༄༅། །ཁ་བརྡ་དྲ་བར་ལེགས་སྐྱེས་སུ་ཕུ ལ་བ་བློ་གྲོས་དཔལ་གྱི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
ཀ་དག་ལྷག་བསམ་དག་པའི་གངས་རིའི་ སྤོར། །
ཁ་བའི་ལ་རྒྱ་འཛིན་པའི་གངས་ཅན་པ། །
ག་སར་གང་དུ་གནས་ཀྱང་བདེ་སྡུག་ གཏམ། །
ང་ཚོའི་བདེན་པའི་ཁ་བརྡ་བཤད་ལ་བྲ ེལ། །
ཅ་ཅོ་དོན་མེད་སྨྲ་བའི་ངག་འཆལ་ དང་། །
ཆ་མེད་མི་ལ་སྒྲོ་བཏགས་བཀུར་འདེ བས་དང་། །
ཇ་འཐུང་ངོ་དགའི་བདག་བསྟོད་གཞན་ སྨོད་རིགས། །
ཉ་ཉོག་འབྲེལ་མེད་ཚིག་ལ་ཡིད་གཏད་ སྤོངས། །
ཏ་ཐྰ་ག་ཏྰའི་བསྟན་པའི་སྙིང་པོ་ དང་། །
ཐ་སྙེད་ཤེས་བྱའི་རྣམ་གྲངས་སྙན་ པའི་ངག །
ད་ལྟའི་དུས་རབས་འཚམས་པའི་དྲང་ བདེན་དཔལ། །
ན་ཚོད་ཁྱད་མེད་ཁ་དོན་མཐུན་པར་རེ མས། །
པ་ལགས་ཆེ་མཐོ་རིགས་རུས་འུར་སྒྲོ ག་དང་། །
ཕ་རོལ་ཁྱད་དུ་གསོད་པའི་དམོ་ངན་ ཚིག །
བ་གླང་བླུན་པའི་རྟུལ་ཞུགས་ལེགས་ སྤངས་ནས། །
མ་ལུས་འགྲོ་ལ་ཕན་པའི་ཁ་བརྡ་གཅེ ས། །
ཙ་ར་མ་ཆོད་རྨོངས་པར་གྲགས་རྒྱུ གས་དང་། །
ཚ་གྲང་དཀའ་སྤྱད་མེད་པའི་ཆོས་གཟུ གས་སོགས། །
ཛ་ཡའི་བསྟན་པར་བཤིག་པའི་ཆོམ་རྐུ ན་རིགས། །
ཝ་ལེར་ཤེས་པའི་ཁ་བརྡ་བྱས་ན་བཟང་ ། །
ཞྭ་གོས་འཚོ་ཕྱིར་རྩོད་པའི་ཆོས་ ལུགས་དང་། །
ཟ་ཆེ་འཐུང་མང་འགྲན་པའི་གསོ་ཕག་ རིགས། །
འ་ཅག་བཟང་ངན་བླང་དོར་མ་ནོར་བར། །
ཡ་རབས་བདེན་པའི་བགྲོ་གླེང་གནང་ ན་ལེགས། །
ར་བ་གངས་དཀར་འཛིན་པའི་གྲོས་འདེ བས་དང་། །
ལ་རྒྱའི་དཔའ་སྙིང་ལྡན་པའི་བསྟན་ སྐྱོང་ཚུལ། །
ཤ་ཁྲག་རུས་རྒྱུད་སྤེལ་བའི་སྤུན་ ཟླ་ཚོར། །
ས་སྟེང་མི་ལུས་སྙིང་པོར་ལོན་པར་ མཛོད། །
ཧ་ཅང་དགའ་སའི་བོད་རིགས་སྤུན་ཟླ་ ལ། །
ཨ་ལགས་བདེན་པའི་སེམས་ཀྱི་འཆར་ཆ་ དང་། །
བཀུར་འོས་ཁ་བརྡ་དྲ་བར་འཚམས་རྟ གས་སུ། །
གང་ཤར་ཡིད་ཀྱི་མེ་ལོང་འདི་སྐད་ ཐལ། །
ཨི་ལྡན་དབྱངས་གསལ་རྒྱལ་བའི་བསྟ ན་པ་དར། །
ཨུ་ཚུགས་རྙིང་ཞེན་དྲེགས་པའི་དྲི ་མ་སངས། །
ཨེ་མ་རིག་འཛིན་བརྒྱུད་པའི་ཕྲིན་ ལས་རྒྱས། །
ཨོ་རྒྱན་པདྨའི་དགོངས་དོན་མངོན་ གྱུར་ཤོག །
ཡུན་རིང་འགྲོགས་པའི་ཁ་བརྡ་དྲ་ བའི་གྲོགས། །
དངོས་ཤུགས་རྒྱུད་ལས་དགའ་བའི་མཐུ ན་པའི་གྲོགས། །
མི་འགྱིང་ལས་ཀྱིས་འབྲལ་བའི་མཛའ་ བའི་གྲོགས། །
གྲོགས་པོ་ཡོངས་ལ་བཀྲ་ཤིས་བདེ་ལེ གས་ཞུ། །
མི་རྟག་ཆོས་འདི་གསང་བ་ཟབ་མོའི་ གདམས། །
ངེས་འབྱུང་བློ་འདི་སྲིད་ལས་གྲོ ལ་བའི་ཆོས། །
བྱང་ཆུབ་སེམས་ཉིད་ཡིད་བཞིན་ནོར་ བུའི་དཔལ། །
སྣང་སྲིད་དགྱེས་པའི་རྡོ་རྗེ་ཨེ་ མ་ཧོ། །
ཞེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ སྨྲིན་ཟླའི་ཟླ་ཚེས་དགེ་བར་ཁ་བརྡ ་བའི་གསར་བཟོ་ལེགས་གྲུབ་བྱུང་ བར་མཐོང་བས་རྟེན་འབྲེལ་འཚམས་རྟ གས་སུ་གང་དྲན་དུ་རིག་འཛིན་དཔལ་ དགྱེས་པ་རྡོ་རྗེ་འམ་ཤྲྰི་སྨྱོན་ ཨེ་མ་ཧོས་ཨེ་ཝཾ་རྡོ་རྗེ་གྲོ་ལོ ད་རི་ཁྲོད་ནས་གུས་པས་ཕུལ་བར་དགེ འོ། །
མཆན་ཞབས་པ་ཚོས་བཟང་ངན་གང་བརྗོད་ ཀྱང་ཨ་ལན་མེད་པར་ཡིན་པས་དེ་ལུ གས་ཐུགས་ལ་འཛིན་པར་མཁྱེན་ནོ། །
རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་ཡི།
བཀའ་རྩོམ་མཐོང་བས་དགའ་རྒྱས།
བཅོས་འགྱར་་འགའ་རེ་ཡོད་པ།
མོས་སམ་མི་མོས་སོ་སོའི་སེམས།།
་
ཉ་རྙོག་འབྲེལ་མེད་ཚིག་ལ་ཡིད་གཏད་སྤོངས། །
ཏ་ཐྰ་ག་ཏའི་བསྟན་པའི་སྙིང་པོ་དང་། །
པ་ལགས་ཆེ་མཐོ་རིགས་རུས་འུར་སྒྲོགས་དང་། །
ཀ་མད་སུམ་བཅུས་སྲོག་རྩ་འཛིན།།
ཁ་བ་ཀླུབས་པའི་རི་བོས་བསྐོར།།
ག་ས་ཡོངས་ལ་དམ་ཆོས་ཁྱབ།།
ང་ཡི་ཕ་ཡུལ་གངས་ལྗོངས་མཛེས།།
ཀ་སོགས་སུམ་བཅུའི་ཚིག་གིས་རྒྱན། མཛའ་བའི་འབེལ་གཏམ་དོན་གྱིས་རྒྱན། ཁ་བ་ཅན་པར་ཁ་བརྡས་རྒྱན་། གང་གྷའི་ཀློང་ལྟར་རྒྱུན་དུ་རྒྱན། ཤར་པ་ནས་གང་ཤར་ཚིགས་སུ་བཅད་པའོ།