གཡང་སྐྱབས་རྒྱལ།
ངས་ད་བར་དུ་ཁ་བརྡའི་ཐོག་སྤེལ་བའི་རྩོམ་ཕལ་མོ་ཆེ་བཀླགས་པ་ཡིན། ང་ཚོས་བོད་ཡིག་གི་ཚེག་གི་ཚབ་ལ་བར་སྟོང་བཞག་ན་འོས་དང་མི་འོས་སྐོར་གྱི་ཁ་བརྡ་བྱས་སོང་ལ། བོད་རྒྱ་ཞི་མོལ་དང་འཇིག་རྟེན་འཚོ་བ་སོགས་བརྗོད་གཞི་སྣ་ཚོགས་ཀྱི་སྐོར་ལ་ཁ་བརྡ་བྱས་སོང་། ཡིན་ན་ཡང་། ང་ལ་དེ་ལས་གཞན་པའི་ཚོར་བ་ཞིག་བྱུང་། དེ་ནི་ང་ཚོས་འབྲི་བཞིན་པའི་བོད་ཡིག་གི་རྗོད་པ་འདིའི་ངོ་བོའི་སྐོར་རེད། ངས་འདི་ཇི་ལྟར་བཤད་དགོས་པ་ཡང་མི་ཤེས། ངས་ཨུ་ཚུགས་བྱེད། ཁ་བརྡའི་ཐོག་བཀོད་པའི་རྩོམ་གྱི་རིགས་གཅིག་ནི་ཁ་གཡང་ལྟ་བུའམ་ཡང་ན་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་ཡིག་ལྟ་བུ་ཞིག་རེད། དཔེར་ན་རྩོམ་ཞིག་ཏུ། “གནད་དོན་འདི་དག་སེལ་བར་ བྱེད་པ་ལ་རྒྱ་གཞུང་གིས་ཏཱ་བླའི་བླ་མར་མཇལ་འཕྲད་ཀྱིས་ཞི་གྲོས་ཀྱི་ལམ་ནས་རྒྱ་ བོད་ཀྱི་གནད་དོན་སེལ་ཐུབ་པ་བྱ་དགོས། དེ་ལྟར་མ་བྱས་ཚེ་དེ་རིང་གི་གནམ་འོག་བོད་པ་ཚོའི་ཡར་ལངས་འདི་ཞི་རྒོལ་ཡིན་ཡང་ འབྱུང་འགྱུར་གྱི་ཡར་ལངས་དེ་ཞི་རྒོལ་ཡིན་མིན་སུས་ཀྱང་ཁ་ཚོན་གཅོད་དཀའ།།” ཞེས་བཀོད་འདུག་པ་ལྟ་བུ་རེད། མིང་ཚིག་ཀྱང་དཔེར་ན། མདུན་ལམ་དང་སྔོན་ཐོན། སློབ་གསོ། ལྟ་བུ་བཀོལ་འདུག ཚིག་གི་ཆ་ནས་ཀྱང་དཔེར་ན། “རིག་གནས་ཤིག་གི་སྲོག་སྙིང་དང་སྤྱི་ཚོགས་ཤིག་གི་རྟེན་གཞི” “བོད་དུ་དར་བའི་སངས་རྒྱས་པའི་ཆོས་རྒྱུད་” ཟེར་བ་ལྟ་བུ། རྗོད་པའི་གོ་རིམ་ཡང་། བོད་སྐད་ཀྱི་འགྲོས་ཏེ། བྱེད་པ་པོ་ཞིག་གིས་བྱ་བའི་ཡུལ་ལ་བྱ་བ་བྱས་པ་ལྟ་བུའི་རིམ་པ་ཞིག་ཡོད་པ་འཆོལ་བ་ལྟ་བུ་ཡང་འདུག
གོང་གསལ་གྱི་དཔེ་མཚོན་འདིའི་རིགས་ནི་དུས་རབས་ཉེར་གཅིག་པའི་བོད་ཡིག་འབྲི་བའི་སྐྱོན་ཆ་ཞིག་མིན་ནམ་སྙམ། ང་ཚོས་ཡིག་ཐོག་ལ་སྐད་ཆ་བཤད་སྐབས། བཤད་རྒྱུའི་དོན་དེ་རང་གི་སེམས་ནང་གསལ་བོར་ཤར་བ་ཞིག་བྱས་ནས། དོན་དེ་ཡིག་ལམ་ནས་གོ་བདེ་བ་དང་སྟབས་བདེ་ཞིག་གི་ནང་ནས་བཤད་ཐུབ་པ་ཞིག་བྱས་ན་ཅི་མ་རུང་སྙམ། དཔེར་ན།
དེ་རིང་ཚེས་པ་གསུམ་རེད། གཟའ་ཟླ་བ་རེད། ང་ཁྲོམ་དུ་སོང་། གྲོགས་པོ་ཉི་མ་ལ་ཐུག བོད་ཀྱི་ད་ལྟའི་གནས་སྟངས་སྐོར་ལ་གླེང་མོལ་བྱས། ཁོང་གིས། བོད་རྒྱ་ཞི་མོལ་འདི་ལ་གྲུབ་འབྲས་ཡོང་གི་མ་རེད། འདི་ནི་ང་ཚོའི་དུས་ཚོད་འཕྲོ་བརླག་ལ་གཏོང་བའི་ལས་ཀ་རེད་ཅེས་ཟེར། ངས། དེ་ཡིན་དོན་མེད། གཅིག་ནས་འདི་རྒྱལ་བའི་དགོངས་བཞེད་རེད། གཉིས་ནས་བོད་མི་མང་གིས་མང་མོས་ཐག་གཅོད་བྱས་པ་དེ་རེད། ཅེས་ལན་བཏབ་པ་ཡིན།
འདི་ལྟར་བྲིས་པ་ཡིན་ན་མི་ཚང་མས་གོ་བདེ་བ་ཞིག་ཡོང་གི་རེད་སྙམ། མཁས་དབང་པད་མ་འབུམ་གྱིས་བརྩམས་པའི་དེབ་དེ་ཚོ་ལ་མི་མང་པོས་དགའ་བོ་བྱེད་པའི་རྒྱུ་མཚན་གཅིག་ནི་ཁོང་གིས་སྤྱད་པའི་སྐད་ཡིག་གི་རྣམ་པ་དེ་ལ་ཐུག་གི་འདུག་བསམས། ལར་ནས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། བོད་མི་རྣམས་ནི་གོ་དཀའ་བ་ཞིག་ལས་སླ་རུ་བཏང་ནས་བཤད་ན་མི་དགའ་མཁན་ཞིག་རེད་གསུངས་པ་མ་ཡིན་ནམ། འདི་ཚོ་ལ་དགོངས་བཞེས་གནང་རོགས་ཞུ་བ་ཡིན།
ཁྱེད་ཀྱི་བསམ་ཚུལ་ལྟར་ན། ངེད་ཚོས་འདི་ལྟར་འབྲི་དགོས་པ་འདུག “ཁྱེད་ཀྱི་བསམ་ཚུལ་བདེན། ངེད་ཚོའི་བོད་ཡིག་འབྲི་སྟངས་དེ་གོ་བདེ་རུ་གཏོང་དགོས། ” ལྟ་བུ། ཡིན་ནའི་གནས་ཚུལ་ཁ་ཤས་ལས་སླ་མོའི་ཐོག་འབྲི་རྒྱུར་དཀའ།
དཔེར་ན། “མིའི་རིགས་ཆགས་ཚུལ་གྱི་ལུང་རིགས་དེ་དག་གིས་ཕྱོགས་གཅིག་ནས་འཇིག་བརྟེན་བཀོད་པ་པོའི་
གནས་སྟངས་ལ་བསམ་བློ་གསར་པ་ཞིག་གཏོང་དགོས་པ་བཟོ་བཞིན་ཡོད་རུང་། ཕྱོགས་གཞན་ཞིག་ནས་
བལྟས་ན་འཇི་བརྟེན་བཀོད་པ་པོའི་རྣམ་རྟོགས་ཁྱེར་དགོས་པའི་རྒྱུ་མཚན་གཙོ་བོ་དེ་བརླག་པར་མ་ཐུབ།
དེ་ཡང་དངོས་པོའི་ཐོག་མའི་ཆགས་སྟངས་དེར་ད་བར་ཚན་རིག་པ་ཚོས་འདོད་བློ་ཁེངས་པ་དང་
ཁུངས་ཁྱོལ་ཐུབ་པའི་རྣམ་གཞག་ཞིག་སྟོན་ཐུབ་མེད་པ་དང་། ཕྱོགས་གཉིས་ནས་མིག་
དབང་ལ་ལྟོས་པའི་དངོས་རིགས་དེ་དག་གཅིག་པུས་དངོས་པོའི་རྩ་བ་དེ་ཐར་ཕྱིན་པར་
རྟོགས་ཐུབ་ཀྱི་མེད་པ་འདི་གསལ་པོ་རེད།”
དགོངས་དག ངས་ཁྱེད་ཀྱི་དཔེར་བརྗོད་གཉིས་པ་འདི་གོ་ཐུབ་མ་སོང་། གསལ་བཤད་ཅིག་གནང་རོགས་གནང་།
སྐུ་ཞབས་གཡང་སྐྱབས་རྒྱལ་ལགས།
ངེད་ཀྱི་དཔེར་བརྗོད་གཉིས་པ་དེའི་དགོས་པ་ནི་ང་ཚོས་སྐད་ཆ་ཚང་མ་གོ་བདེའི་ངང་ཤོད་ཐུབ་ཐབས་མེད་ཟེར་བའི་དཔེ་ལ་ཚིག་གྲུབ་རིང་པོ་ཞིག་བཀོད་ནས་དེ་གོ་བདེར་བཟོ་ཐབས་ཅི་ཡོད་ཟེར་བ་ཡིན།
སྤྱིར་བརྗོད་པའམ་ཚིག་གྲུབ་ཐུང་ཐུང་དང་། བྱེད་པ་པོ། བྱ་བའི་ཡུལ། བྱ་བ་བཅས་གསལ་པོར་འཁོད་པར་བྱེད་པ་ནི་མེད་དུ་མི་རུང་བ་རེད། ཡིན་ནའི་བརྗོད་བྱ་གོ་རྙོག་པོ་དང་ནང་དོན་ཆེས་རྒྱས་པོ་ཡོད་པ་དཔེར་ན་ནང་ཆོས་དང་ཚན་རིག་སོགས་ཀྱི་སྐོར་ལ་གླེང་སྐབས་བྱེད་པ་པོས་བྱ་བ་བྱས་པ་ལྟ་བུ་འབྲི་ཐབས་མིན་འདུག
ཁྱེད་ལ་རྙོག་ཟིང་ཆེ་བའི་བརྗོད་བྱ་དག་གོ་སླར་བརྗོད་པའི་ཐབས་ཤེས་དྲ་ཨེ་ཡོད།
ངས་སྐུ་ཞབས་པད་མ་འབུམ་མཐོང་མྱོང་མེད། ཡིན་ནའང་ཕྲན་ཁོང་ལ་ཆ་རྒྱུས་ཅུང་ཡོད་པ་ཞིག་ཡིན། དེ་ནི་ངས་ཁོང་གིས་བྲིས་བཞག་པའི་རྩོམ་ཡིག་འགའ་བྋཐྲྤཀླགས་པས་ཡིན། ཡིད་ཕངས་པ་ཞིག་ལ། ད་བར་དུ་ཁོང་གིས་བྲིས་པའི་ལྷུག་རྩོམ་མ་གཏོགས་གཞན་སྙན་ངག་སོགས་མ་མཐོང༌། དེང་སང་མི་བུ་ཁ་ཤས་ཀྱིས་ཁོང་ལ་མཁས་དབང་ཞེས་པའི་མིང་གི་ཆོ་ལོ་ཆེན་པོ་འདི་སྤྲོད་ཀྱིན་འདུག ངས་མཁས་དབང་པད་མ་འབུམ་ཞེས་པ་འདི་མཐོང་ཐེངས་རེར་མིང་འདི་སེམས་ངོར་འཕྲོད་མ་བདེ་བ་ཞིག་བྱུང་བའི་རྒྱུ་མཚན་དེ་ནི། སྤྱིར་མཁས་དབང་ཟེར་བ་ནི་མཁས་པའི་དབང་བོའི་བསྡུས་ཚིག་ཅིག་ཡིན་པ་རེད། མཁས་བའམ་མཁས་དབང་ཟེར་བའི་གོ་དོན་ནི་མཁས་འཇུག་སོགས་སུ་གསལ་བོར་བཀྲལ་འདུག་སྟེ། ངས་བསམ་པར་མཁས་དབང་ཟེར་བ་ནི་སེར་མོ་བའི་རིག་གནས་དང༌། སྐྱ་བོའི་རིག་གནས་སོགས་ལ་བྱང་ཆུང་པར་སྦྱངས་ཤིང༌། འཆད་རྩོད་རྩོམ་གསུམ་ལ་ཐོག་མཐའ་བྲལ་བ་ཞིག་ལ་མཁས་དབང་ཟེར་ནའང་མི་ཆོག་པ་མི་འདུག་སེམས། དེའི་རྐྱེན་པས་མི་བུ་ཆུང་ཆུང་འདི་ལྟ་བུ་ཞིག་ལ་མཁས་དབང་ཟེར་ན་མ་བདེ་བ་ལྟ་བུར་འདུག
ཁོང་རྒྱ་གར་དུ་ཡོད་པའི་སྐབས་སུ། ལྗང་གཞོན་ཟེར་བའི་དུས་དེབ་ཅིག་གི་སྟེང་དུ་རྩོམ་ཡིག་འགའ་སྤེལ་འདུག དེ་མིན་དོན་གྲུབ་རྒྱལ་གྱི་མི་ཚེ། ལྷག་པར་དུ་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ཞེས་པའི་དཔྱད་རྩོམ་གཅིག་བྲིས་འདུག ཁོང་ཉིད་བཙན་བྱོལ་དུ་སྙན་གྲགས་ཅུང་རྒྱས་བྱེད་དཔྱད་རྩོམ་འདི་རེད། སྤྱིར་ན་དཔྱད་རྩོམ་འདི་ནང་དུ་ལྟ་བ་གསར་བ་འདྲ་བྲིས་མི་འདུག་མོད། དེབ་འདིའི་ཤོག་ངོས་གཅིག་གི་ངོས་སུ་སངས་རྒྱས་ཆོས་ལུགས་ལ་དགག་པའི་བཟོ་འདྲ་པོ་ཞིག་བྲིས་ཡོད་པ་དེ་ལ། བཙན་བྱོལ་གྱི་ྋཐྲྤཀླད་རྙིང་བ་ཁ་ཤས་ཀྱིས་རྒོལ་གཏམ་བཏང་བ་རྐྱེན་ངན་གྲོགས་སུ་གྱུར་ཏེ་སྙན་གྲགས་ཅུང་རྒྱས་པ་བདེན་པ་རེད། དེ་དང་ཆབས་ཅིག ཉེ་ཆར་ཁོང་གིས་ལྷུག་རྩོམ་གྱི་ལམ་ནས་བྲིས་པའི་དྲན་ཐོ་སྨིན་དྲུག་སྐེ་འཁྱོག་དང༌། དྲན་ཐོ་རྡོ་རིང་མ་གཉིས་བྋཐྲྤཀླགས་པ་ཡིན། དེབ་འདི་གཉིས་ཅུང་ལེགས་པོ་འདུག ལྟ་བ་གསར་བ་འདྲ་ཡོད་པ་མ་རེད་དེ། མི་ཁ་ཤས་ཀྱིས་དེབ་འདི་གཉིས་ྋཐྲྤཀློག་འདོད་ཡོད་པའི་རྒྱུ་མཚན་གཙོ་བོ་དེ་ནི་དབུས་སྐད་དང་ཨ་མདོའི་སྐད་གཉིས་མཉམ་བསྲེས་ཀྱིས་བྲིས་པ་དེ་རེད་སྙམ། དྲང་མོར་བཤད་ན། སྔོན་ཆད་ཀྱི་ཁོང་གི་རྩོམ་ཡིག་ལས་དང་དེ་རིང་ཁ་སང་གི་རྩོམ་ཡིག་ཅུང་ལེགས་པོ་འདུག འདི་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད།
ངས་ཁོང་ཡོན་ཏན་པ་རེད་ཟེར་གྱི་ཡོད་པ་མ་རེད་དེ། ཁོང་ཉིད་རྩོམ་པ་པོ་ཞིག་ཡིན་པ་བདེན་པའང་བདེན་པ་རེད། འོན་ཀྱང༌། ཁོང་གིས་བྲིས་པའི་རྩོམ་ཡིག་ཁག་བྋཐྲྤཀླགས་རྗེས། མཁས་དབང་ཟེར་བའི་མིང་འདི་ཧ་ཅང་བཙན་དྲགས་འདུག་སྙམ། ཁོང་ལྟ་བུ་རྩོམ་པ་པོ་ནི་བཙན་བྱོལ་ཁྲོད་དུ་ཉི་མ་ཤར་ཤར་འདུག་སྟབས། ཨ་མའི་བུ་ཚོས་སྔོན་ལ་བརྟག་དཔྱད་བཟང་པོ་གཏོང་རྒྱུ་ནི་གལ་ཆེན་རེད་སེམས།
འདི་ནི་ང་རང་ཉིད་ཀྱི་བསམ་ཚུལ་ཙམ་ཡིན། ངས་པད་མ་འབུམ་ནག་པོ་གཏོང་འདོད་རྩ་ནས་མེད། ངོས་རང་ཁོང་ཉིད་ལ་འབྲེལ་ཐག་ཀྱང་མེད་པ་ཞིག་ཡིན།
སྒྲོལ་མ་ལགས།
ཁྱེད་ཀྱི་དགོངས་ཚུལ་རྣམས་ཤར་རེ་ལན་གཅིག་བཀླགས་པ་ཡིན། ང་ལའང་ཁྱེད་དང་མཐུན་པའི་བསམ་ཚུལ་ཞིག་སྐྱེས། བར་ལམ་གསར་ཤོག་ཁག་ཏུ་བློ་བཟང་སེང་གེ་ཟེར་བ་དེ་ལ་ཡང་མཁས་དབང་ཞེས་འབྲི་གིན་འདུག དེ་ནས། ད་ལྟའི་སྐབས་འདི་ལ་སུ་ལ་མཁས་དབང་ཐོབ་དང་མི་ཐོབ་དེ་ས་པཎ་གྱིས་ཀྱང་ཐག་མི་ཆོད་ཁོ་ཐག་ཡིན། དཀའ་ངལ་ནི་ཁྱེད་དང་ང་གཉིས་ཀྱི་དཀའ་ངལ་མིན་པ་འདྲ། ༡༩༥༩ གོང་དུ་རིག་གནས་བཅུ་དང་འབྲེལ་ནས་མཁས་དབང་ཞེས་མིང་འབྲི་སྲོལ་འདི་སྤྱད་པ་རེད། དེ་དུས་བོད་ལ་དེང་སང་གི་སློབ་གྲྭའི་ལམ་ལུགས་འདི་མེད་པ་རེད། དེའི་རྗེས་ནས་ང་ཚོ་སྐྱབས་བཅོལ་བ་ཚོས་རང་མོས་ཀྱི་ལམ་ལུགས་དང་བོད་ནང་དུ་གུང་ཁྲན་ལམ་ལུགས་ཤིག་དར་བ་རེད། བཙན་བྱོལ་དུ་བོད་ཀྱི་ཤེས་ཡོན་ཐོག་མཐོ་རིམ་ཞིག་ཡོད་པ་དེ་ནི་ཝ་ར་ཎ་སི་རེད། དེ་ན་བསྟན་བཅོས་པ་དང་སློབ་དཔོན་ཟེར་བ་ལྟ་བུ་ཞིག་འདུག་སྙམ། དེ་ནས་ Phd ཐོན་མཁན་ཚོ་ལ་མིང་གསར་ཞིག་ཡོད་ཀྱང་ད་ལྟ་མི་དྲན། བོད་ནང་དུ་ཞིབ་འཇུག་པ་དང་འབུམ་རམས་པ་ཟེར་བ་ཞིག་འདུག་བསམས། གང་ལྟར་ཡང་ང་ཚོ་ལ་མཁས་པ་དང་མཁས་དབང་ལ་མཚན་ཉིད་དང་ཚད་ཅིག་མ་བྱུང་བ་རེད། ལམ་སྲོལ་རྒྱུན་འབྱམས་ལྟ་བུ་ཞིག་ལ་ད་ལྟའི་བོད་ཀྱི་སློབ་སྦྱོང་ཐད་ནས་སྐྱ་བོ་བ་དཔེར་ན་མཁས་དབང་གདོང་ཐོག་དང་རག་ར་རིན་པོ་ཆེ་ལྟ་བུའི་བླ་མའི་རིགས་ཤིག་དང་། དེ་བཞིན་མཁས་དབང་མཁར་སྨེའུ་བསམ་གཏན་དང་མཁས་དབང་བཀྲ་ཤིས་ཚེ་རིང་ལྟ་བུ་བཞུགས་པ་རེད། འདི་དག་གིས་སྙན་ངག་བྲིས་དང་མ་བྲིས་ཀྱིས་མཁས་པ་ཡིན་པ་ཞིག་ཏུ་འང་འཇོག་མི་རུང་སྙམ། མཁྱེན་རྒྱའི་ཆ་ནས་མཁས་དབང་ཞུས་པ་རེད་ལ། དེ་ལ་ང་ཚོས་སེར་སྣ་བྱེད་དགོས་དོན་མི་འདུག པད་མ་འབུམ་ལགས་ཀྱང་མཁྱེན་རྒྱའི་ཆ་ནས་དང་ཉམས་མྱོང་གི་ཆ་ནས། བརྩམས་དེབ་ཀྱི་ཆ་ནས་དེའི་གྲལ་ལ་ཕྱིན་འདུག་སྟབས་ཕྲན་གྱིས་དེ་ལྟར་བྲིས་པ་ཡིན། ལར་འདི་རིགས་ལ་ལམ་སྲོལ་ཞིག་བྱུང་ན་ཅི་རུང་ཞེས་སྨོན་པ་དེ་ཤོར་བཞིན་ཡིན་ལགས།
སྒྲོལ་མ་སྐྱབས་དང་གཡང་སྐྱབས་རྒྱལ་གཉིས་ཀྱི་ཁ་བརྡ་དེ་གལ་ཆེན་པོར་མཐོང་། ང་ཚོར་མཐོ་རིམ་སློབ་ཐོན་གྱི་རིམ་པ་སོ་སོར་གཏན་འཇགས་དང་གཅིག་གྱུར་གྱི་མིང་ཞིག་ངེས་པར་མཁོ། དེ་མིན་སྙུ་གུ་ཐོགས་ཚད་ལ་མཁས་དབང་མཁས་དབང་ཞེས་བརྗོད་ཡོང་ན་སྤྲེལ་ལད་འཁྲབ་པ་ལྟ་བུ་ཞིག་ཏུ་མཐོང་། སྤྲེལ་ལད་དེ་ད་ལྟ་མི་རེ་ཟུང་གི་སྤྲེལ་ལད་མིན་པར་སྤྱི་ཚོགས་ཤིག་གི་སྤྲེད་ལད་ཀྱི་ངོ་བོར་ཕལ་ཆེར་ཆགས་གྲུབ་འདུག
་་ མཁས་གང་ཤེས་བྱ་དེ་ཁོ་ན།། ཇི་བཞིན་རྟོགས་པ་ཡིན་པར་འདོད།། བྱེ་བྲག་སྦྱངས་པའི་དོན་ཤེས་པ།། དེ་ཡང་དེ་ལ་མཁས་པ་ཟེར།།་་ ཞེས་མཁས་འཇུག་ཏུ་དེ་ལྟ་བུ་ཞིག་གསུངས་ཡོད་པ་དྲན། དེ་ལྟར་ན་བྱེ་བྲག་སྦྱངས་པའི་དོན་ཤེས་པ་ཞིག་ལའང་དེ་དང་དེ་ལ་མཁས་པའི་མིང་འཐོབ་ཀྱི་མཁས་དབང་གི་མིང་ནི་མ་ཡིན་ནོ།
ད་ལྟ་ཁྱེད་ཚོས་མཁས་དབང་ཞེས་འབོད་བཞིན་པ་དེ་དག་ལའང་ང་ཚོར་མིང་འབོད་དུ་འོས་པ་ཡོད་དེ། དཔེར་ན་ལོ་རྒྱུས་སྨྲ་བ། རྩོམ་རིག་དཔྱད་བརྗོད་པ། སྙན་ངག་པ་ཞེས་འདོགས་འོས་པ་མ་ཡིན་ནམ། ཡང་ནང་གསེས་སུ། དཔེར་ན། རྩོམ་རིག་དཔྱད་བརྗོད་པ་མང་པོའི་ནང་ནས་དམིགས་བསལ་གྱིས་འབུར་དུ་ཐོན་པ། སྤྱི་ཚོགས་སུ་ཡོངས་གྲགས་ཀྱིས་ངོས་ལེན་ཡོད་པ་དེ་འདྲ་ལ་རྩོམ་རིགས་དཔྱད་བརྗོད་མཁས་པ་ཞེས་མཁས་པའི་མིང་ཡང་འདོགས་རིགས་སོ་སྙམ། མདོར་བསྡུས་ན། སྣ་གཅིག་མཁས་ན་མཁས་པ་ཡིན།། སྣ་མང་མཁས་ན་མཁས་དབང་ཡིན།།
ངས་འདིར་བྲིས་པའི་སྐད་ཆ་དེའི་རྩ་བ་བོར་ནས་ཡལ་ག་ལ་འཇུས་ཚར་འདུག་ག
ད་ངས་ཡལ་ག་དེ་ཡང་རྩ་བ་ཞིག་བཟོ་བར་འདོད། བོད་ཀྱི་སྤྱི་ཚོགས་འདིས་ཡག་ཚད་དང་བཟང་ཚད་དེ་བླ་མ་དང་སྤྲུལ་སྐུ་ལ་ཕུལ་ཟིན་པ་རེད། འབུལ་བཞིན་པ་རེད། མུ་མཐུད་ནས་འབུལ་རྒྱུ་ཡིན་པ་རེད། རྒྱལ་བ། སངས་རྒྱས། མགོན་པོ། ས་གསུམ་གྱི་བདག་པོ། དེ་སོགས་ཀྱིས་ཀྱང་ག་ལ་ཚད། སྙན་ངག་པ། མཁས་པ། རབ་འབྱམས་པ། འདི་ཚོ་རེད། འདི་ང་ཚོ་ལ་གོམས་ཚར་བ་རེད། དེ་བས་མི་སྐྱ་ཞིག་ལ་མཁས་དབང་ཞེས་བྲིས་ན་རྣ་དང་མིག་ལ་མི་མཛེས་པ་རེད། ང་ཚོས་ཕན་ཚུན་ཁ་བརྡ་བྱེད་སྐབས། ཨོ་ཙི། ཚེ་རིང་ནི་ཤིང་བཟོ་མཁས་པ་ལ་ཨང་། གོ་ཐོས་ལ་དེང་སང་ཁོང་ནང་བཞིན་ཤིང་བཟོ་མཁས་པོ་ཡོད་མ་རེད། སོགས་ཟེར། འོན་ཀྱང་ཤིང་བཟོ་ཚེ་རིང་ལ་མཁས་པ་དང་མཁས་དབང་གི་མིང་འདི་ནམ་ཡང་མི་ཐོབ་པ་རེད། མགར་ར་མཁས་པ་ཞིག་ཡིན་ཚེ་ད་དུང་རིགས་ངན་པ་ལ་བརྩི་བ་རེད་ཟེར། ཡང་སྒྲུང་ཞིག་གོ་མྱོང་། ཨ་མདོའི་ཕོ་གསར་ཞིག་ལྷ་ས་ལ་ཡོང་ནས་ལྷ་སའི་བུ་མོ་ཞིག་ལ་དགའ་རོགས་སྒྲིག་པ་རེད། ཁོང་གཉིས་གཉེན་སྒྲིག་ལ་ཉེ་བའི་མཚམས་དེར་ཁྱིམ་ཚང་དེ་ལ་ལུག་གཅིག་ཐོབ་ནས། ཨོ་ཙི། ད་འདི་སུས་བཤའ་གི་རེད་ཅེས་ཨུ་ཐུག་པའི་སྐབས་ཨ་མདོའི་ཕོ་གསར་གྱིས། དེ་ངས་བཤའ་ཆོག ཅེས་ལུག་བཤས་སྟབས་ཁོ་བཤན་པ་རེད་ཅེས་བཟའ་ཚང་དེ་ནས་འཐོར་པ་རེད་ཟེར། མཛངས་མི་མི་བདུན་ཙམ་ལས་མ་བྱོན་པ་ལའང་རྒྱུ་མཚན་ཞིག་ཡོད་རེད། དགོངས་པ་བཞེས་དང་།
སྐད་ཆ་རིང་ན་འཆལ་འགྲོ སྐུད་པ་རིང་ན་ཆད་འགྲོ་ཞེས་པ་ལྟར་རེད།
མཁས་དབང་གི་ཆོ་ལོ་སུ་ལ་འབུལ་དང་མི་འབུལ་ཞེས་པ་དེ་ཡང་མ་འོངས་པར་མཁས་པའི་ལག་རྗེས་ཆེ་ཆུང་ལ་བལྟས་ནས་ཐག་གཅོད་རྒྱུ་ཞིག་ལས་མི་རེ་གཉིས་ཀྱིས་དེ་ལྟར་བརྗོད་པ་ཙམ་གྱིས་དེ་ལ་འགྱུར་བའི་ངེས་པ་མེད་དོ།
རྡ་རམ་ས་ལར་གནས་སྡོད་ཨ་མྱེ་རྨ་ཆེན་གྱི་འགན་འཛིན་བཀྲ་ཤིས་ཚེ་རིང་ལ་ཡང་མི་ཁ་ཤས་ཀྱིས་མཁས་དབང་བཀྲ་ཤིས་ཚེ་རིང་ཞེས་འབོད་ཁུལ་བྱེད་ཀྱི་འདུག ཁོས་རིག་གནས་གང་གི་ཐད་ལ་མཁས་རྟགས་བཞག་ཡོད་པ་རེད།
མཁས་རྟགས་གང་འདྲ་ཞིག་དགོས། ངས་ཁོང་གིས་རྒྱལ་རབས་སྐོར་ལ་གསུང་བཤད་གནང་བ་འགའ་ལ་ཉན་མྱོང་། ངའི་ཡིད་དབང་འཕྲོག་སོང་། ལོ་ཚིགས་སོགས་ཞིབ་ཆ་ཆེ་ཞིང་། ལོ་རྒྱུས་དེ་རྒྱལ་རབས་ཀྱི་དཔེ་ཆ་དག་ནས་བརྒལ་ཏེ་རྣམ་ཐར་དང་མགུར་མ་སོགས་བསྟན་བཅོས་མང་པོའི་ཁོངས་ནས་ཚུར་བཏོན་ནས་བཤད་ཀྱི་འདུག འདི་མཁས་རྟགས་མ་རེད་དམ།
ངས་ཁོང་མཁས་པ་མ་རེད་ཅེས་ཤོད་ཀྱིན་མེད། ངས་ནི་ཁོས་ཡི་གེ་འབྲི་ཀློག་རང་རྐྱ་འཕེར་བ་ཞིག་ཀྱང་ཤེས་ཀྱི་ཡོད་ས་རེད་དམ་སྙམ་པ་འདྲ་ཞིག་བྱུང་སོང༌། འོན་ཀྱང་ངས་ཁོང་གིས་བྲིས་པའི་ཉག་རོང་ཨ་བརྟན་གྱི་གླེང་བརྗོད་སོགས་བཀླགས་པ་ཙམ་ལས་ཆ་རྒྱུས་ཆེར་མེད།
སྔོན་མ་མཁས་དབང་ཞེས་པ་འདི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཐམས་ཅད་ལ་བྱང་ཆུབ་པའི་བཤེས་གཉེན་ཚོར་འབུལ་བའི་བསྟོད་ཚིག་ཤིག་རེད་འདུག བཀྲ་་་་་ཤིས་ཚེ་རིང་ལགས་བོད་ཀྱི་སྔ་མོའི་ལོ་རྒྱུས་ལ་བྱང་ཆུབ་པ་ཡོད་པ་ལས་དེ་མིན་མཁས་རྟགས་ཤིག་ངས་མཐོང་མ་སོང་། ཤེས་བྱ་གཞན་གྱི་ཐད་ལ་ཅུང་ཞན་པོ་རེད་སྙམ། དཔེར་ན་ཁོང་དེང་གི་བོད་ནང་གི་གནས་སྟངས་དང་། དེང་དུས་རྩོམ་རིག དེ་བཞིན་ནང་ཆོས་དང་སྐར་རྩིས་རིག་པ་སོགས་ལ་དེ་ཙམ་གྱི་མཁྱེན་གྱི་མེད་ཚོད། བྱས་ཙང་ཁོང་ལ་སྔ་མོའི་ལོ་རྒྱུས་མཁས་དབང་ཞེས་འབོད་ན་མ་འགྲིག་པ་མི་འདུག་སྙམ།
མཁས་དབང་ཞེས་སྤྱིའི་མིང་དེ་ཁོང་ལ་འབུལ་ན་ཅུང་ཐད་ཆ་ཆེ་དྲག་པའི་རྣམ་པ་འདུག
ད་དུང་དོ་སྣང་བྱུང་བ་ཞིག་ལ་ཁོང་གི་གཤིས་ཀ་དེ་དང་བསམ་བློ་གཏོང་སྟངས་གུ་དོག་པོ་འདུག
ཟུར་ལྟ་ལགས། སྐད་ཆ་དེ་འདྲ་གསུངས་དང་བྲོ་བ་འདུག ཁྱེད་ཀྱིས་གསུངས་པ་དེར་བདག་ཀྱང་ཧ་ཅང་འཐད། ངེད་ཚོའི་ཁོར་ཡུག་ན་མཁས་པ་ཞེས་པ་དེ་བཞུགས་གདན་མཐོན་པོའི་སྒང་ནས་གསུངས་བཤད་རིང་པོ་གནང་ཐུབ་མཁན་ལ་གོ་བ་ལེན་མཁན་ཧ་ཅང་མང༌། རྡ་རམ་ས་ལ་ནས་ལོ་རྒྱུས་དཔེ་རྙིང་འདྲ་གཡར་དགོས་མཁན་ཚོས་བཀྲ་ཤིས་ཚེ་རིང་ལ་ཕོག་ཐུག་གཏོང་མི་ཕོད་པར་མཁས་དབང་ཇོ་སྲས་སོགས་ཁོང་རང་གིས་གང་འདོད་འདོད་དུ་བཏགས་པའི་མིང་དེ་ཚོ་རང་འཇགས་སུ་འཇོག་བཞིན་ཡོད་ཚོད། ཁོང་ཆོས་ཅན། ཐུགས་གཤིས་གུ་མི་དོག་ཀ་མེད་ཡིན་ཏེ། ཁོང་གི་ཤེས་ཡོན་གུ་དོག་པོ་ཡིན་པའི་ཕྱིར།
དེང་སྐབས་སྤྱོད་བཞིན་པའི་མཁས་དབང་ཞེས་པའི་མིང་དེ་ཡུལ་དུས་དང་དགོས་དབང་གིས་བཏགས་པ་ཞིག་ལས་སྔོན་མ་དང་བསྡུར་རྒྱུ་ཡོད་པ་མ་རེད། མ་ཟད་མཁས་དབང་མ་ཡིན་པ་ལ་མཁས་དབང་ཟེར་གྱི་འདུག་ན་ཁྱེད་རང་ལ་ག་རེ་བྱས་ནས་མི་ཚོས་མཁས་དབང་མ་བཏགས་པ་རེད།
དངུལ་དང་དབང་ཆ། ད་དུང་ལྐུག་པ་དང་སྤྲེལ་ལད་མཁན་ཚོའི་རྨོངས་ཞེན་གྱི་རྒྱབ་སྐྱོར་མེད་པས་སོ། །