ད་ཕན། ཁ་བརྡ་ཀློག་མཁན་དང་རྩོམ་སྤེལ་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ། མུ་མཐུད་དུ་ཁ་བརྡ་ཀློག་པ་དང་རྩོམ་སྤེལ་བ། མཆན་བུ་འདེབས་པ་བཅས་ལ་ཁ་བརྡས་དགའ་བསུ་ཞུ་གི་ཡོད་། ད་དུང་། རྩོམ་གྱི་སྤུས་ཀ་དང་མཆན་གྱི་སྤུས་ཀ་ཇེ་ཡག་ཏུ་ཕྱིན་ན། དེ་ལ་ཁ་བརྡས་དམིགས་བསལ་གྱིས་དགའ་བ་སྒོམ་བཞིན་ཡོད་། འདིར་མཆན་བུ་སྤེལ་མཁན་ཚོར་རེ་སྐུལ་འགའ་ཞུ་གི་ཡིན།
དང་པོ།
ད་ཕན། ཁ་བརྡའི་སྒང་ལ་མཆན་བུ་སྤེལ་མཁན་ཚོའི་ནང་དུ་། རྩོམ་མཁན་གཞན་གྱི་དངོས་མིང་བེད་སྤྱོད་གཏོང་མཁན་འགའ་བྱུང་སོང་། གནད་དོན་འདིའི་ཐད་ནས། ཁ་བརྡར་ཡིག་ངག་གཉིས་ཐོག་ནས་ཞུ་གཏུགས་བྱེད་མཁན་ཡང་བྱུང་སོང་། དེར་བརྟེན། མ་འོངས་བར། རྩོམ་མཁན་གཞན་གྱི་དངོས་མིང་བེད་སྤྱད་ནས་ཁ་བརྡའི་སྒང་ལ་མཆན་བུ་བཏབ་ན། མཆན་སྤེལ་མཁན་དེའི་རིགས་ང་ཚོས་གཏན་འགོག་ཞུ་གི་ཡིན།
གཉིས་པ།
ཁ་བརྡར་མཆན་སྤེལ་མཁན་ཚོའི་ནང་ན། གང་ཟག་གཅིག་གིས་མིང་སྣ་ཚོགས་ཀྱི་སྒོ་ནས་མཆན་འདྲ་མིན་སྤེལ་བར་ཐབས་ཤེས་བྱེད་མཁན་འདུག དེ་ཚོའི་རིགས། དག་མཆན་མ་ཐོབ་སྔོན་ནས་ང་ཚོས་འགོག་གི་ཡོད། ད་དུང་ཡང་འགོག་གི་ཡིན།
གསུམ།
ད་ཕན། ཁ་བརྡས་ཚོགས་པ་དང་སྒྲིག་འཛུགས་སོགས་ཀྱི་མིང་བེད་སྤྱོད་བཏང་ནས་མཆན་སྤེལ་མཁན་ལ་དེ་ཙམ་སྟངས་འཛིན་ནན་མོ་བྱས་མེད་། འོན་ཀྱང་། དེ་རིང་ནས་། ཚོགས་པ་སོགས་ཀྱི་མིང་བེད་སྤྱད་ནས་མཆན་བུ་སྤེལ་མཁན་རིགས་འགོག་གི་ཡིན། དཔེར་ན། CNNདང་BBC ལྟ་བུ།
བཞི།
ཁ་བརྡར་རྩོམ་བསྐུར་དུས། རྩོམ་དེ་(PDF) ཡི་ནང་དུ་བཅུག་ནས་མ་བསྐུར་རོགས། པར་སོགས་ཡོད་ན་པར་རྣམས་ངེས་པར་དུ་(Attach)བྱས་ནས་བསྐུར་རོགས།
གོང་འཁོད་གནད་དོན་འདི་དག་མཁྱེན་པ་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
www.khabdha.org
khabdha@gmail.com
དགའ་བསུ་ཡོད། ལྷ་རབ་བྱུང་ན་གཟུགས་མེད་ཀྱི་མཆན་བ་དག་གཟུགས་ཅན་དུ་བསྒྱུར་ཐབས་གང་ཅིའི་ཐད་བསམ་བློ་རེ་གཏོང་ཐུབ་ན་ཡག་པོ་ཞེ་དྲག་རེད་འདོད།
ཡིན་ད་ཡིན། ཐུགས་རྗེ་ཆེ། རྒྱབ་སྐྱོར་ཡང་ཡོད།
དེ་འདྲ་ཞིག་ཡིན་ས་རེད། མིང་རྫུས་འོག་ནས་སྐད་ཆ་མང་པོ་བཤད་མཁན་དེར་དངོས་གནས་བདག་པོ་ཡོད་ན་བཟང་གི དེ་མིན་མི་སྒེར་བ་དང་དྲ་གྲོགས་མང་པོར་སྐྱོན་འཚང་ཚད་ལས་བརྒལ་བ་བྲིས་ཡོང་གི་འདུག་ག ད་འགོག་དགོས་པ་དེ་ཚོ་བཀག་ན་རེད།
ཐུགས་རྗེ་ཆེ་ཞུ།
དངོས་གནས་རེད་། ཡིན་ན་ཡང་དྲ་བདག་རང་གི་བསམ་ཚུལདང་་མ་མཐུན་ཚེ་ལམ་སེང་ནག་སུབ་གཏོང་བ་ཡངི་ཅུང་ཐལ་སོང་བ་མིན་ནམ་སྙམས་།
ཐུགས་རྗེ་ཆེ་དངོས་གནས་ཡག་པོ་ཞིག་གསུངས་འདུག་ཡིན་ན་ཡང་གང་ཟག་རང་ཉིད་ལྟ་བུ་དྲྭ་ངོས་འདི་ལ་སླེབས་དགོས་དོན་ཡང་སློབ་སྦྱོང་གོང་འཕེལ་འགྲོ་བའི་ཁྱད་དུ་ཡིན་སྤྱི་གཏང་ཕྲན་རང་ཉིད་ཀྱི་ཡི་གེ་ཚིག་སྦྱོར་དང་ཡི་གེ་འབྲི་སྟངས་སོགས་ཡག་པོ་མེད་ཀྱང་མ་འོངས་པ་ཁྱེད་རྣམས་པ་ཚོས་འགོ་ནས་ལོ་སྐྱེས་རེག་བ་རེ་བ་ཆེན་པོ་ཡོད།
ལྷན་རྒྱས་ཚོ་མཁྱེན་དགོས་པ་ཞིག་ལ་ངའི་མིན་ལ་བན་ནག་ཚང་ཡིན་མ་གཏོགས་བོན་ནག་ཚང་མིན་འབྲེལ་མེད་ཀྱི་ངོས་ནས་གཞན་ལ་ཁ་ངན་ཚིག་ངན་མི་བརྒྱག་པ་རེ་བ་ཡིན་ན་འདྲ་འབོད་སྐུར་ཡིན་ན་འདྲ།
ད་ཡག་པོ་བྱུང་སོང་དངོས་གནས་ཡིན་དྲྭ་རྒྱ་བདག་པོ་ཚང་ལ་ཐུགས་རྗེ་ཆེ་ཞུ།
ད་ཡག་པོ་བྱུང་དྲྭ་རྒྱ་བདག་པོ་ཚང་ལ་ཐུགས་རྗེ་ཆེ་ཞུ་དངོས་གནས་ཡིན།
དེ་དེ་བཞིན་ཞུ་འོ
བཀྲ་ཤིས་བདེ་ལེགས། དྲ་སྤུས་ཚད་ཡང་དག་ཡོང་བའི་རེ་བ་ཆེ།
་ཡག་པོ་འདུག་རྒྱབ་སྐྱོར་ཡོད།
ད་དུང་ཆོས་ལུགས་སོགས་ཀྱི་སྤྱི་མིང་ཁྱེར་ནས་མཆན་འབྲི་མཁན་ཡང་འདུག་པས་དེ་ཚོ་ཡང་ངེས་པར་དུ་འགོག་རོགས་ཞུ།
དེ་ནི་ཙོགས་པ་ག་གེ་མོ་ལས་ཀྱང་ཐུ་བ་ཡིན་པས་ཐུགས་འཇག་གནང་རོགས།
ལགས་སོ། དང་བས་གུས་བརྩི་ཞུ་གི་ཡིན།
ཁ་བརྡ་ཚང་ལགས། སྔ་བར་ཕྱི་གསུམ་དུ་དགོངས་པར་མི་འཇུག་པའི་ཚིག་མཚོན་རིགས་མང་པོ་ཞིག་ཐལ་སོང་བར་དགོངས་པ་མ་ཚོམས་ཞུ་རྒྱུ་ཡིན། ཞུས་པ་ཚང་མ་སྤྱི་དོན་ཁོ་ནར་དམིགས་པ་ཡིན་ཀྱང་དགོངས་བཞེས་མ་གནང་ཚེ་དེར་ཟད། ངས་དང་པོ་རང་ནས་ཞུས་པ་ལྟར་བཀའ་ཁྲིའི་འོས་བསྡུ་ཚར་ན་འདིར་ཡོང་གི་མིན་ཞུས་ཡོད། ང་ཡོང་འདོད་ཀྱང་དུས་ཚོད་དེ་ཙམ་མེད། ཁྱེད་རྣམ་པས་བཀག་འགོག་གནང་དགོས་ཡས་མི་འདུག རང་ངོས་ནས་ཕྱིར་འཐེན་བྱས་ཆོག འོན་ཀྱང་དགའ་འོས་པ་ཞིག་ལ་བཀའ་ཁྲིའི་འོས་མིའི་དཔྱད་བསྡུར་ཁྲོད་ངོས་རང་གིས་རེ་བ་བྱས་པ་བཞིན་གྲུབ་འབྲས་ཧ་ཅང་ལེགས་པོ་ཐོབ་ནས་མི་དམངས་ཧ་ཅང་མང་པོ་ཞིག་གི་འོས་ཤོག་ཆུད་ཟོས་སུ་འགྲོ་བ་ལས་སྐྱོབས་ཐུབ་སོང་། འདིས་བོད་སྤྲྱི་ལ་ཕན་པ་བྱུང་ཡོད། ད་བར་དྲ་གྲོགས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་ནས་སྐབས་གསུམ་པའི་བཀའ་ཁྲིའི་འོས་མིའི་ཐོག་ཕྱོགས་ཡོངས་ནས་དཔྱད་པ་གནང་སྟབས་མི་དམངས་ནས་འོས་མིའི་དགེ་སྐྱོན་ཚང་མ་ཤེས་རྟོགས་བྱུང་བ་འདི་ཁྱེད་རྣམ་པའི་བཀའ་དྲིན་ཡིན་པས་ན་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ། ལྷག་དོན་ཁ་བརྡ་ཚང་ནས་ཟླ་ངོ་གསུམ་ཙམ་རིང་གུས་ལ་བགྲོ་གླེང་བྱེད་སའི་གླེང་སྟེགས་གཡར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱི་པའི་ལས་དོན་སྒྲུབ་དུས་རི་དབང་རྒྱལ་པོ་ལྟར་དཀྱིལ་དུ་བརྟན་པོར་གནས་ཐུབ་པ་གནང་རྒྱུའི་རེ་བ་བཅས་བྷི་བྷི་སི་ནས་འདི་ཚེས་ལ་ཕུལ། །
ཁ་བརྡའི་དྲ་བདག་ཚང་གིས་དགོངས་བཞེས་གནང་སྟངས་དངོས་ནས་ཡག་པོ་རེད། མཆན་སྤེལ་མཁན་སྐོར་ཞིག་གིས་བསམ་གཟས་ནས་གཞན་མིང་བེད་སྤྱོད་གཏོང་བཞིན་ཡོད་པ་མ་ཟད། མིང་མ་འདྲ་བའི་སྒོ་ནས་རྩོམ་ཆད་འདྲ་མིན་སྤེལ་ཏེ་གང་ཟག་སྒེར་བ་དང་ཚོགས་པ་གང་རུང་ལ་སྡིགས་སྨོད་གཏོང་བ་དང་། མཚང་འབྱིན་བྱེད་པ། ཟུར་ཟ་དང་ཁ་མཆུ་སློང་བ་སོགས་སྐྱི་གཡའ་ཞིང་ཞེ་མེར་བའི་མཆན་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། དེ་དག་གཏན་འགོག་བྱ་ཐུབ་ན་ཁ་བརྡའི་དྲ་ཚིག་གི་སྤུས་ཀ་ཇེ་ལེགས་སུ་འགྲོ་ངེས་པ་མ་ཟད་དྲ་གྲོགས་ཚོའི་མཐུན་ལམ་ཡང་ཉིན་རེ་བཞིན་ཡར་རྒྱས་སུ་འགྲོ་ངེས་པ་ལེགས་ན། ཁྱེད་ཅག་གིས་གསུང་བ་བཞིན་ལག་ལྟར་བྱེད་ཐུན་ན་ཁོ་བོས་ཞེ་བསམ་པའི་གཏིང་ནས་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཞུ།
ཐུགས་རྗེ་ཆེ།
ཏག་ཏག་རེད། ཁྲིམས་དེ་འདྲ་ཞིག་དགོས་རན་འདུག
མུ་མཐུད་དུ་ལག་ལེན་ལ་བསྟར་རོགས།
དགོས་དབང་གི་དངོས་མིང་སྨོས་མེད་མོད། མེ་ཏོག་དཀར་པོ་ཞེས་པ་ལས་མིང་གཞན་ནང་ཁ་བརྡ་ནང་འཛུལ་མེད་ལ་འབྱུང་འགྱུར་ཡང་དེ་ལྟར་མུ་མཐུད་གནས་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།
དྲ་གྲོགས་བི་བི་སིས་ཁ་བརྡ་ནང་བཞུགས་རོགས།
ཐུགས་རྗེ་ཆེ། འདི་འདྲ་ཞིག་དགོས་པ་འདུག
ཐུགས་རྗེ་ཆེ། འདི་འདྲ་ཞིག་དགོས་པར་འདུག
ཐུགས་རྗེ་དེ་ལྟར་དག་ཐེར་ཡག་པོ་ཞིག་བྱས་ན་ཡག་པོ་འདུག་མ་གཏོགས་གང་བྱུང་སྒོ་ནས་གཞན་ལ་ཚིག་ངན་སྨྲ་བ་འདི་གཏན་འགོག་བྱ་ཐུབ་ན་དགེ་མཚན་ཆེ་བར་མཐོང་།
ཁ་བརྡའི་བདག་པོ་ཚོས་སྤྱི་ཡར་སྐུལ་གྱི་གསལ་བསྒྲགས་བསྐྱངས་པ་ལ། དྲ་གྲོགས་ཚོས་སྤྱི་ལ་ཕན་པ་ཞིག་གླེང་གི་འདུག དགའ་བསུ་ཡོད།
བསེ་རོང་འོས་ཟེར་ལགས།
དྲ་ངོས་ན་བཞུགས་ཡོད་དམ། ལན་ཞིག་གནང་རོགས།
ཁ་བརྡ་ཚང་ལ་རྒྱབ་སྐྱོར་ཡོད་སྤྱི་ཚོགས་ཀྱི་འཆམས་མཐུན་ལ་ཕན་ངེས།་
དགའ་བསུ་ཞུ། རྩོམ་གྱི་སྤུས་ཀ་ཡར་རྒྱས་ལ་དམིགས་དགོས་པ་རེད།
དགའ་བསུ་ཞུ་ལགས། ཁ་བརྡ་དྲ་ངོས་འདི་ནས་རྩོམ་ཡིག་རྣམས་ཆུ་བཞུར་བཞུར་བུད་འགྲོ་བས་དྲ་བ་གཞན་པ་ལྟར་ཀློག་པ་པོར་དུས་ཚོད་སྤྲོད་ཐུབ་ཀྱི་ཡོད་པ་མ་རེད། མ་མཐའ་རྩོམ་ཡིག་ཅིག་ཉིན་གསུམ་ལས་མདུན་ངོས་ནས་སྡོད་ཐུབ་ཀྱི་ཡོད་པ་རེད། དེས་མང་པོ་ཞིག་མཐོང་ཡུལ་དུ་སོན་གྱི་ཡོད་པ་མ་རེད། དེང་སྐབས་བོད་ཕྱི་ནང་གང་སར་ཁ་བརྡར་ཐུགས་སྣང་གནང་བ་ནི་ཆུང་ཆུང་མ་རེད། དེས་ཕྱིར། ཁ་བརྡས་དོན་དམ་པའི་ཟིན་བྲིས་ཤིག་སྒོ་འབྱེད་ཐུབ་ན། མདུན་ངོས་ཀྱི་རྣམ་པ་འདི་ཅུང་ཙམ་འགྱུར་བ་བཏང་བ་ཡིན་ན། ཟིན་བྲིས་པ་གང་དྲན་མིན་པར་ཉམས་མྱོང་བླངས་ཏེ། ཤོག་ལྷེ་རེ་སྤྲོད་ཐུབ་ན། རྩོམ་པ་པོའི་དངོས་མིང་སྡོད་གནས་སོགས་ཞིབ་ཚགས་ཤེས་བ་བྱས་ནས། ཁ་བརྡས་ཟིན་བྲིས་པ་རེ་འགར་དམིགས་འཛུགས་ཀྱིས་ས་མིག་སྤྲད་པ་ཡིན་ན། ཡར་རྒྱས་ཤིག་ཡིན་ན་ཐང་གི
ཡིན་དང་ཡིན། ལེགས་སོ་ལོས་ཟེར། འོན་ཀྱང་། དེ་ལ་དུས་ནམ་ཡང་ཕྱོགས་རིས་གཏན་མེད་ཀྱི་ལམ་ནས་ལས་ཀ་བྱེད་པར་ཡིད་ཆེས་སེམས་གཏིང་ནས་ཞུ་རྒྱུ་ཡིན་ལ། ད་ལྟའི་བར་དུ་ལས་འཁུར་ཤུགས་ཆེན་གནང་བ་ལྟར། རྗེས་སུ་ཡང་བོད་མི་རིགས་ཀྱི་བོད་ཡིག་གི་ཚེ་སྲོག་སྐྱོང་བའི་ལས་གཞི་འདི་མུ་མཐུད་དུ་དར་གྱུར་ཅིག
ལེགས་སོ་ལོས་ཟེར། ད་ལྟའི་བར་དུ་བོད་ཡིག་ཚེ་སྲོག་སྲུང་བའི་ལས་ལ་འབད་པ་ལྟར། ཕྱིས་ཀྱང་གང་ལ་ཐུག་ཀྱང་ཕྱོགས་རིས་གཏན་བྲལ་གྱི་ལས་ལམ་ལེགས་པོ་ཞིག་གི་སྒོ་ནས་མུ་མཐུད་དུ་ཁ་བརྡའི་བསྟན་པ་དར་བར་ཡིད་ཆེས་བྱེད་རྒྱུ་ཡིན་ལ། གོ་སྐབས་འདི་བཟུང་དེ་ཁ་བརྡ་ཞེས་པའི་དྲ་ཚིགས་འདི་གཙོ་གཉེར་བྱེད་མཁན་དང་འགན་འཁུར་བཞེས་མཁན་གང་ན་སུ་ཡོད་པའི་བོད་རིགས་སྤུན་ཟླ་དག་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཁ་བརྡ་ཚང་ལགས།
ཁྱེད་ཚང་གིས་འདི་ལྟར་གསལ་བསྒྲགས་གནང་བར་དགའ་བསུ་ཡོད།
ང་ཁྱེད་ཚང་གི་ཆེས་ཐོག་མའི་མགྲོན་པོའི་གྲས་དང་། རྩོམ་ཡིག་གི་ཡག་བཙོག་ལ་མ་ལྟོས་པར་རྩོམ་ཡིག་དང་མཆན་བུ་འགོད་མཁན་ཞིག་ཡིན་ལ། དངོས་མིང་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་མི་ཞིག་ཡིན།
ཉེ་དུས་ཤིག་ནས་ངའི་མིང་༼རིག་པའི་རྡོ་རྗེ།༽བཀོལ་སྤྱོད་བྱེད་མཁན་ཞིག་སླེབས་ནས་མཆན་བུ་རེ་འདེབས་བཞིན་ཡོད། སྤྱིར་བཏང་མིང་གཅིག་ཡིན་པའི་མི་མང་པོ་ཡོད་ན་མི་ཆོག་རྒྱུ་གང་ཡང་མེད་མོད། རྩོམ་ཡིག་དང་མཆན་བུ་འདེབས་སྐབས་མིང་གཅིག་མཚུངས་བྱས་ན་སུ་ཡིན་མི་ཤེས་པའི་ཉེན་ཁ་ཡོད་པས། དེའི་ཐད་ཁ་བརྡ་ཚང་གིས་ཞིབ་འཇུག་ཅིག་གནང་ནས་ཁོང་ལ་བརྡ་ལན་ཞིག་གནང་རོགས། དེ་སྔོན་ཁོ་རང་༼རིག་པའི་རྡོ་རྗེ་ཟེར་བ།༽ལ་མཚན་ལ་ཁ་སྣོན་ནམ་གང་ལྟར་ངེད་གཉིས་ནོར་དོགས་མི་ཡོང་ཆེད་རྟགས་ཤིག་བརྒྱབ་རོགས་ཞུས་པ་ཡིན་མོད། ཁོང་གིས་དོ་སྣང་གནང་མ་སོང་། གནད་འགག་ཆེན་པོ་མ་རེད་མོད། ཁོང་སུ་ཡིན་གསལ་བོར་ཞུས་ན། རིག་པའི་རྡོ་རྗེ་ཟེར་བ་ཁོང་གིས་ཉེ་ཆར། བཀའ་ཡིག་རིན་པོ་ཆེའི་ཐད་ལ་མདོ་སྨད་ནས་བསམ་ཚུལ་ཞེས་པའི་རྩོམ་ཡིག་ལ་མཆན་ཨང་བཞི་བ་འདེབས་མཁན་དེ་རེད། ཁ་བརྡ་ཚང་གིས་ཅིག་གཟིགས་ནས་ཐག་གཅོད་ཅིག་གནང་རོགས་ཞུ་བ་ཡིན།
ཐུགས་རྗེ་ཆེ།
ལེགས་སོ་ལེགས་སོ་ལེགས་པར་གསུངས།།
ལྐུག་པའི་ཨུ་ཚུགས་ཀྱི་སྤྱི་འཐུས་དང་བོད་མི།
༄༅།།འ་ཙི་སྤྱི་འཐུས་རྣམས་པ་ད་དུང་ལྐུགས་པ་ཨུ་ཚུགས་རང་རེད། ༧གོང་ས་མཆོག་དགུང་ལོ་ བཅུ་དྲུག་ནས་དུས་ད་ལྟའི་བར་མི་ལོ་ཧྲིལ་པོ་དྲུག་ཅུ་ཙམ་གྱི་རིང་བྱིས་ཕྲུག་ཐང་ལུས་འདྲ་བའི་བོད་བསྟན་སྲིད་མི་དམངས་ཀྱི་དོན་དུ་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་སྐྱོན་ནས་ད་གཟོད་སྐྱབས་འབངས་མི་དམངས་རྣམས་རང་མགོ་རང་གི་འདོན་པའི་དུས་སྔ་མ་དྲག་ཕྱིས་མ་དྲག་འོས་ཤིང་འཚམ་པ་ཞིག་ཡིན་པར་མཁྱེན་ནས་༧རྒྱལ་བ་དོན་གྱི་བདག་པོས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་གནད་འགག་ལ་གཟིགས་ཏེ་བོད་ཀྱི་ཆབ་སྲིད་བགྲེས་ཡོལ་གནང་བ་དེ་ནི་བོད་བསྟན་སྲིད་དང་མི་དམངས་ཐུགས་ནས་འདོར་གནང་བ་མ་ཡིན་པར། སྔོན་བྱོན་
༧རྒྱལ་བ་གོང་མ་རྣམས་ཀྱིས་མཛད་པ་དང་། གཟི་བརྗིད་ལ་ཡིད་རངས་སྔགས་བརྗོད་ཀྱི་འོས་སུ་འགྱུར་བ། ད་ལྟའི་རྒྱ་བོད་ཕན་ཚུན་གཉིས་མོས་ཀྱི་ཆབ་སྲིད་ཞི་མོལ་གྱི་རྒྱུད་ལམ།མ་འོངས་བོད་བསྟན་སྲིད་མི་དམངས་ཀྱི་ཆེད་དུ་ཕན་དང་བདེ་བའི་རྩ་བ་དུས་གསུམ་གསལ་གཟིགས་ཀྱིས་དགོས་པ་རྒྱུ་མཚན་མང་པོ་ཞིག་དང་
དེ་ཡང་གློ་བུར་དུ་ཐུགས་ཐག་བཅད་གནང་བ་མ་ཡིན་པར་དུས་ཡུན་རིང་པོ་ཞིག་ནས་དགོངས་བཞེས་གནང་
ནས་ངེས་ཤེས་ཡང་དག་བརྙེད་པ་ཞིག་ཡིན་པར་ཡང་ནས་ཡང་དུ་བཀའ་གནང་ཡོད་པ་མ་ཟད་ད་ལམ་བཅོ་ལྔ་མཆོད་པའི་ཉིན་མོ་ཆོས་ཞུར་བཅར་བའི་སེར་སྐྱ་ཕོ་མོ་ཡོངས་ལ་སྩལ་བའིབཀའ་སློབ་དེར་བསམ་བློ་གཏིང་
གཟབ་གཏོང་དགོས་པ་མ་ཡིན་ནམ། དེ་ལྟ་བུའི་བཀའ་སློབ་ལ་ཡིད་ཆེས་དང་། གུས་བརྩི། བསམ་ཤེས་
མེད་པར་སྤྱི་འཐུས་རྒྱུན་ལས་ནས་དྭངས་ལེན་མ་གནང་བ་མ་ཟད་ད་དུང་དེ་ལས་ལྡོག་ཏེ་༧གོང་ས་
མཆོག་ལ་མུ་མཐུད་བོད་ཀྱི་ཆོས་སྲིད་ཀྱི་དབུ་འཁྲིད་གནང་དགོས་པའི་གསོལ་འདེབས་བྱེད་བཞིན་འདུག
སྤྱི་འཐུས་ཀྱི་བསམ་ཚུལ་འདིའི་ཐད་བཀའ་ཤག་ནས་དགག་བྱ་གནང་བ་དང་།སྤྱི་འཐུས་ཆབ་དྲག་ལྷ་མོ་སྐྱབས་
ཀྱི་བསམ་ཚུལ་ལ་ཡིད་རངས་དང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།གཟིགས་དང་རང་རེ་ཚོས་དུས་རྒྱུན་དུ་དད་གུས་ཆེན་པོ་ཡོད་ཁུལ་གྱིས་ཅི་གསུང་བཀའ་བཞིན་སྒྲུབ་རྒྱུ་དང་སྐུ་ཚེ་ཞབས་པད་བརྟན་ཤོག་ཅེས་སྨོན་
ལམ་དང་།ཡང་ནས་ཡང་དུ་བརྟན་ཞུགས་འབུལ་བ་དེ་ནི་རྒྱུ་མཚན་གང་གི་ཕྱིར་ཡིན་ནམ། གང་གི་བཀའ་བཞིན་སྒྲུབ་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དེ་ལས་ལྷག་པ་མེད་པས་སྐུ་ཚེའི་བརྟན་ཞུགས་ཞབས་རིམ་ཡང་དེ་ལས་ལྷག་པ་ཅི་ཡོད། ༧གོང་ས་མཆོག་བགྲེས་ཡོལ་གནང་རུང་བོད་མིའི་དབུ་འཁྲིད་ཡིན་པ་ནི་སྨྱོན་མེད་དང་།བོད་མི་དམངས་རྣམས་ཀྱང་གང་གི་སྐྱབས་འབངས་ཡིན་པ་ནི་དེ་བས་སྨོས་ཅི་དགོས།༧མགོན་པོ་གང་གི་བཀའ་སློབ་དྭངས་ལེན་
ཞུས་ནས་གང་ལ་བགྲེས་ཡོལ་འབུལ་དགོས་པ་དང་།ད་ལྟ་ནས་གོམ་པ་མདུན་སྤོས་ཀྱིས་དགག་རྩའི་དུས་
དཀའ་ངལ་ལ་གདུང་ལེན་འཐུབ་པ་དང་ཐ་ན་ཛ་དྲག་དུས་སྐབསསུ་ཅི་བྱ་གཏོལ་བྲལ་དུ་འགྱུར་ཚེ་༧གོང་ས་
མཆོག་ལ་ལམ་སྟོན་བཀའ་སློབ་ཞུ་རྒྱུ་དང་།གང་གི་ཐུགས་རྗེའི་འོག་རང་རེ་བོད་མི་ཙམ་ཟན་ཡོང་ནས་རྨོངས་
ཞེན་གྱི་གཉིད་ལས་སད་ནས་བོད་ཀྱི་ཆོས་དང་།དེང་དུས་ཀྱི་ཤེས་ཡོན་གཉིས་ཀྱི་ཕྱུག་པའི་བོད་མི་རྣམ་སྤྱོད་
དང་ལྡན་པ་བྱེད་རྒྱུར་རིག་པ་སྒྲིམ་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ལག་སྟར་བྱེད་དགོས་པ་ལས་སུས་ཀྱང་ཐེག་པར་དཀའ་བའི་བོད་ཀྱི་ཆབ་སྲིད་འཛིན་སྐྱོངས་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་དེ་ད་དུང། ༧རྒྱལ་བ་རིན་པོ་ཆེ་
མཁྱེན། ཁོང་གིས་གནང་གི་རེད་ཅེས་པའི་སྒྱིད་ལུགས་ཀྱི་བྱེད་སྟངས་དང་། སོ་སོ་རང་ཉིད་དལ་སྡོད་སྐྱིད་
སྡོད་ཀྱིས་ཚེ་འདིའི་ལྟོ་གོས་གཏམ་གསུམ་ལ་འབད་བརྩོན་དང་།ཆོལ་ཁའི་རྨོངས་ཞེན་གྱིས་སྤྱི་དོན་ལ་ལྷོད་
གཡེང་སྣང་ཆུང་བྱེད་པའི་བག་ཆགས་ངན་པའི་རིགས་རྣམས་མེད་པ་བཟོ་དགོས།།
དེས་ན་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་ཆོད་དགོས། ཅེས་པའི་དཔེ་ལྟར་ད་ལྟ་རང་ཅག་ཚོར་བླ་ན་མེད་
པའི་མགོན་སྐྱབས་དབུ་འཁྲིད་འདི་ལྟ་བུ་ཡོད་སྐབས་དུས་ཚོད་དམ་འཛིན་བྱས་ནས་རང་མགོ་རང་གི་འདྲོང་
པའི་ཉམས་མྱོང་གི་རྨངས་གཞི་དང་ཤེས་ཡོན་གྱི་བྱང་ཚད།དཔལ་འབྱོར་གྱི་རྒྱབ་རྟེན་སོགས་ཚད་ལྡན་གྱི་
དམངས་གཙོའི་བོད་གཞུང་ཞིག་ཡར་རླང་པ་མ་ཤོར་བ་དང་། མར་ཐིག་པ་མ་འཛག་བྱེད་ཐུབ་པའི་འཇོན་ཐང་
ཅན་གྱི་གཞུང་འཛིན་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་།ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ནས་ཀྱང་
སྒྱིད་ལུགས་དང་།ཕྱོགས་ལྷུང་ཐེན་འཁྱེར་གྱི་དབང་དུ་སོང་ཏེ། སྤྱི་དོན་ཁ་རུ་འཁྱེར་ནས་རང་དོན་གཙོ་གཉེར་
མེད་པར་དྲང་གསུམ་ཚད་ལྡན་གྱིས་བོད་བསྟན་སྲིད་མི་དམངས་ཀྱི་ཞབས་ཞུ་སྙིང་སྟོབས་ཞུམ་པ་མེད་པར་
སྒྲུབས་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེ་ཡིན་པ་ཤེས་དགོས་པ་ཡིན།རང་ཅག་སྐྱབས་འབངས་མི་དམངསསོ་སོའི་ངོས་ནས་ཀྱང་གངས་ཅན་པའི་འཕྲལ་ཕུག་རྒྱང་གསུམ་གྱི་བསྟན་སྲིད་ཀྱི་ཁེ་ཕན་དང་།མི་དམངས་ཀྱི་
བདེ་རྩ། སྤྱི་ཚོགས་ཕན་བདེའི་ཞབས་ཞུ། རིག་གནས་ཤེས་ཡོན་གྱི་ཆུ་ཚད་སོགས་གོང་ཐོར་གཏང་ནས་
མི་རིགས་ཀྱི་ལ་རྒྱ་གཅེས་འཛིན་ཐོག་བོད་ཀྱི་སྲོལ་རྒྱུན་བཟང་པོ་དང་དེང་དུས་ཀྱི་ཤེས་ཡོན་ཟུང་དུ་འབྲེལ་ནས་
རྒྱབ་མདུན་ངོ་ལྐོགས་མེད་པར་སྐབས་བབ་ཀྱི་ལས་འགན་བྱེད་སྒོ་ཁག་ལྷག་བསམ་རྣམ་དག་གིས་དམ་ཚིག་
ཟོང་ཁ་གཅིག་སྒྲིལ་གྱིས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་།མཛད་འཕྲིན་གོང་འཕེལ་ཐུགས་
བཞེད་ལྷུན་གྱིས་འགྲུབཔའི་ལས་ལ་ཅིས་ཀྱང་འབད་པར་འཚལ་ཞེས་ཞུ་བ་ལགས་སོ།།
འདི་ཡང་རང་ཉིད་བོད་པ་ཙམ་ཟན་པ་ཞིག་ཡིན་པའི་ཆ་ནས་བོད་སྤྱི་དོན་ཐོག་གོ་མེད་འཚོར་མེད་དུ་སྡོད་
ཐབས་བྲལ་བས་ལྷག་བསམ་རྣམ་དག་གིས་ཞུ་ནའང་རང་ཉིད་ཀྱི་ཤེས་ཡོོན་ཆུ་ཚད་དམའ་བས་ནོར་འཁྲུལ་
ཡོད་ངེས་ལ་བཟོད་པར་གསོལ།།