དགུ་རོང་ཕོ་གསར།
ཁ་བརྡའི་སྒོ་འདི་ལེགས་ཉེས་འབྱེད་པའི་སྒོ།།
ཁ་བརྡའི་ཁྱིམ་འདི་ཡག་བཙོག་བསྡུར་སའི་གཞི།།
ཁ་བརྡའི་ནང་གི་ཁ་བརྡ་གློད་མཁན་ཚོས།།
ཁ་རྩོད་འཁྲུག་རྩོིད་འཁྲུག་ཆ་དོད་པོ་བསླངས།།
ཁ་མཁས་མཁས་བླུན་མང་པོའི་འདུ་ར་འདི།།
ཁ་ལས་ཅན་ལ་རླུང་རྟ་དར་ས་དང་།།
ཁ་ལས་མེད་དག་དམྱལ་བར་འཕེན་ས་འདྲ།།
ཁ་བརྡའི་ནང་ནས་མཁས་བླུན་ཁ་ཤས་འགྱེལ།།
ཁ་བརྡའི་ནང་ནས་དེབ་ཀྱང་ཁ་ཤས་འགྱེལ།།
ཁ་བརྡའི་ནང་འདིར་ཟོག་རྫུ་མི་འགྲོ་འདྲ།།
ཁ་ནག་འདི་ཚོས་སོར་གང་མི་གློད་འདུག།
ཁ་བ་ཅན་ལ་ཁ་བརྡ་སྔོན་ནས་དར།།
ཁ་བརྡ་ཡི་གེར་འབེབས་པ་གཞིས་ནིང་དར།།
ཁ་བརྡ་ཚང་འདི་ཁྱིམ་གསར་གཞི་གསར་ལ།།
ཁ་བའི་སྐད་ཀྱིས་བཙན་ས་ཟིན་ནས་འདུག།
ཁ་མིན་དོན་གྱི་འབྲས་བུས་དུད་པ་འདི།།
ཁ་བརྡའི་ནང་འདིར་རྩོམ་ཡིག་འབྲི་མཁན་དང་།།
ཁ་བརྡའི་རྩོམ་ལ་ཁ་བརྡ་གློད་མཁན་ཚོས།།
ཁ་ལག་མཉམ་དུ་བརྡར་བའི་བཤུལ་ལམ་སྟེ།།
ཁ་བ་ཅན་གྱི་གཙུག་ལག་རིག་པའི་གནས།།
ཁ་མིན་དོན་གྱིས་སྐྱོབ་པའི་ཚུལ་མཐོང་ནས།།
ཁ་སྟོང་ཚིག་གིས་ཐུགས་རྗེ་ཆེ་ཞུ་ལགས།།
ཁ་བརྡ་ཚང་གི་ཁ་དང་ལག་པ་ཚང་མར་ཐུགས་རྗེ་ཆེ་ཞུ།
བལྟས་བལྟས་རིག་རིག་ལ།
ཁ་བརྡ་འདིས་མཁས་པ་རྒན་གཞོན་མང་པོ་ཞིག་གཞི་གཅིག་ལ་འཛོམས་བཅུག་སོང་།
ཁ་བརྡ་འདིས་ལྟ་བ་དང་བསམ་བློ་མང་པོ་ཞིག་གཞི་གཅིག་ནས་བཞད་བཅུག་སོང་།
ཁ་བརྡ་འདིས་ཀློག་མཁན་གང་མང་ཞིག་གི་མིག་ཟུང་བདག་གིར་བཟུང་སོང་།
ཁ་བརྡ་འདིས་ལག་པ་མང་པོ་ཞིག་གི་སྙུག་ཁ་ཡར་ལ་དྲངས་སོང་།
ཁ་བརྡ་འདིས་་་་་་་ ་་་་་་་
ཉིན་མོའི་འདུག་རོགས་ལྟ་བུའི་ཁ བརྡ།
མཚན་མོའི་ཉལ་རོགས་ལྟ་བུའི་ཁ་བརྡ།
ཁ་བརྡར་བོད་རིགས་འཛོམས་ནས་ནི། །
ཁ་བརྡས་བོད་ཡིག་ཡར་རྒྱས་ཕན། །
ཁ་བརྡས་ཁ་རྩོད་དུས་ལ་བཀག །
ཁ་བརྡའི་ཡོན་ཏན་བརྗོད་ལས་འདས། །
ཁ་བརྡ་བྱེད་པར་ཁ་ལྕེ་བདེ་ན་རབ།།
ཁ་དོག་ཡོད་མེད་ཀུན་ལ་ཁྱད་མི་འདུག།
ཁ་བརྡར་དགྱེས་པའི་བོད་མི་རྒན་གཞོན་ཀུན།།
ཁ་བརྡའི་དྲ་ཚིགས་འདི་ལ་འཛོམས་པར་སྨོན།།
ཁ་བརྡར་དགའ་བའི་རྒད་པོ་ལོ་ལོན་དང་།།
ཁ་མཁས་དེང་རབས་ཕོ་གསར་མོ་གསར་ཚོ།།
ཁ་རོགས་མ་འདུག་ཁ་བརྡའི་ནང་དུ་ཕེབས།།
ཁ་ཞེ་མཐུན་པའི་སྐད་ཅོར་འདི་ནས་རྒྱག །
ཁ་བརྡའི་དྲྭ་བ་གཞན་དང་འདྲ་ལེ་མིན། །ཁ་བརྡའི་འཚོར་བ་ཤིན་ཏུ་རྣོ་བ་སྟེ། །ཁ་བརྡས་གནས་ཚུལ་སྣ་ཚོགས་དུས་ཐོག་སྤེལ། །ཁ་བརྡས་བླང་དོར་འབྱེད་པའི་ཤེས་རབ་སྟེར། །ཁ་བརྡའི་ནང་ལ་ཁ་བརྡར་གློད་འགྱུར་ན། །ཁ་ལ་དཔལ་འབར་བཀྲ་་་་ཤིས་གཡང་ཆགས་འགྲུབ།།
ཁ་བརྡའི་ཁྱིམ་གཞི་གསར་བའི་གུར་ཁང་འདི།།
ཁ་ལྕེ་བདེ་མིན་གཉིས་ཀ་འཛོམས་ས་ཡིན།།
ཁ་བའི་སྐྱིད་སྡུག་གཉིས་ཀ་གླེང་ས་ཡིན།།
ཁ་བ་ཅན་གྱི་ཕ་ཁྱིམ་གསར་བ་ཡིན།།
ཁ་བའི་ཕ་གཞིས་གསར་བའི་ནང་རོལ་ན།།
ཁ་རྒྱུས་དབང་ཐང་ཅན་གྱི་ཕ་མེད་ཀྱང།།
ཁ་ཁོག་ལ་རྒྱ་ཅན་གྱི་བུ་རབས་ཚོས།།
ཁ་རྒྱབ་གསོ་བའི་ནོར་གྱི་དབུལ་ནའང།།
ཁ་སེམས་གཉིས་ཀ་ཁ་བ་ཅན་ལ་ཕྱོགས།།
ཁ་ནས་མ་ཎི་བགྲེངས་བའི་ཕྲེང་བ་ཅན།།
ཁ་བ་གངས་རིའི་ལྗོངས་ཀྱི་བདག་པོ་ཡིན།།
ཁ་བརྡའི་དྲྭ་རྒྱ་ཀུན་འབྱུང་བྷ་ག་ཡིན།
ཁ་བརྡའི་དྲྭ་རྒྱ་ཀུན་ཤོང་ནམ་མཁའ་ཡིན།
ཁ་བརྡའི་དྲྭ་རྒྱ་ཀུན་མཐོང་སྐར་ཁུང་ཡིན།
ཁ་བརྡའི་དྲ་རྒྱ་ཀུན་གཞི་རྣམ་ཤེས་ཡིན།
བྷ་གའི་ཀློང་ནས་སངས་རྒྱས་སེམས་ཅན་འཁྲུངས།
ནམ་མཁའི་ཀློང་དུ་སྤྲིན་དཀར་སྤྲིན་ནག་འཁྲུགས།
སྐར་ཁུང་ཀློང་ནས་སྣ་ཚོགས་འཇིག་རྟེན་མཐོང།
ཀུན་གཞིའི་ཀློང་དུ་བཟང་ངན་བག་ཆགས་གསོག
ལྔ་རིག་གནས་ལ་མཁས་པའི་མངོན་སངས་རྒྱས།
དུག་ལྔའི་རྦ་རླབས་འཁྲུགས་པའི་སེམས་ལྡན་གཉིས།
ལྷན་དུ་ཁ་བརྡ་བྱེད་པའི་མངར་ཇའི་ཁང།
ཁ་བརྡ་འདི་ནང་ལྟད་མོ་བསམ་མིས་ཁྱབ།