས་པ་དེ་ངོས་གཙང་ཞིག་རག་ཐབས་ཡོད་དམ་ཟེར་མཁན་འགའ་བྱུང་།
ང་ཚོས་བསྐྱར་དུ་དོ་བདག་གནས་ཚུལ་སྤྲོད་མཁན་ལ་འབྲེལ་བ་བྱས། གནས་ཚུལ་སྤྲོད་མཁན་གྱིས་བསྐྱར་དུ་བོད་ལ་འབྲེལ་བ་བྱས། ཁ་སང་སྙན་ཞུའི་ཤོག་ངོས་གཉིས་པ་དེ་ལག་སོན་བྱུང་།
གནས་ཚུལ་འདི་དང་འབྲེལ་ནས། ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས། ང་ཚོར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དེར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
www.khabdha.org
info@khabdha.org
khabdha@gmail.com
འདི་ཡང་བོད་དོན་སྒྲུབ་སྟངས་གལ་ཆེན་ཞིག་རེད། ཞེ་དྲག་ཡག་པོ་བྱུང་འདུག
དགའ་བསུ་ཡོད་དོ།།