དེ་རིང་མཆན་གཅིག་ཏུ། “ཁྱེད་ཅག་གི་དྲ་ཐོག་ཏུ་སྨྱོས་གཏམ་རེ་གཉིས་འབྱུང་བཞིན་ལ། ༧ གོང་ས་མཆོག་ལ་ཟུར་ཟའི་འཆལ་ཚིག་འགའ་ཡང་ཐོན་བཞིན་པ་འདིར་དགའ་རྒྱུ་ཞིག་གཏན་ནས་མེད་ཀི། དམངས་གཙོ་ཟེར་ན། དེར་ཡང་མཚམས་ཚིགས་ཡོད་པ་ཞིག་ཡིན་ལོས་དགོས། གཞན་དུ་ན། འཇིག་རྟེན་འདིར་འགལ་སྤྱོད་ཅན་གྱིས་ཁེངས་ན་ཅི་བྱ།” ཞེས་བཀོད་འདུག ༧གོང་ས་མཆོག་ནི་བོད་མིའི་བླ་མ་དང་རྒྱལ་པོ་རེད། བོད་མི་ཚོས་ཁོང་ལ་བཅངས་པའི་བརྩེ་དུང་དང་གུས་ཞབས་ནི་བླ་ན་མེད་པ་ཞིག་རེད། ཁ་བརྡ་ཡང་བོད་མིའི་ཁ་བརྡ་ཞིག་ཡིན། དེ་བས། ཁ་བརྡ་ཡིས་༧གོང་ས་མཆོག་ལ་མཚན་སྨད་ཀྱིས་མཚོན་པའི་ཚིག་མཚོན་འཕེན་རིགས་ལ་དགའ་བསུ་མི་ཞུ་ལ། ཐ་ན་དགོས་གལ་དང་ཚིག་མཚོན་གྱི་ཚབས་ཆེ་ཆུང་ལ་དཔག་ནས་ཚིག་མཚོན་དེ་ཚོ་གསུབ་ཀྱིན་ཡོད། ཟུར་ཟ་འདི་དང་ཚིག་མཚོན་འདི་ནི་འགོད་མི་འོས་ཞེས་ཀློག་མཁན་གྱིས་གསལ་འདོན་བྱས་ཚེ། ཀློག་མཁན་དང་བོད་མིའི་སེམས་ཁམས་ལ་གུས་ཞབས་ཀྱི་ཆེད་དུ་ཚིག་མཚོན་དེ་རིགས་གསུབ་ངེས་ཡིན།
ཐུགས་རྗེ་ཆེ། དྲ་དཔོན་རྣམ་པ་ལགས།
༧གོང་ས་ཡིད་བཞིན་ནོར་བུ་མཆོག་ནི་བོད་གཞི་བྱེས་ཀྱི་ཆོས་ཕྱོགས་ཀྱི་བླ་མ་དང་། སྲིད་ཕྱོགས་ཀྱི་སྣེ་ཁྲིད་བླ་ན་མེད་པ་ཡིན་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ནས་ཁོང་ལ་གདེངས་འཇོག་དང་མཐོང་ཆེན་ཅི་འདྲ་བྱེད་ཀྱིན་ཡོད་པ་མིག་དང་རྣ་བ་ཡོད་ཚད་ཀྱིས་ཤེས་ངེས་རེད། དེར་བརྟེན་ཁོང་ལ་ཟུར་ཟའི་ཚིག་ངན་བརྗོད་ཚེ་སྣ་བར་མདའ་བརྒྱབས་པ་ལྟར་མི་བཟོད་པའི་ཟུག་གཟེར་ཅིག་ཡོད་མོད། དྲ་གྲོགས་བར་གྱི་མཐུན་ལམ་ལ་བསམ་ཏེ་མིག་བཙུམ་ནས་བཟོད་སྒོམ་མི་བྱེད་ཐབས་མེད་བྱུང་། དེ་རིང་སྟབས་ལེགས་པར་དྲ་དཔོན་གྱིས་ཐག་གཅོད་གནང་བར་སྙིང་ནས་དགའ་བསུ་ཡོད། བོད་རྒྱལ་ལོ།། ༧གོང་ས་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་པར་སྨོན།
༧གོང་ས་མཆོག་གི་དགོངས་ག༷ཞི་ལ་དཔྱད་གླེང་བྱས་ན་ལོས་ཆོག་མོད། ཁོང་ལ་ཟུར་ཟ་དང་ངག་འཆལ་གྱི་རིགས་དེ་འུ་ཅག་ལ་འོས་བབ་ཅིག་གཏན་ནས་མིན། དེ་ལྟར་ཡིན་རུང་གོང་དུ་མི་ཁ་ཤས་ཀྱིས་གུང་ཁྲན་ཏང་གི་བཤད་སྟངས་༼ཏ་ལཱཱི་དང་ཡུལ་གྱར་སྲིད་གཞུང་ལྟ་བུ༽ལྟར་ཀུ་ཅོ་དང་བླུན་རྟགས་མང་བོ་ཞིག་བསྟན་པས་གཞི་རིམ་མི་མང་གི་སེམས་ཁམས་ལ་ཕོག་ཐུག་སོང་ཡོད་པ་བཤད་མ་དགོས། ཡིན་ནའང་དེ་རིང་ཁ་བརྡ་དྲ་བས་མི་མང་གི་སེམས་ཁམས་ལ་གུས་ཞབས་ཀྱིས་ངག་འཆལ་དེའི་རིགས་མི་དགོད་པ་ཐག་ཆོད་པས་དགའ་བོ་བྱུང་། རབ་ཡིན་ན་ཆོས་ལུགས་དང་ལུང་པ་རིས་གཅོད་ཀྱི་སྐད་ཆ་ཆོ་མེད་པ་དེའི་རིགས་ཀྱང་བཀག་བཞག་ན་ཡག་པོ་འདུག ཐུགས་ཆེ་གནང་།
ཁ་བརྡ་ཡིན་ན་འདི་ཚང་འོ་དགོད་སྤྱད། དེ་བ་ཚང་གི་འགོང་ཕྲུག་གཡུ་ཡིན་ན་དེས་ཁ་བདག་མེད་ནང་ནས་ཚིག་ཚོད་མེད་རྐྱང་རྐྱང་ལབ་ན་འོ་གསུབ་རྒྱུ་གཅིག་མེད་པར། ཀུན་གསལ་དང་ར་ལོ་སོགས་ཀྱི་རྨད་བྱུང་གི་གཏམ་གསུབ་བས་མ་ཆོག ལྕེ་ལི་གཅོད་པའི་གྲབས་གཤོམ་རབས་ལ་བལྟས་ན་གྲ་ལོག་མིང་བཏགས་ཆ་བོ་སྐྱག་པའི་ནང་གི་འབུ་ཡིན་པ་ར་འཕྲོད་འདུག
འ་རི་བ་མེལ་ཝུན་དགོ་སི་ཊན་གྱིསལྷ་ས་གཞུང་ལ་དམའ་འབེབས་བྱེད་སྟངས་དང་བོད་པ་འཇམ་ནོར་གྱིས་རྡ་ས་གཞུང་སྐྱག་པའི་ནང་གཡུག་ཚུལ་་གཉིས་ལ་ཁྱད་པར་འདུག་གམ།
༄༅། དེ་རིང་འདིར་ཁ་རྡའི་གསལ་བཤད་གནང་བ་དེ་ལ་ལྟོས་ནས་དགའ་བོ་བྱུང་།
མུ་མཐུད་ནས་ཡག་པོ་ཡོང་བའི་རེ་བ་ཆེ།
དྲ་ཐོག་ཏུ་རྒྱུ་མཚན་ཡང་དག་མེད་པས་ཉོག་གཏམ་མང་པོ་བྱུང་ན་དགོས་དོན་ག་ལ་ཡོད།
དེ་ལས་དཔྱོད་ལྡན་དག་གིས་གཟུར་གནས་ངང་བསམ་ཚུལ་དང་རྩོམ་ཡིག་ལྷུག་པོར་ཡོང་བས་སྨོན་འདུན་ཞུ།
ཁ་བརྡའི་གསལ་བཤད་འདི་ཡག་པོ་འདུག མོས་མཐུན་ཡོད། རྒྱབ་སྐྱོར་ཡོད།
ནོར་ནག་ཟེར་བ་དེ་གླེན་པ་ནོར་འདྲ་ཞིག་ཡིན་པ་འདྲ། ཚིག་གཅིག་བཤད་ཀྱང་ཡིག་ནོར་དང་ལོག་བཤད་ཏག་ཏག་རེད། གོང་དུ་དྲ་གྲོགས་མང་པོས་དྲ་དཔོན་གྱི་ཐག་གཅོད་ལ་རྗེས་སུ་ཡི་རངས་ཞུས་འདུག་པ་ལ། ཕོ་རོག་དཀར་པོས་དེར་ཟུར་ཟ་བྱས་འདུག
ཨ་དགའ་བ་ལ་ད་དགའ་བ་ལ། ༧གོང་ས་མཆོག་སྐུ་གཟུགས་བདེ་ཐང་ཡིན་པ་སྨན་པས་གསར་ལམ་ཁག་ལ་འབྲེལ་བརྗོད་བྱས་འདུག ཁ་ཉིན་ཁོང་སྐུ་ཁམས་ཅུང་བདེ་མིན་གྱི་གཏམ་ཐོས་པས་མགོ་ཐོག་གི་གནམ་ལྡིབ་པ་ལྟ་བུའི་སེམས་ངལ་བྱུང་རུང་ས་མཐའ་འདི་ན་སྡུག་བསྔལ་བཤད་སའི་བོད་མི་ཞིག་ཀྱང་མཐོང་ཁག་པོ་འདུག ད་ཡིན་ན་འགྲིག་སོང་།
དུས་བབ་གསར་ཤོག་ཏུ་ཡང་གཤམ་གསལ་དག་བཀོད་འདུག
༡། ཡིག་འཁྱམ་དང་ཡིག་འབུ། ཁེ་ཚོང་ཁྱབ་བསྒྲགས་ཀྱི་ངོ་བོ་ཡོད་པའི་དངོས་ཟོག་དང་བརྡ་འཕྲིན་རིགས་ཐད་འགོད་དང་འདྲེན་འགོད་བྱ་མི་ཆོག
༢། གཞན་ལ་གནོད་པ་དང་། འཇིགས་སྐུལ། མཚང་འདྲུ། མིང་ཤོས། ཕྲ་མ། བསླུ་བྲིད། ཆགས་སྲེད། ཚིག་རྩུབ། སྒྲོ་སྐུར་ཡོད་པའི་བརྡ་འཕྲིན་དང་ཁྲིམས་འགལ་གྱི་རྒྱུ་ཆ་རིགས་བཀོད་མི་ཆོག
༣། བོད་ཀྱི་དུས་བབ་ལས་བྱེད་དང་དྲ་རྒྱའི་གླེང་སྟེགས་ཀྱི་སྐུ་མགྲོན་དང་མགོ་འཛིན་པ་གང་རུང་ལ་བརྫུ་བའམ་མིང་དང་མཚན་གནས་བརྐུས་ཏེ་ངོ་ཚབ་བྱ་མི་ཆོག
༤། བརྡ་འཕྲིན་དང་རྒྱུ་ཆ་ངོ་མ་གང་རུང་གི་ཁུངས་མར་བརྫུ་མི་ཆོག
༥། དྲ་ངོས་ནས་ཚོགས་མི་གཞན་གྱི་སྒེར་དབང་རྒྱུ་ཆ་རིགས་བརྐུ་བའམ་དེར་གསོག་ཉར་བྱ་མི་ཆོག
༦། གླེང་སྟེགས་དང་དེའི་བརྗོད་གཞི་ལ་འབྲེལ་བ་མེད་པའི་བརྡ་འཕྲིན་འདྲེན་འགོད་དང་འགྲེམ་འགོད་བྱ་མི་ཆོག
༸། གླེང་སྟེགས་ནང་གི་མི་གཞན་པར་སྟངས་འཛིན་དང་འགོག་རྒོལ་བྱ་མི་ཆོག
༨། མི་རིགས་དང་རིགས་རུས། ཆོ་འབྲང་། ཆོས་ལུགས། ལས་རིགས། ལུང་ཚན། ཕོ་མོ། ལོ་ཚོད། ཁྱིམ་བརྒྱུད་བཅས་ཀྱི་ཐད་ནས་དམའ་འབེབས་དང་ཁྱད་གསོད་བྱ་མི་ཆོག
༩། ཡུལ་ལུང་དང་ས་ཁུལ། རྒྱལ་ཁབ། རྒྱལ་སྤྱི་བཅས་ཀྱི་ཁྲིམས་དང་སྒྲིག་གཞི། ལམ་ལུགས། བཀའ་ཁྱབ་བཅས་ལ་གཏོར་བརླག་དང་གཏོར་བརླག་བྱ་བར་བརྒྱུད་སྐུལ་བྱ་མི་ཆོག
༡༠། གནད་དོན་རྩོད་གླེང་བྱོས། འོན་ཀྱང་། འཁོན་འཛིང་མ་བྱེད། བསམ་ཚུལ་དང་འདོད་ཕྱོགས་ཀྱིས་ཁེངས་པའི་སྤྱི་ཚོགས་ཤིག་ཏུ། མི་རྣམས་ཀྱི་འཐད་ཕྱོགས་མི་འདྲ།
༡༡། ཁྱོད་རང་གིས་གླེང་སྟེགས་སྟེང་སྤེལ་བའི་བརྡ་འཕྲིན་དང་རྒྱུ་ཆའི་ནང་དོན་ལ་ཁྱེད་རང་ཁོ་ནས་འགན་འཁྱེར་དགོས། བོད་ཀྱི་དུས་བབ་ཀྱིས་ཁྱོད་ཀྱི་བརྡ་འཕྲིན་མཐའ་དག་གི་ནང་དོན་ལ་ཞིབ་བཤེར་བྱེད་མི་ཐུབ་པས་བརྡ་འཕྲིན་གྱི་ནང་དོན་དང་རྗེས་འབྲས་ལ་འགན་ལེན་མི་བྱེད། འོན་ཀྱང་། ག་དུས་དགོས་གལ་ལ་ཐུག་དུས་ཁྱོད་ཀྱི་བརྡ་འཕྲིན་དེ་གསུབ་པ་དང་སྤོར་བ། བཅོ་སྒྲིག་སོགས་བྱེད་རྒྱུའི་ཐོབ་ཐོང་ཡོད་དགོས་པ་མ་ཟད། ཁྱོད་རང་དྲ་ངོས་འདིའི་གླེང་སྟེགས་ནས་ཕྱིར་འབུད་བྱེད་པའི་དབང་ཚད་ཀྱང་ཡོད་དགོས།
ཁྲིམས་ཇེ་དམ་དང་ཇེ་དམ། སྒྲིག་གཞི་ཇེ་མང་དང་ཇེ་མང་། ད་རང་དབང་དང་གུ་ཡངས་ཡོད་པའི་ས་ཆ་ཞིག་འབྲོག་དགོན་གྱི་ཐང་སྟོང་ཚོ་ལས་གཞན་མི་འདུག
བསམ་བློ་གུ་དོག་དང་གཟབ་གཟབ་ཀྱི་ངང་ནས་གང་ཞིག་འབྲི་དགོས་བྱུང་ན། སེམས་ལ་ཡང་ཅང་དྲན་རྒྱུ་མི་འདུག ཁ་ནས་ཀྱང་གང་ཡང་ཐོན་རྒྱུ་མི་འདུག གལ་སྲིད་ཁ་གཏད་ཀྱི་མི་ཀླུ་སྨྱོན་ནམ་ཡང་ན་སྤོབས་པ་མཐའ་ཡས་འདྲ་ཞིག་ཡོད་ན། ངའི་ངག་ལ་ལྷ་མོ་དབྱངས་ཅན་ནམ་ཡང་ན་བདུད་རྩི་སྟེ་སྐྱུར་ཆང་ཞུགས་པ་དང་འདྲ་སྟེ་ད་ཅི་བྱེད། རྒྱ་ནག་གི་དྲག་པོའི་ཁྲིམས་གཞིར་ཁ་གཏད་གཅོག་མ་ཐུབ་པ་ཞིག་ནས་ཁ་བརྡ་ཉམ་ཆུང་འདིའི་ཐོག་ངར་ངར་བྱེད་དགོས་དོན་ཅང་མི་འདུག
གལ་སྲིད་ང་ཁ་བརྡའི་དྲ་དཔོན་ཡིན་ན། ངས་འདི་ལྟར་འབྲི་ས་རེད།
འཇིགས་སྐུལ་གྱི་རིགས་དང་། ཧ་ཅང་ཐལ་ཆ་ཆེ་བ་དང་མི་ཚང་མར་ཕོགས་ཐུག་འགྲོ་བའི་སྐད་ཆ་དེ་འདྲ་འདི་ནས་བསམ་ཞིབ་ཀྱིས་བསུབ་རྒྱུ་ཡིན། དེ་མིན་མི་བརྒྱ་སྟོང་མང་པོ་འཛོམས་པའི་ས་ཚིགས་འདི་འདྲར་མི་འདྲ་མིན་སྣ་ཚོགས་ཡོད་པས་སྐད་ཆ་ཡག་ཉེས་འདྲ་མིན་གོ་རྒྱུ་ཡིན་པས་བློ་རྒྱ་ཆེ་སྐྱེད་དང་བཟོད་སྒོམ་གནང་རོགས་ཅེས་འདི་ཙམ་མ་གཏོགས་ཁྲིམས་མང་པོ་བཟོ་ས་མ་རེད།
ང་ནི་རྒྱལ་བོ་དང་དབང་ཡོད་སྤྱད་མཁན་ལ་ངོ་རྒོལ་ཡོད རྒྱལ་བ་རིན་པོ་ཆེ་ཡི་མཛད་པ་རླབས་ཆེན་རེད།
ཡིན་ཀྱང་ཁོང་རྒྱལ་བོ་དང་། ལྷ་རུ་བཀུར་བ་ནི་མ་འོངས་བའི་བོད་ཀྱི་ཆབ་སྲིད་ལ་དུད་སྣ་འདྲེན་པ་ལས་།
ཡར་རྒྱས་ཞིག་ཅི་ལྟར་ཐོབ། མི་མང་གིས་བསྟོད་པ་རྐྱང་རྐྱང་བྱེད་པ་ནི་སྤྱི་ཚོགས་ལ་དུད་རྩ་འདེབ་པ་དང་འདྲ།
ཏཱ་ལའི་བླ་མའི་གསུང་ཁ་ཤས་དང་བ་འདྲེན་པ་ཞིག་མ་རེད། རབ་ཡིན་ན་ཁ་བརྡ་ཚང་གིས་མི་ཡི་ཞལ་ལྕེ་མ་བཀག
དྲི་བ་ཞིག་ཡོད།
ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་ཁོང་གིས་བཏང་འཛིན་བྱས་ཆོག་པ་ཞིག་ཡིན་ནམ།
ཏཱ་ལའི་བླ་མ་ངེས་པར་དུ་བོད་ནང་ལོགས་སུ་འཁྲུངས་དགོས་བ་མིན་ནམ།
ཏཱ་ལའི་བླ་མ་ལོ་བརྒྱ་ལོན་པར་ཤོག
ཏཱ་ལའི་བླ་མ་སྐུ་གཅིག་འཁྲུངས་པར་ཤོག
བོད་རྒྱལ་ལོ།།
གོང་དུ་མེ་རོའི་དྲི་བ་གཉིས་དང་འདུན་པ་ཁ་ཤས་བཏོན་འདུག་པ་མདོར་བསྡུས་ན། ཏ་ལཱའི་བླ་མས༼ཕྱི་མིས་H.Holinessཟེར་ཐུབ་སར་རང་རེ་འགོང་བོ་ཁ་ཤས་རྨོངས་དད་སངས་མདོག་གི་འབོད་སྟངས༽རང་གི་རང་ལ་བཀོད་པ་འཐེན་མི་ཆོག་པར་ཡང་སྲིད་བོད་དུ་ཕེབས་དགོས་པ་དང་། ཁ་བརྡ་དྲ་བས་ཁོང་ལ་བབ་ཅོལ་བཤད་མཁན་བཀག་པ་འགྲིག་མ་སོང་མདོག་མདོག་འདི་རེད། མེ་རོ་ཉོན་ཤོག ༧གོང་ས་མཆོག་གི་ཡང་སྲིད་དགོས་མིན་བོད་མི་མང་གིས་ཐག་གཅོད་དགོས་པ་དང་། གལ་ཏེ་ཁོང་གི་སྐུ་རིང་ལ་བོད་དོན་བདེན་མཐའ་སེལ་མ་ཐུབ་པར་ཡང་སྲིད་ཅིག་གི་དགོས་གལ་བྱུང་ན་རང་དབང་ལུང་བ་ཞིག་ལས་གུང་ཁྲན་གྱི་དབང་འོག་ཏུ་མིན་པ་ཁོང་གི་དགོངས་གཞི་རེད། དེའི་གནད་འགག་དང་གལ་ཆེ་རང་བཞིན་བོད་མི་ཀླད་པ་ཡོད་མཁན་ཐམས་ཅད་ལ་འགྲེལ་བཤད་མི་དགོས་མོད་མེ་རོས་ཧ་གོ་མི་འདུག ཡང་༧གོང་ས་མཆོག་གི་གསུང་གིས་མི་མང་བོ་དངས་པ་འདྲེན་སར་མེ་རོའི་དངས་ག་འགག་དགོས་དོན་གང་ཡིན་ནམ?
མེ་རོའི་དྲི་བ་དེ་ཚོ་བོད་ཀྱི་དགོན་པའི་ནང་གི་གྲྭ་བ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་སྐབས་ཀྱི་དྲི་གཞི་ལྟ་བུ་ཞིག་ཏུ་སྣང་། གང་ལྟར་འཛམ་གླིང་འདིར་དབང་ཡོད་སྤྱོད་མཁན་ལ་ངོ་རྒོལ་མེད་པའི་མི་ནི་ཧ་ཅང་ཉུང་ཉུང་རེད། ཡིན་ནའང་རྒྱལ་བོ་དང་སྲིད་འཛིན་ཡོད་ཚད་དབང་ཡོད་སྤྱོད་མཁན་མ་རེད་ལ། རྒྱལ་བ་རིན་པོ་ཆེ་ནི་དེ་བས་ཀྱང་མ་རེད། ཐ་ན་རྒྱལ་བ་རིན་པོ་ཆེར་མངོན་སུམ་དུ་དགག་པ་རྒྱག་མཁན་འཇམ་དབྱངས་ནོར་བུས་ཀྱང་། རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་སྟེགས་ནས་དགོངས་པ་ཞུས་ན་ག་ལ་འགྲིག རྒྱལ་བ་རིན་པོ་ཆེ་ནི་རྒྱལ་བ་རིན་པོ་ཆེའི་ངོ་བོར་འདེམས་པ་མ་རེད། ཁོང་འཁྲུངས་པ་རེད་ཅེས་བཤད་དེ། རྒྱལ་བ་རིན་པོ་ཆེ་མུ་མཐུད་ནས་བོད་ཀྱི་དབུ་འཁྲིད་གནང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་པ་ཡིད་འཇགས་འཚལ། སྔར་རྒྱལ་བ་རིན་པོ་ཆེ་སོག་པོར་ཡང་འཁྲུངས་མྱོང་ལ། དེང་སང་རྒྱལ་བ་རིན་པོ་ཆེ་བོད་གཅིག་པུའི་མ་རེད། འཛམ་གླིང་གི་རྒྱལ་བ་རིན་པོ་ཆེ་རེད། དེ་མིན་ན་ས་གུང་ཁྲན་དང་གནམ་གུང་ཁྲན་ཟེར་བ་དེ་ཁོང་གི་འདྲ་པར་ཞིག་ལ་ཞེད་དགོས་དོན་ཡོད་མ་རེད།
བོད་ཀྱི་གཏམ་དཔེ། རང་མགོ་རང་གི་གཡོག་ན་དགའ་གྱི་ལེ། ཞེས་བ་ལྟར་། ཏཱ་ལེ་བླ་མ་འཛམ་གླིང་གི་རེད་དམ།
འཛམ་གླིང་དེད་དཔོན་རེད་དམ། ཁྱེད་ཅག་གི་འཛམ་ནི་བོད་ལས་ཀྱང་ཆུང་བ་ཞིག་ཡིན་ནམ། འདི་དག་ནི་བོད་མིས་རང་མགོ་རང་གིས་གཡོག་པ་ལས་ཅི། ཏཱ་ལའི་བླ་མ་ནི་བོད་ཀྱི་རེད། བོད་ལ་མཁོ་བ་ལས། འཛམ་གླིང་ལ་མཁོ་མིན་ཤེས་དཀའ། སྐུ་ཕྲེང་འདིས་མི་མང་ལ་ཤུགས་རྐྱེན་ཐེབས་ཡོད་མོད། སྐུ་ཕྲེང་རྗེས་མ་འདི་ལྟར་ཡོང་བར་སུས་བརྗོད་ཐུབ་། ཡིན་ཀྱང་ཏཱ་ལའི་བླ་མ་ནི་སྐབས་དེ་ཡང་བོད་ཀྱི་ཡིན་པ་ངེས་གཏན་ཡིན་ན་ལ། འཛམ་གླིང་གི་མིན་ནོ།།
འཛམ་གླིང་གི་ཏྰ་ལའི་བླ་མ།
མེ་རི་ཟེར་བ་ཞིག་ནས། ་་ ཏཱ་ལེ་བླ་མ་འཛམ་གླིང་གི་རེད་དམ། འཛམ་གླིང་དེད་དཔོན་རེད་དམ། ཁྱེད་ཅག་གི་འཛམ་ནི་བོད་ལས་ཀྱང་ཆུང་བ་ཞིག་ཡིན་ནམ། འདི་དག་ནི་བོད་མིས་རང་མགོ་རང་གིས་གཡོག་པ་ལས་ཅི། ་་ ཟེར་བ་ཞིག་བྲིས་འདུག་པར་ལན་གྱི་ཚུལ་དུ་བྲིས་པ་ཡིན།
འཛམ་གླིང་གང་སར་ཕྱིན་མྱོང་མཁན་ཞིག་གི་ཡིད་ངོའི་འཛམ་གླིང་དེ་བོད་སྤྱི་ཚོགས་ལ་རྩ་ནས་ཁ་བྲལ་མ་མྱོང་བ་ཞིག་གི་ཡིད་ངོའི་བོད་ལས་ཆེས་ཆེར་ཆུང་བ་ཡོད་པ་རེད།
གལ་སྲིད་ཁྱེད་རང་ཡོ་རོབ་ལ་འགྲོ་ན། ང་བོད་པ་ཡིན་ལོབ་དང་། ལོ་ལོན་རྒན་རྒོན་དང་ཆུང་བྱིས་པ་ཚུད་ཆད་ཀྱིས་ཏྰ་ལའི་བླ་མ། ཏྰ་ལའི་བླ་མ་ཟེར་ནས་ཁྱེད་ལ་འཛུམ་གྱིས་བསུ་གི་རེད། གལ་སྲིད་ཁྱེད་རང་བྱང་ཨ་རིར་འགྲོ་ན་དཔེ་ཚོང་ཁང་གང་རུང་ཞིག་ཏུ་རང་དགར་འཛུལ་ཕྱིན་དང་། ཏྰ་ལའི་བླ་མས་མཛད་པའི་དེབ་དང་ཁོང་གི་སྐོར་གྱི་དེབ་མེད་ས་ཕལ་ཆེར་ཡོད་མ་རེད། ཉུང་མཐའ་གཅིག་གཉིས་ནས་མང་མཐའ་བཅོ་ལྔ་ཉི་ཤུ་ཡོད་རེད། གལ་སྲིད་ཁྱེད་རང་ལྷོ་ཀོ་རི་ཡ་དང་འཇའ་པན་གང་རུང་ཞིག་ཏུ་འགྲོ་ན་གནམ་ཐང་ལས་ཕྱི་ལ་ཐོན་མི་དགོས་པར་ཏྰ་ལའི་བླ་མ་ཟེར་ནས་མཐེ་བོང་སྟོན་མཁན་ལ་ཡང་ཡང་ཐུག་གི་རེད། གནས་གང་ཞིག་ཏུ་ཁྱེད་རང་ཐེ་ལན་ཌི། ཝེ་ཐི་ནམ། ཐེ་ཝན་སོགས་ཀྱི་མི་ཞིག་ལ་ཕྲད་ན་ཏྰ་ལའི་བླ་མ་ཟེར་ནས་ཕྱག་གཉིས་ཐལ་མོ་སྦྱོར་གྱི་རེད། མིང་གྲགས་ཅན་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་ཕྱིན་ན་ཏྰ་ལའི་བླ་མའི་གསུངས་ལ་བགྲོ་གླེང་བྱེད་པ་ཐུག་རྒྱུ་འདུག མིང་གྲགས་མེད་པའི་བཟོ་གྲྭ་ཞིག་ཏུ་ཕྱིན་ན་ཏྰ་ལའི་བླ་མའི་པར་འཁྱེར་བའི་མིར་ཐུག་རྒྱུ་འདུག
ཝན་ཁུའུ་ཝུར་དུ་ཏྰ་ལའི་བླ་མའི་འགྲེམས་སྟོན་ཁང་བཙུགས་པ་རེད་ཟེར། ཨ་རི་ལ་ཏྰ་ལའི་བླ་མའི་ཐེབས་རྩ་ཁང་བཙུགས་པ་རེད་ཟེར། ར་ཞི་ཡ་ལ་ཏྰ་ལའི་བླ་མའི་སྐུ་ཚབ་ཡོད་པ་རེད་ཟེར། ལྷོ་ཨ་ཧྥེ་རི་ཀར་ཏྰ་ལའི་བླ་མའི་གྲོགས་པོ་ཡོད་པ་རེད་ཟེར།
ཏྰ་ལའི་བླ་མས་ཁ་སང་ལོན་ཌོན་དུ་བྱམས་དང་སྙིང་རྗེའི་སྐོར་གསུངས་ཆོས་གནང་གི་འདུག ཏྰ་ལའི་བླ་མས་ད་ནངས་ཝ་ཤིང་ཌོན་དུ་ཚན་རིག་པ་དང་མཉམ་བགྲོ་གླེང་གནང་གི་འདུག ཏྰ་ལའི་བླ་མས་དེ་རིང་ཨོ་ཁྲ་ཝ་ལ་ཆོས་ལུགས་མཐུན་སྒྲིལ་གྱི་སྐོར་གསུང་བཤད་གནང་གི་རེད། ཏྰ་ལའི་བླ་མས་སང་ཉིན་རྒྱ་གར་དུ་ཁོར་ཡུག་སྲུང་སྐྱོབ་སྐོར་གསུངས་བཤད་གནང་གི་རེད།
ཏྰ་ལའི་བླ་མས་འཛམ་གླིང་གི་འབྱུང་འགྱུར་གླེང་། ཏྰ་ལའི་བླ་མས་བོད་དོན་གྱི་འཐབ་རྩོད་གླེང་། ཏྰ་ལའི་བླ་མས་ཨི་རག་གི་དཀའ་ངལ་གླེང་། ཏྰ་ལའི་བླ་མས་མིའི་སྤྱི་ཚོགས་གླེང་། ཏྰ་ལའི་བླ་མའི་སྲོག་ལྡན་ཀུན་གྱི་འཚོ་གནས་གླེང་། ཏྰ་ལའི་བླ་མར་རྒྱལ་ཁབ་ལ་དབྱེ་བ་མི་འདུག ཏྰ་ལའི་བླ་མར་མི་རིགས་ལ་དབྱེ་འབྱེད་མི་འདུག ཏྰ་ལའི་བླ་མར་ཤ་མདོག་ལ་ཁྱད་པར་མི་འདུག ཏྰ་ལའི་བླ་མས་འཛམ་གླིང་ཚང་མ་གཅིག་པ་རེད་ཟེར།
འཇར་མན་དུ་འཛམ་གླིང་ཐོག་ཆེས་རྣམ་དཔྱོད་ལྡན་པའི་མི་སུ་རེད་ཟེར་ནས་འདེམས་བཅུག་ན་ཏྰ་ལའི་བླ་མ་འདེམས། ཁེ་ན་ཌ་རུ་འཛམ་གླིང་ཐོག་རླབས་ཆེ་བའི་ཆོས་དཔོན་སུ་རེད་ཟེར་ན་ཏྰ་ལའི་བླ་མ་འདེམས།
ཏྰ་ལའི་བླ་མ་གང་དུ་ཕེབས་ན་དེ་རུ་མི་ཚོགས་ཀྱི་འཚང་ཁ་ཤིག་ཤིག ཏྰ་ལའི་བླ་མས་གང་དུ་གསུངས་བཤད་གནང་ན་དེ་རུ་མི་ཚོགས་ཀྱི་དགོད་སྒྲ་ལྷང་ལྷང་།
མགོ་སེར་གྱི་མགོ་ཁྲིད་ཚོས་ཏྰ་ལའི་བླ་མ་གླེང་། མགོ་སེར་གྱི་མི་དམངས་ཚོ་ཏྰ་ལའི་བླ་མར་སྙིང་ནས་དགའ། མགོ་སེར་གྱི་བྱིས་པ་ཚོས་ཏྰ་ལའི་བླ་མའི་སྐོར་ལ་རྩོམ་ཡིག་འབྲི། མགོ་ནག་རྩམ་གཟན་ཚོས་ཏྰ་ལའི་བླ་མ་ལྷ་རུ་བཀུར། མགོ་ནག་འབྲས་གཟན་ཚོ་ཏྰ་ལའི་བླ་མ་མཇལ་ཕྱིར་བྲེལ་བ་ལངས།
ངས་ཁོང་གི་བསམ་གྱིས་མི་ཁྱབ་པའི་མཛད་འཕྲིན་མཐོང་བས། ཁོང་ནི་དངོས་གནས་ནང་པའི་ཆོས་གཞུང་དུ་མཐོང་རྒྱུ་ཡོད་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཟེར་བ་དེའི་སྤྲུལ་བ་མིན་ནམ་སྙམ་བྱུང་ལ། ཁོང་གི་དམིགས་པ་མེད་པའི་བྱམས་བརྩེ་དེ་ཕྱག་སྟོང་དུ་སྤྲུལ་ནས་སྐྱེ་བོ་གདུང་བས་མནར་བ་ཀུན་གྱི་མགོ་བོར་བྱིལ་བྱིལ་བྱེད་ཀྱི་ཡོད་པའི་ཉམས་སྣང་ཤར། ཁོང་གི་མཉེས་གཤིན་དང་བས་བརླན་པའི་སྙིང་རྗེ་དེ་སྤྱན་སྟོང་དུ་སྤྲུལ་ནས་སྐྱེ་འགྲོ་ཉམ་ཐག་ཀུན་ལ་གཟིགས་པས་སྐྱོང་བཞིན་པའི་ཚོར་སྣང་བྱུང་། གལ་སྲིད་ཁོང་ལྷ་ཞིག་གི་སྤྲུལ་བ་ཡིན་ན་ང་ཁོང་གི་མཛད་འཕྲིན་ལ་ཡ་མཚར་གྱི་མི་འདུག གལ་སྲིད་ཁོང་མི་ཞིག་ཡིན་ན་ད་གཟོད་ང་ཁོང་གི་མཛད་འཕྲིན་ལ་ཡ་མཚར་གྱི་འདུག
ངས་མུ་མཐུད་ཁོང་གི་མཛད་པ་རྣམ་ཐར་འཚོལ་རྟོག་བྱས། ཁོང་ནས་རང་ཉིད་སྤྲུལ་བ་དེ་འདྲ་ཡིན་པ་ངོས་བཞེས་གནང་མི་འདུག རང་ཉིད་ ་་ཨ་མདོའི་བུ་གུ་སྣབས་འཛར་་ ཅིག་ཡིན་གསུངས་འདུག་པས། ངའི་སེམས་ལ་དང་པོ་ཁོང་ཡང་ང་ཚོ་ནང་བཞིན་སྤྱིར་བཏང་གི་བུ་གུ་ཞིག་རེད་སྙམ། ཡང་སྤྱིར་བཏང་རང་ཞིག་ཀྱང་མིན་ཏེ་ཁོང་ཆུང་ཆུང་བྱིས་པའི་དུས་ནས་ཏྰ་ལའི་བླ་མ་ཞེས་པའི་མིང་གི་སྙན་པ་དེ་ཐོབ་འདུག ཏྰ་ལའི་བླ་མ་ནི་སྤྱན་རས་གཟིགས་ཀྱི་དོན་དང་གཅིག་པ་རེད། དེས་ན་ཏྰ་ལའི་བླ་མ་ཞེས་པའི་མིང་འདི་གཅིག་པོ་མིན་པར་སྤྱན་རས་གཟིགས་ཟེར་བའི་མིང་འདིའང་ཁོང་ལ་ཐོབ།
ཡང་སྤྱིར་བཏང་རང་ཞིག་མིན་ཏེ། ང་ཚོས་ཆུང་བྱིས་པའི་དུས་ནས། འགའ་རེས་ཁྲིམས་དང་། འགའ་རེས་རྩོམ་རིག འགའ་རེས་ལོ་རྒྱུས་བཅས་བསླབ་གཞི་མི་འདྲ་བ་རེ་འདེམས་པ་རེད། ཡིན་ན་ཡང་ཁོང་གི་བསླབ་གཞི་བྱམས་དང་སྙིང་རྗེ་ཁོ་ན་རེད། ཁོང་ལ་དམིགས་ཡུལ་གཅིག་རང་གཅིག་ཡོད་དེ། དེ་ནི་རང་ཉིད་སངས་རྒྱས་རྒྱུ་ཁོ་ན་རེད། ཁོང་ནས་ཉི་མ་རེ་རེ། ཟླ་བ་རེ་རེ། ལོ་རེ་རེ་བྱས་ནས་བྱམས་དང་སྙིང་རྗེ་སློབ་སྦྱོང་གནང་། བྱམས་དང་སྙིང་རྗེ་ཉམས་ལེན་གནང་། བྱམས་དང་སྙིང་རྗེའི་ཆོས་གསུངས། ལོ་ངོ་བདུན་ཅུ་ལྷག་ལ་བསླབ་གཞི་གཅིག་ཁོ་ན་བསླབས། ལོ་ངོ་བདུན་ཅུ་ལྷག་ལ་དམིགས་ཡུལ་གཅིག་ཁོ་ན་བསྙེགས། སྔོན་མའི་སྤྱིར་བཏང་གི་བུ་གུ་སྣབས་འཛར་དེ་ད་ལྟ་སྤྱིར་བཏང་མིན་པར་དངོས་སུ་སྤྱན་རས་གཟིགས་སུ་གྱུར་འདུག་པ་ང་ལ་ངེས་ཤེས་སྐྱེས་བྱུང་།
ངས་ཨ་རི་དང་ཁེ་ན་ཌའི་ནང་ཐེངས་གསུམ་ལ་ཁོང་གི་ཨ་མའི་འོ་ཞོ་ལྟ་བུའི་བཀའ་སློབ་ཉན་རྒྱུའི་བསྐལ་བཟང་གི་གོ་སྐབས་ཐོབ། སྤྲོ་དགའི་འགུལ་ཡོམ་གྱི་རྦ་རླབས་གཡོ་བཞིན་པའི་མཐའ་མེད་པའི་མི་ཚོགས་ཀྱི་རྒྱ་མཚོའི་ཁྲོད་འོད་སྟོང་ལྡན་གྱི་ཉི་མ་བཞིན་འཛུམ་དམུལ་ལེར་བྱོན་ཐེངས་རེར་ང་རང་འཇིག་རྟེན་བདེ་སྡུག་གི་སྣང་བ་ཐམས་ཅད་འགག་ནས་སྤྲོ་དགའི་ཞིང་ཁམས་གཞན་ཞིག་ཏུ་དྲངས། དེ་བས་ངས་ ་་མཐོང་གྲོལ་་ ཟེར་བའི་ཚིག་འདི་གཉིས་ལ་བསམ་བློ་ཡང་ཡང་གཏོང་དགོས་བྱུང་།
ཁོང་ནས་ཡང་ཡང་ང་གྲྭ་རྐྱང་ཕལ་བ་ཞིག་ཡིན་གསུངས། ཁོང་ནི་མི་རིགས་དང་རྒྱལ་ཁབ་འདྲ་མིན་གྱི་མི་དཔུང་མང་པོ་འདིའི་དགའ་འབོད་དང་བསྟོད་བསྔགས་ཁྲོད་འཛུམ་བཞིན་བཞུགས་པ་མཐོང་བས་ངའི་སེམས་སུ་ཁྱེད་རང་གྲྭ་བ་གྲྭ་རྐྱང་ཞིག་ཅི་ལ་ཡིན་སྙམ།
ཡང་ཁོང་ནས་ང་ལ་གཞན་གྱི་ལུས་སེམས་གསོ་ (healing power) བར་བྱེད་པའི་ནུས་པ་མེད་གསུངས། ཡིན་ན་ཡང་། ཁོང་གི་རྩེད་མཚར་གྱི་བཞད་མོ་རེ་རེས། ནམ་རྒྱུན་བཅོས་མིན་གྱི་འཛུམ་དང་དགོད་སྒྲ་མཐོང་རྒྱུ་དཀོན་པའི་ནུབ་གླིང་གི་མི་སེམས་པ་ཐང་ཐང་ཨེ་ཡིན་བསམ་པ་འདི་དག་དགོད་སྒྲ་ཐག་གེར་ཕྱིན་པ་དང་མི་རེ་རེའི་གདོང་པ་འཛུམ་གྱིས་ཁེངས་འདུག་པ་མཐོང་བས་ངས་ཁོང་ལ་གཞན་གྱི་ལུས་སེམས་གསོ་བར་བྱེད་པའི་ནུས་པ་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་ཡིད་ཆེས་འཕེལ།
འཕྲོས་བཤད་ཅུང་མང་སོང་། མདོར་དེད་ན་གོང་གསལ་འདི་ཚང་མ་ཏྰ་ལའི་བླ་མ་འཛམ་གླིང་གི་ཏྰ་ལའི་བླ་མ་ཡིན་པའི་སྒྲུབ་བྱེད་དུ་བྲིས་པ་ཡིན།
ནོར་བཅོས། འཛམ་གླིང་ཚང་མ་ཁྱིམ་ཚང་གཅིག་རེད།
ཁ་བརྡ་ཚང་ལ་གོ་བརྡ་སྤྲོད་པ། དེ་རིང་གུང་གསེང་ལ་སེམས་ནད་ཆེ་བའི་སྨྱོ་གཏམ་དང་ཆང་འཐུང་དྲགས་པའི་བཟི་གཏམ་བསྲེས་མ་ཞིག་བཤད་རྒྱུ་ཡིན་པས། གལ་སྲིད་ཁོ་བོ་ཁྱེད་ཅག་གི་དྲ་མིའི་ནང་རྩ་འགོག་བྱས་ཀྱང་འགྱོད་པ་མེད། གང་ལྟར་དྲན་པ་འདི་བཤད་ངེས་ཡིན།
ཉེ་དུས་ནས་དྲ་དེབ་འདི་བོད་མི་དང་རྒྱ་ཁྱི་ཚོའི་མཐུན་མོང་གི་ལོངས་སྤྱོད་ཏུ་གྱུར་ཏེ། མི་སྙན་པ་དང་མི་བདེན་པ་མང་པོ་འབྲི་བ་དང་། ཚིག་གང་རྣོ་དང་གང་རྩུབ་འགྲན་སྡུར་བྱེད་ས་ཞིག་ལས་བསམ་ཚུལ་སྤེལ་ས་ཞིག་ཏུ་མ་མཐོང་། གལ་སྲིད་ཚོད་འཛིན་བྱེད་ཐབས་ཡོད་ན་མཁོ་ངེས་ཆགས་འདུག
དཔེར་ན་མིའི་མཐའ་མ་དང་ཁྱི་རྔ་མ་ཀུན་གསལ་ཟེར་བ་སོགས་ཀྱིས་བོད་མིའི་དྲ་དེབ་འདི་སྤྱད་ནས་བོད་མི་མཉམ་ཆུང་ཚོའི་སེམས་པ་ལ་རྨ་བཟོ་དང་། རྒྱ་དོན་བསྒྲུབ་བཞིན་པ་སོགས་ཆེས་བཟོད་སྲན་དཀའ་བའི་བློ་ཕམ་བྱུང་། ཐ་ན་རྒྱ་མི་དེང་རབས་ཀྱི་ཤེས་ཡོན་དང་དྲང་བདེན་གྱི་བསམ་བློ་ཡོད་མཁན་ཚོས་ཀྱང་གུང་ཁྲན་ཏང་གིས་བོད་མི་རིགས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་པ་མཐོང་མ་བཟོད་པར། སོ་སོའི་མདུན་ལམ་དང་རྒྱ་ཞེན་དོར་ནས་བོད་མིའི་རང་དབང་གི་ཆེད་དུ་རྒྱ་གཞུང་རྩོད་པ་བརྒྱག་བཞིན་པ་མ་ཟད། འཛམ་གླིང་མི་དམངས་ཀྱིས་ཀྱང་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེས་དང་རྒྱབ་སྐྱོར་གང་ཡོང་བྱེད་ཀྱི་ཡོད་ཀྱང་། ཀུན་གསལ་ལྟ་བུའི་ཁྱི་ཕྲུག་འདི་འདྲར་མི་རིགས་ཀྱི་ལར་ཞེན་ཕར་ཞོག ཐ་ན་སྤྱིར་བཏང་གི་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ཙམ་ཡང་མེད་པ་ཧ་ཅང་སྐྱོ་བོ་རེད།
མི་འདི་འདྲ་ཨ་མའི་བུ་མ་ཡིན་པར་ཁྱི་མོ་ཞིག་གི་ཁྱི་ཕྲུག་ཡིན་ངེས་པས། ཁྱི་མོའི་ཁྱི་ཕྲུག་འདི་ལ་ཁ་ཡ་མ་བྱས་པར་ད་བར་དུ་བཞག་པ་ཡིན། རང་དབང་དང་གུ་ཡངས་། ཉམས་ཆུང་གི་བོད་མིའི་སྤྱི་ཚོགས་ནང་བློ་ཁོག་ཆེན་པོས་ཐ་ན་༧གོང་ས་མཆོག་གི་སྐོར་ལའང་ཚད་ལས་བརྒལ་ལའི་ཚིག་མཚོན་འདེབས་ཕོད་ཀྱང་། རྒྱ་དཔོན་ཚོའི་སྔུན་ནས་པུས་མོ་ས་ལ་བཙུགས་ནས་ངོ་གཡོག་བྱེད་ཀྱི་ཡོད་ཤག་རེད།
ཁྱི་ཕྲུག་ཁྱོད་ཀྱིས་གུང་ཁྲན་ཏང་ལ་ཡིད་ཆེས་དང་བློ་གཏད་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། དེ་ནི་བསམ་མེད་དུད་འགྲོ་ཁྱེད་གུང་ཁྲན་ཏང་ལ་ཆ་རྒྱུས་མེད་པའི་རྨོངས་དད་ཆེ་དྲགས་པ་ཡིན་ཏེ།གནས་སྐབས་རང་གི་མི་རིགས་དང་མིང་སྲིང་བཙོང་བའི་རིན་འབབ་དངུལ་རྔན་ཕྲན་བུ་ཐོབ་ཀྱི་ཡོད་ཀྱང་། ཉིན་ཞིག་རྒྱ་ཁྱི་ཁྱེད་ཀྱི་ལག་པར་ལྕགས་སྒྲོག་གྲང་མོ་ཞིག་བརྒྱབ་ནས་བཙོན་ཁང་ནང་དུ་བཏགས་ཡོད་ཤས་ཆེ།
གུང་ཁྲན་ཏང་གི་ཕ་ལྟ་བུར་བརྩི་བའི་མོ་ཙེ་ཏུང་གིས་ཀྱང་མཐའ་མ་སྲིད་དབང་བརྟན་པོ་ཆགས་པ་དང་། རང་གི་གསར་བརྗེའི་འཐབ་རོགས་དང་ཏང་གི་རྩ་འཛུགས་མི་སྣ་གཙོ་བོ་རེ་རེ་བཞིན་བཙོན་ཁང་དུ་བཅུགས་ནས་ལྟོ་ཤི་ཐེབས་ཏུ་བཅུག་པ་གོ་མྱོང་ངམ། བཙོན་ཁང་མུ་གེ་མ་བཟོད་པར་གོན་པའི་ནང་གི་སྲིན་བལ་ཡང་ཟོས་པ་རེད། དེ་འདྲའི་གུང་ཁྲན་ཏང་དང་ཏང་གི་འགོ་ཁྲིད་ཚོའི་ལོ་རྒྱུས་སྐྱུགས་བྲོ་བོ་དང་བསམ་ཡུལ་འདས་པ་རྣམས་ཀློག་མྱོང་ངམ། སྐྱག་འབུ་འདྲ་བོ་ཁྱེད་ལ་མཇུག་འབྲས་གང་ཡོང་ལྟ་ཆོག ཚེ་ཟད་ཁྱེད་ཀྱིས་གུང་ཁྲན་ཏང་ངོ་ཤེས་ཀྱི་མེད་པ་འདྲ་།
ཡང་ཁ་བརྡ་ཚང་གིས་གོང་ས་མཆོག་ལ་གུས་ཞབས་དང་ཁོང་གིས་མཚན་མཐོང་ལ་གཅེས་སྲུང་བྱེད་རྒྱུའི་རྣམ་འགྱུར་ལ་དགའ་བོ་བྱུང་། འོན་ཀྱང་ཁྱོད་ཚོས་མངོན་གསལ་དོད་པོས་རྒྱབ་སྐྱོར་དང་སྤོབས་པ་ཆེན་པོས་ངོམ་སོ་བྱེད་བཞིན་པའི་མི་སྣ། འཇམ་ནོར་ནི་༧རྒྱལ་བ་རིན་པོ་ཆེ་ལ་གཞི་མེད་ཀྱི་མཚན་སྨད་དང་སྐྱོན་བརྗོད་བྱེད་མཁན་སྔ་ཤོས་གྲས་ཡིན་པ་མཁྱེན་ནམ། འཛམ་གླིང་གི་མི་རིགས་རིས་མེད་དང་དྲག་ཞན་བར་མ་ཚང་མས་༧གོང་ས་མཆོག་གི་མཁྱེན་དཔྱོད་དང་མཛད་རྗེས་ལ་ཡིད་འཕྲོག་ནས། ནོ་ཝེ་ཞི་བདེའི་གཟེངས་རྟགས་སོགས་རྒྱལ་སྤྱིའི་གྲགས་ཅན་གཟེངས་རྟགས་ཆེས་མང་བ་ཕུལ་དང་འབུལ་བཞིན་པའི་སྐབས་ལའང་། ནད་མཁྲིས་པ་ཅན་གྱི་མིག་ནང་ལ་དུང་དཀར་པོའི་ཁ་དོག་སེར་པོ་ཡིན་ཟེར་བ་ལྟར། འཇམ་ནོར་གྱིས་༧རྒྱལ་བའི་དབང་པོའི་སྐྱོན་རྐྱང་ལས་གླེང་རྒྱུ་མེད་དེ། དཔེར་ན་ཁོས་སྔོན་མ་༧རྒྱལ་བ་རིན་པོ་ཆེས་དབྱིན་སྐད་བཤད་དུས་ང་ངོ་ཚ་གི་འདུག་ཟེར་བ་དེ་ནི་ཁོ་རང་གིས་དབྱིན་ཇི་ཕྲན་བུ་ཤེས་པ་སྤྱི་ཚོགས་ཐོག་ཁྱབ་སྒྲག་འགྲོ་ཐབས་ལ་༧གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་བ་མ་རེད་དམ། ད་དུང་༧གོང་ས་མཆོག་གིས་ཁོ་ལ་ཁ་པར་བཏང་ནས་སྡིགས་ར་བསྐུལ་སོང་ཟེར་བ་སོགས་བསྙོན་འཛུགས་གྲངས་ལས་འདས་པ་བྱེད་མཁན་སྔ་ཤོས་གྲས་རེད། དེ་འདྲའི་མི་སྒེར་སེམས་དང་གཡོ་སྒྱུ་ཅན་ཞིག་ལ་ཚད་ལས་བརྒལ་བའི་གདེངས་འཇོག་དང་རྒྱབ་སྐྱོར་བྱེད་པ་དང་དུས་མཉམ་དུ་༧སྐུ་མདུན་ལ་མཚན་སྨད་བྱེད་མི་ཆོག་ཟེར་བ་ནི། ཁ་གཅིག་གི་ནང་ནས་ལྕེ་དཀར་ནག་གཉིས་མཉམ་དུ་གཡུག་པ་མ་རེད་དམ།
འཇམ་ནོར་གྱིས་རྩོམ་ཡིག་གང་འདྲ་ཞིག་འབྲི་ཡང་མི་མང་གིས་དོ་སྣང་སླེབས་ཆེད་ག་དུས་ཡིན་ན་༧རྒྱལ་བ་རིན་པོ་མཆོག་གི་མཚན་བློས་གཏོང་མི་ཕོད་ཀྱང་། ཁོང་གི་སྐོར་ལ་འཁྱོག་བཤད་བྱེད་རྒྱུར་ལངས་ཤོར་ཡོད་པ་དང་། བྱེད་སྟངས་དེ་ནི་དེང་སང་གི་བཟོ་གྲ་ཚོས་གློག་བརྙན་འཁྲབ་མཁན་དང་ལུས་རྩལ་པ་གྲགས་ཅན་ཚོ་སྤྱད་ནས་རང་གི་ཚོང་ཟོག་འཛམ་གླིང་ཐོག་ཁྱབ་སྒྲག་བྱེད་བཞིན་པའི་གཡོ་ཚོང་དེ་ཚོའི་ལད་ཟློས་ཙམ་རེད།
མ་ཟད་འཇམ་ནོར་ནི་ཁྱེད་ཚོས་ངན་པར་བརྩི་བཞིན་པ་ཀུན་གསལ་སོགས་༧་གོང་ས་མཆོག་ལ་ཚིག་མཚོན་འདེབས་མི་ཚོའི་བསམ་བློའི་སྣེ་ཁྲིད་པ་ཐོག་མའི་གྲས་རེད། དེ་ཕྱིར་ཕ་ལ་མཐེ་བོང་བསྒྲེང་བ་དང་བུ་ལ་མཐེ་ཆུང་སྟོན་པ་ནི་དགོད་བྲོ་བོ་ཞིག་རེད། འཇམ་ནོར་གྱི་བོད་མི་རིགས་ཀྱི་དད་པ་དང་དམ་ཚིག་ལ་ཡང་ནས་བསྐྱར་དུ་ཕོག་ཐུག་བཏང་མྱོང་བ་ལས་། མི་རིགས་ལ་ཕན་པའི་བསམ་བློ་གསར་བ་ག་རེ་སྤེལ་འདུག་གམ།
ད་དུང་དོན་གྲུབ་རྒྱལ་ལྟ་བུ་རང་གི་ཚད་ལས་བརྒལ་བའི་ང་རྒྱལ་དང་འཆལ་སྤྱོད་ཀྱིས་ཕམ་ཁ་དང་རང་སྡུག་ཉོ་མཁན་ཚོར་ཡང་། བོད་མི་ཚོས་ཀླད་རྙིང་མཁྲེགས་བཟུང་བྱས་ནས་འཕྲོ་བརླག་ཏུ་བཏང་བ་འདྲ་བོ་ཉེས་འགེལ་བྱེད་ཞོར་ལ། འཇམ་ནོར་སོགས་མགོ་བདེ་དྲན་འཕྲུལ་དང་། ངོ་ཚ་ཁྲེལ་མེད་ཀྱིས་མིང་ཁོ་ན་བཟོ་མཁན་རིགས་ལ་དེ་ཙམ་དགའ་ཞེན་བྱེད་དོན་ཅི་ཡིན་ནམ།
བྱ་བཞག་སྣ་གཅིག་ལ་མཁས་པ་ཙམ་གྱིས་གོ་མི་ཆོད་པར། བོད་མི་རིགས་ཀྱི་གུས་ཞབས་དང་བསྔགས་བརྗོད་ཐོབ་དགོས་ན། མཁས་པའི་སྒང་ལ་བཟང་བཙུན་གཉིས་དང་ལྡན་པ་ཞིག་ངེས་པར་དུ་དགོས་པ་རེད། རྩོམ་ཡིག་འབྲི་མཁས་པོ་ཡོད་ཀྱང་དེ་གསུམ་ཆ་གཅིག་ལས་མ་ཡིན་པས་ཧ་ལས་དོན་མེད། དེ་ཕྱིར་ཁ་བརྡ་ཚང་གིས་མི་གཡོ་ཅན་དེ་ཚོའི་རིགས་ལ་ཐལ་ཆེའི་འུད་བསྟོད་མ་བྱས་ན་བསམ།
རྒྱལ་བ་རིན་པོ་ཆེ་མེད་ན་འཇམ་ནོར་སོགས་ཀྱི་རྩོམ་ཡིག་ཁྱབ་སྒྲག་མི་འགྲོ་བ་དང་། ཀུན་གསལ་སོགས་རྒྱ་ནག་ལ་དགོས་མཁོ་མེད་པས་སོ་བའི་ལས་ཀ་སྤྲོད་མི་སྲིད། དེ་ཕྱིར་བཀའ་ཐང་ནང་དུ་ “ཡང་མིན་ང་གསོལ་བ་ཐོབས་། ཡང་མིན་ང་ལ་བསྐུར་བ་ཐོབས་”ཟེར་བ་ལྟར་༧སྐུ་མདུན་ལ་དད་པ་བྱེད་མཁན་དང་མཚན་སྨད་ཞུ་མཁན་ཚང་མ་ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ཡོད་པ་ཤེས་དགོས།
དཔེར་ན་༧སྐུ་མདུན་ལ་མཚན་སྨད་ཞུ་ཆེད་རྒྱ་ནག་གིས་ཤུགས་ལྡན་བསྟེན་མཁན་ཚོ་དགའ་བོ་བྱེད་པ་ལས། གལ་སྲིད་༧སྐུ་མདུན་འདྲ་བའི་ཞེད་ས་ཞིག་མེད་ཚེ་རྒྱ་ནག་གིས་མི་ངན་འདི་རིགས་ལ་ཁ་ཡ་བྱེད་མི་སྲིད། རྒྱ་དཔོན་ཚའི་སེམས་ནང་ན་མི་རིགས་ཀྱི་བླ་བཙོང་འདི་ཚོར་ཆེ་མཐོང་ཞིག་མེད་པ་ལོས་ཤེས། ནམ་ཞིག་དགོས་མེད་ཆགས་ཚེ་སོ་བ་འདི་རིགས་མཁོ་མེད་ཀྱི་གད་སྙིགས་ནང་གཡུག་ངེས་རེད།
འདི་ནི་རྙོག་བཤད་ལ་རྙོག་ལན་ཞིག་བྲིས་པས་སུན་སྣང་བྱུང་མཁན་ཚོས་སྣང་མེད་གཏོང་རོགས།
འདི་ནས་ངས་ཁ་བརྡ་ཚང་དང་སྟག་སྨྱོན་གཉིས་ལ་རང་ཉིད་ཀྱི་་བསམ་འཆར་ཁ་ཤས་ལྷན་གཅིག་ཏུ་བཤད་རྒྱུ་ཡིན། ཁ་བརྡ་ཚང་གིས་ཟེར་བ་ལྟར་ཁ་བརྡ་ནི་སྒེར་སོ་སོའི་བསམ་ཚུལ་གླེང་སའི་འབབ་སྟེགས་ཞིག་ཡིན་པས་དེ་ཉིད་ལ་སྨྲ་བརྗོད་རང་དབང་གི་རང་བཞིན་ལྡན་དགོས་ལ་དེ་ལ་དྭངས་ལེན་བྱེད་པའི་བློ་ཁོག་ཡང་ཡོད་དགོས།ངས་དྭངས་ལེན་བྱེད་ཟེར་བ་ནི་ཁོང་ཚོའི་བཤད་པའི་སྐད་ཆ་ཡོངས་ལ་བདེན་ཁ་སྟེར་ཞིང་ཡིད་ཆེས་བྱེད་དགོས་ཟེར་བ་མིན། ཁོང་ཚོས་གཞི་མེད་ཉེས་འཛུགས་ཀྱི་སྐྱག་བརྫུན་དེ་དག་ལ་ང་ཚོས་གནས་ལུགས་དང་བདེན་དོན་གྱིས་སུན་འབྱིན་བྱེད་དགོས་པས་དེ་དག་གླེང་སྟེགས་ནས་ཕྱིར་ཕུད་དང་ཚོད་འཛིན་བྱེད་དགོས་མི་འདུག་སྙམ། ང་རང་ཉིད་ལ་མཚོན་ན་༧གོང་ས་མཆོག་འདི་ཕྱི་གཏན་གྱི་སྐྱབས་གནས་སུ་འཛིན་མཁན་ཞིག་ཡིན་པས་དེ་ལ་ཉེས་འཛུགས་དང་སྐྱོན་འདོགས་བྱེད་པ་སེམས་ཀྱི་་ན་ཚ་ཆེ་ཤོས་དེ་ཡིན། ངས་ན་ཚ་དེ་ཡིས་གནས་ལུགས་དང་གཏན་ཚིགས་མང་པོས་དག་སེལ་དང་ར་སྤྲོད་བྱེད་དགོས་པ་ལས་ཁོང་ཚོ་ལས་ནམ་ཡང་གཡོལ་མི་འདོད།
མིའུ་ཕྲུག་གིས་བཤད་པ་འདིར་གནས་ལུགས་འདུག