- ཁ་བརྡ་སླེབས་ནས་ལོ་གཅིག་ལྷག་ཙམ་སོང་། དུས་ཡུན་འདིར་རྩོམ་ཡིག་ ༩༠༠ ཙམ་དང་། མཆན་ ༩༠༠༠ ཙམ་སྤེལ་ཡོད། ད་ལྟའི་ཆར་ཟླ་རེར་ཕེབས་མཁན་(Vistors)སྟོང་ཕྲག་བཅུ་གཅིག་སྐོར་དང་། ཤོག་ངོས་ཀློག་མཁན་(Pageviews) སྟོང་ཕྲག་སུམ་བཅུ་སོ་བཞི་ཙམ་རེ་ཡོང་གི་ཡོད། ཀློག་མཁན་གྱི་གྲངས་འབོར་འདི་དག་ཨ་མི་རི་ཀ་དང་། རྒྱ་གར། ཡུ་རོབ། རྒྱ་ནག་སོགས་འཛམ་གླིང་གི་རྒྱལ་ཁབ་གང་ས་ནས་ཡོང་གི་ཡོད། བརྗོད་གཞིའི་ཆ་ནས་ལོ་རྒྱུས་དང་ཆབ་སྲིད། སྐད་ཡིག གོམས་སྲོལ། རྩོམ་རིག གསོ་རིག གཞས་དང་ཞབས་བྲོ། ཟློས་གར་དང་གཏམ་བརྗོད། སྙན་ངག་སོགས་ཧ་ཅང་རྒྱ་ཆེ་བ་ཞིག་བརྗོད་ཀློག་ཐུབ་པར་གྱུར་ཡོད། འདི་དག་ནི་བཟང་ཕྱོགས་རེད།
- འོན་ཀྱང་སྐྱོན་མེད་པ་ཞིག་ཀྱང་མིན། ཁ་བརྡས་སྨྲ་བརྗོད་རང་དབང་དང་གང་ཟག་སྒེར་ལ་དམོད་མོ་བྱེད་པ་གཉིས་ཀྱི་བར་ན་ གནས་པའི་རྣོ་སྐུད་ཀྱི་སྐུད་ལམ་ཕྲ་མོ་དེའི་སྟེང་གོམ་པའི་འདེགས་འཇོག་འཁྱོར་ ཞོར་དང་འགྲོ་ཞོར་བྱས་ནས་ད་བར་དུ་སླེབས་པ་རེད། མཚམས་རེར་ས་མཚམས་བརྒལ་གྱི་ཡོད་པ་ཡང་ཁ་བརྡའི་རྩོམ་སྒྲིག་པ་རྣམས་ལ་དོ་སྣང་ བྱུང་སྟེ། ང་ཚོས་ཐོག་མར་ཀློག་མཁན་དང་མཆན་འབྲི་མཁན་ཚང་མ་ལ་རེ་སྐུལ་ཞུ་བ། དེ་ནས་མཆན་འབྲི་སའི་ཡིག་སྣོད་ཀྱི་སྟེང་དེར་མཆན་འབྲི་མཁན་ཚོར་གསལ་འདེབས་རེ་ སྐུལ། མཚམས་རེར་མཆན་འགའ་རེ་གསུབ་པ་དང་ཞུ་དག་གཏོང་བ་བཅས་བྱས་པ་རེད། འོན་ཀྱང་། ད་དུང་གང་ཟག་སྒེར་པའི་འཚོ་བའི་སྐོར་ལ་འཆལ་གཏམ་སྤེལ་བ་དང་། ཚིག་མཚོན་འདེབས་པ། ཐ་ན་ཁྱད་གསོད་བྱེད་པའི་རྩོམ་ཡིག་དང་མཆན་བུ་སྐབས་དང་སྐབས་སུ་ཡོང་གི་ཡོད་པ་ དང་། རྩོམ་སྒྲིག་པའི་མིག་འོག་ནས་ཤོར་བ་ཡང་ཁ་ཤས་བྱུང་འདུག གོ་སྐབས་འདི་བཟུང་ནས་ཁ་བརྡས་དོ་ཕོག་བྱུང་བའི་རང་རེའི་སྤུན་ཟླ་ཚོ་ལ་ཡང་ དགོངས་དག་ཞུ་རྒྱུ་ཡིན།
- ཁ་བརྡས་སྨྲ་བརྗོད་ཀྱི་རང་དབང་ཟེར་བ་དེ་མི་སྒེར་པའི་འཚོ་བའི་སྐོར་ལ་འཆལ་ གཏམ་སྤེལ་བ་དང་། ཚིག་མཚོན་འདེབས་པ། ཁྱད་གསོད་བྱེད་པ་ལ་ངོས་འཛིན་བྱེད་ཀྱི་མེད། དེ་སྨྲ་བརྗོད་ཀྱི་རང་དབང་ཡིན་པའི་དབང་དུ་བཏང་ན་ཡང་། དེ་ནི་རང་དབང་ཐ་ཤལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། དྲ་དེབ་འདི་ཐོག་མར་འགོ་འཛུགས་དུས་ནས་རང་དབང་འདི་རྒྱ་ཡན་དུ་མི་གཏོང་བའི་ འདུན་པ་བཏང་ཡོད།
- གོང་གི་རྒྱུ་མཚན་དེ་ལྟར་ན། ང་ཚོ་ལོ་ངོ་གཉིས་པའི་ནང་གོམ་པ་རྒྱག་སྐབས་ཐོག་མའི་དམིགས་ཡུལ་དེ་དམ་འཛིན་ བྱེད་སླད་ད་ནས་བཟུང་མཆན་འབྲི་མཁན་ཚོར་གང་ཟག་ལ་རྒོལ་བའི་རྒོལ་གཏམ་མི་སྤེལ་ བའི་རེ་སྐུལ་ནན་གྱིས་ཞུ་བ་ཆབས་གཅིག གལ་སྲིད་གང་ཟག་སྒེར་པ་ལ་གསོད་གཏུབ་སོགས་ཀྱི་སྤྱོ་ཚིག་སྤེལ་བ་དང་། ཁུངས་དང་བདེན་པས་ར་སྤྲོད་མི་འཕེར་བའི་འཆལ་གཏམ་སྤེལ་རིགས་བྱུང་ཚེ་དྲ་དེབ་ཏུ་ གཏོང་རྒྱུ་མིན་ཞེས་ཞུ་རྒྱུ་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
༢༠༠༩ ལོའི་ཟླ་ ༥ ཚེས་ ༢༠ ལ།
ཁ་བརྡ་ལ་དྲི་བ།
བཀུར་འོས་པའི་ཁ་བརྡའི་རྩོམ་སྒྲིག་པ་ལྷན་རྒྱས་ལ་འདྲི་རྒྱུར།
ཁྱེད་རྣམ་པས་ཁ་བརྡའི་སྒྲིག་ལམ་གསལ་བསྒྲགས་སྤེལ་བར་ཐུགས་རྗེ་ཆེ། ཡིན་དང་ཡིན། ཁྱེད་རྣམ་པའི་བཀའ་ལ་ལོས་བརྩི། འོན་ཀྱང་ངས་ད་དུང་དོན་དག་ཁ་ཤས་མགོ་ཚོས་མ་སོང་། དེས་ན་དྲི་བ་འགའ་ཞིག་འདྲི་རྒྱུར།
གཅིག
གང་ཟག་ལ་རྒོལ་བའི་རྒོལ་གཏམ་མི་སྤེལ་བའི་རེ་སྐུལ་གསུངས་པ་དེའི་རྒོལ་གཏམ་གྱི་ས་མཚམས་ཅི་ལྟ་བུ་ཞིག་རེད། དཔེར་ན་བཀའ་བློན་སོགས་གཞུང་ཞབས་དང་། ཡང་གཞུང་ཞབས་མ་ཡིན་པའི་མི་སྣ་རེ་ཟུང་གིས་བོད་ཀྱི་ཆོས་སྲིད་ལ་གནོད་པའི་ལས་ཀ་བྱས་པ་འམ། ཡང་ན་འཐུས་ཤོར་དང་གཞུང་དོན་སྒེར་དོན་བརྗེས་པ་ལྟ་བུ་སོགས་བྱུང་ན་དེ་གླེང་ཆོག་གི་ཨེ་རེད།
གཉིས།
ཁུངས་དང་བདེན་པས་ར་སྤྲོད་མི་འཕེར་བའི་འཆལ་གཏམ་ཟེར་བ་དེའི་ཚད་ཅི་ལྟ་བུ་ཞིག་རེད། དང་པོ་གང་ཞིག་གླེང་བར་འདོད་པ་དེ་ར་སྤྲོད་ཐུབ་པའི་དམ་བཅའ་བྱས་ནས་དེ་ནས་གླེང་ཆོག་པ་རེད་དམ། ཡང་ན་དང་པོ་གླེང་ནས་དེ་ནས་ངེས་པར་དུ་ར་སྤྲོད་བྱེད་དགོས་པ་རེད། དཔེ་ཞིག་བཞག་སྟེ་བཤད་ན་ཁར་སང་ངས་མགོ་དམ་གྱིས་མགོ་ལོག་གི་ས་ལེ་རྒྱལ་ཚོ་ལ་ཁྱད་གསོད་དམའ་འབེབ་བྱས་པ་དང་། གཞུང་ཞབས་སྤྱི་འཐུས་ཀྱི་ནང་དུ་མི་གསོད་མཁན་ཞིག་ཁོ་རང་གིས་ཤེས་བཞིན་དུ་ཨེ་ཞོག་བལྟས་ཚུལ་སོགས་བྲིས་པ་ཡིན། འདི་ཚོ་བདེན་པའི་ར་སྤྲོད་ཐུབ་པའི་གཏམ་ཡིན་པར་མ་ཟད་ཁོ་རང་གིས་ང་ལ་དངོས་སུ་བཤད་པ་ཡིན། དེས་ན་བདེན་པའི་སྐད་ཆ་འདི་ལྟ་བུ་ཕྱིན་ཆད་བཤད་ཆོག་གི་ཨེ་རེད།
གསུམ།
ངས་བལྟས་ན་རྒྱ་ནག་མ་གཏོགས་འཛམ་གླིང་གི་རྒྱལ་ཁབ་ཅི་འདྲ་ཞིག་ཡིན་རུང་སོ་སོའི་སྲིད་འཛིན་མན་ཆད་ལ་སྐྱོན་བརྗོད་བྱེད་ཆོག་པ་རེད་ལ། སྐྱོན་བརྗོད་ཟེར་བ་དེ་མེད་ན་འཇིག་རྟེན་གྱི་ཁ་དོག་བརླག་ཚར་བ་རེད། དཔེར་ན་ད་ལྟའི་ཐེ་ཝན་མི་མང་གིས་སྲིད་འཛིན་ཁྲིན་ཧྲུ་པེན་ལ་སྐྱོན་བརྗོད་ཅི་ཙམ་བྱེད་ཀྱི་འདུག ཨ་རིའི་སྲིད་འཛིན་ཁི་ལིན་ཏྲོན་དང་བྷུ་ཤུ་སོགས་ལ་ཡང་མི་མང་གིས་སྐྱོན་བརྗོད་ཅི་ཙམ་བྱེད་ཀྱི་འདུག ངོ་མ་བཤད་ན་ཨ་རིའི་སྲིད་འཛིན་ལ་སྐྲག་ས་གཅིག་ཡོད་པ་དེ་མི་མང་གི་ཁ་ཡིན་པས་སྐྱོན་བརྗོད་ཟེར་བ་དེ་དགོས་ངེས་ཤིག་རེད་བསམ་ཀྱི་འདུག དེས་ན་ཆོལ་ཁ་དང་ཆོས་ལུགས་ཕན་ཚུན་གྱི་བར་ལ་སྐྱོན་བརྗོད་བྱས་ན་དགེ་མཚན་ཅི་ཡང་མེད་རུང་། གང་ཟག་སྒེར་བ་མ་རབ་ཐ་ཤལ་ཚོ་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་མེད་ཐབས་མེད་པ་ཞིག་མ་ཡིན་ནམ། དེ་ཨེ་རེད།
བཞི།
གང་ཟག་སྒེར་ལ་སྐྱོན་བརྗོད་དང་རྒོལ་གཏམ་གཏོང་མི་ཆོག་པའི་སྒེར་ཟེར་བ་དེའི་ས་མཚམས་ཅི་ལྟ་བུ་ཞིག་ཡིན། དཔེར་ན་རག་རྡིས་རང་ཕྱོགས་མིན་པ་དང་རྒྱལ་ལོ་དོན་གྲུབ་རང་ཕྱོགས་ཡིན་པ་གཉིས་ལ་ཁ་གཏོང་ཆོག་མི་ཆོག་གི་ཁྱད་པར་ཨེ་ཡོད། དེ་བཞིན་ལེགས་མཆོག་དང་རྒྱ་རི་རིན་པོ་ཆེ། རྒྱ་མིའི་པཎ་ཆེན་དང་ང་ཚོའི་ཀརྨ་པ། ཝིན་ཅ་པོ་དང་ཟམ་གདོང་རིན་པོ་ཆེ་སོགས་ལ་རང་ཕྱོགས་ཡིན་མིན་གྱིས་ཁ་གཏོང་ཆོག་མི་ཆོག་གི་ཁྱད་པར་ཨེ་ཡོད། འདི་གསལ་བོར་ཤེས་དགོས་ཀྱི་འདུག
གློའུ་རྒན་ངའི་དྲི་བ་དེ་ཚོ་གསལ་བོ་འདྲ་ཞིག་བྱུང་མ་སོང་ཡང་། ཁྱེད་རྣམ་པར་དུས་ཚོད་ཡོད་སྐབས་ཤིག་ལ་དྲི་བ་ཚན་པ་བཞི་པོར་དྲིས་ལན་ཁ་གསལ་བཞི་གནང་རོགས་ཞུ་བ་ཡིན། གཞན་གསོད་གཏུབ་སོགས་ཀྱི་སྤྱོ་ཚིག་སྤེལ་མི་ཆོག་གསུངས་པ་དེ་གོ་སླ་པོ་འདུག་པས་དེའི་ཐོག་ལ་དྲི་བ་ཅི་ཡང་མེད།
ཁ་བརྡའི་རྩོམ་སྒྲིག་ཚོགས་ཆུང་ལགས། ཁྱེད་རྣམ་པའི་གསལ་བཤད་དེ་ཡག་པོ་འདུག ཡིན་ནའང་བསམ་ཚུལ་བཀག་འགོག་བྱ་རྒྱུར་ངེས་པར་ཚད་གཞི་ཞིག་དགོས་ཀྱི་རེད། དཔེར་ན་ཉེ་དུས་དྲ་གྲོགས་ཤིག་གིས་ངའི་མིག་གི་མཐོང་སར་བདེ་ཆེན་སྒྲོལ་མའི་མིང་དུ་རྫུས་པའི་ཤ་བོ་ཟེར་་མཁན་དེར་ཆོས་ལྡན་ཞིང་སྐོར་ལ་དགག་ལན་ཞིག་འབྲི་སོང་ཡང་དེ་བཀག་འགོག་བྱས་སོང་། དེའི་ནང་ཁ་བརྡའི་དམིགས་ཡུལ་དང་འགལ་བ་རྩ་བ་ནས་བཀོད་མ་་སོང་ལ། དོ་བདག་ལ་ཕོག་ཆེ་བ་རྩ་བ་ནས་བཀོད་མ་སོང། ཡིན་ནའང་དེའི་ནང་ཁོའི་མིང་དངོས་དེ་འདོན་འགྲོ་སྐབས་ཕ་ཡུལ་གཅིག་པའི་ཞེན་ཁོག་གིས་མ་བཟོད་པར་བཀག་པ་གསལ་པོ་འདུག་པས་ངེས་པར་ཁ་བརྡ་དེ་ཆོལ་ཁ་གཅིག་གི་ཕོ་རབས་ཚོའི་འར་ཤ་རྒྱག་ས་དང་སྡུག་གཏམ་བརྗོད་ས་ཞིག་ཏུ་མ་འགྱུར་་བ་བྱ་རྒྱུ་དེ་བོད་མི་དམངས་ལ་མཁོ་བའི་ཁེ་ཕན་ཆེ་ཤོས་དེ་རེད་ལ། དེ་འདྲ་བྱས་ན་ཆོས་དང་ཡང་མཐུན་གྱི་འདུག
ཁ་བརྡ་ལགས། ཐུགས་རྗེ་ཆེ།
ལོ་ཡི་འཁོར་མོ་གཅིག་གི་དགའ་སྐྱོའི་ཁྲོད།།
ཁ་བརྡའི་ཁྲོད་ཀྱི་མི་མང་རང་འདུས་རེད།།
ཁ་བརྡའི་ནང་དོན་ཕལ་ཆེར་རིགས་ཞེན་རེད།།
རིགས་ཞེན་དེ་ལ་གླེང་ཚུལ་འདྲ་མིན་རེད།།
འོན་ཀྱང་ལོ་ཡི་འཁོར་མོ་གཅིག་རྗེས་སུ།།
ལོ་ཡི་འཁོར་མོ་གཉིས་པ་སླེབས་པ་ལ།།
དྲ་གྲོགས་ཚང་མས་ཁྱེད་ཅག་རྩོམ་སྒྲིག་པ།།
ལྷན་རྒྱས་རྣམས་ཀྱིས་སྐུ་ལས་གྱོན་པ་དེར།།
སེམས་དང་བསམ་པའི་རྗེས་སུ་ཡི་རུང་ཡོད།།
དེང་ནས་ཕྱོགས་ཞེན་མིག་སོགས་མི་བྱེད་པར།།
ཆོས་དང་ཆོལ་ཁའི་བསམ་ཚུལ་གཏན་མེད་པར།།
བོད་ཀྱི་རུས་སུ་གཏོགས་ཚུལ་གསོ་སྐྱོང་ལ།།
སྔར་ཡང་འབད་སོང་ཕྱིས་སུ་འབད་རོགས་ཞུ།།
ཨོ་ཧོ་ཧོ། རླུང་སྐོར་ནག་པོའི་དྲི་བ་རླུང་འཁོར་ད་དུང་འཁོར་གི་ཡོད་ཀི་ཡ།
ཁ་བརྡ་ཚང་ནས་ཁོང་ལ་བཀའ་ལན་ཞིག་གནང་ན་བཟང་གི་སྙམ།
དེ་མིང་བཤད་མི་ཤེས་ཀི
ག་ལེར་བྱས་ནས་ཅིག་བཤད་ཨཻ་ཤེས་ལྟ་ཀི་ཡིན།
ཁ་བརྡ་ལགས། ཁྱེད་ཚོགས་ཀྱིས་དྲ་རྒྱ་དོ་དམ་སྐོར་གྱི་གསལ་བསྒྲགས་གནང་བར་ཐུགས་རྗེ་ཆེ། ངེས་པར་དུ་དགོས་ངེས་ཞིག་ཀྱང་རེད། འོན་ཀྱང་ཁྱེད་ཚོགས་ཀྱིས་ཀྱང་ཁོངས་མེད་ལུགས་མེད་ཀྱི་རྩོམ་འཆལ(བདེ་ཆེན་སྒྲོལ་མའི་གངས་སྐྱིད་ཀྱི་སྐོར་)དེ་ལྟ་བུ་རེབ་གོང་གཅིག་པའི་ཕྱོགས་ལྷུང་གི་དབང་དུ་མ་འགྲོ་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་། རྩོམ་འཆལ་དེ་ད་དུང་ཁ་བརྡ་དྲ་ངོས་སུ་འདུག་པས་དེར་བསྐྱར་གཟིགས་ཞིས་གནང་འཚལ། མ་གཞི་ནས་ཁ་བརྡ་དྲ་ངོས་སུ་རྩོམ་ཡིག་རེ་ཟུང་ལས་གཞན་མཆན་བུ་མང་ཆེ་བ་འཆལ་གཏམ་རང་རེད་འདུག ཁྱོད་ཚོས་གཟིགས་དང༌། མི་གང་ཞིག་སྐོར་དང་དེ་ལ་སྤྱོ་བ་དང་གཤེ་བར་བྱ་ལ་མཆན་བུ་འདེབས་མཁན་ཚང་མ་ནམ་ལངས་དང་འདྲ། བོད་མི་རིགས་འདིའི་འདས་མ་ད་གསུམ་སྐོར་གྱི་རྩོམ་ཡིག་རེ་ཐོན་ཚེ། མཆན་བུ་འདེབས་མཁན་ཡང་ཆེས་ཉུང་བའམ་མེད་པའི་ཚད་རེད། མགུ་ལོག་དམ་ཆོས་ཀྱིས་ཆོལ་གསུམ་ལོ་རྒྱུས་དང་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས། ཁོ་ཚེ་ཚུལ་ཁྲིམས་ཀྱི་སྐོར་སོགས་ལ་མཆན་བུ་འདེབས་མཁན་ཅི་ཙམ་འདུག མདོར་བསྡུས་ནས་བཤད་ན་མཆན་བུ་འེབདས་མཁན་ཁོ་ཚོས་བཤད་པ་ཚང་མ་ཀུངས་མེད་འོབ་ཚོད་དང་འགན་འཁུར་མི་དགོས་པའམ་མི་འཁུར་བའི་སྐད་ཆ་ཁོ་ན་རེད། དེ་བས་འབྱུང་འགྱུར་ཁ་བརྡ་དྲ་ངོས་སུ་རྩོམ་ཡིག་གང་འདྲ་ཞིག་འགོད་སྐབས་རྩོམ་ཡིག་གི་རིན་ཐང་སྟེ་ཕྱིའི་རྩོམ་རྩལ་དང་ནང་གི་དོན་སྙིང་། སྤྱི་ཚོགས་ཀྱི་ཁེ་ཕན་དང་གནོད་སྐྱོན་བཅས་ལ་བལྟ་དགོས་པ་ལས། གོང་འཁོད་(བདེ་ཆེན་སྒྲོལ་མ་)ཡི་རྩོམ་འཆལ་དེ་འདྲའི་རིགས་ཕ་ཡུལ་གཅིག་པ་ཡིན་ཀྱང་གང་ཐུབ་ཀྱིས་ཉུད་དུ་གཏང་རོགས་ཞུ།
བཀུར་འོས་ཚེར་མ་ལགས།
ཁྱེད་ཀྱིས་བསམ་ཚུལ་བཏོན་པར་བཀའ་དྲིན་ཆེ། བདེ་ཆེན་སྒྲོལ་མའི་རྩོམ་དེ་དྲ་ངོས་སུ་འཇོག་མཁན་ང་ཡིན།
དྲ་ངོས་སུ་བཞག་པ་དེ་ནོར་འཁྲུལ་ཞིག་དང་ནག་ཉེས་ཤིག་ལ་བརྩི་གི་ཡོད་ན། ནོར་འཁྲུལ་དང་ནག་ཉེས་དེ་ངེད་ལ་ཡོད།
རྩོམ་ཡིག་དེས་ྐློག་པ་པོར་མང་པོ་ཞིག་ལ་བློ་ཕམ་དང་ཁོང་ཁྲོ་བསླངས་ཡོད་ན། དེའི་ནག་ཉེས་ཀྱང་ངེད་ལ་ཡོད་པར་མ་ཟད་དེ་ལ་སྙིང་ནས་དགོངས་དག་ཞུ་འདོད་བྱུང་།
རྩོམ་ཡིག་དེ་དྲ་ངོས་སུ་འཇོག་རོགས་ལབ་པ་ནང་བཞིན་བཞག་པ་ཡིན། རྩོམ་ཡིག་གི་བརྗོད་བྱའི་ཐད་ཀྱི་འགན་དེ་ངེད་ལ་མེད། འགན་དེ་དོ་བདག་རང་ལ་ཡོད་པར་མ་ཟད་དོ་བདག་གིས་སོ་སོས་རྩོམ་ཡིག་གང་སྤེལ་བ་དེ་སོ་སོས་འགན་ཁུར་གྱི་ཡོད་ལབ་འདུག དེར་བརྟེན། རྩོམ་ཡིག་དེ་འཆལ་རྩོམ་ཡིན་མིན་དང་ཁུངས་མེད་ཡིན་མེད་ཀྱི་ཐད་ནས་རྩོམ་པ་པོར་དྲི་བ་གཏོང་ཐུབ་པ་ཡིན་ན། རྩོམ་པ་པོར་ལན་ཞིག་ཡོད་ཀྱི་རེད་ལ་ལན་ཞིག་དགོས་ངེས་ཀྱང་རེད། ངེད་རང་སྒེར་གྱི་ངོས་ནས་རང་ཕྱོགས་གཅེས་འཛིན་ལྟ་བུ་དང་ནང་ཁུལ་དཔུང་བསྒྲིགས་བྱེད་མཁན་གྱི་རིགས་ལ་དགའ་མོས་མེད་པར་མ་ཟད་དགག་བྱ་ཡོད་། གཞན། ཁྱེད་ཀྱིས་འབྱུང་འགྱུར་ཁ་བརྡ་དྲ་ངོས་སུ་རྩོམ་ཡིག་གང་འདྲ་ཞིག་འགོད་སྐབས། རྩོམ་ཡིག་གི་རིན་ཐང་སྟེ་ཕྱིའི་རྩོམ་རྩལ་དང་ནང་གི་དོན་སྙིང་། སྤྱི་ཚོགས་ཀྱི་ཁེ་ཕན་དང་གནོད་སྐྱོན་བཅས་ལ་བལྟ་དགོས་ཟེར་བའི་བསམ་ཚུལ་འདིར་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཡོད། ངེད་ཀྱི་རྨོངས་འཆར་ནི།
ཁ་བརྡ་འདི་བྱིས་བ་ཞིག་ཡིན་པའི་དབང་དུ་བཏང་ན། བྱིས་བ་འདི་སྐུ་འཁྲུངས་ནས་བགྲང་བྱ་གཅིག་མ་གཏོགས་ཕྱིན་མེད། བགྲང་བྱ་གཅིག་གི་ནང་ལ་བྱིས་བ་འདིའི་ཕྱི་ནང་གི་འཚར་ལོངས་དེ་སྤུས་དག་པོ་ཞིག་ཡོང་རྒྱུ་ཁག་པོ་རེད་སྙམ། དེ་བཞིན། རྩོམ་འབྲི་བ་དང་མཆན་བུ་འདེབས་མཁན་རྣམས་ཀྱང་དེ་མཚུངས་རེད། འདི་དག་ཚང་མ་ག་ལེར་ག་ལེར་ཡར་རྒྱས་འགྲོ་རྒྱུར་རེ་བ་བྱེད་ཀྱི་ཡོད། རྒྱུ་མཚན། འདི་འཚར་ལོངས་ཀྱི་བརྒྱུད་རིམ་ཞིག་རེད།
གཞན། རང་རྣམ་ལགས་ཀྱིས་ཁོང་གི་གྲོགས་པོ་ཞིག་གིས་བདེ་ཆེན་སྒྲོལ་མའི་རྩོམ་ལ་དགག་ལན་ཞིག་བྲིས་བ་དེ་ཁ་བརྡས་བཀག་སོང་གསུངས་འདུག སྐད་ཆ་དེ་བདེན་པ་ཡིན་ན།
བྱེད་སྟངས་དེའི་རིགས་ནི་བྱབ་ཆུང་ཡིན་པར་མ་ཟད་ཁ་བརྡས་ངོས་ནས་དེ་ལ་གསལ་བཤད་ངེས་པར་དུ་དགོས་རྒྱུ་གལ་ཆེ། དེ་ཙམ་ཞུ།
ཁ་བརྡ་ཚང་གི་ཚོགས་མི་རྣམས་གུས་འདུད་བཅས་ཞུ་རྒྱུར།
གོང་དུ་དྲ་གྲོགས་རླུང་སྐོར་ནག་པོས་དྲིས་པའི་དྲི་བ་དེ་དག་ལ་ཁ་བརྡ་ཚང་ནས་ངེས་པར་ལན་བཏབ་དང་ཐུགས་ཞིབ་གནང་ན་བཟང་ས་རེད།
གལ་ཏེ་གང་ཟག་སྒེར་ལ་སྐྱོན་བརྗོད་བྱེད་མི་ཆོག་ཟེར་ན། དམངས་གཙོ་དང་སྨྲ་བརྗོད་རང་དབང་ཟེར་བ་དེ་ཁ་ཙམ་ལས་བསྡད་མེད། དཔེར་ན་འཇིག་རྟེན་ཐོག་གི་ནོར་འཁྲུལ་ཡོད་ཚད་མི་སྒེར་ནས་མགོ་བཙུགས་ཏེ་བཟོ་ཀི་ཡོད་པ་རེད། འོན་ཏེ་གཞུང་དང་ཚོགས་པས་ཀྱང་ནོར་འཁྲུལ་བཟོ་ཀི་ཡོད་དོ་ཟེར་ན་བདེན་མོད། མི་སྒེར་ལ་མ་བརྟེན་པའི་གཞུང་དང་ཚོགས་སྡེ་ཟེར་བ་ཞིག་གང་དུ་ཡང་མེད།
དཔེར་ན་༧གོང་ས་མཆོག་གིས། ནམ་རྒྱུན་ང་ལ་སྐྱོན་ཡོད་པ་རེད། སྐྱོན་དེ་ཚོ་ཐད་ཀར་ཤོད་དགོས། མི་མང་གི་ནས་བསམ་ཚུལ་བསྡུ་ལེན་བྱེད་དགོས། གསུང་གི་ཡོད་པ་ལྟ་བུ་རེད།
ད་དུང་ཁོང་གིས་དྲིས་པ་བཞིན། གལ་ཏེ་ང་ཚོས་མི་སྒེར་ལ་སྐྱོན་བརྗོད་དང་ཉེས་བགྲངས་བྱེད་མི་ཆོག་ན། མི་སྒེར་བ་ཞིག་གིས། སྤྱི་ཚོགས་ནང་ཇག་རྐུན་དང་། མི་གསོད་ཁྲག་སྦྱོར། ད་དུང་བཙན་གཡེམ་སོགས་བྱས་ན། མི་མང་གིས་དེ་ལ་སྐྱོན་བརྗོད་དང་ཉེས་བགྲངས་བྱེད་དགོས་ལ། ཁྲིམས་གཏུགས་བྱེད་ཆོག དེ་བཞིན་སྤྱི་དངུལ་སྒེར་བཟོས་དང་། དབང་ཆའི་གོ་སྐབས་འཛིན་ནས་ྲ་གྲོགས་རྣམས་ཀྱིས་ཁོར་ཡུག་རྒྱ་བསྐྱེད། སྤྱི་དོན་ཁ་ལ་ཁྱེར་ཏེ་རང་དོན་ལྐོག་ནས་བསྒྲུབ་པ། ལྷ་འདྲེ་ཁ་ལ་འཁྱེར་ཏེ་དགྲ་བོར་བློ་གཏད་བཅོལ་བ། ཁ་ནས་ཡག་པོ་བཤད་དེ་གཡོ་རྒྱུའི་འཁོར་ལོ་སྐོར་མཁན་ཚོར་ཡིན་ཅིག་མིན་ཅིག་སྐྱོན་བརྗོད་བྱེད་དགོས། འདི་སྤྱི་ཚོགས་དང་མང་ཚོགས་ཀྱི་ལས་ཀ་རེད་ལ། རང་དབང་རྒྱལ་ཁབ་དང་རང་དབང་སྤྱི་ཚོགས་ཀྱི་ཆད་ཆོས་ཀྱང་ཡིན།
དཔེར་ན་དམ་དཔལ་གྱིས་མི་གཞི་དང་ལས་ཀ་བྱེད་སྟངས་ལྟ་བུ་རེད། དམ་དཔལ་ལྟ་བུའི་མི་ངན་གཡོ་རྒྱུ་ཅན། ཁྲེལ་མེད་ཧམ་སེམས་ཅན། བླུན་པོ་རྫུན་སྐྱལ་ཅན་ཚོར་སྐྱོན་བརྗོད་དང་ཉེས་བགྲངས་བྱེད་མ་ཆོག་ན། སྤྱི་ཚོགས་ཐོག་གི་ཉེས་སྐྱོན་ག་རེ་བྱས་ནས་སེལ་ཐུབ། བཟང་ངན་གྱི་ཁྱད་པར་ག་རེ་བྱས་ནས་འབྱེད་ཐུབ།
དེ་བས་ཁ་བརྡ་ནས་མི་སྒེར་ལ་ཉེས་མེད་སྐྱོན་འཛུགས་དང་། རང་གཞུང་ལ་འཁང་ར། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་མཆོག་ལ་མཚན་སྨོད། བོད་ཀྱི་སྲོག་རྩ་སྐད་ཡིག་གཉིས་ལ་མཐོང་ཆུང་། བོད་མི་རིགས་ཀྱི་ཁྱད་ནོར་ནང་བསྟན་ཆོས་ལུགས་ལ་བོད་མི་རང་གི་ངོ་ནས་མཐོང་ཆུང་དང་། སྐྱོན་བརྗོད་མ་བྱེད་ཅེས་གསུང་ན་དོན་དང་ལྡན་ལ། རྒྱུ་མཚན་ཡང་ཡོད་ཅིང་། ཁ་བརྡ་ཚང་ཡང་བོད་མི་ཤེས་ཡོན་པའི་ལྟེ་གནས་དང་། རྩོམ་པ་པོའི་ཀར་སྟེགས་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་རེད། དེ་མིན་སྨྲ་བརྗོད་རང་དབང་གི་ཐོབ་ཐང་མེད་ན། གང་ཟག་སྒེར་གྱིས་ཉེས་པ་རི་རབ་ཙམ་བསགས་ཀྱང་སྐྱོན་བརྗོད་བྱེད་མི་ཆོག་པའི་ཁྲིམས་གཞི་བཙུགས་ན། ནམ་ཞིག་ཁ་བརྡ་ཚང་ན་དམ་དཔལ་ལྟ་བུའི་ཁ་བརྡ་ཉག་ཉོག་བྱེད་མཁན་ཁ་ཤས་ལས། ཁ་བརྡ་ཡག་པོ་ཤོད་མཁན་གཅིག་ཀྱང་ཡོད་རྒྱུ་མ་རེད་བསམ་གི། དེའི་ཕྱོགས་ལ་ཐུགས་འདང་རེ་རྒྱབ་ན་བཟང་གི་བསམ།
བོད་གྱི་གྲོགས་པོ་འདི་ཚོ། སེམས་ཁྲལ་དང་རྣམརྟོགས་འདི་འདྲ་ཆེ་ལ། མིས་བསམ་ཚུལ་བཀག་འགོག་གི་ཐད་ལ་སྤེལ་ཆོག་པ་དང་མི་ཆོག་པའི་རིགས་སོགས། གང་ལྟར་སྨར་བརྗོད་རང་དཔང་ལ་ཚོད་འཛིན་བྱེད་པ་འདིས། ད་ང་ཚོས་ལོ་མང་ཁ་གཏད་དུ་ལངས་པའི་ནད་རྙིང་པ། ལོག་བརྒྱབ་བརྩིས་ བྱས་པ་མ་ཡིན་ནམ
བོད་མང་ཕ་བུའི་ཟུང་ཁྲག་རྒྱུགས་ཆུ་ལྟར་བཞུར་ནས། ཁ་འབབ་ཆུ་བཞིས་ཀླུང་གི་ཟེགས་མ་དང་བསྡེབས་སྟེ། ཧི་མ་ལ་ཡི་གཡང་གཟར་བྲག་ནགས་གྱི་ངོས་སུ། ལྷུང་ལྷུང་དལ་གྱིས་ཞི་བདེ་རྒྱ་མཚོ་རུ་འདྲེས་སོང་།
འབའ་ལུ་གུ། སྨྲ་བརྗོད་ཀྱི་རང་དབང་ཟེར་བ་དང་མཉམ་དུ་འགན་ཁུར་ཞེས་པའི་ཚིག་ཅིག་ཀྱང་ཡོད་པ་མ་བརྗེད་རོགས། མ་གཞི་རང་གི་དངོས་མིང་ཀྱང་འབྲི་མི་ནུས་པ་འདི་འགན་ཁུར་ལས་གཡོལ་ཆེད་མ་ཡིན་ནམ།
གོང་གི་དེ་བོད་ཕྱི་ལོགས་སུ་སྡོད་མཁན་དྲ་གྲོགས་ཚོར་བརྗོད་ཀྱིན་ཡོད།
ཧ་བོ་ རེ། ངའི་གྲོགས་པོ་འདས་པོ་དེས་མིང་དང་གཅིག་པ་རེད་། ངའི་ཁྱོད་ལན་འབྲི་བ་ལས་མིག་འཆི་མའི་གང་ཐ། ཁྱོད་གང་ན་ཡོད་། ཡིན་རྒྱུ་མ་རེད་། བློ་གྲོས
སེམས་ཀྱི་ཆུ་ཐིགས་རེ་རེ།།
དཀར་ནག་ཡི་གེར་བྲིས་དེ།།
ནང་གི་ཚིག་གསུམ་མེ་ཏོག།
བོད་རིགས་སྤྱི་ལ་འབུལ་བཞིན།།
སེམས་དང་བསམ་པའི་འཁོར་ས།།
བོད་ཀྱི་རྩ་དོན་ཡིན་དུས།།
ཕྱོགས་ཞེན་དུག་གི་རལ་གྲིས།།
ཕན་ཚུན་བར་དུ་མི་འོས།།
ཉི་མ་སྤྲིན་པས་སྒྲིབ་ཀྱང་།།
སེམས་ལ་འཇིགས་སྐྲག་བྱེད་དོན།།
གཏན་ནས་ཡོད་པ་མ་རེད།།
སྤྲིན་པ་རང་དབང་ཅན་པོ།།
གང་དུ་འགྲོ་མིན་སུས་བཀོག།
ཉི་མ་འོད་སྟོང་ལྡན་པའི།།
སྤྲིན་པ་ཙམ་གྱིས་མི་སྐྱོན།།
དེའི་ཕྱིར་བརྩེ་བའི་བོད་མི།།
དྲ་གྲོགས་སྤུན་ཟླ་རྣམས་པ།།
ཁ་བརྡའི་ནང་གི་སྐད་ཆ།།
གང་ཞིག་བཤད་ཀྱང་འགྲིག་མོད།།
ཡིན་ཡང་འགན་འཁྲི་ཡོད་ན།།
གཟིགས་མཁན་འབྲི་མཁན་ཚང་མར།།
སྟབས་བདེ་ལོས་ཡིན་སྙམ་གི།
ད་རེ་འདི་ཙམ་ཞིག་གིས།།
འབྲི་མཚམས་བཞག་ནས་འབུད་སོང་།།
དྲ་གྲོགས་ལྷན་རྒྱས། ངའི་བསམ་ཚུལ་ཞིག་ཀྱང་ཞུ་ཆོག་པ།
གུས་པས་རྒྱུན་དུ་རང་གི་སྤྱི་ཚོགས་ཀྱི་སྐྱོན་ཆ་རྣམས་འབུར་འདོན་བྱས་ནས། སྤྱི་ཚོགས་འདིར་བཟང་ཕྱོགས་ཀྱི་སྒྱུར་བ་ཡོང་བར་འབད་རྩོན་བྱེད་ཀྱི་ཡོད། ངའི་བསམ་ཚུལ་ལ། ང་ཚོའི་སྤྱི་ཚོགས་ནང་རང་གི་ནོར་འཁྲུལ་ཤོད་རྒྱུར་གཡོལ་གང་ཐུབ་དང་གཞན་གྱི་ནོར་འཁྲུལ་ལ་ཁ་བཏགས་ནས། ངེད་ཚོའི་ལས་ཀར་ཐུད་ཤོར་མང་པོ་ཕྱིན་འདུག
བཙན་བྱོལ་སྤྱི་ཚོགས་ནང་། རྒྱ་མིས་འགྲིགས་མ་སོང་རྒྱ་མིས་འདི་བྱས་སོང་ཤོད་དུས་ངར་པོ་འདུག ཡིན་ནའི་ང་ཚོས་མ་འགྲིག་པ་ཤོད་ས་མིན་འདུག དེར་བརྟེན་ནོར་འཁྲུལ་འདི་ལོ་ལྟར་གནས། དེས་སྤྱི་ཚོགས་ལ་གནོད་ཀྱི་འདུག
རྒྱ་མི་ང་ཚོའི་དགྲ་ཡིན་སྟབས། བོད་ལ་ཕན་པའི་ལས་ཀ་བྱེད་ཀྱི་མ་རེད། དགྲ་ཡིས་བྱ་བ་འདི་གནོད་པ་གཏོང་རྒྱུ་ཁོ་ན་རེད། དེ་ལ་ངོ་རྒོལ་བྱེད་དགོས། ཡིན་ནའི་དེ་མཉམ་དུ་ང་ཚོའི་ནོར་འཁྲུལ་ལ་དབྱེ་ཞིབ་བྱས་ནས་སྤྱི་ཚོགས་འདི་ཡར་རྒྱས་གཏོང་རྒྱུ་འདི་ང་ཚོ་བྱེས་སྡོད་བོད་པ་རྣམས་ལ་དམིགས་བསལ་གྱི་ལས་འགན་ཡོད།
དེར་བརྟེན་ལས་འགན་ལྗིད་པོ་དེ་འཁུར་བཞིན། གཞན་གྱི་དགའ་མིན་ལ་མ་བལྟོས་པར། སྤྱི་ཚོགས་འདིའི་ནོར་འཁྲུལ་རྣམས་ཤོད་ཀྱི་ཡོད་ལ། ལྷག་དོན། ནོར་འཁྲུལ་འདི་དག་བཏོན་སྐབས། སྟེང་སྐུ་སྒེར་ཡིག་ཚང་དང་བཀའ་ཤག་ནས། སྒེར་ཀླུ་སྨྱོན་དང་ཀུན་གསལ་ཚང་མར་སྐྱོན་ཆ་ཡོད་པ་རྣམས་ཤོད་ཀྱི་ཡོད།
དེ་ལྟར་བྱེད་པའི་གོ་རིམ་ནང་འཚམས་རེ་མི་སྒེར་གྱི་མིང་སྨྲོས་བྱེད་དགོས་ཀྱི་འདུག་ཀྱང་འདི་རྩ་དོན་གཅིག་དང་འབྲེལ་ནས་ཤོད་ཀྱི་ཡོད། དེ་ལྟར་བྱེད་པར། ཁ་བརྡ་མཆོག་གིས་ཐོབ་པར་དཀའ་བའི་གོ་སྐབས་བྱིན་པ་འདིར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།
དུས་མཚུངས་རྩ་དོན་གཙོ་བོར་འཛིན་ནས་དོན་སྙིང་ལྡན་པའི་སྐྱོན་ཆ་འདོན་པ་ལས། གང་ཟག་སྒེར་གྱི་ཡང་དག་གི་འཚོ་བ་དང་གཞན་ཕན་གྱི་བྱ་བར་བར་ཆད་ཅིས་ཀྱང་གཏོང་གི་མེད།
ངེད་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་། རང་གི་རང་ལ་ཉམས་ཞིབ་དང་བརྟག་དཔྱད་བྱེད་མཁན་ཤིན་དུ་དཀོན་པོར་སྣང་། དེའི་རྐྱེན་གྱི་སྤྱི་ཚོགས་འདིའི་སྐྱོན་ཆ་རྣམས་ལོ་ནས་ལོ་བར་གནས་བཞིན་འདུག
ཨ་རི་ལྟ་བུར་མཚོན་ན། སྤྱི་ཚོགས་འདི་ཡར་རྒྱས་ཆེན་པོ་ཡོང་བའི་གཞི་རྐྱེན་གཙོ་བོ་གཅིག་ནི། སྤྱི་ཚོགས་འདིའི་ནང་བརྡར་ཤ་གཏོང་མཁན་མི་རྣམ་དཔྱོད་ཅན་མང་པོ་བྱུང་འདུག་ལ། ཁོང་ཚོར་འདི་ལྟར་བྱེད་པའི་གླེང་སྟེགས་ཤིག་ཡོད་པས་ཡིན། དཔེར་ན། ཐོ་མ་སི་ཇེ་ཕར་སོན་དང་། ལིང་ཁུན། ཇོར་ཇེ་ཝ་ཤིང་ཀྲོན་སོགས་ཀྱིས། དང་པོ་སྤྱི་ཚོགས་འདིའི་སྐྱོན་ཆ་རྣམས་འབུར་བཏོན་བྱས། དེ་ནས་དེ་དག་ལ་དག་བཤེར་བྱས་ཡོད། ངས་ཀྱང་རང་གི་བརྩེ་བའི་མི་རིགས་འདིའི་ཁོང་ནད་འདིར་སྨན་བཅོས་ལེགས་པོ་ཞིག་ཡོང་ཆེད། དུས་རྟག་ཏུ་ནད་ཀྱི་རྩ་བ་འཚོལ་བར་བྱེད་བཞིན་ཡོད་པས། ཁ་བརྡ་མཆོག་ནས། གུས་པའི་རྩ་དོན་ལ་དགོངས་བཞེས་ཀྱིས་མུ་མཐུད། ང་ལ་གླེང་སྟེགས་འདི་སྤྱོད་ཐུབ་པའི་མཐུན་རྐྱེན་ཡོད་པ་ཞུ།
ཐུགས་རྗེ་ཆེ།
ཧ་ཧ་ཧ་ཧ་་་་ འབའ་ལུ་གུ། ང་དངོས་གནས་གད་མོ་བགད་བསྡད་པ་ཡིན། ཁྱོད་སུ་ཡིན་ནམ། ང་ལ་ཡང་གྲོགས་འདས་པོ་མང་པོ་ཡོད་མོད། དངོས་མིང་མ་བྲིས་ན་སུ་ཡིན་ཤེས་རྒྱུ་མ་རེད། དྲ་ཐོག་ཏུ་འགོད་མི་བདེ་ན་འདི་གར་འབྲེལ་བ་གནང་ནའང་འགྲིག lodoensha@yahoo.com
སྐུ་ཞབས་བློ་གྲོས་ལགས། ང་དང་སྲུང་མ་ཁག་ཅིག་གི་མཚན་དངོས་སུ་བརྗོད་རྒྱུར། ཐོག་མར་མི་རང་ཉིད་ལ་ཉོན་སྥངས་དགེ་བསགས་ཀྱི་ལས་ཅུང་མེད་ན། ང་ཁྱོས་ལས་བསོད་ནམས་མ་སྐྲག་གི་ཡ།
སྐུ་ཞབས་ཚངས་དབྱངས་ལགས། ཁྱེད་ཀྱི་བཤད་པ་འདི་ཧ་ཅང་བདེན་གྱིས། ང་ཚོའི་བོད་པ་ཚང་གི་རང་དོན་གྲུབ་དགོས་ན་སྤྱི་དོན་ཁ་རུ་འཁུར་ནས་འགྲོ་ཡི་འདུག་དེ་དངོས་ནས་བདེན་གྱིས། ང་ཚོ་བོད་པ་ཚང་གི་སྐུ་གྲགས་དང་མི་ཆེན་དེ་དག་གི་སྤྱོད་ཚུལ་འདི་ནམ་ཞིག་མེད་པ་བཟོ་ཐུབ་བམ། ང་ཚོའི་སྤྱི་ཚོགས་ནང་ན་ཚ་སྡུག་ཤོས་དེ་དག་ཡིན།
ཁྱེད་ཀྱི་གོང་དུ་གསུང་པའི་གནད་དོན་དེ་དག་མེད་པ་བཟོ་ཆེད་ཀྱི་ཐབ་ལམ་ཡག་ཤོས་འདྲ་འབྲི་ཡི་ཡོད་དམ། ངེས་པར་དུ་འབྲི་རོགས་གནང་། མི་དྲང་པོ་སྐད་ཆ་དྲང་པོ་བཤད་མཁན་དེ་ཚོ་ང་ཚོའི་སྤྱི་ཚོགས་ནང་གནས་ཐུབ་ཀྱི་མེད་པ་འདི་གནད་དོན་དེ་དག་ལ་ཐུག་ཡོད། ཐབས་ལམ་ཇི་ལྟར་གཏོང་ནས་མེད་བཟོ་དགོས་སམ། ངེས་པར་བརྟག་དཔྱད་བྱེད་དགོས། རྗེས་སུ——།
བོད་ཡིག་དྲ་ཚིགས་ནང་བཀོད་མི་འདུག མ་མཐར་མཛད་སྒོའི་གསར་འགྱུར་བཀོད་སྐབས་ཉིན་རེ་རྩེད་མོའི་རེའུ་མིག་ཞིག་ཀྱང་ངེས་པར་དུ་བཀོད་དགོས་པ་རེད། དེ་ཚོ་ང་ཚོས་མ་བཀོད་ན་སུས་བཀོད་ཀྱི་རེད། དེ་ལྟར་གནས་ཚུལ་བཀོད་ཕྱོགས་སོགས་ཀྱིས་ཐད་བསམ་བློ་གཏོང་སྐབས། གསར་འབྱོར་དང་གཞིས་ཆགས་ཀྱི་བར་སྟོང་མངོན་ཡོང་གི་འདུག ངས་དྲང་པོར་བཤད་ན། ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་འདི་ནང་བོད་ཡིག་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་མང་ཆེ་བ་ནང་ལས་ཀ་བྱེད་མཁན་རྣམས་ཕལ་ཆེར་གསར་འབྱོར་བ་ཡིན་དུས། བསམ་བློ་ཡག་པོ་གཏོང་དགོས་འདུག གང་ལགས་ཤེ་ན། ང་ཚོ་བོད་མི་ཚང་མ་རྡོག་རྩ་ཆིག་བསྒྲིལ་དགོས་པ་དང་མཐུན་པོ་དགོས་པ། ཕན་ཚུན་རོགས་རམ་བྱས་དགོས་ལབ་ཀྱི་ཡོད་ཀྱང་། ད་བར་དུས་དེབ་དང་ཚགས་པར་མང་ཆེ་བའི་ནང་མི་སྣ་ཞིག་ལ་བཅར་དྲི་བྱས་ན་མི་སྣ་དེ་གསར་འབྱོར་བ་ཞིག་ཡིན་ངེས་ཤིང་། ཕལ་ཆེར་དེའི་ནང་ནས་ཨ་མདོ་བ་ཞིག་ཡིན་ངེས་རེད་ཤག གནས་ཚུལ་ཞིག་བཀོད་ན་རྡ་རམ་ས་ལ་ལ་གསར་འབྱོར་བ་ཞིག་ལ་༌༌༌༌། ཡང་༌༌༌བོད་ནས་ཡོང་བའི་༌༌༌༌༌༌༌། དེ་འདྲ་ཀྱང་་ཀྱང་རེད། དེ་འདྲ་སོང་གཙང་སོ་སོ་ལ་གནོད་སོང་བསམས་ནས་ངའི་སྐད་ཆ་རྣ་བའི་རྒྱབ་ཏུ་མ་གཡུག་པར་བསམ་བློ་གཏོང་དང་། ང་ཚོས་གཅིག་ནས་བོད་ཡིག་ཡར་རྒྱས་གཏོང་གི་ལབ་ཀྱི་ཡོད། གལ་ཏེ་དེ་ལྟར་གཏོང་གི་ཡིན་ན། བོད་་ནང་གཏོང་གི་ཡིན། རྒྱ་གར་ནང་གཏོང་ཡིན། བོད་ནང་རྡ་སའི་གསར་ཤོག་དང་དུས་དེབ་ཁ་ཤས་ཀྱི་གཏོང་ས་ཡོད་མ་རེད། རྒྱ་གར་ནང་གཏོང་གི་ཡིན་ན། རྒྱ་གར་ནང་གསར་འབྱོར་བ་མང་ཆེ་བ་ནི་གྲྭ་པ་རེད། ཁོང་ཚོར་བོད་ཡིག་ཕར་སློབ་དགོས་མ་རེད། དེས་ན་ངོ་མ་ལུང་པ་དང་གསར་གཞིས་ཀྱི་ཕྱོགས་ལྷུང་མེད་པར་བོད་རིགས་ཚང་མར་སྤུན་ཟླ་རྩིས་མཁན་ཞིག་ཡིན་ན། དང་པོར་བཙན་བྱོལ་ནང་ཡོད་པའི་གཞིས་ཆགས་པ་ཚོར་བོད་ཡིག་ཡར་རྒྱས་གཏོང་ཐབས་བྱ་དགོས་ཤིང་། དེའི་ཆེད་ཁོང་ཚོ་དང་འབྲེལ་བའི་གནས་དོན་མང་པོ་དུས་དེབ་དང་ཚགས་ཤོག་ཐོག་གླེང་དགོས་ཤིང་། ལྷག་པར་བཅར་དྲི་བྱ་རྒྱུ་ཡོད་ན་ཁོང་ཚོར་བྱེད་དགོས་འདུག དེ་འདྲ་མིན་པར་སྐྲ་རིང་པོ་ཞིག་གིས་གདོང་ཕྱེད་ཀ་འཀབ་སྡོད་པའི་མི་ཞིག་ལ། ཁྱོད་ག་པར་སྐྱེས་རེད། ག་རེ་བྱེད་ཀྱི་ཡོད། བུ་མོ་སུ་ལ་དགའ་སོགས་དྲིས་ནས་ཆོ་ཡོད་པ་མཐོང་གི་མི་འདུག དེས་ན་རྒྱལ་ཡུམ་ཆེ་མོའི་རྐང་སྤོལ་འགྲན་བསྡུར་ལྟ་བུར་མཚོན་ན་བཙན་བྱོལ་ནང་ཡོད་པའི་གཞོན་སྐྱེས་མང་ཆེ་བས་དོ་སྣང་བྱ་ས་ཞིག་ཡིན་དུས་དྲ་ཚིགས་དང་ཚགས་པར་སོགས་སུ་གནས་ཚུལ་གསལ་པོ་དང་ཚ་པོ་ཚ་པོ་བཀོད་ན། བཙན་བྱོལ་ཁྲོད་བོད་ཡིག་ཡར་རྒྱས་ཡོང་རྒྱུར་ཕན་རྒྱུ་མ་ཟད། ཚགས་པར་ཉོ་མཁན་གྲྭ་པ་མ་གཏོགས་ཡོད་མ་རེད་ཟེར་རྒྱུ་དེ་རིམ་པས་ཡལ་ཐུབ་པ་ཡོང་གི་རེད།
དགོན་པའི་ནང་བོད་ཡིག་ཡར་རྒྱས་ཆེད་ཚགས་པར་ཀློག་མི་དགོས་པར་དཔེ་ཆ་ཁེངས་བསྡད་ཤག ཁོང་ཁྲོ་མ་བྱོས་ཨ་གྲོགས་པོ་ཚོ།
གསར་འགོད་པས་ད་ལོ་ཟླ་དྲུག་པའི་ཚེས་གཉིས་ཉིན་ཐོན་པའི་གསར་འགྱུར་ལྟར་ན། བོད་ལྗོངས་ནག་ཆུ་ས་ཁུལ་ལ་ཉིན་མང་བོར་ཁ་བ་བསྟུད་མར་བབས་པས། སྒོ་ཕྱུགས་ཁྲི༨༡༣༥༨དང་སྡོད་ཁང་763ལ་གནོད་འཚེ་ཚད་ཆེན་ཐེབས་པའི་གནས་ཚུལ་ཐོན་ བྱུང་།