དྲ་གྲོགས་ཚོ།
གོ་ལོག་དམ་ཆོས་དཔལ་བཟང་གིས་ཆོལ་གསུམ་ལོ་རྒྱུས་འབྲི་མ་འཚར་བའི་སྔོན་ལ། སྐུ་སྒེར་དྲུང་ཆེ་བྲེ་སྲང་ལགས་ཀྱིས་ལས་གཞི་དེ་མཚམས་འཇོག་གནང་བར། མི་ཚང་མས་འདྲི་བ་མང་པོ་འདྲིས་སོང་། དམ་དཔལ་ལ་སྐྱོན་བརྗོད་མང་པོ་བཏོན་སོང་། མ་འགྲིག་མ་མིན་འདུག དམ་དཔལ་གྱི་མ་འཇོན་པ་ཡིན་སྲིད་ལ། ལེ་ལོའི་དབང་དུ་སོང་ནས་ཐུས་ཤོར་ཕྱིན་སྲིད་སྟབས། དམ་དཔལ་ལ་འདྲི་རྩད་གཏོང་དགོས་ཀྱི་འདུག
ཡིན་ནའི། སྐུ་སྒེར་གྱི་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་དང་། ལོ་རྒྱུས་ཚོགས་ཆུང་གི་སྐུ་དྲག་རྒན་པ་ཁག་གཅིག་གིས། ལོ་ཉི་ཤུ་ལྷག་ཙམ་རིང་། སྐུ་སྒེར་གྱི་ཕོགས་ལེན། རྒྱལ་བའི་འགྲོ་སོང་ནར་གཏོང་བྱས་ནས། རྒྱལ་བ་རིནཔོ་ཆེའི་མཛད་རྣམ་ཞིག་འབྲི་བཞིན་ཡོད་ཟེར་ནས། ད་བར། རྒྱལ་བ་རིན་པོ་ཆེ་གོང་ལོ་བརྒྱད་བཅུ་ཙམ་ལ་ཕེབས་འགྲབས་ཡོད་ནའང་། ཁོང་གི་མཛད་རྗེས་ཤིན་དུ་ཆེན་པོ་ཡིན་ནའང་། ད་དུང་ཉེ་འཁོར་གྱི་ཞབས་ཕྱི་ཚོས་རྒྱལ་བ་རིན་པོ་ཆེའི་ལོ་རྒྱུས་ཤོག་བུ་གཅིག་གཉིས་ཙམ་ཞིག་བཏོན་ཐུབ་མ་སོང་།
ད་དེ་ལ་ཤེས་ཡོན་ཡོད་པ་དང་། རིག་གཞུང་དང་ལོ་རྒྱུས་ལ་དོ་སྣང་ཡོད་མཁན་ཚོས་གང་ཡང་གསུངས་མ་སོང་།
གོང་གི་གོ་ལོག་དམ་དཔལ་དང་རྒྱལ་བའི་མཛད་རྣམ་གཉིས་ཀྱི་གནད་དོན་ཐདད། ངའི་དྲ་གྲོགས་ཚོར་གང་གསུངས་རྒྱུ་ཡོད་དམ། རྒྱལ་བ་རིན་པོ་ཆེ་ངོ་མ་ཐུགས་ཕམ་ཡོང་གི་རེད། རང་གིས་ཉིན་མཚན་མེད་པར་དཀའ་ལས་བརྒྱབ། རྗེས་བྲངས་ཚོས་དེའི་སྐོར་ལ་ཐོ་ཞིག་བརྒྱབ་པར། ནར་འགྱངས་བྱས་ནས་སྡོད་པ་འདི་རྫབ་ཆེན་མ་རེད་པས། ཞེ་བོ་བློ་བཟང་དར་རྒྱས་ཀྱང་རྒྱལ་བའི་ལོ་རྒྱུས་ཚོགས་ཆུང་ནང་ཡོད་རེད། ཉིན་མཚན་མེད་པར། རང་གི་ལོ་རྒྱུས་འབྲི་བར་འབད་བརྩོན་བྱས་ནས་ལོ་རྒྱུས་ཤོག་གྲངས་ལྔ་བརྒྱ་ཙམ་ཞིག་བཏོན་སོང་། ཕོགས་སྤྲད་ནས་རྒྱལ་བའི་ལོ་རྒྱུས་འབྲི་ཅུག་རུང་། ཁོང་གི་ལོ་རྒྱུས་བཏོན་མིན་འདུག དེ་གང་འདྲ་རས། ཁྱེད་རང་གི་རྣམ་ཐར་འབྲི་བར་དུས་ཚོད་རག ཕོགས་བརྒྱབ་ནས་ཆུ་ཚོད་བརྒྱད་རྒྱལ་བའི་རྣམ་ཐར་འབྲི་བར་མངགས་རུང་། དེ་བཏོན་ཡས་མིན་འདུག
ད་བྲེ་སྲང་ལགས་ཀྱིས། མཛད་རྣམ་འབྲི་མཁན་གྱི་མི་དེ་ཚོར་ཕྱག་ཡིག་གང་འདྲ་ཞིག་གནང་རྩི་ས་ཡོད་དམ།
ཁ་བརྡ་ལགས། དྲང་པོ་གསུངས་དང་། ང་ཤོད་ས་མེད་སྟབས། ངས་ཁ་བརྡ་ཁྱེད་ལ་སྡུག་སྐད་ཤོད་ཀྱི་ཡོད།
དྲ་གྲོགས་ཚོ།
ངས་ཁྱོད་ཚོ་ལ་མ་གསང་དྲང་མོར་བཤད་ན། ང་ནི་མགོ་ལོག་དམ་དཔལ་ལ་ཧ་ཅང་མི་དགའ་མཁན་དང་ཞེན་པ་གཏིང་ནས་ལོག་ཡོད་མཁན་ཞིག་ཡིན། དེར་བརྟེན་ཁར་ཉིན་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་བཞག་པ་ཟེར་བ་དེའི་འོག་ཏུ་ཁོའི་རང་བཞིན་བརྗོད་པའི་མཆན་བུ་འགའ་རེ་བྲིས་པ་ཡིན་མོད། ཁ་བརྡའི་སྒྲིག་ལམ་དང་མཐུན་གྱི་མེད་ན་དྲ་དཔོན་ཚོར་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན།
འོན་ཀྱང་གཡོ་རྒྱུ་ཅན་གྱི་མི་འདི་ཚོར་དྲན་གསོ་འདི་འདྲ་རེ་བཏང་ན་མི་འོས་རྒྱུ་མེད་པར་མ་ཟད། གཡོ་རྒྱུའི་ཁུག་མགོ་བཅོ་བརྒྱད་ཀྱི་མཐིལ་གློ་བུར་དུ་བརྡོལ་བ་དང་། མི་ངན་ལ་ཁ་རྡུང་གཏོང་རྒྱུའི་དུས་ཚོད་རེ་ཤར་བ་ཡང་ལས་རྒྱུ་འབྲས་འཁོར་བ་ཡིན་མི་སྲིད་པ་མིན།
འོ་ན་ཁྱོད་དམ་དཔལ་ལ་ཅིའི་ཕྱིར་མི་དགའ་ཟེར་ན། ངེད་གཉིས་སྒེར་གྱི་གནད་དོན་གྱིས་མ་དགའ་བ་གཏན་ནས་མིན། ད་དུང་ཁོ་ལ་ཤེས་ཡོན་མེད་པ་དང་ལོ་རྒྱུས་འབྲི་མི་ཤེས་པ་སོགས་ལ་མ་དགའ་བ་ཡང་མིན། འོ་ན་ཅི་ཞིག་གིས་མ་དགའ་བ་ཡིན་ཟེར་ན། དམ་དཔལ་གྱི་མི་གཞི་དང་། བྱ་སྤྱོད། བསམ་བློ་ཁྱེར་སྟངས་སོགས་སྣང་བ་ལ་མ་སོང་བས་མ་དགའ་བ་ཡིན། ལྷ་ས་དང་ལྷ་སའི་ཉེ་འཁོར་ཙམ་མ་གཏོགས་སྤྱིར་མདོ་སྨད་དང་། བྱེ་བྲག་མགོ་ལོག་ལ་སྐུ་དྲག་ལམ་ལུགས་དར་མ་མྱོང་མོད། ཁོ་ལ་སྐུ་དྲག་ཅིག་གི་བསམ་བློ་དང་སྐུ་དྲག་ཅིག་གི་རྣམ་འགྱུར་རྒྱུན་དུ་ཡོད་པ་དང་། ཁ་ནས་དྲང་མོ་ཡིན་ཚུལ་བརྗོད་ཀྱང་དོན་ལ་གཡོ་རྒྱུ་ཏག་ཏག་ཡིན་པ། མཐོ་ལ་དགའ་ཞིང་དམའ་ལ་སྡང་བའི་མཐར་ཐུག་ཅིག་ཡིན་པ་བཅས་ནི་ང་མི་དགའ་ས་གཙོ་བོ་ཡིན། དཔེར་ན་སྔོན་རྡ་རམ་ས་ལར་འཚོ་བའི་ཕྱོགས་ལ་དཀའ་ངལ་ཧ་ཅང་ཆེ་བའི་མགོ་ལོག་གི་ས་ལེ་རྒྱལ་གསུམ་བཞི་ཞིག་ཡོད་པ་དེ་ལ། “ས་གང་དུ་སོང་ཡང་ཁ་མ་སོས་ནམ་མ་ལངས་མཁན་གྱི་མྱི་དམྱིག་རྫོད་འདི་ཚོ་དམྱིག་གིས་མི་རིག་རྣ་བས་མི་གོ་ས་ཞིག་ལ་བུད་སོང་ན་དགའ་བ་ལའང་། ངོ་མ་ཞབས་འདྲེན་རེད་”ཅེས་ཁོས་ང་ལ་དངོས་སུ་བཤད་མྱོང་། ས་ལེ་རྒྱལ་དེ་ཚོས་ཀྱང་གོ་ཡོད་པས་དེང་སང་ད་དུང་ཁོང་ཚོས་ཟེར་ན། ང་ཚོ་རྡ་རམ་ས་ལར་ཡོད་དུས་སྡུག་ཨ་ཁུ་དམ་ཆོས་ཡན་ཆད་ཀྱིས་ཁྱད་གསོད་བྱེད་མྱོང་ཞེས་རྒྱུན་དུ་ཟེར་གྱི་འདུག་ལ། ཚིག་དེ་ཁོང་ཚོའི་སེམས་ནང་ལ་སྲན་རྡོག་ཅིག་དང་འདྲ་བར་ད་དུང་ཡང་ཉར་འདུག ཤི་རག་བར་ཏུ་ཉར་རྒྱུ་རེད། མ་འོངས་པར་ཁོང་ཚོས་རང་གི་ལོ་རྒྱུས་རེ་བྲིས་ན་དམ་དཔལ་གྱིས་ཁྱད་གསོད་བྱས་ཚུལ་དེ་འབྲི་ངེས་རེད།
ད་དུང་ཡོད། ཁར་ཉིན་དྲ་གྲོགས་ཤིག་གིས་བཤད་འདུག་པ་བཞིན། ཁོས་ཆོལ་གསུམ་ལོ་རྒྱུས་ཟེར་བ་དེ་མགོ་འཛུགས་སྐབས་ཕྱི་ལོགས་ཀྱི་མིའི་ཁ་གཅོད་བྱེད་ཙམ་དུ་སོག་སྒར་སློབ་གྲའི་སློབ་མ་ཚོས་རྩེ་བྱད་བྱས་ནས་ཡིག་རྩིས་བཏང་བ་རེད། སློབ་མ་ཚོས་རྩེ་བྱད་བྱེད་ཀྱི་ཡོད་པ་ག་ལ་ཤེས། ཡིག་རྩིས་འཕྲོད་རྒྱུའི་རེ་བས་རླངས་འཁོར་གྱི་གླ་ཆ་མེད་ན་ཡང་སོག་སྒར་ནས་གོམ་པ་བརྒྱབ་ཏེ་གངས་སྐྱིད་བར་དུ་ཡིག་རྩིས་གཏོང་བར་ཕྱིན། རྗེས་སུ་གོ་དུས་ཡིག་རྩིས་མ་བཏང་སྔོན་ནས་ཁོ་རང་ལ་དགོས་པའི་མི་རྣམས་གསང་གྲོས་བྱས་ཏེ་གཏན་ཁེལ་བྱེད་ཚར་ཡོད་པ་ཧ་གོ་ན་ཡང་། སློབ་མ་རྐྱང་རྐྱང་ཡིན་སྟབས་དམོད་མོ་གཏོང་བ་ཙམ་ལས་གང་ཡང་བྱེད་ག་ལ་ཐུབ། ང་ཚོས་བང་ཆེན་རྩོམ་སྒྲིག་པ་ལ་སློབ་ཕྲུག་ཚོའི་དུས་ཚོད་དང་རེ་བས་རྩེད་མོ་རྩེ་བྱད་བྱས་པ་དེ་མ་རབ་ཐ་ཤལ་གྱི་ལས་ཀ་ཞིག་རེད། བང་ཆེན་ཐོག་ངེས་པར་དུ་འགོད་དགོས་པ་རེད་ཅེས་བཤད་པ་ཡིན་མོད། བང་ཆེན་རྩོམ་སྒྲིག་པས། ཁོང་གིས་ཀྱང་གནས་ཚུལ་དེ་བང་ཆེན་ཐོག་ཏུ་འགོད་བསམ་ནས་ལག་ནང་དུ་ཟ་ཕྲུག་ཁོས་ཀྱི་འདུག་ཀྱང་ད་ནང་ཚགས་འདྲ་བོ་རེད། ད་དུང་མགོ་ལོག་གི་མི་མང་པོ་དང་གྲོགས་པོ་ཡིན་པས་འགོད་ཤེས་ཀྱི་མི་འདུག ད་གཡུག་འཇོག་གི་ཡིན་ཟེར།
ད་དུང་ཡོད། ཁྱེད་ཚོ་ཁོའི་ལས་ཁུངས་ནང་དུ་འགྲོ་མྱོང་ན་ཁོའི་ལས་ཁུངས་ནང་ལ། “དོན་མེད་ཀྱི་མི་རྣམས་འདིར་ཡོང་སྟེ་སྐད་ཆ་བཤད་ནས་མ་འདུག་རོགས། ལས་ཀ་འཐུས་ཤོར་ལ་འགྲོ་གི་རེད་”ཅེས་ཡི་གེ་ཆེན་པོ་ཞིག་བྲིས་ནས་རྩིག་ངོས་སུ་སྦྱར་ཡོད་པ་མཐོང་ཡོད་ངེས། དོན་མེད་ཀྱི་མི་ཟེར་བ་དེ་མི་མདོག་ངན་དང་སྤ་མགོ་ཚོ་ལ་ཟེར་གྱི་ཡོད། མདོག་ཅུང་བཟང་བ་དང་། ལྷག་ཏུ་བུད་མེད་རེ་ཡོང་ན་ད་འགྲོ་དགོས་ཟེར་རུང་ད་དུང་ཅུང་སྡོད་དང་ཟེར་ནས་གཏོང་གི་མ་རེད།
ད་དུང་ཡོད། སྔོན་མ་བླ་བྲང་སྐལ་བཟང་མདོ་སྨད་ཀྱི་ཚོགས་གཙོ་ལ་འཇོག་སྐབས་ཁོས་ས་འོག་དར་ཐག་འཐེན་ནས་ཚོགས་གཙོའི་གོ་གནས་ལས་མར་ཕབ་པས་མི་མང་པོས་ཁོ་དང་་་་་་་་་་་་་་་་གླེང་ཕྱོགས་ཧ་ཅང་ཆེ། ཡང་མདོ་སྨད་ཀྱི་གནད་ཡོད་མི་སྣ་ཚོས་མདོ་སྨད་ཀྱི་སྤྱི་འཐུས་ནང་ན་མགོ་ལོག་གི་མི་ཡོད་ན་བཟང་ཚུལ་གྱི་གྲོས་གཞི་བཏོན་པར། ཁོས་རང་གི་གྲོགས་པོ་ཞིག་ཡར་ཨེ་ཞོག་མི་ཞོག་བལྟས་ཏེ་རྡེ་ར་རྡུན་སོགས་ལ་གསང་ཡིག་བཏང་བས། མཐའ་མ་འོས་འཐོར་ནས་སྤྱི་འཐུས་ནང་དུ་མགོ་ལོག་གི་མི་མེད་པར་གྱུར། ད་དུང་ཁོའི་གྲོགས་པོ་དེ་བོད་དུ་ཡོད་དུས་མི་གསོད་མྱོང་མཁན་ཞིག་ཡིན་པ་ཁོ་རང་གིས་ཤེས་བཞིན་ཏུ་འདི་འདྲ་བྱས་པ་ཡིན་པས་རང་གཞུང་ལ་བརྩི་བཀུར་དང་ཤ་ཞེན་ཅི་ཙམ་ཡོད་པ་འདི་ནས་གསལ་བཤད་བྱེད་ཐུབ་ལ། གཞུང་ལ་བསམ་པ་ཅི་ཙམ་དཀར་བ་ཡང་འདི་ནས་ཤེས་ཐུབ། ཁྱེད་ཚོས་ལྟོས་དང་། མི་གསོད་མྱོང་མཁན་ཞིག་གཞུང་གི་གྲོས་ཚོགས་ནང་དུ་གཡོ་རྒྱུ་བྱས་ནས་འཇོག་ཆོག་གི་ཨེ་རེད། ད་ལྟོས་དང་། དམ་ཆོས་ཟེར་བ་དེ་ཅི་འདྲ་ཞིག་མི་ཤེས་རྒྱུ་འདུག་གམ།
གཞན་ཡང་གསེར་རྟ་མགོ་ལོག་ཡིན་མིན་རྩོད་སྐབས། ཁོས་སྔར་བྲིས་པའི་མགོ་ལོག་ལོ་རྒྱུས་ནང་དུ་གསེར་རྟ་མགོ་ལོག་ཡིན་ཚུལ་བྲིས་མེད་ན་ཡང་། སྐབས་དེར་ལྷོ་ཕྱོགས་ཀྱི་མི་འགའ་ཞིག་ལ་གསེར་རྟ་མགོ་ལོག་ཡིན་ཚུལ་བཤད་དགོས་སྐོར་གྱི་གསང་ཡིག་བཏང་བ་དང་། མཐར་གསང་བ་བརྡོལ་བས་གསེར་རྟའི་ཕྱོགས་ཀྱི་གྲོགས་པོ་རྙིང་པ་གང་མང་ཞིག་དགྲ་རུ་གྱུར།
ད་དུང་ཡོད།
འོ་ད་་་་་་་་་་་་་་་་་་་ང་ལ་མགྲོན་པོ་ཞིག་སླེབས་སོང་། འདི་ནས་འབྲི་མཚམས་འཇོག་གི་ཡིན། གོང་དུ་ཞུས་ཟིན་པ་ལྟར་ཁ་བརྡའི་སྒྲིག་ལམ་དང་མཐུན་གྱི་མེད་ན་དྲ་དཔོན་ཚོར་སྙིང་ཐག་པ་ནས་སླར་ཡང་དགོངས་དག་ཞུ་རྒྱུ་ཡིན། ཁྱེད་རྣམ་པ་སྤོ་ཞིག་མ་ལངས་རོགས། དེ་བཞིན་ངང་རྒྱུད་བཟང་བའི་དྲ་གྲོགས་ཚོ་ལ་ཡང་དགོངས་དག་ཞུ་བ་ཡིན་པས་ཐུགས་སྤོ་བཞེས་མི་ཉན། འོན་ཀྱང་གོ་སྐབས་འདི་འདྲ་རེ་རག་དུས་མི་ངན་གཡོ་རྒྱུ་ཅན་འདི་འདྲའི་རིགས་ལ་མཚངས་བརྟོལ་མི་བྱེད་ན་སུ་ལ་མཚངས་བརྟོལ་བྱེད། ཁ་རྡུང་མི་གཏོང་ན་སུ་ལ་ཁ་རྡུང་གཏོང་། འདི་འདྲ་རེ་བྱེད་རྒྱུ་ནི་བབ་ཅིང་འོས་པ་ཞིག་ཡིན་ལ། ལས་རྒྱུ་འབྲས་ཤིག་ཀྱང་ཡིན་སྲིད། མཛད་རྣམ་སྡེ་ཚན་གྱི་སྐོར་ལ་རྗེས་སུ་གླེང་ཆོག་པ་ཞུ།
ཨ་ལ་ལ། བན་རྒན་དེ་ལ་ལས་རྒྱུ་མང་ཟིག་གོ དེ་འདྲ་ཡིན་ན་ད་ངོ་མ་མི་གཡོ་རྒྱུ་ཅན་ཟེར་རྒྱོ་རེད་ཡ། བོད་གཞུང་གྲོས་ཚོགས་ཀྱི་ནང་ལ་མི་གསོད་ཀྱི་ཤན་པ་ཞིག་བཅུག་ཐབས་བྱས་པ་འདི། ངོ་མ་བྱ་རྩོག་གི་ཡ། ངས་ཀྱང་ཁོའི་རྒྱུ་མཚན་མང་པོ་ཞིག་ཐོས་མྱོང་མོད། ཨེ་བདེན་བསམ་གི་ཡོད། དེ་རིང་འདི་ལྟར་ཁུངས་སྐྱེལ་གསལ་བཤད་བྱས་ཡོང་དུས་བདེན་པ་ལྷང་ལ་བུད་ནི་རེད། འདི་འདྲའི་མི་གཡོ་རྒྱུ་ཅན་ཚོའི་ཉེས་སྐྱོན་ཐེར་འདོན་བྱས་པར་དགའ་བསུ་ཡོད། མུ་མཐུད་དུ་གསུངས་རོགས་དྲ་གྲོགས་རླུང་འཁོར་ནག་པོ་ལགས།
སྐུ་ཞབས་དགེ་འདུན་རབ་གསལ་ལགས།
གོང་གི་རླུང་སྐོར་ནག་པོ་ཞུ་བའི་མཆན་འགོད་པ་མཆོག་གིས་བཀོད་པའི་མཆན་དང་། ངའི་བརྗོད་གཞིའི་ཐོག་ཐད་ཀར་འབྲེལ་བ་མེད་པ་ལྟ་བུ་མཐོང་གི་འདུག ཁོང་གི་མཆན་དེ་བརྗོད་གཞི་”ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་བཞག་པ།”ཞེས་པ་དང་འཚམས་པ་འདུག དེར་བརྟེན་བརྗོད་གཞིའི་དེའི་འོག་ལ་སྤོ་རོགས་གནང་།
ཚངས་དབྱངས་ལགས།
རླུང་འཁོར་ནག་པོའི་མཆན་དེ་ཁྱོད་ཀྱི་བརྗོད་གཞི་དང་དེ་བྱུང་གི་འབྲེལ་བ་ཡོད་པ་རེད། དེར་བརྟེན་མཆན་འདི་གཞན་ལ་སྦོར་དགོས་དོན་མེད་ལ། སྤོས་ན་ཡང་འགྲིག་གི་མི་འདུག བརྗོད་གཞི་དང་འབྲེལ་བ་མེད་པའི་མཆན་ཡོངས་རྫོགས་གཞན་དུ་སྤོ་དགོས་ན། ང་ཚོའི་དྲ་དཔོན་རྣམས་ལ་ལོ་གཅིག་གི་ཕྱག་ལས་འཕར་མ་ཞིག་ཡོད་རྒྱུ་རེད། དེ་འདྲའི་ཐུགས་ཁུར་མ་བྱེད་པར་ལྷོད་ཀྱིས་བཞུགས་རོགས་ཞུ།
ཚངས་དབྱངས་ལགས།
སྐུ་ངོ་ཞེ་བོ་ཡི་རང་རྣམ་དེ་ངས་ཀྱང་བཀླགས། ཧ་ཅང་ཡག་པོ་བྲིས་ཡོད་པའི་ཚོར་སྣང་བྱུང་། རང་རྣམ་དེས་ང་ཚོ་གཞོན་སྐྱེས་རྣམས་ཀྱི་བོད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་ཤེས་ཚད་ཇེ་ཞིབ་དང་ས་ཟབ་ཏུ་གཏོང་བ་ལ་ཕན་ངེས་རེད་སྙམ་བྱུང་། སྐུ་ངོ་ཞེ་བོ་ནི་རྒྱ་ནག་གི་བཙོན་ཁང་གི་མནར་གཅོད་ཀྱིས་གཉའ་མ་ཆག་པའི་དཔའ་བོ་ཞིག་ཡིན་སྐད་ཁོང་གི་བཙོན་གྲོགས་ཤེལ་གླིང་ཚེ་རིང་དབང་རྒྱལ་ལགས་ཀྱི་ངག་ནས་ང་རང་གིས་དངོས་སུ་ཐོས་མྱོང་། ད་རེས་ཁོང་གི་རང་རྣམ་གྱི་ནང་དུ་དེའི་སྐོར་ཡང་དཔའ་ངོམ་མ་ཡིན་པའི་སྒོ་ནས་ཡང་ཡང་ཐོན་འདུག
༧གོང་ས་སྐྱབས་མགོན་ཆེན་པོའི་རྣམ་ཐར་ཐོན་རྒྱུ་མེད་པ་དེ་ཕངས་སེམས་ཆེ། ཡིན་ན་ཡང་དེ་མ་ཐོན་ན་སྐུ་ངོ་ཞེ་བོ་ཡི་རང་རྣམ་་ཐོན་མི་ཆོག་པའི་རྒྱུ་མཚན་ནི་ཅང་ཡོད་དམ། ༧སྐུ་མདུན་གྱི་མཛད་རྣམ་ལྟར་ཅི་ཡང་ཐོན་རྒྱུ་མེད་པ་ཞིག་ལས་རང་རྣམ་འདི་ལྟ་བུ་ཞིག་ཐོན་ན་དེ་ལག་རྗེས་ཤིག་མ་ཡིན་ནམ།
ཚངས་དབྱངས་ལགས། བཀའ་ཟུར་ཞེ་བོ་བློ་དར་གྱི་ལོ་རྒྱུས་ཐོན་པ་འདི་དངོས་གནས་བོད་རིགས་གཞོན་སྐྱེས་ཚོར་དེ་སྔའི་གཞུང་ཞབས་རྙིང་གྲས་དེ་ཚོར་རྒྱ་ནག་གཞུང་གི་སྡང་ཟུག་བྱས་ཏེ་བཙོན་ནང་སྡུག་སྦྱོང་མྱངས་པའི་ཆ་ཤས་ཧ་ཅང་གསལ་པོར་གསལ་བཤད་བྱས་ཡོད་་པ་དང། མཛད་རྣམ་སྡེ་ཚན་ཁོངས་ནོར་གླིང་གི་ཉམས་ཞིབ་པ་ཁག་ཅིག་ཀྱང་ཡོད་པས་སྐུ་དྲག་རྙིང་པ་འབའ་ཞིག་ཨེ་ཡིན། མི་དཀྱུས་མ་ཞིག་གི་རང་རྣམ་འབྲི་བ་དང་༸གོང་ས་མཆོག་གི་མཛད་རྣམ་འབྲི་བ་གཉིས་བསྡུར་ཐབས་ཡོད་མ་རེད། དགུང་གྲངས་བརྒྱད་ཅུར་ཉེ་ཡང་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་ཞལ་བཞེས་ཡོད་ལ། མཛད་འཕྲིན་ད་དུང་སྐྱོང་བཞིན་ཡོད་པས་མཛད་རྣམ་ཁག་ཀྱང་རིམ་པས་འདོན་ཆོག་ཡོད་འདུག་པས་ལམ་སེང་མི་འདུག་ཅེས་དཔེ་དང་དཔེ་མཚོན་འཇོག་རྒྱུ་མཐོ་དྲག་རྒྱུ་མི་འདུག སྐུ་སྒེར་དྲུང་ཆེ་བྲེ་སྲང་ལགས་ནས་མི་གཅིག་གིས་དེ་ལྟར་ཁ་་མཚོན་གཅོད་་ཐུབ་ཀྱི་རེད་དམ། དེར་ཁོང་ལ་ངེས་པར་གདེངས་ཚོད་ཡོད་པའི་ཐག་གཅོད་་ཅིག་རེད། གནས་ཚུལ་དེ་༸གོང་ས་མཆོག་ནས་ཀྱང་མཁྱེན་རྟོགས་ཡོད་པའི་ཐག་གཅོད་ཞིག་ཡིན་སྲིད་ཀྱི་རེད། དེ་ལྟར་མིན་ཚེ་རྒན་དམ་ཆོས་ནས་༸གོང་ས་མཆོག་བཀའ་འདྲི་ཞུས་རྗེས་བཀའ་ག་རེ་གནང་ཡོད་པ་གསུང་རྒྱུ་འདུག་གམ། ཏན་ཏན་དེར་རྒྱུ་མཚན་ངེས་ཡོད་དེ་མཚམས་འཇོག་བྱས་ཡོད་པས། རྒྱ་དམར་གྱི་བཙོན་ནང་སྡུག་སྦྱོང་ཚད་མེད་མྱང་མྱོང་བ་དང་བཙན་བྱོལ་སྤྱི་ཚོགས་ནང་འབྱོར་རྗེས་ཀྱང་གཞུང་གི་ཞབས་འདེགས་དང་ཐེག་པ་རིམ་འཛེགས་ཀྱིས་བཀའ་བློན་གནང་མྱོང་བའི་གཞུང་ཞབས་རྒན་གྲས་ཤིག་ལ་རང་རྣམ་འབྲི་བར་ཡང་སྐྱོན་འཛུགས་བྱེད་པ་ནི་དངོས་གནས་དཔེ་མཚོན་འཇོག་རྒྱུ་རྦད་དེ་བྲལ་བ་དང། ཕྲག་མདོག་དང་འཐེན་འཁྱེར་གྱི་སྐད་ཆ་་འབའ་ཞིག་རེད་འདུག ཡིན་ནའི་ཁ་བརྡའི་བདག་པོ་རབ་གསལ་ནས་ང་ཚོའི་མཆན་བུ་དེ་ག་དུས་ཡིན་ནའང་ལམ་སེང་འཐེན་ཏེ་བཀོད་ཀྱི་མི་འདུག་པ་ནི་བློ་ཕམ་བྱ་དགོས་པ་ཞིག་འདུག ནུབ་ ཕྱོགས་རང་དབང་ཅན་དང་ཡར་ཐོན་གྱི་སྤྱི་ཚོགས་དེ་འདྲ་ཞིག་ཏུ་སླེབས་ནའང་ད་ལྟ་ང་ཚོ་ཕ་ཡུལ་གཅིག་པའི་ཞེན་ཁོག་ཞེས་པ་དེར་ཤི་འཐམས་རོ་འཐམས་བྱེད་པ་ནི་ངོ་ཚ་དགོས་པ་ཞིག་འདུག
གཟར་ཞིང་རིང་བའི་རྐང་ལམ་ཕྲ་མོ་བརྒྱུད། །མཐོ་ཞིང་བརྗིད་པའི་འཛིན་ཕྲག་ཏུ་འཛེགས། །མི་སྲུན་བདུད་སྤྲུལ་ཡིད་འཕྲོག་ལུས་ཕྲ་མས། བྱམས་པའི་ཟོལ་གྱིས་སྔོན་གྱི་མལ་དུ་སྐྱུར།
སྟེས་དབང་ལེགས་པའི་གཞུ་ཡིས་འཕང་པའི་མདའ། །གསེར་འཕྲུའི་རྩེ་རུ་རེ་ཞིག་མཛེས་གྱུར་ཀྱང་།
།ཐབས་ཤེས་དཔུང་པའི་རྩལ་གྱིས་མ་འདངས་པས། །མི་རིང་ས་ལ་ཟག་པའི་ཚུལ་འདི་གཟིགས
དྲ་གྲོགས་རྣམས་ཀྱིས་གླེང་མོལ་གནང་བར་དགའ་བསུ་ཡོད།
སྐུ་སྒེར་དྲུང་ཆེས་ཆོལ་གསུལ་ལོ་རྒྱུས་འབྲི་མཚམས་བཞག་པར་རྒྱུ་མཚན་ཡང་དག་ཡོད་པ་རེད། དང་པོ་དམ་དཔལ་གྱིས་ལོ་བཅུའི་རིང་རྩོམ་སྒྲིག་བྱེད་ཐུབ་པའི་ཁས་ལེན་དང་འགལ་བ་རེད། གཉིས་ནས་མདོ་སྨད་ལོ་རྒྱུས་འབྲི་མ་དགོས་པ་རེད། གསུམ་ནས་དམ་དཔལ་གྱིས་ལོ་རྒྱུས་འབྲི་ཐུབ་མིན་གསལ་བོར་ཤེས་དུས་ད་དུང་སྡིག་པ་མིག་བཙུགས་བྱས་ནས་སྡོད་ཀྱི་མ་རེད། བཞི་བ་མ་འོངས་བར་ཕན་མེད་གནོད་གཞི་ཆེ་བའི་རྒྱུ་མཚན་གཟིགས་ཚེ་ལོ་བཅུའི་རིང་གི་འགྲོ་གྲོན་འཕྲོ་བརླག་ཡིན་ཀྱང་གདོང་ལེན་གནང་གི་རེད། ལྔ་བ་དམ་དཔལ་གྱིས་སྤྱི་ཚོགས་ཐོག་༧གོང་ས་མཆོག་གིས་མར་བཀས་བསྐུལ་གནང་བ་ཡིན་ཚུལ་ཤོད་ཀྱིན་ཡོད་མོད། དོན་ལ་དེ་ལྟར་མིན་པས་དེ་ཡང་སྤྱི་ཚོགས་ཐོག་ཁུངས་སྐྱེལ་གནང་བ་རེད། དྲུག་པ་ཆོལ་གསུལ་ལོ་རྒྱུས་འདི་མ་འོངས་བོད་ཀྱི་རྩ་འཛིན་ལོ་རྒྱུས་ཞིག་ལ་རེ་བ་བྱ་བྱས་ཡོད་པ་རེད། རེ་བ་ལྟར་ཡོང་མིན་དམ་དཔལ་གྱི་འགུ་ལོག་ལོ་རྒྱུས་དང་། ཁོའི་ལོ་རྒྱུས་ཀྱི་ཤེས་ཚད་སོགས་ལས་དཔག་ཐུབ་པ་རེད།
རྒྱུ་མཚན་མང་པོ་དགོས་ནི་མ་རེད། སྔོན་དམ་དཔལ་ཁོ་རང་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་བྱས་པར་ཉོན་དང་། ༧གོང་ས་མཆོག་གིས་མར་བཀའ་གནང་བ་དང་ཁོ་རང་གིས་ཡར་སྙན་ཞུ་ཕུལ་བ་གང་ཡིན་གསལ་བོ་འདུག དེ་མིན་སྐུ་སྒེར་ཡིག་ཚང་ལ་སྒོར་མོ་མེད་གསུངས་པ་དེ་རྒྱུ་མཚན་གཞན་པ་ཞིག་རེད།
ཚངས་དབྱངས་ལགས།
ཁྱེད་ཀྱིས་སེམས་ཤུགས་ལབ་ནའང་འདྲ། ལར་ཞེན་ལབ་ནའང་འདྲ། གང་ལྟར། ཁ་བརྡའི་སྒང་ལ་རྩོམ་ཡིག་རེ་སྤེལ་བཞིན་པ་དེར་དགའ་བསུ་ཡོད།
འོན་ཀྱང་། ཁྱེད་ལ་བསམ་ཚུལ་འགའ་བཤད་འདོད་བྱུང་།
དེ་ནི་ཁྱེད་ཀྱི་བརྗོད་བྱ་སྤེལ་ཕྱོགས་ནས་ཡིན། ད་ཕན་ཁྱེད་ཀྱིས་སྤེལ་བའི་རྩོམ་ཐོར་འགའ་བྐླགས་པའི་བརྒྱུད་རིམ་ཁྲོད།
ཁྱེད་ཀྱིས་སྤེལ་བའི་བརྗོད་བྱ་རྣམས་ནི་མི་སྒེར་གྱི་གནད་དོན་ལ་ཁ་ཕྱོགས་པ།
ཁྱེད་ཀྱིས་སྤེལ་བའི་བརྗོད་བྱ་རྣམས་ལ་ཞིབ་འཇུག་དང་དཔྱད་ཞིབ་ཀྱི་བློ་མིག་དོགས་པ།
ཁྱེད་ཀྱིས་སྤེལ་བའི་བརྗོད་བྱ་རྣམས་ཀྱིས་ཁ་བརྡའི་རེ་སྐུལ་དང་གོ་ལྡོག་པ།
ཁྱེད་ཀྱིས་སྤེལ་བའི་བརྗོད་བྱ་རྣམས་ནི་སྲང་ལམ་གྱི་སྐད་ཆར་གཞི་བཅོལ་ཆེ་བ་སོགས་ཁྱད་ཆོས་སྣ་མང་ཞིག་མཐོང་།
དེ་ཙམ་ཞུ།
ཚངས་དབྱངས་ལགས། ངེད་ཀྱིས་ཁྱོད་སུ་ཡིན་མིན་མི་ཤེས་། འོན་ཀྱང་། བོད་རིགས་ཤིག་ཡིན་པ་དང་བོད་རིགས་རྩོམ་འབྲི་བ་ཞིག་ཡིན་པ་ཤེས།
ངས་ཁྱེད་རང་སྒེར་ལ་སྐྱོན་བརྗོད་བྱས་མེད་པར་མ་ཟད་བྱེད་འདོད་ཀྱང་མེད། ངས་ཁྱེད་ཀྱིས་སྤེལ་བའི་རྩོམ་ཡིག་གི་བརྗོད་བྱ་དང་དེའི་ཁ་ཕྱོགས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད་དེ་ལ་སྡོམ་ཡང་བརྒྱབ་པ་ཡིན། ད་ཕན་ཁྱེད་ཀྱིས་ཁ་བརྡའི་སྒང་ལ་སྤེལ་བའི་རྩོམ་ཡིག་རྣམས་ལ་བརྗོད་པ་གསུམ་གྱིས་སྡོམ་བརྒྱབ་པ་ཡིན་ལ་དེ་ལ་རྒྱག་དགོས་བའི་བསམ་ཚུལ་ཞིག་ཀྱང་ངེད་ཀྱི་སེམས་ལ་འཁོར། དེ་ནས་ཁྱེད་ཀྱིས་སྤེལ་བའི་རྩོམ་ཡིག་རེ་རེའི་བརྗོད་བྱ་ལ་ཞིབ་འཇུག་བྱས་ནས་སྡོམ་ཞིབ་མོ་ཞིག་རྒྱག་གི་ཡིན། དེ་ཙམ་ཞུ།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
ཐུགས་རྗེ་ཆེ། སྐུ་ངོ་ཁྱེད་ཀྱིས་ངའི་རྩོམ་ལ་འདི་ལྟ་བུའི་ཐུགས་འཁུར་གནང་བར་ཐུགས་རྗེ་ཆེ།
༡༽ ངའི་རྩོམ་ཀྱི་ཁ་ཕྱོགས་དེའི་སྐོར་དབྱེ་ཞིབ་ཞིག་གནང་ནས། ཁ་ཕྱོགས་དེ་གང་ཡིན་གསལ་བཤད་ཤིག་གནང་རོགས།
དེའི་རྗེས་ལ། ངས་འདྲི་བ་གཉིས་པ་དེ་འབུལ་རྒྱུ་ཡིན།
ཚངས་དབྱངས་ལགས།
ཁྱེད་ཀྱིས་མཆན་བུ་བཅུ་པ་དེ་གསུབས་ཚར་འདུག
ངེད་ཀྱིས་བཏབས་པའི་མཆན་བུ་བཅུ་པ་དེ་ཁྱེད་ཀྱི་མཆན་བུ་གསུབས་ཚར་བ་དེར་བཏབས་པ་ཡིན།
དེ་དོན་དགོངས་འཇགས་གནང་རོགས།
དེ་ནས། ངེད་ཀྱིས་ཁྱེད་ཀྱི་རྩོམ་ཡིག་གི་ཁ་ཕྱོགས་ལ་སྡོམ་བརྒྱབ་ཚར་ནས་ཡོད། དེ་ནས་རེ་རེ་བཞིན་རྗེས་ནས་ཞུ་གི་ཡིན།
དྲི་བ་གཉིས་པ་འབུལ་མི་འབུལ་ཁྱེད་རང་གི་འདོད་པ་རེད། གང་ལྟར། ཁྱེད་ཀྱི་རྩོམ་ཡིག་གི་ཁ་ཕྱོགས་དེས་ངེད་རང་ལྟ་བུའི་ྐློག་པ་པོ་ཚོར་བསུན་སྣང་ཞིག་འཁྱེར་ཡོང་གི་འདུག
བློ་ཕམ་ཞིག་འཁྱེར་ཡོང་གི་འདུག སེམས་འཚབ་ཞིག་ཀྱང་ཞོར་ལ་དྲུད་ཡོང་གི་འདུག
སྤྱིར་བཏང་བྱས་ན། ཁ་བརྡའི་སྒང་ན་ས་མིག་ཡོད་མཁན་ཚོས།
འགན་ཅུང་ཙམ་རེ་འཁྱེར་ནས། ཁ་བརྡའི་རེ་སྐུལ་དང་མ་ལྡོག་པར།
དཔྱད་ཞིབ་ཀྱི་བློ་མིག་སྔོན་ཏུ་བཏང་ནས། རྩོམ་ཡིག་རེ་སྤེལ་ཐུབ་ན་བཟང་མོད། འོན་ཀྱང་། ཁྱེད་ཀྱིས་ད་ཕན་དེ་ལྟར་བྱས་མི་འདུག་པར་མ་ཟད་སླད་ཕྱིན་ཡང་ཅི་བྱེད་ངེས་མེད་རེད་འདུག
དེར་བརྟེན། ངེད་ཀྱིས་ཀྱང་དབྱར་ཁའི་གུང་གསེང་གི་སྐབས་འདིར། ཁྱེད་ལ་རྗེས་འདེད་ཞིག་མི་གཏོང་རང་གཏོང་ཆགས་སོང་། དགོངས་དག
གྲོགས་ཚངས་དབྱངས་ལ་དྲི་བ་གཅིག་དང་རེ་བ་གཅིག
དྲི་བ།
ཚངས་དབྱངས་ལགས། ཁྱེད་ཀྱིས་ང་ཚོ་ལ་ཡ་རབས་མི་དགོས་ཟེར་བ་དེ་ཅི་ཡིན་ནམ། ཎ་ལན་ཊའི་ཤེས་ཡོན་དེ་ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་ཚོར་མི་དགོས་པའི་དབང་དུ་བཏང་ཡང་མ་མཐའ་ཡ་རབས་ཙམ་ཡང་མི་དགོས་དོན་ཅི་ཡིན་ནམ།
རེ་བ།
ཁྱེད་ཀྱིས་ང་ཚོ་དང་ང་ཚོ་ཟེར་བ་འདི་ཡག་པོ་གཏན་ནས་མི་འདུག ཕྱིན་ཆད་ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལ་ཡི་གེ་རེ་བསྐུར་ན་ང་ཚོ་ཞེས་མི་མང་པོ་ཞིག་ཡོད་མདོག་མ་བྱེད་རོགས་ཞུ། གང་ཡིན་ཟེར་ན་ཁོང་གིས་བོད་ལ་ངོམ་རྒྱུ་ཞིག་ཡོད་པ་དེ་ཎ་ལན་ཊའི་རིག་གཞུང་བོད་ཀྱིས་བདག་པོ་བརྒྱབ་ནས་ད་ལྟ་བོད་ལ་དབང་གི་ཡོད་པ་དེ་ཡིན་གསུངས་ཀྱི་འདུག དེར་བརྟེན་ཁྱོད་ཀྱིས་ཁོང་ཐུགས་ཕམ་དུ་འཇུག་རྒྱུ་ཡིན་རུང་། ཚངས་དབྱངས་དང་ཚངས་དབྱངས་ཀྱི་ཁྱིམ་རྒྱུད་ཚོ་ལ་ཎ་ལན་ཊའི་རིག་གཞུང་དང་ཡ་རབས་མི་དགོས་ཞེས་འབྲི་བ་ལས། ང་ཚོ་བོད་མི་ལ་་་་་་་་་་་་་་་་ཞེས་མི་འབྲི་རོགས་ཞུ། མ་མཐའ་ཡང་ངའི་ཚབ་ཁྱོད་ཀྱིས་བྱེད་པའི་ཐོབ་ཐང་མེད། ཁ་དྲོ་བཀྲ་ཤིས།
ཁྱོད་ཀྱི་མཆན་དེ་གང་ཡིན་མ་དྲན་ན་འོག་གི་འདི་རེད།
ང་ཚོ་མི་ཡིན། ལྷ་མིན། ང་ཚོ་ལ་བདེ་བ་འདོད། སྡུག་བསྔལ་མི་དགོས། ང་ཚོ་ལ་ཡ་རབས་མི་དགོས། ང་ཚོ་ལ་དངུལ་དང་། ལས་ཀ། ཁང་པ། གཟའ་ཟླ། བུ་ཕྲུག་བཅས་དགོས། ང་ཚོ་དབྱིན་སྐད་སྦྱོང་དགོས་ཡོད། འདི་འཛམ་བུ་གླིང་གི་སྤྱི་སྐད་རེད།
ང་ཚོ་ལ་མི་སྤྱི་མཚུངས་ཀྱི་འདོད་པ་དང་རྨི་ལམ། རེ་བ། ཕུགས་བསམ་བཅས་ཡོད། མི་གཞན་ལ་ཡོད་པ་འདི་ང་ཚོར་ཡང་ཡོད་ལ། ང་ཚོ་ལ་ཡོད་པ་འདི་ཡང་མི་ཚང་མ་ལ་ཡོད།
རྒྱལ་བ་རིན་པོ་ཆེ། སྐུ་མཁྱེན། ང་ཚོ་མི་ལ་འཇོག་རོགས། ང་ཚོ་ལ་ལྷའི་ཡོན་ཏན་དང་གོ་གནས་དང་སྐྱེ་བ་སོགས་མི་དགོས། ང་ཚོ་ལ་མི་ཕལ་པ་ཞིག་གི་ཐོབ་ཐང་དང་སྐྱིད་སྡུག་དགོས། ང་ཚོ་ལ་སྟོང་ཉིད་དང་བྱང་ཆུབ་སེམས་པའི་ཡོན་ཏན་མི་དགོས། ང་ཚོ་ལ་ལུང་པ་ཞིག་དང་འཚོ་བརྟེན་ཞིག་དགོས།
ང་ཚོ་ལ་སྔོན་གྱི་ཎ་ལན་ཊའི་ཤེས་ཡོན་དེ་ཚོ་མི་དགོས་ལ་ང་ཚོའི་བུ་ཕྲུག་ཚོ་ལ་ཡང་མི་དགོས། ང་ཚོ་ལ་ད་ལྟའི་ཨ་རི་དང་དབྱིན་ཇིའི་ནང་གི་སློབ་ཆེན་གྱི་ཤེས་ཡོན་དེ་ཚོ་དགོས། ང་ཚོ་གྲུབ་མཐའ་སྦྱངས་མི་འདོད། ང་ཚོ་གློག་ཀླད་དང་རྩིས་རིག་པ་སྦྱངས་འདོད། ང་ཚོ་འཛམ་གླིང་གི་ཞི་བདེ་ལ་དོ་སྣང་མེད། ང་ཚོ་ལ་སོ་སོའི་ལུང་པ་བོད་ཀྱི་ནང་ཞི་བདེ་དང་བདེ་སྐྱིད་དགོས།
རྒྱལ་བ་རིན་པོ་ཆེ། ང་ཚོ་ལ་སྐྱེ་བ་ཕྱི་མའི་བདེ་སྐྱིད་མི་དགོས། རྒྱལ་བ་རིན་པོ་ཆེ། ང་ཚོ་ལ་ཚེ་འདིའི་འགྲོ་བ་མི་གཞན་མཚུངས་ཀྱི་བདེ་སྐྱིད་ཤིག་དགོས།
སྐུ་མཁྱེན།
སྐུ་ཞབས་རིག་འབྱུང་དོན་གྲུབ་བཀྲ་ཤིས་དང་། རླུང་སྐོར་ནག་པོ་ལགས།
ཁྱེད་གཉིས་ཀྱི་མཆན་ལ་ལན་ཞིག་འདེབས་འདོད་ཆེ། ཡིན་ནའི་ངའི་ལན་དེས་ཁྱེད་གཉིས་ལ་སྔར་བས་སེམས་མ་སྐྱིད་པའི་འཚོར་བ་ཞིག་ཡོང་རྒྱུ་ཡིན་པ་ངས་ཤེས། དེ་ལྟར་བྱུང་ན། ཁྱེད་གཉིས་ཀྱང་ནད་མི་འདེགས་པར། ལན་ཞིག་རྒྱོབ་སྲིད། དེར་ངས་ལན་ཞིག་བྲིས་ནས། འབྲས་བུ་མིན་འདུག བྱས་ཙང་དོ་དགོངས་བཏང་སྙོམས་བྱས་ནས་འཇོག་གི་ཡིན། སང་ཉིན་ཉིན་མ་གསར་པ་ཞིག་ཤར་དུས་ཡང་བསྐྱར་ལྟ་གི་ཡིན།
ངས་དེ་ལྟར་བྱེད་པའི་རྒྱུ་མཚན་གཙོ་བོ་འདི། ཁྱེད་གཉིས་ཀྱིས་ངའི་རྩོམ་འདིའི་བརྗོད་བྱར་ལན་མི་རྒྱག་པར། སྔོན་མ་སྤེལ་འཚར་བའི་རྩོམ་དང་དེའི་ནང་དོན་ལ་ཁ་ཕྱོར་གྱི་ཡོད་པས་ཡིན།
སྙིང་ཁྲག་དྲོན་མོའི་མཆོད་པ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ས་ཏྭ་ཡེ། །
བློ་ཕུགས་ཆོས་ལ་བསམ་པའི་གངས་ཅན་གྱི་སྐྱེ་འགྲོར། །
དམ་ཆོས་ལེགས་ལམ་མཇལ་བའི་ལྷག་བསམ་ནི་རྣམ་དག །
ཆོས་ལམ་བར་ཆད་བསལ་བའི་ཤེས་རབ་ཀྱི་རལ་གྲིས། །
མ་རིག་འཁྲུལ་རྟོག་སྒྲིབ་གཉིས་རྩ་བ་ནས་གཅོད་དོ། །
ཆོས་རྒྱལ་དམ་པས་རང་ཆོས་གཙང་བདེ་ཡི་ངོ་བོ། །
རང་ལུགས་ཆོས་སྲིད་ཟུང་འབྲེལ་ཐབས་ཤེས་ཀྱི་རང་བཞིན། །
ཐུགས་རྗེ་ཀུན་ཁྱབ་དཔལ་མགོན་བླ་དཔོན་གྱི་རྣམ་ཐར། །
མི་ཕྱེད་དད་འདུན་ཕྱག་རྒྱས་སྙིང་དབུས་ནས་འདུད་དོ། །
ཕྱི་སྣོད་འཇིག་རྟེན་དྭངས་གཙང་གངས་ལྗོངས་ཀྱི་ཞིང་ཁམས། །
ནང་བཅུད་བསྟན་འཛིན་བཅུ་ཕྲག་རིག་གནས་ཀྱི་རྒྱ་མཚོ། །
གསང་བ་དེ་ཉིད་རྟོགས་པའི་ཡིད་བཞིན་གྱི་ནོར་བུ། །
འཛམ་གླིང་གཞན་ན་མེད་པའི་མཁས་གྲུབ་དེ་ཤེས་སམ། །
ཁ་ནས་ཁ་བའི་ལས་དབང་འུར་འུར་དང་ལྷང་ལྷང་། །
ལག་ལས་ཏང་ཡན་འདུག་ཆོས་ཏག་ཏག་དང་ཁྲིག་ཁྲིག །
ཁ་ལག་མི་མཐུན་ལྟ་སྤྱོད་ཁ་ཁ་དང་སོ་སོར། །
རང་ཆོས་རང་གིས་བརླག་པའི་ངང་ཚུལ་དེ་མཐོང་ངམ། །
རང་ཆོས་བླ་གྲྭ་ཚད་ལྡན་ཚུལ་ལྡན་ནི་མི་ཤེས། །
ཨ་ཕ་ཨ་མ་ཚང་མ་སྤྲུལ་སྐུ་དང་ལོངས་སྐུ །
རང་མགོ་རང་གི་བསྐོར་བའི་ཆོས་ཚོང་གི་དེད་དཔོན། །
ལྟ་གྲུབ་མི་ཤེས་ཆགས་སྡང་ངན་སྨོད་གྱི་ལས་ཁང་། །
འདི་འདྲ་ཆོས་བརྒྱད་སྐབས་མགོན་དམ་ཆོས་དང་མི་མཐུན། །
ཁོག་ནས་ཅི་དྲན་མའུ་ཏང་ཡན་གྱི་ལྟ་བ། །
ཁ་ནས་བཤད་པ་སྐུ་གསུང་ཐུགས་རྟེན་གྱི་གཙུག་ལག །
རང་ཡུལ་མི་སེམས་རང་ཁྱིམ་སྒེར་དོན་གྱི་དཀོར་སྡུད། །
རྒྱ་བལ་ཀུན་ཏུ་རྒྱུ་བའི་རྐུན་ཇག་གི་དཔུང་གཉེར། །
རང་ཆོས་རང་གིས་བརླག་པའི་ཆོས་དྲུག་གི་ཚོང་དཔོན། །
སྙིང་ཁམས་གཏིང་ནས་འཁྲུལ་པའི་སྤྱོད་ངན་དེ་མ་མཛད། །
ཀུན་བདེ་ཞི་བདེར་འདོད་པའི་རེ་བསྐུལ་ཅིག་བྱས་ཀྱང་། །
མི་བདེ་གཞི་མ་སྤེལ་བའི་ན་གཞོན་གྱི་ཚོགས་པས། །
བྱང་སེམས་བདག་ཉིད་ཆེན་པོའི་མཚན་མཆོག་གི་རྣམ་ཐར། །
མ་ཉེས་ཁ་གཡོག་སྟོང་གི་མུན་ཁང་དུ་ཁྲིད་སོང་། །
རྨད་བྱུང་པུར་རྒྱལ་བོད་པའི་ལྷག་ལྷ་དང་བླ་མ། །
སྣང་སྲིད་སྐྱེ་འགྲོའི་དེད་དཔོན་སྙིང་རྗེ་ཡི་རང་གཟུགས། །
ངོ་ལྐོག་མེད་པའི་དད་འདུན་རྣམ་དག་ཅིག་ཡོད་ན། །
རང་སྲོག་འབེན་དུ་འཇོག་པའི་སྙིང་སྟོབས་ཅིག་ཡོད་ངེས། །
མེས་དབོན་གོང་མས་རང་མགོ་མི་ལག་ལ་མ་བཞག །
རིགས་ཞེན་སྙིང་ལ་བཅངས་ན་གཅེས་སྲོག་དང་རྒྱུ་ནོར། །
བོད་རིགས་མིང་སྲིང་ཕྱོགས་ལ་ཕོངས་མེད་དུ་བཏང་དང་། །
སྤྲུལ་སྐུ་ལོངས་སྐུ་བཏགས་ཀྱང་དེ་ག་རང་ལགས་སོ། །
སྙིང་ཁོངས་རུས་པའི་སྟེང་ནས་རྗེས་དྲན་ཅིག་མེད་ན། །
ཁ་བཤད་སྟོང་པས་མི་ཚེ་དོན་མེད་དུ་བཏང་ན། །
གཏོར་བཤིག་ལོག་ལམ་འཚོ་བའི་དགྱ་དམར་གྱི་རྒྱུགས་ཁྱི། །
རྐང་གཉིས་མི་རུ་སྐྱེས་ཀྱང་དགོས་པ་ཞིག་ཡོད་དམ། །
ཡབ་མེས་ཁྱི་ཡིན་ཟེར་བའི་འདུ་ཤེས་དེ་བཟུང་ནས། །
མའུའོ་མི་རུ་སྒྲུབ་པའི་ལུག་ལམ་ལ་འབད་ན། །
ཞེ་འཁོན་མི་ལོ་ལྔ་བཅུའི་ན་ཟུག་གི་མནར་བའི། །
རེ་སྒུག་བོད་ཁམས་སྙིང་ནད་དྲག་ཐབས་ཤིག་འདུག་གམ། །
ནོག་ཆུང་རྒྱུ་ཡིས་ཕ་ཆོས་ཕ་ས་ཞིག་མི་ཁུག །
ན་ཆུང་རྐུབ་ཀྱིས་མ་རྒན་དྲིན་ལན་ཅིག་མི་སོད། །
གལ་ཆུང་འཁོན་འཐབ་མི་ཚེ་དོན་མེད་ཅིག་མིན་པར། །
སྙིང་པོ་ཆོས་སྲིད་ཕྱོགས་ལ་མཉམ་བརྩོན་ཞིག་རེམ་རེམས། །
བླ་མའི་མཛད་ཕྲིན་ཆོས་འཁོར་རྟག་བརྟན་དུ་སྣང་ཞིང་། །
གྲྭ་སའི་བཤད་སྒྲུབ་ཡར་ངོའི་ཟླ་བ་བཞིན་འཕེལ་རྒྱས། །
བློན་འབངས་མངའ་ཐང་ཆབ་སྲིད་རང་ལག་ཏུ་སོན་ན།
རང་མགོ་རང་གིས་ཐོན་པའི་དུས་སྐབས་ཞིག་ལོས་ཡིན། །
དམར་ཆུང་སེམས་ཀྱི་སྙིང་ཁྲག་དྲོན་མོ་ཡི་མཆོད་པ། །
ཆོལ༵་གསུམ༵་ཁ༵་བ༵འི་ལ༵་རྒྱའི་དྭངས་མ་ཡི་བདུད་རྩི། །
མེས་པོའི་དྲིན་ལན་བསྟན་སྲིད་སྙིང༵་གཏམ༵་ལ་བསམ་ནས། །
ཤ་ཁྲག་རུས་གསུམ་གཅིག༵་པའི་སྤུན་ཟླ་ཚོར་ཕུལ༵་ཡོད༵། །
བོད་ཡུལ་རང་ལ་དབང་བའི་གནའ་བོ་ཡི་ལོ་རྒྱུས། །
སྨྲ་ལྕེ་རང་ལག་ཡོད་ཚེ་ཅི་ནུས་ཞིག་བརྗོད་ངེས། །
བཀའ་བསྟན་མན་ངག་རྒྱ་མཚོ་གློ་གཡས་སུ་བཞག་ནས། །
རང་སྣང་མཆི་མ་རློན་པས་ཀོ་གྱོང་དེ་ཐུལ་ལམ། །
རིགས་རུས་གཅིག་ལས་སྐྱེས་པའི་གདོང་དམར་ཞིག་ཡིན་ཚོད། །
འཛམ་གླིང་རྩེད་ཐང་ཆེན་མོར་མཉམ་འཛོམ་དུ་ཕེབས་ནས། །
གཉིས་མེད་རྒྱུད་རྒྱལ་དུས་འཁོར་གསང་གསུམ་ལ་སྤྱོད་ནས། །
བདེ་དགའ་རྒྱ་མཚོ་ལྟ་བུའི་ལོངས་སྤྱོད་ཅིག་རོལ་འདོད། །
འདོད་ཆུ་ས་ལ་ཟགས་ནས་རྒྱལ་ཁམས་ཀུན་བརླན་འགྲོ། །
རང་སེམས་རང་གིས་ངལ་གསོའི་ཚིག་བཅད་ཀྱི་དུམ་བུ། །
རང་བློ་གང་ཤར་གབ་སྦས་གསང་གསུམ་ཞིག་མེད་པར། །
ལང་ཤོར་མཁན་པོ་དཔལ་དགྱེས་རྡོ་རྗེ་ཡིས་ཕུལ་ལོ། །
༢༠༠༩ ༦ ༡༦ལ་ཐོལ་བྱུང་དུ་བྲིས་པའོ།། །།
དཔོན་པོའི་ཞལ་དང་གཡོག་པོའི་ཁ་ཟེར་བ་བཞིན། དཔོན་པོ་ཡིན་ན། བྱ་བ་ལས་ཀྱང་རུང་། མ་ལས་ཀྱང་རུང་། ཕོགས་ཤིག་དང་གཟིགས་ཟོས་ཤིག་ཐོབ་ཀྱི་རེད། མ་རེད་པས།་
གོང་དུ་དྲ་གྲོགས་ཚངས་དབྱངས་ལགས་ཀྱིས་གསུངས་པ་ལྟར། ངེད་ཚོས་འགོ་དམ་ལ་ཆོལ་གསུམ་ལོ་རྒྱུས་སྐོར་འདྲི་རྩད་གཏོང་དགོས་ཀྱི་འདུག
༡༽ འགོ་དམ་ལགས། བོད་མིའི་སྤྱི་ཚོགས་ཁྲོད་ཁྱོད་ལ་ཆོལ་གསུམ་ལོ་རྒྱུས་འབྲི་བའི་ཤེས་ཡོན་ལྟ་ཅི། ཐ་ན་ཚིགས་བཅད་ཡག་པོ་གཅིག་ཀྱང་འབྲི་ཐུབ་པའི་བློ་སྤོབས་མེད་ཀྱང་། ༧གོང་ས་མཆོག་ལ་ཡར་རེ་བསྐུལ་དང་མི་ཤེས་ཤེས་མདོག་བྱས་ནས་ཆོལ་གསུམ་ལོ་རྒྱུས་འབྲི་རྒྱུའི་ཁས་ལེན་བྱས་པ་རེད་ཟེར་གྱིན་འདུག་པས་བདེན་ནམ།
༢༽ ད་དུང་ཁྱེད་ཀྱིས་བརྩམས་པའི་འགུ་ལོག་ལོ་རྒྱུས་ཀྱི་བརྒྱ་ཆའི་དགུ་བཅུ་ནོར་འདུག་ཟེར་བ་བདེན་ནམ།
༣༽ སྐུ་སྒེར་ཡིག་ཚང་དང་ཁྱེད་གཉིས་ཀྱི་བར་ལ་ཆོལ་གསུམ་ལོ་རྒྱུས་འབྲི་བའི་དུས་ཡུན་ལ་ལོ་བཅུའི་གན་རྒྱ་བཞག་ཡོད་ཟེར་བ་བདེན་ནམ།
༤༽ དེ་བདེན་ན་ཁྱེད་ཀྱིས་༧གོང་ས་མཆོག་ལ་མ་ཞུས་པར་སྐུ་སྒེར་དྲུང་ཆེའི་གསུང་ལ་ཡིད་ཆེས་མེད་མདོག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་གསར་འགོད་པར་བཤད་དོན་ཅི་ཡིན་ནམ།
༥༽ ཆོལ་གསུམ་ལོ་རྒྱུས་ཀྱི་ས་བོན་འཚོལ་བསྡུད་ཆེད་རྒྱ་གར་ལྷོ་ཕྱོགས་སུ་གནས་སྐོར་དང་། རྒྱ་ནག་ཐེའུ་ཝན་ལ་ལྟ་སྐོར་དུ་ཕྱིན་པ་རེད་ཟེར་བ་བདེན་ནམ།
༦༽ ཁ་ཅིག་གིས། དམ་དཔལ་གྱིས་ཆོལ་གསུམ་ལོ་རྒྱུས་ལོ་བཅུའི་ནང་ཚར་རྒྱུ་ཁས་ལེན་བྱས་ཡོད་པས་ཕྱོགས་ཙམ་ཚར་མེད་པ་མ་ཟད། ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་ཤིན་ཏུ་རྒྱས་པ་བརྩམས་གྲུབ་ཅིང་། ཁམས་ཀྱི་ལོ་རྒྱུས་བེ་རི་འཇིགས་མེད་སོགས་ཀྱིས་འབྲི་བཞིན་ཡོད་པས། སྐུ་སྒེར་ནས་འབྲི་མཚམས་འཇོག་པའི་བཀའ་རྒྱ་ཕེབས་པ་རེད་ཟེར་བ་བདེན་ནམ།
༧༽ ཡང་ཁ་ཅིག་གིས། ཁ་བརྡ་དྲ་དེབ་དང་། བོད་ཀྱི་དུས་བབ་སོགས་ཀྱི་ཐོག་ཁྱོད་དང་ཁྱོད་ཀྱིས་འབྲི་བཞིན་པའི་ཆོལ་གསུམ་ལོ་རྒྱུས་སྐོར་མང་དུ་ཐོན་པས། སྐུ་སྒེར་ནས་འབྲི་མཚམས་བཞག་པ་རེད་ཟེར་བ་བདེན་ནམ། དེའི་ཐད་བསམ་ཚུལ་ཇི་འདྲ་ཡོད་དམ།
༨༽ དེ་སྔོན་ཁྱེད་ཀྱིས་༧གོང་ས་མཆོག་ལ་དངོས་སུ་མ་ཞུས་པར་བསྡུ་བསྒྲིགས་བྱས་ཡོད་པའི་ཆོལ་གསུམ་ལོ་རྒྱུས་ཀྱི་ས་བོན་ནམ་དཀར་ཆག་དེབ་གཉིས་ཙམ་ཡོད་པ་དེ། སྐུ་སྐེར་ལ་ཕུལ་གྱི་མིན་ཞེས་བཤད་ཡོད་པས། ༧གོང་ས་མཆོག་ལ་དངོས་སུ་ཞུ་ཚར་རམ་ཡང་ན་གཞི་ནས་ཞུ་རྒྱུ་ཡིན་ནམ། ༧གོང་ས་མཆོག་ལ་དངོས་སུ་ཞུས་ན། སླར་ཡང་ཆོལ་གསུམ་ལོ་རྒྱུས་མུ་མཐུད་དུ་འབྲི་ཆོག་པའི་བཀའ་སློབ་ཕེབས་རྒྱུའི་རེ་བ་བཟུང་ཡོད་དམ།
༩༽ ཁྱེད་ཀྱིས་ཁ་བརྡ་དྲ་དེབ་སོགས་ཀྱི་ཐོག་གི་ཁྱེད་དང་ཆོལ་གསུམ་ལོ་རྒྱུས་བཅས་ཀྱི་སྐོར་མཐོང་དུས་ཚོར་སྣང་ཇི་འདྲ་བྱུང་གི་འདུག་གམ།
༡༠༽ ཁྱེད་ཀྱིས་བཤད་པ་ལྟར་ན། ལོ་ངོ་བཅུའི་རིང་བོད་ཀྱི་བཙན་པོའི་བྱུང་རབས་ནས་ས་སྐྱའི་བར་དེབ་གཅིག་གི་ཚད་ཙམ་དང་། དེ་ནས་ས་བོན་ནམ་དཀར་ཆག་ལ་དེབ་གཅིག་གི་ཚད་ཙམ་ལས་གྲུབ་མེད་པས། ཆོལ་གསུམ་ལོ་རྒྱུས་ཁྱོན་ཡོངས་ལ་དེབ་ག་ཚོད་ཀྱི་འཆར་གཞི་བཟུང་ཡོད་དམ།
༡༡༽ དེ་སྔོན་ཁྱོད་ཀྱིས་ལས་མཚམས་མ་བཞག་གོང་། ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོ་དངོས་སུ་ཐོན་དུས་ཚོར་སྣང་ག་འདྲ་བྱུང་སོང་ངམ།
༡༢༽ དྲ་དེབ་མང་པོ་ཞིག་གི་ཐོག་ཁྱོད་ལ་མི་དགའ་བའི་མི་གང་མང་ཞིག་གིས། ཁྱོད་སྒེར་ལ་སྐྱོན་བརྗོད་གང་མང་བྱས་པ་དེས། སྐུ་སྒེར་ཡིག་ཚང་ལ་ཤུགས་རྐྱེན་ཐེབས་པ་རེད་བསམ་གྱི་ཡོད་དམ།
༡༣༽ སྐུ་སྒེར་ཡིག་ཚང་ནས་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་ཀྱང་། ཁྱེད་རང་སྒེར་གྱིས་ཆོལ་གསུལ་ལོ་རྒྱུས་མུ་མཐུད་དུ་འབྲི་རྒྱུའི་འདུན་པ་ཡོད་དམ།
གནས་སྐབས་དེ་ཙམ་ཡིན། སྐུ་ཉིད་ཀྱིས་དྲི་བ་དེ་དག་ལ་ལན་གསལ་ཡོང་པའི་རེ་བ་ཡོད།
དྲི་བ་རྣོན་པོ་རེད་ཡ། ལན་རྒྱག་ཅིག་ཅིག་དཀའ་རྒྱུ་རེད་ཀོ ཨ་ཧ་བོ། མགོ་དམ་རྒད་པོ་ཤུ་རེ་ཁོ