ཁ་བརྡའི་རྩ་འཛིན་དང་ཁ་བརྡའི་དམིགས་ཡུལ། ཁ་བརྡའི་མཆན་གྱི་རྩ་འཛིན་བཅས་སུ་གསལ་བ་བཞིན། ཁ་བརྡའི་སྟེང་མཆན་འདེབས་མཁན་ཚོས་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་པའི་རྗེས་སུ་མཆན་བུ་ཕྱི་མ་རྣམས་ལ་དག་མཆན་མི་དགོས་པར་ཁ་བརྡའི་དྲ་ངོས་སུ་ཤར་བ་ཞིག་ཡོད་མོད། གནས་སྐབས་རིང་ཁ་བརྡའི་ངོས་ནས་མཆན་ཡོད་ཚད་ལ་དག་མཆན་དགོས་པ་ཞིག་ཏུ་བསྒྱུར་རྒྱུ་ཡིན། དེའི་དམིགས་ཡུལ་ནི་ཁ་བརྡའི་སྟེང་མཆན་བུ་སྟངས་འཛིན་བྱེད་ཐབས་ཁོ་ན་ཡིན།
ཞོར་དུ་ཞུ་རྒྱུ་ཞིག་ལ། མཆན་བུ་འདེབས་མཁན་རྣམ་པས་དགག་དགོས་མེད་ན་རང་གི་མཚན་ངོ་མ་སྤྱོད་རྒྱུ་དང་། དེ་བཞིན་མཆན་བུ་འདེབས་སྐབས་སྐྱེ་བོ་གཞན་ལ་ཡང་ “མི་ཞིག་གི་ཆེ་མཐོང་”གི་ཐོག་ནས་མཆན་བུ་འདེབས་རྒྱུ་ལ་སླར་ཡང་སྐུལ་མ་བྱེད་པ་ཡིན།
ད་ལྟ་ཁ་བརྡའི་རྩོམ་སྒྲིག་པ་གཉིས་ཡོད་པའི་གཅིག་ནི་ཨ་རི་དང་གཅིག་ནི་རྒྱ་གར་དུ་བཞུགས་ཡོད་སྟབས། མཆན་བུ་རྣམས་ལ་དག་མཆན་འབུལ་རྒྱུ་དེ་ཡང་དུས་ཐོག་ལ་བྱེད་ཐུབ་པའི་འབད་བརྩོན་དང་རེ་བ་བྱེད་ཀྱི་ཡོད་ན། མཆན་བུ་འཕྲལ་དུ་དྲ་ངོས་སུ་མ་ཤར་བ་རྣམས་ལ་ཆུ་ཚོད་རེ་ཟུང་གི་ངང་སྒུག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
༼མཆན་བུ་འདེབས་མཁན་ཁྲོད་སྨྱུག་མིང་གཉིས་གསུམ་ནས་བཅུ་གྲངས་བརྒལ་བ་བེད་སྤྱོད་གཏོང་མཁན་རིགས་གཅིག་ཡོང་གི་ཡོད་པར། ཁ་བརྡའི་ཨིས་མལ khabdha@gmail.com བརྒྱུད་དོ་བདག་གིས་རང་ཉིད་ངོ་སྤྲོད་དང་སྨྱུག་མིང་གཅིག་རང་དུ་གཏན་འཁེལ་གསལ་བཤད་བྱུང་ན་ལས་དག་མཆན་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན།༽
ཁ་བརྡས་ཕུལ།
ཁ་བརྡར་རེ་བ་ཞུ་རྒྱུ། སྟངས་འཛིན་བྱས་ན་དོན་མེད་སྐྱོན་འཛུགས་རིགས་ཚང་མ་བཀག་ན་བཟང་། ཡང་ན་བསམ་ཚུལ་ཚང་མ་གཏོང་རོགས། དེ་མིན་རེ་ཟུང་གནས་ཚུལ་རྫུན་མ་དང་བསྙོན་འཛུགས་ཁོ་ན་ཡིན་ཡང་གཏོང་རྐྱང་དང་། རེ་ཟུང་ལ་ཚིག་ཟུར་ཙམ་གྱི་སྐྱོན་བརྗོད་ཡོད་ན་འགོག་པ་སོགས་ཡག་པོ་མི་འདུག ཐུགས་རྗེ་ཆེ།
ཁ་བརྡ་དྲ་བ་འདི་གང་ཟག་གིས་དབང་བསྒྱུར་མེད་པར་གནས་ལུགས་ལ་བརྩི་བཀུར་གྱི་བཀོད་ན་བཟང་། ལྷག་པར་ཤར་ཕྱོགས་ཁུག་རྟས་སྒེར་གཅོད་འོག་མི་ཚུད་རྒྱུ་དེ་ལས་གལ་ཆེ།
སྨྱུག་མིང་དངོས་མིང་གང་ཡིན་ཡང་གཞི་མེད་སྐྱོནབརྗོད་དང་རྫུན་གཏམ་ཁོ་ན་མ་ཡིན་ན་ཁ་བརྡ་ཚང་གིས་སྟངས་འཛིན་མ་བྱེད་ན་བཟང་། རྒྱུ་མཚན་ནི་། མང་གཙོ་སྤྱི་ཚོགས་ནི་རྒྱ་ནག་ལྟ་བུ་ཆབ་སྲིད་ཀྱི་ཚོགས་པ་གཅིག་དང་ལྟ་བ་གཅིག བསམ་ཚུལ་གཅིག་མ་ཡིན་པར་ལྟ་བ་སྣ་མང་དང་བསམ་ཚུལ་སྣ་མང་སོགས་ཀྱིས་གྲུབ་པའི་སྤྱི་ཚོགས་ཤིག་ཡིན་ཞིང་། ལྟ་བ་མི་འདྲ་དང་བསམ་ཚུལ་མི་འདྲ་བ་ལ་བརྟེན་ནས་གཞི་རིམ་མི་དམངས་ཀྱིས་མང་གཙོ་ལོངས་སུ་སྤྱོད་ཀྱི་ཡོད་ལ་། མི་མང་གི་ལྟ་བ་མི་འདྲ་བ་དང་བསམ་ཚུལ་མི་འདྲ་བ་རྣམས་མཐོ་རིམ་མི་སྣའི་ཤེས་ཀྱི་ཧ་ཅང་གལ་ཆེན་པོ་ཡིན་།
མཆན་བུ་ཆུ་ཚོད་ཁ་ཤེས་ལ་སྒུགས་དགོས་ན་ཆོ་ག་བ་ཡོེ་རེད་
ཁ་བ་ཅན་གྱི་སྤུན་ཟླ་སུ་ཡིན་ཡང་། །
ཁ་བའི་ལྗོངས་ལ་ཟོལ་མེད་སེམས་དཀར་ནས། །
ཁ་བརྡ་བྱེད་པར་ཡོང་བ་དངོས་བདེན་ན། །
ཁ་བརྡ་ཚང་གི་ཁ་ལ་ཅིས་ཀྱང་ཉོན། །
ཁ་བརྡའི་གསལ་སྒྲག་ལ་དགའ་བསུ་ཡོད་ལགས། །
མཆན་ལ་བཏང་འཛིན་བྱེད་པ་ནི་ཁ་བརྡ་དྲ་རྒྱའི་རིན་ཐང་ཉམས་རྒྱུའི་སྔ་ལྟས་ཡིན་པ་མ་ཟད། བོད་མི་རིགས་འདི་གུ་ཡང་གི་སྤྱི་ཚོགས་སུ་ཁྲིད་པ་འགོག་རྐྱེན་དུ་འགྱུར་བས་ཚུལ་ཆོས་ཀྱི་སྤྱི་ཚོགས་འདི་རྒྱུན་སྐྱོང་གནང་བ་སྐུལ་མ་བྱེད་པས་བློ་ཕམ་ཡོད། ད་དྲ་བདག་ཚོས་རང་གི་འདོད་མོས་དང་སྟུན་ནས་དཀག་འགོག་བྱེད་པ་མཐུན་རྐྱེན་སྐྲུན་པས་རང་དབང་ཆེ་བའི་ཁ་བརྡ་དྲ་རྒྱའང་འཇུག་སྒྲིལ་བ་འདོད་ནས་སེམས་ཁུར་ཡོད། གང་ལྟར་དྲ་རྒྱ་ཅི་ཞིག་བྱེད་མིན་ནི་དྲ་བདག་གི་ཐོབ་ཐང་རེད། གོང་དུ་བཤད་པ་ནི་བསམ་ཚུལ་ཙམ་ཡིན།
ཁ བརྡའི་སྟངས་འཛིན་བྱེད་རྒྱུ་ནི་བོད་སྤྱི་ཚོགས་ལ་ཡར་རྒྱས་དང་སྲུང་སྐྱོབས་ཀྱི་སྲུང་འཁོར་མེད་དུ་མི་རུང་བ་ཞིག་ཡིན། གོང་གི་བསམ་ཚུལ་འགའ་ཤས་དམངས་གཙོ་ཡིན་ཕྱིར་སྟངས་འཛིན་མི་དགོས་ལུགས་བཤད་འདུག་པས་དམངས་གཙོའི་སྒྲིག་ལམ་མེད་པའི་དམངས་གཙོ་དེ་སྨད་ཚོང་མ་དང་གཅིག་པ་རེད།
དམངས་གཙོ་ཡར་ཐོན་ཅན་ཨ་རི་ཡང་དྲ་རྒྱ་ལ་གཟབ་ནན་བྱེད་པ་a་དང་། དམར་ཤོག་རྒྱ་མི་ཡང་དྲ་རྒྱ་ལ་ཞེད་སྣང་བྱེད་ཀྱི་ཡོད། དམངས་གཙོའི་ལམ་དུ་འགྲོ་འདོད་ན་དམངས་གཙོའི་སྒྲིག་ལམ་ལ་བརྩི་སྲུང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། དེ་ཕྱིར་སྟངས་འཛིན་ནན་པོའི་ཐོག་ནས་དམངས་གཙོ་ཡར་རྒྱས་གཏོང་དགོས།
ཁ་བརྡ་འདི་ནི་བོད་མིའི་སྤྱི་ཚོགས་ནང་དུ་ཆེ་མྱུར་ཤོས་དྲ་ཚིགས་ཤིག་གམ་གསར་འགྱུར་དང་རིག་གནས་དེ་བཞིན་སྨྱུ་ཐོག་པ་རྣམས་ཀྱི་དགོངས་ཚུལ་འབྲི་ས་ཤོག་ཅིག་པུར་དེ་རེད་ཟེར་ན་མ་ཆོག་པ་མེད་པ་འདི་ནམ་ཡང་དར་རྒྱས་དང་ཕྱག་ལས་གནང་མཁན་རྣམས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
དགའ་བསུ་ཡོད། གང་ལྟར་མཆན་བུ་ཙམ་མ་ཟད་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་གནོད་པའི་རྩོམ་འཆལ་རིགས་ལ་སྟངས་འཛིན་གནང་རྒྱུ་དེ་ཧ་ཅང་གལ་ཆེ་བར་མཐོང་། དེ་མིན་འགན་འཁྲི་མེད་པའི་སྐད་ཆ་མི་ཉུང་བ་ཞིག་མིང་རྫུན་གྱི་འོག་ནས་ཤར་མར་མཐོན་སྐབས་ངོ་མ་དྲ་བར་ཡོང་རྒྱུའི་དང་བ་ཡང་རང་བཞིན་གྱི་བཀླག་འགྲོ་གི་འདུག དེར་བརྟེན་ད་རེས་ཁ་བརྡའི་སྟངས་འཛིན་དེར་དགའ་བསུ་ཡོད།
ཁ་བརྡའི་གསལ་བསྒྲགས་ལ་མོས་མཐུན་དང་གུས་བརྩི་ཞུ་ཆོག
བཙན་པོའི་བུ་ཁྱོད་ཀྱིས་མིང་དངོས་མི་འབྲི་བའི་དགོས་བ་གང་ཡིན?
བཙན་པའི་བུས་གསུངས་པ་ལྟར་གནང་རོགས་ཞུ་རྒྱུ་ཡིན།
རྒྱས་པ་སྐར་ཁུང་དྲ་བ་བརྒྱུད་ཀློགས་ཞེས་བྲིས་པ་དེ་ཚོ་ལ་མཆན་བཀག་འདུག་པ་དེའི་རྒྱུ་མཚན་ག་རེ་ཡིན་ནམ། གཅིག་གསུངས་རོགས་གནང་། སྐར་ཁུངས་ནང་གི་སྒྱུར་རྩོམ་དེ་ཚོ་སྒྱུར་མཁན་སུ་ཡིན་ངེས་པར་དགོས་པ་གལ་ཆེན་པོ་རེད། དེ་མིན་རྗེས་སུ་རྙོག་དྲ་ལངས་སྲིད་ལ། བོད་ཀྱི་བཀའ་བསྟན་ལ་གཟིགས་དང་། ལོ་ཙཱ་བ་སུས་བསྒྱུར་བ་དང་བསྒྱུར་བཅོས་ཐེངས་ག་ཚོད་པ་ཡིན་པ་བཅས་གལ་ཆེན་པོས་གསལ་གསལ་ཐིང་ཐིང་གིས་བཀོད་ཡོད། དེ་མིན་རྒྱལ་ཁབ་གཞན་དང་སྐད་རིགས་གཞན་ལ་ཡང་གཅིག་མཚུངས་སུ་འདུག སྐར་ཁུངས་ནང་མེད་དོན་གང་ཡིན་ནམ། ལོ་ཙཱ་བ་ཡག་པོ་དེ་ཚོ་ཤེས་དགོས་པ་དང་འབུར་དུ་དོན་དགོས་པ་གལ་ཆེན་པོ་རེད། གལ་སྲིད་རང་མིང་གསུང་བདེ་མེད་མཁན་རེ་ཙམ་ཡོད་ཀྱང་མ་མཐའ་ལ་སྨྱུག་མིང་རེ་དགོས་པ་གལ་ཆེན་པོ་འདུག་ཅེས་བརྗོད་འདོད་བྱུང་།
ཁ་བརྡའི་རྩོམ་སྒྲིག་པ་དང་ཞབས་མཆན་པ་ཡོང་ལ་དྲི་བ་ཞིག་ཡོད་་་་་་་་་ད་སྐབས་དྲ་ལམ་ན་རྒྱ་ནག་གི་རྒྱུག་ཁྱི་འགའ་ཡོད་ན་ཡང་་་་་མ་འོངས་པར་རྒྱུགས་ཁྱི་༡༠༠་གསོས་ནས་དྲ་ལམ་ནས་ཐབས་ལམ་འདྲ་མིན་གྱི་སྒོར་ནས་བཙན་བྱོལ་བོད་པ་རྣམས་ལ་གཏོར་རྒོལ་བྱས་ན་ཅི་བྱེད་གི་ཡིན་ནམ་་་་་
ཁ་བརྡ་ཁ་བའི་སྐད་ཡིག་སྤྱོད་ས་རེད། །
ཁ་བརྡ་ཁ་བའི་བདེ་སྡུག་གླེང་ས་རེད། །
ཁ་བརྡ་ཁ་བའི་སྤུན་གྲོགས་འཛོམས་ས་རེད། །
ཁ་བརྡའི་སྐུ་ཚེ་བརྟན་པའི་བཀྲིས་ཤོག །
ཁ་བརྡ་དྲ་བར་རྒྱལ་རབས་ལོ་རྒྱས་ཡོད། །
ཁ་བརྡ་དྲ་བར་ཆོས་དང་རིག་གནས་ཡོད། །
ཁ་བརྡ་དྲ་བར་དམངས་ཚོའི་བསམ་ཚུལ་ཡོད། །
ཁ་བརྡའི་སྐུ་ཚེ་བརྟན་པའི་བཀྲིས་ཤོག །
ཁ་བརྡ་དྲ་བ་སྤྲོ་གར་འཁྲབ་ས་ཡིན། །
ཁ་བརྡ་དྲ་བ་སྡུག་གླུ་ལེན་ས་ཡིན། །
ཁ་བརྡ་དྲ་བ་ཡོད་ཚད་འཛོམས་ས་ཡིན། །
ཁ་བརྡའི་སྐུ་ཚེ་བརྟན་པའི་བཀྲིས་ཤོག །
ཁ་བརྡ་ཚང་སྔར་ང་ཚོ་བོད་ཀྱི་གཏམ་དཔེ་ལ། ཕོ་རབ་ཁོག་ལ་མདའ་ཤིང་མདུང་ཤོང་།
ཟེར་བའི་དཔེ་དང་གཅིག་མཚུངས་ཡིན། ང་དགའ་སའི་དྲྭ་ཚིགས་ཅིག་ཡིན། ད་ལོ་ལོན་སོང་ནི་རེད་ཡ།
འོ་རེད་་་་ལོ་ལོན་ཁ་ན་གསེར་ཟེར་བ་བཞིན་་་་ལོ་ལོན་འདི་ང་ཚོར་ཆེས་དགོས་གལ་ཆེ་བའི་སློབ་དེབ་བཞིན་་ཚང་མས་གཅེས་ཉལ་གནང་བར་སྙིང་ནས་གསོལ།
ཁ་བརྡ་ཚང་གི་དྲ་ཤོག་ཡངས་པོ་འདིར།།
བསམ་ཚུལ་བརྗེ་ལེན་རང་དབང་སྤྲད་ཡོད་དོ།།
ཆག་སྒོ་སློང་བའི་མི་ངན་རེ་ཟུང་གིས།།
ཁ་བརྡའི་རླུང་རྟ་མར་ལ་སྒྱེལ་ཡོད་དོ།།
འོན་ཀྱང་མང་གཙོའི་རླུང་རྟ་ཡར་ལ་སྐྱེད།།
སྨྲ་བརྗོད་རང་དབང་རླུང་རྟ་ཡར་ལ་སྐྱེད།།
བསམ་པ་བཟང་པོའི་རླུང་རྟ་ཡར་ལ་སྐྱེད།།
ཤེས་རིག་འཕེལ་བའི་རླུང་རྟ་ཡར་ལ་སྐྱེད།།
བསམ་བཞིན་དཀྲུག་ཤིང་སློང་མཁན་དང་སྐྱེས་བུ་སྒེར་ལ་སྨོད་ཚིག །སྐྱེས་བུའི་སྒེར་གྱི་རྩོད་རྙོག་རིགས་གཏན་འགོག་བྱེད་ཐུབ་ན་ལེགས།
ཁ་བརྡ་ཚང་གི་བོད་ཡིག་ལ་ཞབས་ཏོག་ཞུ་བའི་ལྷག་བསམ་བཟང་པོ་ལ་བརྟེན་ནས། རང་རེས་བོད་ཀྱི་རིག་གཞུང་བཅས་ལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཆེད་དུ་འབད་པས། བདག་སོགས་ཀྱི་བོད་སྐད་འབྲི་སྟངས་གོང་ནས་གོང་དུ་འགྲོ་བཞིན་པར་ཁ་བརྡའི་དྭངས་བླངས་ལས་བྱེད་པ་རྣམས་ལ་བཀའ་དྲིན་ཆེའོ།།
ཁ་བརྡ་ནི་དངོས་གནས་ཡག་པོ་འདུག་
གཏེ་ངན་ཁ་ཤས་ཤིག་གི་ཁ་བཙོག་དང་ངན་སྨྲེ་ལ་རྒྱལ་ཁ་ཐོབ་སོང་བ་འདྲ། ད་ཡིན་ན་ངའི་བོད་ཡིག་གི་ཚེ་ཐག་ཆད་རྒྱུ་ལས་མེད། ད་བར་དུ་སྐུ་མགྲོན་དུ་ཕེབས་བཅུག་པར་བཀའ་དྲིན་ཞུ། མིང་ངོ་མ་དང་སྨྱུག་མིང་གཉིས་ཀ་མི་འབྱོར་སའི་མིང་མེད་འབྲོག་ཕྲུག་ཞིག་ཡོང་དང་མ་ཡོང་ཅི་ཁྱད། ཡིན་ན་ཡང་། གནམ་མིང་ལ་མཆན་བུ་འདེབས་ཆོག་ན་མུ་མཐུད་དུ་དྲ་གྲོགས་ཀྱི་ར་བ་འདི་ནས་བཞན་ལ་ཁ་བརྡ་ཞིག་བྱས་ནས་མྱི་ཚེ་ལ་ཡར་རྒྱས་ཡོད་མེད་ཞིག་ལྟ་ན་འདོད་ཡོད། དྲ་བདག་པས་ཐུགས་ལ་བཟུང་།
མྱི་སུམ་ཅུར་བསམ་པ་སུམ་ཅུ། །ཟོག་སུམ་ཅུར་རྭ་ཁ་དྲུག་ཅུ། །ཞེས་པ་ལྟར་བསམ་བློ་གཏོང་སྟངས་མ་འདྲ་བ་དག་ཁ་གསང་པོས་བཤད་ན་ཉན་བཟོད་པའི་སྒོ་ནས་ལེགས་སྤེལ་ཉེས་འགོག་བྱ་བའི་གོ་སྐབས་ཡོད་པ་དེ་རྩ་ཆེན་པོར་འདོད་དེ། འོན་ཀྱང་་་་་་་་
གོང་གི་སེང་རྡོར་གྱིས་རྒྱལ་སྤྱིའི་གནས་ཚུལ་མི་ཤེས་ཤེས་ཁུལ་བྱེད་པ་ནི་བཞད་བགད་ཀྱི་གནས་རེད། YouTube, Facebook, twitter སོགས་ཀྱིས་མཆན་བུ་ཐད་ཀར་འགོད་པ་ལས་བཏང་འཛིན་བྱེད་ཀྱི་མེད། ཧཧ། ཤེས་ཁུལ་མ་བྱེད།
ཁ་བརྡ་ཚང་ལ་དགའ་པོ་ཡོད། སྒྲིག་ལམ་ལ་འགྱུར་བ་མང་པོ་མ་བཏང་ན་དེ་བས་དགའ་བསུ་ཞུ།
གསར་ལམ་ཁག་མང་པོ་ཅིག་ལ་མཆན་བུ་སྟངས་འཛིན་མི་འདུག་པ་མངོན་གསལ་དོད་པོ་རེད།འོན་ཀྱང་།སྤྱི་ཚོགས་ལ་རྙོག་ཟིང་སློང་གཞི་དང་དཀྲོག་རྐྱེན་རིགས་སྣ་ཚོགས་སྤེལ་བ་ཡིན་ན།འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱོར་བ་སོགས་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཁག་གི་ནང་དུའང་ཡོང་བཞིན་པ་རེད།དཔེར་ན་རྒྱ་གར་ནང་ད་ལོ་དྲ་རྒྱའི་སྟེང་དཀྲོག་རྐྱེན་སྤེལ་མཁན་མི་མང་པོ་བཙོན་འཇུག་བྱས་སོང་ང་།
བོད་མིའི་ནང་དམིགས་བསལ་བོད་ཡིག་དྲ་མཆན་སྤེལ་མཁན་མང་ཤོས་བོད་ནས་ཡོང་བ་ཡིན་དུས།མང་གཙོ་ཟེར་བ་གང་བྱས་གང་བཤད་ཆོག་པ་ཅིག་ལ་ངོས་འཛིན་གནང་གི་འདུག་མོད།མང་གཙོའི་སྤྱི་ཚོགས་ནང་ཁྲིམས་དང་འགན་འཁྲི་ཡོད་པ་དང་རང་གིས་གང་བཤད་པ་ཁྲིམས་དང་འགལ་ན།དེའི་འགན་སོ་སོས་བླངས་ཏེ་ཁྲིམས་ཆད་འཁུར་དགོས་པ་ཆོས་ཉིད་རེད།
ཁ་བརྡ་ཚང་གི་བོད་མི་རིགས་ཀྱི་སྐད་ཡིག་གོང་འཕེལ་ལ་སྐུལ་འདེད་གཏོང་ཡོད་པ་ནི་སྨོས་མེད་རེད། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རང་དབང་ཐོག་བསམ་འཆར་སྤེལ་ས་ཁོར་ཡུག་ཅིག་བསྐྲུན་པ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ།
གངས་ཅན་བོད་ཀྱི་རྒྱལ་ས་གཉིས་པ་གནས་མཆོག་དྷ་རམ་ས་ལར་གནས་པའི་ཤེས་འཇོན་ལྷག་བསམ་ལྡན་ཞིང་། ལུགས་གཉིས་བླང་དོར་ལ་མཁྱེན་སྤྱན་མཆོག་ཏུ་ཡངས་པའི་རྒྱལ་གཅེས་གྲོགས་མཆོག་ཅིག་གིས་ཕྱི་ལོ་༢༠༡༢་ལོའི་ཟླ་༩་བའི་ཚེས་༧་ཉིན་གྱི་དགོང་མོ་མཚན་གྱི་ཆུ་ཚོད་༡༡་ཙམ་ལ་ཞལ་པར་ཞིག་འབྱོར་བྱུང་བ་དང་། ཁོང་གིས་གསུངས་དོན། “ཁ་བརྡ་དྲ་རྒྱའི་མདུན་ངོས་ན་གདན་ས་ལ་ཐུགས་རྗེ་ཆེ་ཞུ་འོས། ཞེས་པའི་རྩོམ་ཡིག་ཅིག་ཡོད་པའི་འོག་གི་ཞབས་མཆན་༦༡་པར་དྲ་འབུ་ཞིག་གིས་ཁྱེད་དང་ཁྱེད་ཀྱི་ཤག་རོགས་འཇམ་དབྱངས་བློ་གྲོས་བཅས་ཀྱི་མིང་ཐོག་ནས་དཀྲུག་ཤིང་གི་དཀྲོག་གཏམ་ཞིག་སྤེལ་འདུག་པས་དེ་མཐོང་སོང་ངམ། མཐོང་མེད་ན་དེའི་རིགས་ལ་དོ་སྣང་གནང་དགོས་ས་རེད།” ཅེས་གསུངས་བྱུང་བ་དང་། ཤག་ནང་དྲ་རྒྱ་མེད་པར་བརྟེན། དེ་མ་ཐག་བྱ་ཐབས་བྲལ་ཡང་དེ་རིང་ཞོགས་པར་དྲ་ཁང་དུ་ཕྱིན་ནས་བལྟས་པར། འཇིག་རྟེན་ཕན་བདེའི་འབྱུང་གནས་༧གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ་བཀྲ་ཤིས་མིང་ཅན་གྱི་ལྟས་ངན་དྲ་འབུ་ཞིག་གིས་སྒྲོ་འདོགས་དང་སྐུར་འདེབས་ཡ་ང་བའི་ངག་འཆལ་བདེན་རྫུན་གོ་ལྡོག་འདི་ལྟར་ལབ་ན་དེ་མ་ཐག་མི་གསོན་པོའང་དམྱལ་བ་ཐིག་ནག་ཏུ་ངེས་པར་སྐྱེ་ལོས་འགྲོ་སྙམ་པ་ཞིག་བྲིས་འདུག་པའི་མཇུག་ཏུ་འབྲི་མཁན་ཕྲན་གྱི་ཤག་རོགས་གསེར་རྟའི་འཇམ་དབྱངས་བློ་གྲོས་ཡིན་རབས་བྲིས་འདུག་པ་མཐོང་མ་ཐག་སྙིགས་མ་ལྔ་བདོའི་དུས་འདིར་སངས་རྒྱས་དངོས་སུ་འཇིག་རྟེན་དུ་བྱོན་པ་སངས་རྒྱས་སུ་མཇལ་རྒྱུའི་སྐལ་བ་མ་བྱུང་བར་མ་ཟད། སྐུ་ཚེ་གང་ལ་སྐུ་ངལ་བསམ་གྱིས་མི་ཁྱབ་པ་བཀྱོན་ཏེ། དཀའ་བ་ཁྱད་བསད་དང་ངལ་བ་དང་ལེན་ཁོ་ནས་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་རིག་གཞུང་བཅས་འཆི་ས་ནས་སྲོག་དབང་བསྩལ་ནས་བསྐྱབས་པའི་བཀའ་དྲིན་ཙམ་ཡང་ངོས་མི་ཟིན་པའི་ཆེས་ཤིན་ཏུ་བླུན་ཞིང་རྨོངས་པའི་ཉམ་ཐག་སྐྱེ་བོ་དྲ་འབུ་འདི་རིགས་སྙིང་རེ་རྗེ་སྙམ་པའི་སྙིང་རྗེ་ཤས་མི་བཟོད་པ་ཞིག་སྐྱེས་བྱུང་བ་དང་། ཆབས་ཅིག་རྗེ་ས་པན་གྱིས། བློ་ཆུང་རྣམས་ལ་ཕན་བཏགས་པ། །འགའ་ཞིག་གནོད་པ་ཆེན་པོར་གྱུར། །སྐྱ་ཀའི་ཕྲུ་གུས་མ་ཡི་སྤུ། །འཐོག་པ་དྲིན་ལན་ཡིན་པར་བསྒོམ། །ཞེས་པའང་འདི་འདྲའི་རིགས་ལ་དགོངས་པ་ལོས་ཡིན་སྙམ་པ་བྱུང། ཕྲན་གྱི་ཤག་རོགས་དགའ་ཤར་སོག་པ་གསེར་རྟའི་འཇམ་དབྱངས་བློ་གྲོས་མཆོག་ནི་ཉེ་སྔོན་སེ་ར་ལ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་སོང་བས། དཔལ་སེ་ར་ཐེག་ཆེན་གླིང་ན་གཞུང་ཆེན་བཀའ་བོད་ལྔ་དང་། རིག་གནས་སོགས་རྩོད་རྒྱུགས་དང་། འབྲི་རྒྱུགས་བཅས་ཀྱི་ནང་ལ་ད་སྐབས་དབུ་འཁོར་འདུག་རྒྱུ་ཙམ་ལས། ཁོང་གི་མཚན་དྲ་འབུ་ལས་ངན་ཚོས་བེད་སྤྱད་དེ་རང་ཉིད་ཀྱི་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་༧རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་དངོས་༧གོང་ས་རྒྱལ་དབང་ཡིད་བཞིན་ནོར་བུ་ལ་སྒྲོ་འདོགས་དང་། སྐུར་འདེབས་ཞུ་བཞིན་པའི་ཟུར་ཙམ་ཡང་ཁོང་གིས་ཤེས་མེད་པ་ཕྲན་གྱིས་བརྒྱ་ཆ་བརྒྱ་ཐག་བཅད་ནས་ཤོད་ཐུབ་ངེས་ཡིན་ལ། དེའི་སྐོར་ཁོང་ལ་བཤད་ན་ཁོང་གིས་སེམས་ཁྲལ་གནང་ནས་རྒྱུགས་སྤྲོད་ལ་བར་ཆད་མི་འབྱུང་བའི་ངེས་པ་མེད་པར་བརྟེན། ཕྲན་གྱིས་ཀྱང་དེའི་སྐོར་ཁོང་ལ་གང་ཡང་བཤད་མེད། འོན་ཀྱང་དགའ་ཤར་སོག་པ་གསེར་རྟའི་འཇམ་དབྱངས་བློ་གྲོས་མཆོག་ནི་༧གོང་ས་སྐྱབས་མགོན་༧རྒྱལ་བའི་དབང་པོའི་སྐུ་གསུང་ཐུགས་གསུམ་དང་། མཛད་པ་འཕྲིན་ལས་བཅས་བསླུ་བ་མེད་པ་ལ་ཚད་མས་ངེས་པ་བརྟན་པོ་རྙེད་དེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་ཡིན་པ་ལ་ཡིན་པར་ངོ་ཤེས་པའི་སྒོ་ནས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་ཏུ་སྟེན་མཁན་གྱི་ལུང་རིགས་སྨྲ་བའི་ཤཱཀྱའི་དགེ་སློང་ཚད་ལྡན་ཞིག་ཡིན། དེའི་ཕྱིར་ཐེངས་འདིར་འཆལ་གཏམ་སྤེལ་མཁན་གྱི་དྲ་འབུ་དེ་ནི་ལས་སྨོན་ལོག་པའི་ལས་ངན་དོལ་རྒྱལ་ཚོགས་པ་དང་། སྒེར་གཅོད་པ་རྒྱ་དམར་སྲིད་གཞུང་གང་རུང་གི་མི་སྣ་དང་། ཡང་ན་དོལ་ཚོགས་དང་། རྒྱ་དམར་སྲིད་གཞུང་གང་རུང་ལ་ལག་པ་ཟེད་དེ་འཚོ་ཐབས་སྐྱེལ་མཁན་རིགས་ཡིན་པ་ཕྲན་གྱིས་ཐག་གཅོད་གཙང་མ་ཐུབ་ངེས་འདུག་ན། ༡༽ གཟུར་གནས་དྲ་གྲོགས་ཡོངས་ཀྱིས་ཕྱིས་སུ་ལྟ་ངན་དྲ་འབུ་འདི་རིགས་ཀྱི་འཆལ་གཏམ་དཀྲུག་ཤིང་རིགས་ལ་དོགས་ཟོན་དང་དོ་སྣང་ངེས་པར་གནང་དགོས་པའི་རེ་བསྐུལ་དང་། ༢༽ ཁ་བརྡའི་རྩོམ་སྒྲིག་པ་སོགས་ལ་ཡང་གོང་གསལ་དྲ་འབུའི་འཆལ་གཏམ་ཞབས་མཆན་༦༡་པ་དེ་གཏོང་མཁན་སུ་ཡིན་ལ་ཞིབ་འཇུག་དང་། དཀྲུག་ཤིང་འཆལ་གཏམ་འདི་རིགས་བསུབ་རོགས་གནང་ཞེས་རེ་བསྐུལ། ༣༽ དོ་བདག་འདྲ་འབུ་དེ་དག་ལའང་ཁྱེད་ཅག་གིས་མིང་རྫུན་འོག་ནས་ཕུ་དཀྲུགས་མདའ་དཀྲུགས་བྱེད་ཐབས་འདི་ལ་ནུས་པ་གང་ཡང་མེད་པར་མ་ཟད། རང་མིང་ཙམ་ཡང་བེད་སྤྱོད་མི་ནུས་པར་གཞན་གྱི་མིང་རྫུན་འདྲ་མིན་བེད་སྤྱད་དེ། ཁུངས་མེད་འཆལ་གཏམ་སྤེལ་བཞིན་པ་དེ་དག་གི་དོན་ལ་ཁྱོད་ཀྱི་རུལ་སུངས་ཀྱི་རྣམ་འགྱུར་མཚོན་ཡོད། རྒྱ་དམར་གྱི་བཙན་གནོན་འོག་གི་བོད་ནང་དང་མི་འདྲ་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན། རྒྱལ་སྤྱིའི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་གི་དགོངས་དོན་གཞིར་བཟུང་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་ལ་ལོངས་སྤྱད་རྒྱུའི་གོ་སྐབས་ཕུན་སུམ་ཚོགས་པ་ཡོད་པས། སུ་ཞིག་ལ་རྒྱུ་མཚན་ཁུངས་ལྡན་དང་། རྒྱལ་སྤྱིའི་ཁྲིམས་སར་སྐྱེལ་དགོས་བྱུང་ཡང་། ངོ་གནོང་མི་དགོས་པའི་བརྗོད་གཞི་ཚད་ལྡན་གང་ཞིག་ཡོད་ཀྱང་སྤོབས་པ་དང་བཅས་ཏེ། རང་མིང་ངོ་མ་གང་ཡིན་བེད་སྤྱད་ནས་བྲིས་ན་ཁྲིམས་དང་མཐུན་ལ་གཟི་བརྗིད་ཀྱང་ཡོད་མོད། ད་ལྟའི་དྲ་འབུ་འདི་དག་གིས་བྱེད་སྟངས་ནི་རུལ་སུངས་ཀྱི་རྣམ་འགྱུར་དང་། རྒྱལ་སྤྱིའི་ཁྲིམས་འགལ་ཁོ་ན་ཡིན་པ་ངེས་པར་སྔ་སེ་ནས་ཤེས་དགོས་པ་བཅས། མདོ་སྨད་སྤྱི་ཟུར་དགའ་ཤར་སོག་པ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་ཕྱི་ལོ་༢༠༡༢ལོའི་ཟླ་༩ཚེས་༨ཉིན་བྲིས། །
མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས།
སྐུ་ཉིད་ཀྱིས་གསལ་བཤད་གཞིར་བཞག་འདི་ནས་མཆན་བུ་དེར་ཞིབ་བཤེར་ཞུས་པར། མཆན་བུ་དེ་སྤེལ་མཁན་ཐེ་ཝན་དུ་གནས་སྡོད་ཅིག་དང་། ཁྱེད་རང་གི་ཤག་རོགས་དེ་ད་ལྟ་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་གནང་མུས་གཉིས་ཀ་ར་འཕྲོད་བྱུང་སྟབས། ད་ལྟ་ང་ཚོས་མཆན་དེ་གནས་སྐབས་རིང་དྲ་ངོས་སུ་འཆར་རྒྱུ་བཀག་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com
ཁ་བརྡ་ཚང་གིས། མཆན་བུ་འདེབས་མཁན་རྣམ་པས་དགག་དགོས་མེད་ན་རང་གི་མཚན་ངོ་མ་སྤྱོད་རྒྱུ་དང་། ཞེས་པའི་རེ་སྐུལ་ཞུ་དོན་ལྟར། དུས་དེ་རིང་ནས་བཟུང་བདག་གི་སྨྱུག་མིང་ལ་མིག་བརྒྱད་པ་ཟེར་བ་དེ་ཕྱིར་འཐེན་གྱིས་བདག་གི་དངོས་མིང་ལ་ལེགས་བཤད་ཅེས་བེད་སྤྱོད་བྱ་རྒྱུ་ཡིན། ད་བར་དུ་གཞན་ཞིག་ལ་སྐྲག་པ་དང་དོན་མེད་དུ་དཀྲོགས་གཏམ་བཟོ་འདོད་ཀྱིས་སྨྱུག་མིང་འདི་བེད་སྤྱད་པ་མིན་ལ། རང་གི་རིག་གཞུང་དང་སྐད་ཡིག་གི་འདུན་པས་ཁ་བརྡའི་ནང་ལ་འཛུལ་བ་ཡིན། གལ་ཏེ་གཞན་ཞིག་ལ་ཕོག་ཐུག་སོང་བ་དང་དགོངས་འགལ་བྱུང་ཡོད་ན་དགོངས་དག་ཞུ། །
འོ་རེད། བདག་གི་དངོས་མིང་ལེགས་བཤད་དེ་གཞན་དང་མི་ནོར་བའི་ཆེད་རྡོ་སྦིས་ལེགས་བཤད་ཅེས་བེད་སྤྱོད་བྱ་རྒྱུ་ཡིན།
ཁ་བརྡ་དྲྭ་བ་ཐོག་མར་སྒོ་འབྱེད་མཁན་དང་ད་ལྟ་རྒྱུན་སྐྱོང་གནང་བཞིན་པའི་དྲྭ་དཔོན་རྣམ་པའི་ངལ་བ་ཁྱད་བསད་ཀྱི་ལྷག་བློའི་བྱ་བར་རྗེས་དྲན་ཞུ་བཞིན་ཡོད།
དེ་རིང་མཆན་བུར་སྟངས་འཛིན་གནང་རྒྱུའི་ཐབས་ལམ་སྟོན་པར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཞུ་རྒྱུ་ཡིན།
འོན་ཀྱང་མཆན་བུ་འཆར་རྒྱུར་ཆུ་ཚོད་རེ་གཉིས་ཀྱི་དུས་ཡུན་སྒུག་དགོས་ན་ཁ་བརྡའི་མགྲོན་པོ་ཉུང་དུ་འགྲོ་ངེས་དང་ཁ་བརྡའི་འཁྲུགས་ཆ་ཡང་ལྷོད་དུ་འགྲོ་སྲིད་པར་སྙམ།
དེས་ན་ཁ་བརྡའི་མཆན་རྣམས་གང་མགྱོགས་འཆར་ཐུབ་པའི་ཆེད་ད་ཡོད་རྩོམ་སྒྲིག་པ་གཉིས་ཀྱི་སྟེང་རྒྱུན་ལྡན་ཁ་བརྡའི་ནང་ཡང་སེ་ཕེབས་བཞིན་པའི་གཟུར་གནས་མཁྱེན་རྒྱ་ཡངས་པའི་མི་སྣ་ཁག་ཅིག་ལ་ཡང་མཆན་བུ་སྟངས་འཛིན་དང་དུས་ཐོག་དྲྭ་རྒྱར་འཆར་ཐུབ་པའི་ཐད་མཉམ་ལས་གནང་སྐབས་བྱུང་ན་དགེ་མཚན་ཆེན་པོ་ཡོད་སྙམ་དུ་བསམ་བཞིན་འདུག
དྲ་ལམ་བེད་སྤྱོད་ལོག་པར་གཏོང་མཁན་འགའ་ཞིག་གིས་རྐྱེན་བྱས་ཏེ།
ཁ་བརྡ་དྲ་རྒྱ་སྟངས་འཛིན་བྱེད་མཁན་ལའང་སྤྱི་ཚོགས་ཐོག་དོགས་གཞི་སླེབས་རྒྱུའི་ཉེན་ཁའི་གནས་སུ་འགྱུར་བའི་མཚམས་འདིར།
སྟངས་འཛིན་ཚད་ལྡན་ཞིག་གནང་མ་ཐུབ་ན། དྲ་ལམ་འདི་བཞིན་དཀར་ནག་ཚང་མ་འཛོམས་ས་ཞིག་ཆགས་ན། དགྲ་དགའ་གཉེན་སྡུག་དང་། ཁེ་ཆུང་གྱོང་ཆེའི་གནས་སུ་གྱར་ངེས་ལགས་ན། མཆན་བུར་དབྱེ་ཞིབ་ནན་ཏན་གྱིས་སྤྱི་སྒེར་ཚང་མར་ཕན་ཐོགས་ཡོད་པ་ཞིག་ཡིན་ན་ངེས་པར་གཏོང་དགོས་པ་དང་།
སྤྱི་སྒེར་ཚང་མར་འཕྲལ་ཕུགས་རྒྱང་གསུམ་དུ་གནོད་འགལ་དུ་འགྱུར་བ་ཞིག་ཡིན་ན། ངེས་པར་གཏན་འགོག་བྱེད་དགོས་པ་ཡིན།
དེང་སྐབས་དྲ་ལམ་བརྒྱུད་དེ་བོད་མིའི་སྤྱི་ཚོགས་ལ་བརྡབ་གསིག་དང་། གཏོར་བཤིག ཕན་ཚུན་ཕུང་དཀྲུག གཟུགས་མེད་གྲིབ་བཟོ་སོགས་སྣ་མང་བྱས་ཏེ། བོད་མིའི་མཐུན་སྒྲིལ་གྱི་གོང་བུ་གཏོར་རྒྱུ་སོགས་ཀྱི་བྱ་ངན་སྤེལ་མཁན་ཡང་ཡོད་ངེས་པས་དེ་དོན་ཡིད་འཇགས་ཡོད་པ་ཞུ།།
བསེ་རུའམ་ངག་དབང་རྡོ་རྗེས།
ཁ་བརྡ་རྩོམ་སྒྲིགས་པ་ལགས། གདན་ས་གསུམ་ལ་ཐུགས་རྗེ་ཆེ་ཞེས་པའི་བརྩོམས་ཡིག་དེའི་མཆན་༧༣་པ་དག་མཆན་མི་སྤྲོད་པ་གང་ཡིན་ནམ། བཀག་དགོས་པའི་གནད་དོན་གང་དུ་ཐུག་ཡོད། ངའི་ཁ་བྱང་ཡང་དེ་ག་རང་ཡིན་ལ་མིང་ཡང་དངོས་མིང་རང་ལས་སྨྱུག་མིན་་་་་ད་འོ་ན་ག་རེ་མ་འགྲིགས་པ་ཡིན་ནམ།
འཇམ་གཅེས་ལགས།
ཁྱེད་རང་གིས་ད་ཕན་མཆན་སྤེལ་བའི་ནང་ ༼དགེ་ལེགས། འཇམ་གཅེས། བྱང་སེམས་ཟླ་བ།༽ཞེས་མིང་མི་འདྲ་བ་གསུམ་སྤྱད་ནས་མཆན་བུ་སྤེལ་ཡོད་སྟབས། འདི་ནས་གོང་གི་གསལ་བསྒྲགས་གཞིར་བཟུང་སྟངས་འཛིན་དེ་བྱས་པ་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com
རྡོ་སྦིས་ལེགས་བཤད་ལགས། ཁྱོད་ལ་མིག་བརྒྱད་པ་བཏགས་ནས་ཁྱོད་ལ་མིག་བརྒྱད་མ་དགོས་མིག་གཉིས་པོ་དེ་ཡང་མིག་ཤེལ་མ་གོན་ན་མི་རིག་ག་ཟེ། ཧཧཧ ད་མིག་བརྒྱད་པོ་སྟེང་ལ་མིག་ཤེལ་གཅིག་གོན་ད།
ཁ་བརྡའི་གནང་སྟངས་འདི་ལ་དགའ་བསུ་ཡོད། རང་དབང་ཞེས་པ་དེ་ལ་ཡང་མཚམས་ཤིག་ངེས་པར་དུ་དགོས་འདུག ལྷག་ཏུ་ང་ཚོའི་སྤྱི་ཚོགས་ལྟ་བུ་མ་སྨིན་པའི་སྤྱི་ཚོགས་སམ་སྒྲིག་ལམ་མེད་པའི་སྤྱི་ཚོགས་འདི་ལ་གང་འདོད་འདོད་བྱེད་བཅུག་ན་ཉེན་ཁ་ཆེན་པོ་རེད་འདུག ཐུགས་རྗེ་ཆེ།
ང་རྒྱང་ཕུད་ལ་བཏང་ཚར་བ་ཡིན་ནམ། ཁ་བརྡ་ཚང་། གནམ་ལ་དམིགས་བསལ་ཞིག་བྱེད་རོགས་ཞུ་ཞུ་ཞུ། ངས་ཁ་ངན་དང་གྱོད་འདྲེ་མི་བྱེད་ཁག་ཐེག་ཡིན། ང་ལ་གདོང་ལྤགས་སྟོན་ཐུབ་པའི་ཁེངས་བ་མི་འདུག།
ང་རྒྱང་ཕུད་ལ་བཏང་ཚར་བ་ཡིན་ནམ། ཁ་བརྡ་ཚང་། གནམ་ལ་དམིགས་བསལ་ཞིག་བྱེད་རོགས་ཞུ་ཞུ་ཞུ། ངས་ཁ་ངན་དང་གྱོད་འདྲེ་མི་བྱེད་ཁག་ཐེག་ཡིན། ང་ལ་གདོང་ལྤགས་སྟོན་ཐུབ་པའི་ཁེངས་བ་མི་འདུག།
ཡ་ཡ། ཡོང་གི་མི་འཇུག་ན་ཁྱེད་ཅག་བདེ་མོ་བྱོས་ཟེར་བ་ལས་ལྷག་མ་སོང་། ཁ་བརྡ་དང་བཟའ་མཐོར་བྱུང་བའི་བརྡ་ཡིག་ཞིག་ཁ་བརྡ་ཚང་གིས་གསལ་བསྒྲགས་ཞིག་བྱེད་པར་ཞུ།
གུས་བ་གནམ་ཞུ་བ་ཡིས།
༢༠༡༢/༠༩/༠༨ཉིན
སྐུ་ངོ་ཁ་བརྡ་སང་ཁྱེད་རང་ཚོའི་སྒྲིག་གཞི་གང་བཟོས་ན་དགའ་བསུ་ཡོད། ཕྱི་གླིང་པའི་དྲ་སྒོ་འགའ་རེའི་སྟེང་དུ་གླེང་གཞི་གཅིག་རེར་མཆན་འགོད་མཁན་སྟོང་ཚོ་བདུན་ལྷག་རེ་ཡོད་པ་མཐོང་མྱོང་། དེ་དང་བསྡུར་ན་ང་ཚོའི་ཁ་བརྡའི་སྟེང་དུ་མཆན་བཀོལ་མཁན་ཉུང་དྲགས་པ་མིན་ནམ་བསམ། སྤྱིར་བཏང་བཤད་ན་ཁ་བརྡ་དྲ་ཚིགས་འདི་ཧ་ཅང་ཡག་པོ་ཡོད།
གཞོན་ནུ་ཟླ་མེད་ལགས། རེད་རེད། ད་ནི་སྨྱུག་མིང་གི་འོག་གབ་གབ་ནས་བསྡད་བསྡད་རུང་གྲོགས་པོ་མང་པོ་ཞིག་གིས་སྐད་ཆ་དྲིས་ནས་འདུག་གི་མི་འཇུག་གི །ཚང་མ་ལ་ས་རིས་ཐང་གསལ་དུ་གྱུར་འདུག །གལ་ཏེ་དགག་པ་འདྲ་རྒྱག་དགོས་བྱུང་ན་སྨྱུག་མིང་གཞན་ཞིག་བྱེད་སྤྱོད་གཏོང་ཆོག་པར་ཁ་བརྡ་ཚང་གིས་དགོངས་པ་འཁྲོལ་རོགས་ཞུ།
ཁ་བརྡ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་སྟངས་འཛིན་བྱེད་ཐབས་གསར་པར་མོས་མཐུན་དང་།བརྩི་བཀུར་ཞུ་རྒྱུ་ཡིན།
ཁ་བརྡ་ཚང་གིས་མཆན་བུར་སྟངས་འཛིན་གནང་བར་རང་བློར་ཐད། སླད་མར་སྤྱི་ཚོགས་ལ་འགན་མ་འཁུར་བའི་མཆན་བུ་དང་བསམ་ཚུལ་རིགས་བྱུང་ན། ཁ་བརྡའི་མིག་འོག་ནས་མ་ཤོར་བ་གནང་རྒྱུ་གལ་ཆེ། དེ་ཡང་མཆན་བུར་དག་མཆན་གནང་དུས་རང་ཉིད་དགའ་ཕྱོགས་དང་སྡང་ཕྱོགས་ཀྱི་འདུ་ཤེས་ནི་མཆན་བུ་ལེགས་ཉེས་འབྱེད་བྱེད་ཀྱི་ཚད་ཤིང་མིན་པ་མཁྱེན་དགོས། ད་དུང་མཆན་བུ་འཕྲལ་དུ་དྲ་ངོས་སུ་ཤར་གཏོང་ཡོང་བར་འབད་རྒྱུ་དེ་ཡང་ཁ་བརྡའི་མདུན་ལམ་དང་འབྲེལ་ལོས་ཆེ་སྙམ་མོ།། །།
ཁ་བརྡ་ཚང་གིས་མཆན་པ་སུ་ཡིན་ཤེས་རྒྱུ་གལ་ཆེན་པོ་མཐོང་། གཞན་ལ་གཞི་མེད
དམའ་འབེབ་དང་འཆལ་གཏམ་སྤེལ་བ་སོགས་ཚུལ་མིན་བྱེད་མི་བྱུང་ན་དེའི་འགན་ཁག་ཆ་ཚང་ཁ་བརྡ་ཚང་གིས་འཁུར་
དགོས་པ་དང་། མིང་ངན་པ་འཁུར་ནས་མཐོང་ཉམས་པ་ལས་ཅང་མེད།
དེ་ཚང་མས་ལོས་ཤེས།
དྲ་གྲོགས་རྣམ་པར་ཞུ་རྒྱུར། ཁ་བརྡས་བཤད་པ་བདེན། ང་ཚོ་དམངས་གཙོ་ལམ་ལུགས་ཀྱི་བདག་པོ་རེད་ལ་རང་དབང་ཐོབ་ཐང་གི་བྱ་ར་བ་རེད། གང་ལ་ཡང་འཇིགས་སྣང་བྱ་དགོས་དོན་མེད། དམངས་གཙོ་ཡང་དག་པའི་ཁྲིམས་འོག་ནས་སྨྱུག་མིང་སོགས་སྤྱོད་པ་ནི། གཅིག་ན་རང་སྣང་དགུང་ལ་སྤུར་བའི་འཁྲུལ་བ་རེད། གཉིས་ན་རང་ཉེས་སྦས་གསང་བྱ་བའི་གཡོ་སྲོལ་རེད། གསུམ་ན་གཞན་བྱས་དམའ་འབེབ་གཏོང་བའི་སྤྱོད་ངན་རེད། བཞི་ན་རང་ལ་ཡིད་ཆེས་མེད་པའི་བག་ཁུམ་རེད། ལྔ་ན་མི་སེམས་གཉའ་ཆག་གཏོང་བའི་དུག་གཏམ་རེད། དྲུག་ན་རང་རིགས་སིལ་བུར་གཏོར་བའི་འགད་རྫས་རེད། བདུན་ན་ཤེས་བྱ་ཡར་རྒྱས་མེད་པའི་སྔར་ལྟས་རེད། གང་ལྟར་ཁྱོད་ཀྱིས་མི་རིགས་འདིའི་ལས་དབང་ལ་ཐུགས་བསམ་ཁུར་དུ་བཞེས་ཀྱིན་ཡོད་འདོད་ན། གདོང་དྲེག་པས་མ་གོས། སེམས་གཡོ་སྒྱུས་མ་སླད་པར་མངོན་དང་། ཁྱོད་ནི་ནམ་ཡང་ཁྱོད་ཉིད་ཡིན། ཅི་ཙམ་སྨྱུག་མིང་གིས་གབ་ཀྱང་ཁྱོད་ནི་ཁྱོད་ཉིད་ལས་གཞན་སུ་ཡང་མིན།
ངས་འདི་ནས་ཅིག་ཞུ་བསམ་པ་ནི།
ཁ་བརྡ་ཚང་གིས་ད་རེས་ཟིན་བྲིས་པ་དང་མཆན་འགོད་པ་སོ་སོར་ད་ནས་བཟུང་རང་རང་གི་དངོས་མིང་བེད་སྤྱོད་བྱས་ན་ལེགས་ཚུལ་གྱི་རེ་བསྐུལ་གནང་བར་བརྩི་བཀུར་དང་རྒྱབ་སྐྱོར་ཞུ་དགོས་ངེས་རེད། ལོས་ཞུ།
ཡིན་ཡང་ཧེཧེཧེ མཆན་བུ་མ་གཏོགས་རྩོམ་ཡིག་འབྲི་མི་ཤེས་པའི་ང་ལྟ་བུས་རང་གི་དངོས་མིང་དྲ་ཐོག་ཏུ་འགོད་རིན་ཆུང་བར་མ་ཟད་ངོ་ཡང་ཚ་གི ཧཧཧ ད་ག་རེ་བྱེད་དགོས་རེད། ཁ་བརྡ་ཚང་གི་བཀའ་ནི་ལྡོག་ཐབས་མེད།
ཁབ་རྡ་ཚང་ལ་ཡི་རང་ཡོད། ཁབ་རྡ་ཚང་ལ་བཀའ་དྲིན་ཞུ། ཁབ་རྡ་ཚང་གི་ཚོགས་ཁང་ནས། བོད་མིར་གདུང་སེམས་མཉམ་སྐྱེ་བྱེད། ཆོལ་གསུམ་ཆོས་ལུགས་དཀྲོག་པ་དང། མཐུན་བསྒྲིལ་འགལ་ཚིག་བཀག་ན་ལེགས། ཁབ་རྡ་ཚང་གི་གུར་ཁང་ན། དོལ་དང་རྒྱལ་བཚོང་ནག་པོའི་རིགས། ཁྱི་དང་ཞི་མི་མེད་ན་ལེགས
འ་ཡོ ད་ཁ་བརྡ་ལ་ཡང་ཁ་སྤུ་སྐྱེས་ཚར་འདུག ཧཧཧ
ད་ནས་བཟུང་ཁ་བརྡར་ངའི་མིང་ནི། ཀརྡོ་གཉེར་ཕྱག་པ་གཅིག་ཉིད་དུ་ངེས་སོ། །
ཁ་བརྡ་ཚང་ལ་ཡོང་ནས་ཡི་གེ་གཏགས་སྟངས་ཤེས་སོང་། རྩོམ་ཡིག་འདྲ་མིན་མཐོང་སོང་། བསམ་ཚུལ་འདྲ་མིན་ཤེས་སོང་། སྨྱུག་མིང་སྤྱོད་པ་ལ་དམིགས་ཡུལ་དུ་མ་ཡོད་དེ། ལ་ལས་དཀྲུག་ཤིང་གཏོར་བརླག་གཏོང་། ལ་ལ་ངོ་ཚ་ནས་སྨྱུག་མིང་འོག་ཏུ་སྦས། ལ་ལས་རང་ཉིད་བདེ་འཇགས་ཆེད་ཡིན་མོད། དོན་མེད་དུ་སྨྱུག་མིང་འོག་གབ་པ་ལ་དགོས་པ་ཅི་ཡོད། ངས་མཚར་གཏམ་ཞིག་བཤད། སྔོན་ཁྱིམ་ཚང་ཞིག་ཏུ་བུ་མོ་གླེན་པ་ཞིག་དང་མནའ་མ་མཛེས་མ་གཉིས་ཡོད་པ་རེད། ཉིན་ཞིག་ལ་ཁྱིམ་ཚང་གང་པོ་ཁ་ལག་ཟ་བའི་སྐབས། མནའ་མ་མཛེས་མ་དེ་ལ་གློ་བུར་དུ་རྐུབ་ནས་གཡག་རྒན་ཞིག་ཤོར་སོང་བ་རེད། མནའ་མ་ངོ་ཚ་ནས་གདོང་པ་མར་གློད། དེ་མ་ཐག་ལམ་སེང་བུ་མོ་གླེན་པ་དེ་ཡར་ལངས་ནས་ཚང་མས་ཐོས་ས་ནས། ད་ཅིས་ཨ་སྲུས་གཡག་བཏང་ནོ་དེ་ཨ་སྲུ་མ་རེད། ང་རེད། ཅེས་ལབ་པ་ན་བཟའ་མི་ཚང་མ་གད་མོ་ཤོར་བ་རེད། དེ་ནས་མནའ་མ་མཛེས་མ་དེ་ངོ་ཚ་རྒྱུ་མེད་པར་ཆགས་པ་རེད། རང་ཉིད་སྐྱོབ་ཐབས་མ་ཤེས་ན། གནའ་སྔ་མོ་སྤྲེའུ་ཞིག་ལ་རྔོན་པ་ཞིག་གིས་མདའ་སྣུན་པ་ན་སྤྲེའུ་དེས་ལམ་སེང་རང་གི་མིག་གཉིས་ལག་པས་བཀབ་པ་རེད། རང་ཉིད་སྐྱོབ་ཐབས་ངོ་མ་དེ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་གྲོགས་རེད།
མཆན་༤༤༽པ་འདོད་ལྷ་ཁམས་པ་ལགས་དང་། ང་གཉིས་ཀྱི་རྣམ་ཐར་གཅིག་མཚུངས་སུ་སྣང་ལགས།
༡ སྨྱུག་མིང་འདོགས་རྒྱུར་རྒྱུ་མཚན་དམིགས་བསལ་ཡོད་ན་དེ་ལུགས་རྩོམ་སྒྲིག་པར་གསལ་ཞུ་ཞུས་ན་འོས་འཚམས་སུ་མཐོང།
༢ ཡང་རིགས་གཅིག་ཡི་གེ་འཁྱོང་མ་འཁྱོང་གི་གནས་བབ་དུ་ཡོད་ཙང། དེ་རིགས་ཡར་རྒྱས་མ་བྱུང་བར་རྩོམ་སྒྲིག་པར་སྨྱུག་མིང་འདོགས་ཆོག་པར་སྙན་གསེང་ཞུས་ན་ལམ་ཁ་ཡོད་སྲིད་པ་རེད།
༣ རབ་ཏུ་བྱུང་ན་དངོས་མིང་བཀོད་དེ་གླེང་སློང་བྱ་རྒྱུ་ལས་འགན་འཁུར་སྟངས་གཞན་མེད་སྟབས། དེ་ལུགས་ཐུབ་ན་དངོས་གནས་ཨ་མའི་བུ་དང་བུ་མོ་ཡིན་པར་འདོད།
རང་དབང་དང་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་ཆ་ཤས་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་གི་གླེང་སྟེགས་ངོ་མ་ནི་དྲྭ་ལམ་འདི་ཚོ་ཡིན་པས་ཚང་མར་བསམ་ཚུལ་གང་ཡོད་འབྲི་རུ་བཅུག་ན་ལེགས་པ་མཐོང་། འོན་ཀྱང་དོལ་ཚོགས་ཀྱི་མི་སྣ་དང་དམར་གཞུང་གི་ལས་དོན་སྒྲུབ་མཁན་ནང་ཪུལ་པ་ཚོས་དྲྭ་ལམ་འདི་ལྟ་བུ་ནང་འཛུལ་ནས་བོད་སྤྱོད་ལོག་པར་གཏོང་རྒྱུའི་གོ་སྐབས་ཤིག་ནམ་ཡང་མ་རག་པ་ཞིག་བཟོ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ།
ཁ་བརྡ་དྲྭ་བའི་རྩོམ་སྒྲིག་པས་གང་བྱུང་དུ་མཆན་བུ་འགོད་མཁན་དག་ལ་སྟངས་འཛིན་བྱས་པ་དེ་ནི་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་རེད། དེང་སང་མི་ངན་རེ་ཟུང་གིས་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པར་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་དབང་དུ་སོང་ནས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་གཙོ་བྱས་པའི་མཐོ་བླ་མ་དང་དཔོན་པོ། མི་སྐྱེར་དཀྱུས་མ་སོགས་ལ་གང་བྱུང་དུ་མཚན་སྨོད་དང་མི་གཞན་གྱི་སྨྱུག་མིང་དང་མིང་དངོས་བཻད་སྤྱད་ནས་བོད་གཞུང་དམངས་གཉིས་ལ་སྐྱོན་བརྗོད་འདྲ་མིན་བྱེད་བཞིན་པས་རྗེས་ཕྱོགས་ནས་དེའི་རིགས་དྲྭ་ངོས་སུ་མ་བཀོད་རོགས་ཞུ་ཞེས་འབོད་སྐུལ་དང་བཅས།
ཁ་བརྡ་ཚང་གི་སྒྲིག་གཞི་གསར་པ་ལ་ངོས་ལེན་གཙང་མ་ཞུ་རྒྱུ་ཡིན། ང་ནི་མངའ་རིས་ཕྲིན་ལས་རང་ཡིན་ཕྱིན་ཆད་དེ་ག་རང་བེད་སྤྱོད་བྱ་རྒྱུ་ཡིན། ད་ལམ་དམིགས་གསལ་ཁ་བརྡ་དྲ་བར་ཞུ་རྒྱུ་ཞིག་ལ་ཀརྨ་པའི་སྐུ་སྲུང་ཟེར་བ་དང་། ཀརྨའི་སྐུ་སྲུང་ཟེར་བ་དེ་སུ་ཡིན་དྲ་གྲོགས་ཡོངས་ལ་གསལ་བཤད་གནང་ན་ཡག་ས་འདུག ཁོ་པས་མིང་ལ་གཟིགས་དང་བླ་ཆེན་ཞིག་གི་མཚན་བེད་སྤྱོད་བྱེད་བཞིན་པ། སྐུ་སྲུང་ཟེར་བ་དེ་གང་ཡིན་ངོ་མ་སྐུ་སྲུང་རེད་དམ། བཤད་རྒྱུ་ནི་ཉེ་ཆར་མཆན་ཁ་ཤས་ལ་གཟིགས་དང་༧ གོང་ས་༧ མཆོག་ལ་ག་རི་ཞུས་འདུག་དྲ་གྲོགས་ཚང་མའི་གཟིགས་ཚོད་རེད། ཁོ་པ་ངེས་པར་དུ་གསལ་བཤད་གནང་རོགས། གསེར་རྟ་ཚུལ་ཁྲིམས་ཀྱི་ཤག་རོགས་ཡིིན་མིན་ཐད་ཧ་ཅང་གསལ་པོ་བྱུང་འདུག་ཐུགས་རྗེ་ཆེ། ད་དུང་ཀརྨ་པའི་སྐུ་སྲུང་ཟེར་བ་དེ་སུ་རེད་རྩད་གཅོད་ཀྱིས་གསལ་བཤད་གནང་རྒྱུ་གལ་ཆེའོ། །
ལགས་སོ།
ཁ་བརྡ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ། སྤྱིར་བཏང་བྱས་ན་མཆན་འགོད་པ་ཡོངས་ལ་དངོས་མིང་རེ་དང་སྨྱུག་མིང་རེ་ཡོད་པ་བྱས་ན་ཕན་འབྲས་ཆེ་བར་འདུག་བསམ་སོང། རྒྱུ་མཚན་ནི་སྨྱུག་མིང་གཅིག་གིས་འོག་ཏུ་དགོས་པ་དང་རྒྱུ་མཚན་མང་པོ་ཞིག་ཡོད་པ་ནི་བཤད་ཅི་དགོས། དཔེར་ན་སྨྱུག་མིང་དེས་སོ་སོར་ཉེན་ཁ་ལས་སྐྱབས་ཐུབ་པ་དང། གཞན་པ་མི་ལ་སྐྱོན་བརྗོད་བྱེད་བདེ་བ་དང། མ་ཚད་སྤྱི་ཚོགས་གཏོར་གཤིགས་གཏོང་ཐུབ་པའི་ནུས་པ་ལྡན་ཡོད། དེ་གསུམ་ནང་ནས་དང་པོ་ནི། དཔེར་ན་ས་ཆ་འདྲ་མིན་ལ་འབྱོར་ནས་གནས་ཚུལ་འདྲ་མིན་དེ་འདྲ་མཐོང་སྐབས་གནས་ཚུལ་དེ་རིགས་དེ་དངོས་མིང་ཐོག་ནས་དྲྭ་ཚིགས་དུ་འགོད་དགོས་ན། སྒེར་ལ་ཉེན་ཁ་ཧ་ཅང་ཆེ། སྐབས་དེ་དུས་སྨྱུག་མིང་གིས་ཕན་ཐོག་ཆེན་པོ་འདུག། ཡིན་ན་ཡང་ངས་བསམ་ན་སྨྱུག་མིང་གཅིག་དེ་མཆན་འགོད་པ་ལ་མེད་ཐབས་པའི་ལག་ཆ་ངོ་མ་དེ་མཐོང་སོང། སྤྱིར་བཏང་མཆན་འགོད་པའི་སྐབས་སུ་ཁ་བརྡའི་རྩོམ་སྒྲིག་པས་མཆན་དེར་བརྟག་དཔྱད་ཡག་པོ་བྱས་ནས་གཏོང་ན་མ་འགྲིགས་པ་ཞིག་མཐོང་མ་སོང། མ་ཚད་ཁ་བརྡའི་དྲྭ་ཚུགས་འདི་མི་གཅིག་གི་སྟངས་འཛིན་འོག་ཏུ་མ་ཤོར་བ་གལ་ཆེན་པོ་མཐོང་སོང། མི་གཅིག་གི་སྨྱུག་མིང་གཉིས་གསུམ་བེད་སྤྱོད་བཏང་སྐབས་མཆན་བུ་དེ་བཀག་གནང་ན་ལེགས་པ་མཐོང། ད་དུང་མཆན་བུ་ཆུ་ཚོད་ཁ་ཤས་བཀག་གནང་ན་ཁ་བརྡའི་དྲྭ་གྲོགས་ཉུང་དུ་འགྲོ་བ་ལས་གཞན་མི་ཐོག། ནོར་འཁྲུལ་འདུག་ན་དགོངས་འགལ་མེད་པར་ཞུ། ངས་བསམ་ཚུལ་ཙམ་ཡིན།
ལེགས་ཉེས་གང་ཡིན་ཀྱང་རང་མིང་བརྗོད་པ་ལ་ངོ་ཚ་དང་ཁྲེལ་དགོས་དོགམ་མེད། འབད་རྩོལ་བྱེད་ན། སུས་ཀྱང་རྩོམ་ཡིག་འབྲི་ཐུབ་པར་ངེས་ཏེ། བདུད་ཀྱིས་གཞོན་ནུ་ཀུན་གྲུབ་པ་ལ་ཁྱོད་ཀྱིས་བླ་མེད་བྱང་ཆུབ་ཐོབ་མི་ནུས། དེས་ན། ཁྱིམ་དུ་ལོག་ལ་འདོད་པ་ལ་ཅི་བདེ་བར་སྤྱོད་ཅིག ཅེས་སྨྲས་པ་ན། བྱང་ཆུབ་ཤིང་དྲུང་དུ་གཞོན་ནུ་དོན་གྲུབ་ཀྱིས།
གཙུབ་ཤིང་བསྲུབས་པ་ལས་ནི་མེ་རྙེད་ཅིང་།
ས་རྐོས་པ་ན་ཆུ་ནི་ཐོབ་པ་སྟེ།
ལུགས་དང་ལྡན་པས་ཐམས་ཅད་བྱས་པ་ན།
བརྩོན་འགྲུན་ཅན་གྱིས་མི་འགྲུབ་ཅི་ཡང་མེད།
ཞེས་པ་སློབ་དཔོན་རྟ་དབྱངས་ཀྱི་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ན། ཚིགས་བཅད་འདིའི་བོད་འགྱུར་སྔོན་གྱི་འཇིག་རྟེན་མིག་ཅན་སྒྲ་སྒྱུར་པའི་ཚིག་རྣམས་བདག་གི་ཚིག་རྣམས་དང་མི་འདྲ་ཡང་། དོན་ལ་ཁྱད་པར་མེད་སྙམ། བསྟན་འགྱུར་ན། ཚིགས་བཅད་དེ་གཟིགས་ན། བདག་ལ་འབྲི་བར་མཛོད་ཅིག ཅེས་ཞུ་བ་ལགས་སོ།།
ཁ་བརྡ་ལགས་སུ།
ངའི་མཆན་བུ་ག་དུས་ཐོན་ནམ།
ངའི་མྱིང་ལ་ཇ་མ་ཡིན། སྔོན་ནས་ཇ་མ་ཡིན། དེང་སང་ཡང་ཇ་མ་ཡིན། མི་འགའ་རེས་ཁྱོའི་མྱིང་ལ་ཇ་མ་ཟེར་ན་མི་ཧྲ་གི་མ་ཆེན་ཞུས་ན་ལེགས་ཟེར། ངས་ངོ་མ་བཤད་ནི་ཇ་མ་ཟེར་ན་མ་ཆེན་རེད། མ་ཆེན་ཟེར་ཡང་ཇ་མ་རེད། མདོར་ན་ཟ་མ་གཡོས་སྦྱོར་བྱེད་མཁན་གྱི་མྱིང་རེད། དྲ་བལྟ་བ་འགའ་རེའི་ཇ་མ་ཟེར་བའི་མྱིང་འདི་དམའ་བོ་འདུག་བསམ་ན། ང་ཇ་མ་བོད་གངས་ཅན་གྱི་ཇ་མ་ཡིན། ཇོ་རུ་མ་སྐྱེས་ཡར་སྔོན་ལ་ང་སྒུ་རུ་གླིང་གི་དཔལ་ཐུལ་ཡིན། དེ་མོ་ཟིག་རེད། ཡུམ་དུམ་པ།
ཁ་བརྡ་རྩོམ་སྒྲིག་ལྷན་རྒྱས་ནས་དུས་དང་འཚམས་པའི་ཐག་གཅོད་ལ་དགའ་སུ་ཞུ། གུས་ནས་འདི་འདྲ་ཞིག་བྱུང་ན་སྙམ་སྔ་ས་ནས་དྲན་སྣང་དུ་ཡོད། སྨྱུག་མིང་མི་འདྲ་བ་མང་པོ་སྤྱད་ནས་ནང་ཁུལ་དཀྲུག་ཤིང་བྱེད་པ་འདི་ངེས་པར་དུ་མེད་ཐབས་གནང་གལ། དངོས་གནས་ཤ་ཚ་དང་ཁུང་འཕེར་གྱི་གནས་ལུགས་ཤོད་རྒྱུ་ཡོད་ན་དངོས་མིང་སྤྱད་ནས་བཤད་ན་དགེ་མཚན་ཆེ། མིང་རྫུན་གྱི་ཐོག་ནས་བརྗོད་པ་ནི་རང་ཉིད་གབ་ནས་མི་ཚོགས་ཀྱི་དཀྱིལ་དུ་རྡོ་གཡུག་པ་འདྲ་བས་འདི་རིགས་སུ་ཐད་ནས་མི་གནང་བའི་རེ་བ་ཡོད། དྲྭ་འབུར་གཏང་འཛིན་དམ་པོ་མ་གནང་ན་དགྲ་བོའི་རྒྱུག་ཁྱི་རྣམས་གང་བྱུང་དུ་རྒྱུག་ངེས།
ཨོ་་་་་་བར་ལམ་ཁ་བརྡའི་དྲ་བ་འདིར་མ་སླེབས་རིང་་་དགེགས་དབང་་བར་ཆད་མང་པོ་ཞིག་འཕྲད་ཡོད་ས་རེད། བློ་ཕམ་ཡོད་་་་་དེ་འདྲ་སུས་བཟོས་པ་རེད། རྒྱུ་རྐྱེན་གང་ཡིན་ནམ་་་་་་དྲ་བ་ནང་དུ་གནས་ཚུལ་སྡུག་ཅག་དེ་འདྲ་ནི་མཐོང་ཡག་མི་འདུག་་་་་མ་གཞི་ང་རང་གི་དགའ་ཞེན་བྱེད་ས་ནི་ཁ་བརྡ་འདི་རང་ཡིན། གང་ཡིན་ཟེར་ན། ཁ་བརྡ་འདི་ལ་དེ་སྔར་ཕན་ཆད་ཕྱོགས་རིས་དང་ཆགས་སྡང་མེད་པས་རེད། ད་ནས་བཟུང་རྩོམ་ཡིག་ག་རེ་འབྲི་དགོས་མིན་དེ་རང་དབང་མེད་པ་འདྲ། རང་དབང་མེད་པའི་རྩོམ་ཡིག་གཅིག་བྲིས་དགོས་ན་དཀའ་ལས་ཁག་ཤོས་དང་ཐབས་སྡུག་ཤོས་གཅིག་རེད་དྲན་གྱི་འདུག །མ་ཟད་སྨྲ་བརྗོད་རང་དབང་དང་བསམ་ཚུལ་རང་དེ་མེད་ན་་་་སྤྱི་ཚོགས་ནང་རང་མི་རིགས་ཀྱི་རྣམ་དཔྱོད་དང་ཤེས་ཡོན་ཡར་རྒྱས་འགྲོ་ཡག་གི་རྒྱང་ཐག་རིང་དུ་འགྲོ་བ་ནི་གདོན་མི་ཟ། དེ་འདྲ་སོང་ཙང་་་་་ང་ཡི་རེ་བར་ཁ་བརྡ་འདི་སྔར་རྒྱུན་བཞིན་དུ་གནས་པར་ཤོག།
མིང་ངོ་མ་འབྲི་བ་དད་མཆན་རེ་རེ་བཞིན་ཆོག་མཆན་ལ་སྒུག་དགོས་ན། ཁ་བརྡ་གུ་དོག་ཏུ་འགྲོ་རྒྱུརེད། རང་དབང་ཆུང་དུ་དང་ཉུང་དུ་འགྲོ་རྒྱུ་རེད། མཆན་རྒྱག་མཁན་དང་རྩོམ་འབྲི་མཁན་ཉུང་དུ་འགྲོ་རྒྱུ་རེད། གཞུང་སྒེར་ཚོགས་པ་དང་སྤྱི་ཚོགས་ནང་གི་གནད་དོན་ཐེར་འདོན་དང་དངོས་མཐོང་དམར་འབྲི་བྱེད་མཁན་ཉུང་དུ་འགྲོ་གི་རེད། ཁ་བརྡའི་མཆན་བུ་འཁྲུགས་པོ་དེ་ཚོ་གཞི་འཇམ་དུ་འགྲོ་གི་རེད། གང་ཟག་ལ་བལྟས་ཏེ་ཁ་ཡག་ངོ་བསྟོད། ཞེ་ས་དང་གུས་བརྩི། བསྟུན་ཤེས། དམན་པ་ལ་སྣང་ཆུང་གི་རྣམ་པ་སོགས་མངོན་གསལ་དོད་དུ་འགྲོ་གི་རེད། འབྲེལ་ཡོད་དཔོན་པོ་དང་གྲོགས་པོ་ངོ་ཤེས་སོགས་ལ་ཕྱེ་གཏོར་མང་ཟིག་བྱེད་གི་རེད།
ལྷ་ཁང་ནང་དུ་འུར་རྡོ་རྒྱ་མཁན་དང་ཚོགས་ཁང་ནང་དུ་མགོ་སྐོར་གཡུག་མཁན་ང་འདྲ་བོ་རེ་ཟུང་མ་གཏོགས་ཡོང་གི་མ་རེད། ཨ་ཤི་རེ་ཁོ། དེ་འདྲ་ཨུ་ཐུག་དགོས་དོན་ག་རེ་རེད། ངས་བལྟས་ཚོད་ཡིན་ན་ད་བར་ཁ་བརྡའི་ནང་རྙོག་དྲ་གང་ཡང་བྱུང་མ་སོང་ང་། རྙོག་དྲ་དེ་ཚོའི་སྐོར་རྩོད་པ་ཅུང་ཟད་རེ་རྒྱག་བཅུག་ན་ཡག་པོ་ཡོད་རེད། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་ཆ་ངེ་ཆུང་ངེ་དེ་ཚོའང་ཅུང་ཟད་རེ་བཤད་བཅུག་ན་ཡག་པོ་ཡོད་རེད། མི་ཉམ་ཆུང་དག་གི་སེམས་ནང་གི་ན་ཚ་དེ་ཚོའང་མིང་འདྲ་མིན་ཐོག་ནས་འདོན་བཅུག་ན་ཡག་པོ་ཡོད་རེད། སྐད་ཆ་ངོ་མ་སླད་མེད་པ། དམར་རྗེན་དེ་ཚོ་སྨྱུག་མིང་ཁོ་ནའི་འོག་ནས་མ་གཏོགས་ཡོང་ཐུབ་ཀྱི་མ་རེད། ལོ་ལགས་སོ། ལོ་ལགས་སོ་ཟེར་ནས་ཁ་བརྡ་བྱས་བསྡད་ན་ཕྱིའི་རྣམ་པ་ཡ་རབས་འདྲ་བོ་ཞིག་མཐོང་གི་རེད། ཁ་བརྡ་ཡ་རབས་ཆགས་སོང་བསམ་བསམ་ཞིག་ཡོད་པ་རེད་དེ་སྤམ་པོ་དང་སྒམ་པོ། འདྲ་ཆགས་པོ། བཅོས་མ། རྫུ་བག་ཅན་གྱི་ཁ་བརྡ་བྱས་བསྡད་ན་ད་དཀའ་རྒྱུ་རེད་གོ། གླལ་རིང་བྱས་བསྡད་ན་ཡུམ་གཉིད་བབ་ཡོང་ནས་འདུག་ཐུབ་རྒྱུ་མ་རེད་གོ ང་རང་ནམ་ཡིན་ན་མགོན་པོ་ཕྱག་གཉིས་པ་དང་མདའ་ཚན་པ་ཡིན།
སྨྱུག་མིང་སྤྱོད་མཁན་ཚོའི་མིང་ངོ་མ་ཕྲིས་ཤོག་ཟེར་ནས་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱིས་བཀའ་བབས་པ་ཨེ་རེད། ད་མཆན་འདི་ལ་ཆོག་མཆན་ཐོབ་པར་དུས་ཚོད་ག་ཚོད་སྒུག་དགོས་ན། དཀོན་མཆོག་གསུམ་པོ། མང་པོ་སྒུག་མི་དགོས་པར་ཤོག
སྔ་ཕྱིར་གཉིས་བྲིས་ཀྱང་དྲྭ་ངོས་སུ་འཆར་མི་འདུག་་་སྔོན་འདི་ལ་དག་མཆད་ཐོབ་ཡོད་་བར་སྐབས་ཞིག་ནས་ངས་མཆད་འབྲི་འདོད་མ་བྱུང་ཐལ། དེའི་ཕྱིར་མ་བྲིས་ཡུན་རིང་ཡིན་ཕལ་ཆེར་དེའི་རྐྱེན་ཡིན་རྒྱུ་རེད་དེ་ཙམ་ལས་ད་སྔ་ཁ་བརྡ་ཚང་ཕུ་དཀྲུཊ་མདའ་དཀྲུཊ་བྱེད་མྱོང་མེད། གང་ལྟར་ང་ཁ་བརྡ་དྲྭ་བར་ཧ་ཅང་དགའ་མོས་ཡོད་ད་དུང་ཡང་མུ་མཐུད་དུ་ཀློག་གི་ཡིན་མཆན་འབྲི་རྒྱུ་ཡིན་་་་་་་་ངས་ཉིན་རེ་དྲྭ་བ་འདི་ཚར་བཞི་ལྔ་རེ་ལྟ་བཞིན་ཡོད།
ཨོ་ཡུམ། སྒུག་ནས་སྒུག་དགོས་ཡོད་གི་ན། འདི་ཚང་གིས་སྒོ་ཕྱེ་རྒྱུ་མ་རེད། དུས་ཚོད་གཅིག་མ་གཏོགས་མེད། དེའི་རིང་དཔྱད་མཆན་བཅུ་གྲངས་ཤིག་འབྲི་ཐུབ་རྒྱུ་རེད་བསམ་གི ཡིན་ན་ར། མཆན་གོང་མར་ཆོག་མཆན་ཐོབ་རག་བར་སྒུག་དགོས་ག ད་སྒོ་མ་ཕྱེ་ན་ཐབས་མེད་ག ད་འགྲོ་རྒྱུ་ཡིན། ནངས་ཀ་ཡོང་ན་ཁྱི་ཅིག་ལྟ་རོགས།
ཁ་བརྡ་རྩོམ་སྒྲིག་པ་ལགས། དེ་སྔ་བཞིན་རང་དབང་གི་ཐོག་ནས་བསམ་ཚུལ་སྤེལ་རེས་བྱས་ན་ལེགས། བཀག་དགོས་རྒྱུ་ནི་མིང་འདྲ་མིན་བེད་སྤྱོད་བཏང་བ་དང་། དེ་མིན་དཀྲུགས་ཤིང་རྒྱབ་པ་སོགས་བཀག་དཀོས།
དཔྱིད་འགོའི་མེ་ཏོག་ལགས།
ཁ་བརྡས་གསལ་བསྒྲགས་ནང་གསལ་འཁོད་ཞུས་དོན་བཞིན་སྟངས་འཛིན་འདི་བྱེད་ཀྱི་ཡོད། ཁྱེད་རང་གིས་༼དཔྱིད་མགོའི་མེ་ཏོག༽༼ ལྕགས་ཐར་འབུམ༽ཞེས་མིང་གཉིས་སྤྱད་ཡོད་པའི་དབང་གིས། ང་ཚོས་ཁྱེད་རང་གིས་མིང་གཅིག་ཏུ་གཏན་འཁེལ་གསལ་བཤད་བྱུང་མཚམས་གཞི་ནས་དག་མཆན་སྤྲོད་ཀྱི་ཡོད།
ང་ཚོས་སྨྱུག་མིང་གཅིག་ལས་བརྒལ་བ་བེད་སྤྱོད་གནང་མཁན་ཚང་མའི་མཆན་འགོག་གི་ཡོད། དེས་ན། སྨྱུག་མིང་གཅིག་ལས་བརྒལ་བ་བེད་སྤྱོད་གནང་མཁན་ཚོས་སྨྱུག་མིང་གཅིག་རང་ལ་གཏན་འཁེལ་གསལ་བཤད་བྱུང་ན་ལས་གནས་སྐབས་རིང་དག་མཆན་སྤྲོད་ཀྱི་མེད་པ་དགོངས་འཇགས་འཚལ།
ཁ་བརྡ་རྩོམ་སྒྲིག་པས།
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com
སྨྱུག་མིང་ཁྱོན་ནས་འབྲི་མི་ཆོག་ཅེས་བཤད་མི་འདུག འབྲི་མཁན་མིང་ངོ་མ་དང་དགོས་དབང་གི་མིང། སྨྱུག་མིང་ཅི་ཞིག་ཡིན་ཡང། དེ་ལྟར་འབྲི་དགོས་པའི་རྒྱུ་མཚན་ཁ་བརྡ་རྩོམ་སྒྲིག་པར་ཨིས་མལ་བཏང་ཆོག་གི་བསམས། ཨིས་མལ་བཏང་ནས་གསལ་བཤད་ཞུས་ན་རྩོམ་སྒྲིག་པས་ཏན་ཏན་ཆོག་མཆན་སྤྲོད་ཀི་རེད་འདོད། མགོན་པོ་ཕྱག་གཉིས་པས་བཤད་པ་བཞིན་མིང་སྣ་ཚོགས་དགོས་ཀྱི་ཡོད་པ་དེ། སྤྱི་ཚོགས་རང་གི་ངོ་གདོང་འཆར་དགོས་ཀྱི་ཡོད་ཙང། སྐབས་རེར་ཚ་ལ་ལན་རེར་འཇམ་ན་ཡག་པོ་ཡོད་པ་རེད། ཡིན་ནའང། དེང་སང་བརྒྱུད་ལམ་ཁག་ཏུ་དོན་དག་ཁྱོན་ནས་མེད་སར། ༧གོང་ས་ཆེན་པོར་གཞི་མེད་ཞེ་ས་མ་ཞུས་ན་ཀྱག་ཀྱག་བྱེད་མཁན་རེ་འགའ་ཡོད་པ་དེ་གསལ་བོ་རེད། དེ་རྣམས་ལ་ཁོར་ཡུག་འདི་འདྲ་བསྐྲུན་པ་ཡིན་ན་འཕྲོ་བརླག་རེད། དཔེར་ན། མནར་མེད་དམྱལ་བ་གསོལ་རས་སྩལ་བའི་མདོ་ཞེས་པ་དེ་དངོས་གནས་མིའི་གྲས་ཀྱི་མཐའ་མ་རུས་པ་ཁྱོན་ནས་མེད་མཁན་ཞིག་གིས་བྲིས་པ་གསལ་བོ་རེད། བར་ན་ཤ་འཁོན་ཡོད་ན་དེང་སང་དེ་འདྲ་འབྲི་མཁན་ཡོད་པ་མ་རེད། ཉེ་འཆར་དུས་བབ་ནས་འཁྱར་ཏེ་ཁ་སང་བཀྲ་ཤིས་ཟེར་བ་ཞིག་གིས་ཐའེ་ཝན་ནས་ཁ་བརྡས་སྟེང་བཀོད། དེ་ནས་ཕར་བཀོག་ནས་བང་ཆེན་ཟིན་བྲིས་སྟེང་བཀོད་ནས་ཁ་བརྡ་ནས་བཤུས་ཡོང་ཚུལ་ལབ་ཀྱི་ཡོད་པ་རེད། ད་ཆ་ཐའེ་ཝན་ནས་འགོད་མཁན་བཀྲ་ཤིས་མི་ངོས་ཟིན་ཡོད་པ་དང། ཡི་གེ་དེའི་ཚིག་སྦྱོར་ཀྱང་ངོས་ཟིན་ཡོད་ཀྱང། སྤྱིར་འདི་རིགས་མི་ཡོང་ཆེད་ངེས་པར་དུ་སྟངས་འཛིན་ཅིག་མེད་ན་མི་འགྲིག་པ་ཞིག་རེད། གང་ལྟར། མ་འོངས་པར་མཆན་པ་ཉུང་ངུ་ལས་མེད་པ་འདི་རྣམས་རྩོམ་སྒྲིག་པས་མཁྱེན་ཐུབ་པ་ཞིག་གནང་ན་རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་སྒོ་གང་སར་འོས་འཚམས་ཤིན་ཏུ་ཆེན་པོ་ཡོད་པ་རེད། དེ་ཙམ་ཞུ།། །།
མགོན་པོ་ཕྱག་གཉིས་པའི་དགོངས་ཚུལ་དང་རྗེས་སུ་མཐུན་ནས་རྨོངས་འཆར་ཞིག་ཞུ་འདོད་བྱུང་། ཁ་བརྡ་ཚང་ནི་ངས་ཆེས་དགའ་ས་དང་ཆེས་གདུང་ས་ཡང་ཡིན་ལ་ངའི་གཞིས་ཁྱིམ་ལྟ་བུའི་མལ་ས་ཡིན་ལ་ངའི་སྙིང་སྡུག་གི་མཛེས་མ་བཞིན་ཡང་ཡང་འཁོར་ས་ཡང་ཡིན། སྤྱིར་ན་ཁ་བརྡ་ཚང་གིས་ཐོག་མའི་བཅའ་ཁྲིམས་དེ་ཡག་ཐག་ཆོད་འདུག། འོན་ཀྱང་ད་ལན་ཟུར་སྣོན་གྱི་བཅའ་ཁྲིམས་ལ་མཚོན་ན། དཔེར་ན་དངོས་མིང་བཀོད་སྤྱོད་སྨྱུག་མིང་བཀོད་སྤྱོད་ལ་ཁྱད་པར་ཡེ་ནས་མ་མཐོང་། རྒྱུ་མཚན་འཇམ་དབྱངས་བློ་གྲོས་མིང་ཅན་གྱིས་བློ་ཡུལ་ལ་མི་ཤོངས་བའི་༧སྐུ་མདུན་ལ་མཚན་སྨོད་ཞུས་སོང་། འཇམ་དབྱངས་བློ་གྲོས་ཟེར་བ་ནི་སྨྱུག་མིང་མ་ཡིན་པར་དངོས་མིང་རེད་ལ་ཁོ་པའི་ཡོང་ཁུངས་ཡང་གསལ་གསལ་ཐིང་ཐིང་བྲིས་ཡོད་པ་རེད། འོན་ཀྱང་དེ་ནི་དངོས་ཡོད་མིན་པ་ར་སྤྲོད་བྱུང་ཚར་སོང་། བྱས་ཙང་དཔེ་དེ་བཞིན་དངོས་མིང་འགོད་རྒྱུ་རྒྱུ་དཀའ་ངལ་ཞིག་མ་རེད། འཇམ་དབྱངས་བློ་གྲོས་ཟེར་བ་ག་ཚོད་གཅིག་ཡོད་དམ་ཚོད་འཛིན་ཁག་པོ་རེད་པ། དེ་དེ་བཞིན་དངོས་མིང་འགོད་རྒྱུ་ཁག་པོ་དེ་ཙམ་མ་རེད། ཡང་གཅིག་མིན་ན་དངོས་མིང་དང་ལྷན་དུ་འདྲ་དཔར་དང་སྡོད་གནས་ཁ་སྦྱང་དང་བཅས་པ་འབྲི་དགོས་པ་རེད། དེ་ལྟར་བྱས་ན་ཁ་བརྡ་ཚང་རང་དབང་གི་གླེང་སྟེགས་འདིར་ལྷད་མེད་ཀྱི་གཏམ་དམར་རྗེན་དུ་སྐྱུག་མཁན་དེ་ཚོ་འཁོར་ཁག་པོ་རེད། བྱས་ཙང་སྤྱི་ཚོགས་ཞིག་གི་ནང་མི་འདྲ་མིན་སྣ་ཚོགས་ཡོད་ཙང་བསམ་ཚུལ་ཡང་འདྲ་མིན་སྣ་ཚོགས་ཡོང་བ་དེ་ཆོས་ཉིད་ལ་སོང་། གུང་ཁྲན་ཏང་ནང་བཞིན་བསྟོད་གླུ་རྐྱང་རྐྱང་ལེན་སྡད་ན་བསྟོད་ཡུལ་རང་ཉིད་དང་དེའི་རྗེས་མཐུན་དེ་ཚོ་སྙན་མོ་ཞིག་ཡོད་ན་མ་གཏོགས་གཞན་ཚང་མ་སྙན་མོ་ཞིག་ཁག་པོ་བྱས་པ་རེད། མ་ཟད་ཕན་ཚུན་དགག་བཞག་གི་རིག་པ་འཕེན་ཐུབ་ན་གཉིས་ཀ་བློ་སྐྱེད་ཡོང་བ་ནི་ང་རང་གི་མྱོང་བས་བསྒྲུབ་ཐུབ། བྱས་ཙང་ཁ་བརྡ་ཚང་གི་གུ་ཡངས་ཀྱི་དགོངས་པ་བཞེས་རོགས་གནང་། གཞན་ཁ་ཚོད་མེད་ནས་གཏམ་ཚོད་མེད་སྨྲ་མཁན་ཚོ་ནི་རང་མདོག་བསྟོན་པ་ལས་གཞན་གང་ཡང་མ་རེད། དེ་དོན་དགོངས་འཇག་འཚལ།
དྲ་འབངས་རྣམས་ལ་གུ་ཡངས་ག་ཚོད་སྟེར་ཐུབ་ན་ཡག་པོ་ཡོད་པ་རེད། ཚང་མ་གསང་མིང་ཞིག་གི་ཐོག་ནས་འདིར་ཡོང་གི་ཡོད་པ་དེར་ཁོང་ཚོ་ལ་དགོས་པ་དང་རྒྱུ་མཚན། བཤད་སྟབས་བདེ་མིན་གྱི་ཁྱད་པར་ཞིག་ཡོད་རྒྱུ་རེད་མོད། དེ་ནི་ཁོང་ཚོའི་ཐུགས་འདོད་རེད་མོད། ཁོང་རྣམ་པའི་ཐུགས་འདུན་སྐོང་ཐུབ་ན་ཡག་པོ་ཡོད་པ་རེད། དྲ་འབངས་མང་ཆེ་བ་ནི་དཀྲུག་ཤིང་རྒྱག་མཁན་མ་རེད་མོད།
རེ་ཟུང་ནས་གོང་དུ་བཀོད་པ་ལྟར་དཀྲུག་ཤིང་རྒྱག་མཁན་ཉུང་ཤས་ཤིག་ཏན་ཏན་ཡོད་པར་འདོད། དེ་ཚོ་རྩད་གཅོད་མི་ཐུབ་པ་ཡོད་རྒྱུ་མ་རེད་པ། དེ་ཡིན་ན་དེ་ཚོའི་མིང་སྐད་ཆའི་ཉེན་ཁ་ཆེ་ཆུང་ལ་གཞིགས་ཏེ་ཁྲོམ་བསྒྲགས་བྱེད་ཆོག་གི་རེད། ཁོ་ཚོ་ལ་ཉེན་བརྡ་སྤྲོད་ཆོག་གི་རེད། ཁྲིམས་གཏུགས་ཀྱང་བྱེད་ཆོག་གི་རེད། ད་རེས་དཀྲུག་ཤིང་བ་ཞིག་རྩད་གཅོད་ཐུབ་ཡོད་པ་དེ་ཡག་པོ་རེད། ཁོ་ལྟ་བུ་ལ་བོད་མི་རྣམས་ཀྱིས་བཟོ་ལྟ་ཞིག་སྤྲད་དགོས་པ་རེད། དེ་འདྲ་རེ་ཟུང་རེ་འཛིན་ཐུབ་ན་རྗེས་སུ་དེའི་རིགས་ཉུང་དུ་འགྲོ་གི་རེད།
དྲ་འབངས་ཀྱི་ཐོབ་ཐང་དང་རང་དབང་དེ་ཨང་དང་པོར་འཇོག་དགོས་པ་རེད། ཁོང་ཚོའི་ཐུགས་རེ་ལྟར་ཁོང་ཚོར་ཞབས་ཞུ་ལེགས་པོ་དང་མགྱོགས་པོ་ཞུ་དགོས་པ་རེད། དཀྲུག་ཤིང་པ་རྣམས་འཛིན་བཟུང་བྱེད་པར་གཞུང་སྒེར་གྱི་ཚོགས་པ་དང་དྲ་གནས། རྒྱལ་ཁབ་གང་སར་ཡོད་པའི་སྤྱི་སྒེར་ཚང་མ་མཉམ་སྦྲེལ་གྱིས་ལས་ཀ་བྱས་ན་ལས་སླ་པོར་འཛིན་ཐུབ་གི་རེད།
ང་ཀརྡོ་གཉེར་ཕྱག་པ་ལ་དག་མཚན་ཐོབ་པ་འདྲ། བཀའ་དྲིན་ཆེའོ་ཁ་བརྡའི་དྲྭ་བདག་ཚོ། །ཞེས་པས་བསྟོད་དོ། །
ཁ་བརྡ་ཚང་གིས་དྲ་རྩོམ་སྨྱུག་ཐོག་པ་དག་གི་སྨྱུག་མིང་དང་དངོས་མིང་གང་ཞིག་གཅིག་རང་སྤྱོད་རྒྱུར་ཚོད་བཀག་གནང་བར་ཡག་པོ་རེད། འོན་ཀྱང་སྤྱི་ཚོགས་དང་མི་སྒེར་བཅས་ཀྱི་བར་འཁྲུག་རྐྱེན་སློང་མཁན་གྱི་མ་རྩོམ་དང་ཟུར་མཆན་པ་དག་གི་དངོས་མིང་དང་སྨྱུག་མིང་། ཡང་ན་མིང་རྫུན་སོགས་གང་འདྲ་ཞིག་སྤྱོད་ཡང་སྤྱི་ཚོགས་སུ་དོན་ཕན་ཡོད་མེད་སྐོར་ཁ་བརྡ་ཚང་གིས་བསམ་གཞིག་ཐུབ་པ་གནང་རྒྱུར་གལ་ཆེ་རེད། དེང་སང་སྤྱི་ཚོགས་སུ་སྐབས་འཚོ་བ་རང་དོན་བསྒྲུབ་མཁན་མང་དག་ཞིག་གིས་རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་བོད་མིའི་སྤྱི་ཚོགས་ཀྱི་འཆམས་མཐུན་ཉམས་དམན་དུ་བཏང་བ་དང་། འགའ་ཞིག་གིས་རྒྱལ་བ་རིན་པོ་ཁོག་ཏུ་སྡང་ནས་སྤྱི་ཚོགས་ཆུང་ཆུང་འདིའི་འཆམས་མཐུན་ཉམས་དམན་བཏང་བ་བཅས་ནི་སྤྱི་ཚོགས་འཆམས་མཐུན་དཀྲུག་པར་དེ་གཉིས་ལ་དཀར་ནག་གི་ཁྱད་པ་མེད། གང་ལྟར་ལྷར་བསྟོད་ནས་མིའི་སེམས་དཀྲུགས་བ་དང་ལྷར་སྨད་ནས་མི་སེམས་དཀྲུགས་པས་སྡིག་ལས་གཉིས་ལ་ལྕི་ཡང་གི་ཁྱད་པ་མི་འཇོག་བ་བཞིན་དུ་རེད། མིང་འདྲ་མིན་སྣ་ཚོགས་སྤྱོད་ནས་དྲ་ཐོག་ཏུ་འཆལ་གཏམ་སྤེལ་མཁན་དངོས་ར་ཕྲོད་ཚེ་དེ་མ་ཉིད་དུ་དྲ་བདག་གིས་དྲ་ཐོག་ཏུ་གསར་བརྡ་གཏོང་ནས་ཐེར་འདོན་བྱེད་རྒྱུ་དེ་དྲ་བདག་གི་འོས་འགན་རེད་ལ། དེས་དྲ་མིང་སྣ་ཚོགས་སྤྱོད་མཁན་ཉུང་དུ་གཏོང་རྒྱུ་ཐབས་ལམ་ཡག་ཤས་དེ་ཡང་རེད། དེ་མིན་དྲ་བདག་གིས་ཤེས་པའི་དངོས་མིང་དང་སྨྱུག་མིང་གང་ཞིག་སྤྱོད་མཁན་དག་གིས་བོད་ཀྱི་སྤྱི་ཚོགས་འཁྲུག་རྐྱེན་གྱི་དྲ་རྩོམ་རྣམས་དྲ་ཐོག་ཏུ་དགག་བྱ་མེད་པ་ཙམ་གྱིས་ལྟ་ཚུལ་འཛིན་མི་རིགས།
ཁ་བརྡའི་སྐུ་ཚེ་ཡུན་བརྟན་ཤོག །
སོ་སོའི་མིང་དངོས་མེད་པར་སྨྱུག་མིང་གི་ཐོག་ནས་ཁ་ངན་པ་གཞན་ལ་གནོད་པ་སོགས་བ༷ཤད་ཚེ། དེ་ལ་སུས་ཀྱང་སྣང་རྟགས་མེད་པ་དང་། དེ་འདྲ་འབྲི་བ་པོ་རང་ཅོལ་ཆུང་ཡིན་པར་ཚང་མ་བློ་མཐུན་གྱིས་ངོས་འཛིན་ཡོད་ན། ཕན་རླབས་ཆེའོ་སྙམ། གཞན་དངོས་གནས་ཐོག་ཏུ་བབས་པའི་སྐྱོན་བརྗོད་ནི་རང་གཞན་ལ་ཕན་པ་ཞིག་ཏུ་སྣང་ངོ་།།
བདེན་བདེན་་ངའི་ལྕག་ཐར་འབུམ་གྱི་མིང་ཐོག་ནས་མཆན་གསུམ་བཞི་ཞིག་བྲིས་མྱོང་་འོན་ཀྱང་སྐབས་འགར་དགོས་དབང་ལས་་དཀྲུགས་ཤིང་བྱེད་པའི་ལམ་ཁ་བརྟེན་མྱོང་མེད། ད་ནས་དཔྱིད་འགོའི་མེ་ཏོག་འདི་སྨྱུག་མིང་དུ་གཏན་ཁེལ་བྱས་པ་ཡིན་པས་ཁ་བརྡ་ཚང་ནས་དགོངས་འཇགས་ཡོད་པར་ཞུ། ཧ་ཧ་ཧ་ཧ་ཧ་ཧ་
དིང་སང་གི་ དུས་བབ་ དྲྭ་ཚིག་ལྟར། ཁ་བརྡའི་ དྲྭ་བདག་ ཚོས་ཀྱང་། སྤྱི་དོན་ ཁོག་བཅངས་ཀྱིས་ མཆན་གསར་ལ་ དག་ཐེར་ ལམ་ལུགས་ གསར་པ་ གནང་བར་ དགའ་བསུ་ རྒྱབ་སྐྱོར་དང་། རྗེས་སུ་ ཡི་རང་ ཡང་ཡང་ ཡོད་ལགས།
དགོངས་དག རྒྱན་སྡུད་ཀྱི་ཡང་སྒྲ་ཅིག་ཐོལ་པ་འདྲ།
ང་ལ་འཛུལ་སའི་ཁུང་ངུ་ཞིག་མེད་ནས་ཁ་བརྡ་ཚང་། ང་མྱི་ངན་ཟིག་མིན་ཡ། ཁ་བྲོ་རྒྱུ་ཆ་བོ ་ཚེ་རིང་རྒྱུ་ཆ་བོ། ང་ལ་ཆོག་ཆེན་ཞིག་གནང་དང་།
ཟུར་གནས་ཅེས་པའི་སྨྱུག་མིང་འོག་ལ། བོད་མི་རིགས་སྤྱིའི་རྩ་དོན་མགོ་བོར་ཁྱེར་ནས། ཆོལ་གསུམ་ཆིག་སྒྲིལ། ཆོས་ལུགས་མཐུན་སྒྲིལ། རང་གཞན་བདེ་རྩར་ཕན་པའི་སྐད་ཆ་ཤ་སྟག་བཀོད་པ་ཡིན། སྔོན་མ་བོན་པོ་དང་བན་པོ་རྩོད་པ་རྒྱག་སྐབས་ཞུ་བ་འཐེན། པུས་མོ་ས་ལ་བཙུགས་ནས་འདི་འདྲ་མ་བྱེད་རོགས་ཟེར་མཁན་ཡང་ང་རང་ཡིན། སྐབས་དེ་དུས། བོད་ནང་ལ་རང་སྲོག་ཚུན་མེར་བསྲེགས་ནས་མི་རིགས་ཀྱི་བདེན་དོན་རྩོད་པའི་སྐབས་ལ། ཁ་བརྡར་ཡོང་ནས། ཆོས་ལུགས་འཐེན་ཁྱེར་བྱེད་པ་འདིར་ཤིན་དུ་བློ་ཕམ་སྐྱེས་བྱུང་། ཟུར་གནས་ཅེས་བྲིས་ཡོད། དེ་བཞིན་གསར་རྙིང་རྩོད་དུས། གསར་རྙིང་གཉིས་ཀ་སྟོན་པ་གཅིག་གི་རྗེས་བྲངས། རྩམ་གཟན་པ་གཅིག་གི་ཁྲག་རྒྱུད་ཡིན་པར་རྩོད་དེ། འཐེན་ཁྱེར་བ་ཚོར་རྒོལ་བ་ཡིན། དེ་བཞིན་བོད་པ་སྤྱིའི་ནང་ཁུལ་མ་འགྲིག་པ་ཅུང་ཡོད་པ་དེ་གཙོ་བོར་འཛིན་ནས། ཞར་ལ་རྒྱ་དོན་གྲུབ་མཁན་དེ་ཚོར་ཤུགས་ཆེར་རྒོལ་བ་ཡིན་པས། དེ་ཚོར་ཕོག་དུག་ཕྱིན་ཡོད་པ་གོར་མི་ཆགས། ལྷག་པར་དུ། ཤེས་བཞིན་དུ་ནང་ཁུལ་དཀྲུག་མཁན་དེ་ཚོར་བཟོད་པ་བྱེད་ཐུབ་མ་སོང་། དེ་ཚོར་གང་ཟག་སྒེར་ལ་རྒོལ་བ་ཡང་བྱུང་སོང་ལ། སྐབས་རེ་སྡིག་རྭ་ཡང་སྤྲད་དགོས་བྱུང་སོང་བས། དཀྲུག་ཤིང་རྒྱག་མཁན་གྱི་མི་འདི་དག་ལ་དགོངས་དག་ཕར་བཞག་ད་དུང་མུ་མཐུད་རྩོད་ཀྱི་ཡིན། ཡིན་ནའང་། གོ་སྐབས་འདི་དང་བསྟུན་ནས་ཁ་བརྡའི་ཁྲིམས་ལ་འགན་འཁུར་མ་བྱས་པ་འདིར་ཁ་བརྡ་འཛིན་སྐྱོང་ཚོགས་པར་དགོངས་དག་ཞུ་བ་ཡིན། ད་ནས་གཟབ་གཟབ་བགྱི་བར་བྱེད། ཡིན་ནའང་། དངོས་སུ་རྒྱ་གཞུང་གི་ཁེ་ཕན་འཁྱེར་ནས། ་བོད་མིའི་མགོ་ལ་རྒྱག་སྐབས་སེམས་ནང་ལ་ཁྲོ་བ་ཤུགས་ཆེ་ཡོང་སྐབས། ཁ་བརྡས་རྩོམ་དེ་དག་དུས་ཚོག་ལ་མ་འགོག་པའམ། སྣང་མེད་གཏོང་སྐབས། མི་དེ་དག་ལ་ཁོང་ཚོའི་སྤྱོད་པ་དང་འཚམས་པའི་ཁ་གཏད་འཇལ་དགོས་དུས། ཁ་བརྡའི་ཁྲིམས་སྲུང་ཁག་པོ་འདུག། དེ་ལ་ཁ་བརྡ་ནས་བསམ་བློ་གསར་པ་འདྲ་ཡོད་ན་གསུངས་རོགས།
ཁ་བརྡ་ཚང་ལ་ཞུ་རྒྱུ་ཁ་སང་ངས་རང་གི་དངོས་མིང་དང་ངོ་སྤྲོད་མདོར་བསྡུས། དེ་བཞིན་དྲྭ་རྒྱའི་ཁ་བྱང་བཅས་ཁ་གསལ་བཀོད་ནས་ཁྱོད་རྣམ་པ་ལ་བཏང་ཡོད་ཀྱང་ད་དུང་ངས་བསྐུར་བའི་རྩོམ་ཡིག་དེ་ཁ་བརྡའི་ནང་དུ་མི་འགོད་པའི་རྒྱུ་མཚན་གང་ཡིན་ནམ།
སྨྲ་བརྗོད་རང་དབང་ཟེར་དུས་ཁ་ནས་གང་བྱུང་ལབ་ཆོག་པ་ལྟ་བུར་ངོས་འཛིན་པ་ནི་ཆེས་ནོར་འཁྲུལ་ཞིག་རེད། དེ་ལ་ཚད་བཀཀ་ཅིག་ལོས་ཡོད། ཁ་སང་མཆན་བུ་ཞིག་ཏུ་མནར་མེད་དམྱལ་བ་གསོལ་རས་སྩལ་བའི་མདོ་ཞེས་པ་དེ་འདྲ་མཐོང་དུས་དངོས་གནས་ལེགས་ཉེས་བླང་དོར་མི་ཤེས་པའི་བྱ་སྤྱོད་རང་རེད་བསམ་སོང་། ཁ་བརྡ་ཚང་གི་རླུང་རྟ་མར་སྒྱེལ་ལའང་ཉེན་ཁ་མཐོང་སོང་། དྲ་བདག་ལ་ཁག་མི་འདུག །འདི་ནི་བོད་ཀྱི་སྤྱི་ཚོགས་འཁྲུག་རྐྱེན་ཞིག་ཏུ་འགྱུར་བ་ལས་ཆོས་སྲིད་གང་ཐད་ནས་དོན་ཕན་ཡོད་པ་ཞིག་རྩ་ནས་མ་རེད་འདོད། །དོན་དངོས་དང་མཐུན་པ་ཞིག་ཡིན་ན་གནས་ཚུལ་ཁ་ཁ་རེད་མོད་། དེ་བས་ཀྱང་མ་རེད། དམྱལ་བར་འཕེན་མཁན་སུ་ཡིན་འདུག་ཤེས་ཡོད་པ་མ་རེད། ས་སྟེང་གི་དམྱལ་བ་སུས་མྱོང་གི་ཡོད་པ་རེད། གང་ན་མྱོང་གི་ཡོད་པ་རེད། སུའི་འོག་ན་མྱོང་གི་ཡོད་པ་རེད།
ཁ་བརྡ་ཚང་ལ་ཞུ་དོན་དུ།
སྨྱུག་མིང་བེད་སྤྱོད་པ་འདི་འགོག་དགོས་དོན་མི་འདུག འོན་ཀྱང་། མཆན་འགོད་མཁན་གྱིས་ངེས་པར་དུ་དང་པོ་ནས་རང་ཉིད་མི་ངོ་མ་དེ་སུ་ཡིན་ཁ་བརྡ་བརྡ་ཚང་ལ་གསལ་བོ་ར་སྤྲོད་དགོས་པ་དང་། ཁ་བརྡ་ཚང་གིས་གང་བྱུང་མི་དེའི་མི་ཁུངས་གང་ཡིན་གཞན་ལ་མཁོ་སྤྲོད་མི་བྱེད་པ་ཁྲིམས་ཀྱིས་ངོས་ལེན་ཡོད་པའི་དམ་བཅའ་འཇོག་དགོས། གལ་སྲིད་མི་ག་གེ་མོ་ཞིག་གིས་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་ངམ་སྤྱི་ཁྲིམས་དང་འགལ་བའི་སྨྲ་བརྗོད་སྤེལ་ན། ངེས་པར་དུ་མི་དེ་སུ་ཡིན་ཁྲིམས་ཐོག་ནས་ར་སྤྲོད་ཐུབ་པ་དགོས། གལ་སྲིད་མི་ཞིག་གིས་རང་ཉིད་སུ་ཡིན་ཁ་བརྡ་ཚང་ལ་ར་སྤྲད་ཡོད་ཀྱང་སྨྱུག་མིང་བེད་སྤྱད་ནས་མཆན་འགོད་འདོད་ན། དེ་ལྟར་དུ་་བརྡ་ཚང་གིས་ཁས་ལེན་དགོས་པ་དང་དོན་མེད་གཞན་ལ་མི་དེ་སུ་ཡིན་གསལ་བསྒྲགས་བྱ་མི་རུང་། གལ་སྲིད་བྱས་ན། མཆན་པ་དེས་ཁྲིམས་གཏུགས་བྱས་ནས་གུན་གསབ་ལེན་ཆོག་པ་ཞིག་ཡིན་ན་བཟང་བར་སྙམ།
སྨྲ་བརྗོད་རང་དབང་གི་ས་མཚམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་རྒྱ་གར་གྱི་རྩ་ཁྲིམས་་དོན་ཚན ༡༩ པར་མགོ་བསྙེས་ནས་བསྡད་ཡོད་པར་ཁྲིམས་བདག་དག་གིས་གསུངས། དོན་ཚན ༡༩ པའི་ནང་གསེས་རིགས་དང་་འགལ་བ་རྣམས་ཁ་བརྡས་རྩིས་སྤྲོད་བྱ་རྒྱུར། ངེས་པར་དུ་སྨྱུག་མིང་སོགས་ཅི་རིགས་སྤྱོད་མཁན་གྱིས་དང་པོ་ནས་ཁ་བརྡར་ཞུ་དགོས་པ་རེད་འདོད། ཡིན་ནའང། དོན་དག་ཆུང་སར་ཁ་བརྡའི་མི་ག་གེ་མོས་ཁོ་རེད། གན་རེད་ཅེས་ལབ་བསྡད་ན་ཏག་ཏག་ཆགས་ཀྱི་ཡོད་པ་མ་རེད། འབྲི་མཁན་དང་རྩོམ་སྒྲིག་པ་གཉིས་ནས་རང་འགན་ཏག་ཏག་སྒྲུབ་པ་ཡིན་ན། ད་གཟོད་ང་ཚོར་སྤྱི་ཚོགས་ཀྱི་གཟུགས་བརྙན་མེ་ལོང་དུ་འཆར་སའི་མཆན་དང་རྩོམ་རྣམས་ཡོང་གི་རེད་བསམས།
ཁ་བརྡ་ཚང་གི་དགོངས་གཞི་ལ་རྒྱབ་སྐྱོར་ཡོད།་་་ང་རང་གི་སྨྱུག་མིང་བྲོ་འཚལ་ཟེར་བ་འདི་གཅིག་པུ་བེད་སྤྱོད་བྱེད་ཀྱིན་ཡོད་ལ།་་གཞུག་ཕྱོགས་ཡིན་ནའང་དེ་ལྟར་བྲོ་འཚལ་ཟེར་བ་འདི་གཅིག་པུ་ཡིན།་་་ཁ་བརྡ་ཚང་སྐུ་ཚེ་བརྟན་པར་ཤོག
གསལ་བསྒྲགས་གནང་ཐུགས་རྗེ་ཆེ་ཞུ།
མཆན79)པས་མཛེས་མདོག་ཁ་པོ་ལབ་ཀྱི་འདུག་མོད། དེ་ལྟ་བུའི་ལས་སླ་བོ་རྨི་ལམ་མཡིན་ནམ།
ཁ་བརྡ་ཚང་གིས་དག་མཆན་མ་ཐོབ་པར་མཆན་འགོད་ཞུ་མི་ཐུབ་པའི་དགོངས་ཚུལ་ལ་རྒྱབ་སྐྱོར་ཡོད།
དངོས་མིང་དེ་ཡང་མང་པོ་བདེ་སྤྱོད་བཏང་ན་ཅི་ལྟར་བྱ་རྩིས་ཡོད།
སྔོན་མ་ཨ་རིའི་ནང་གི་བུ་མོ་དེང་རབས་དཔེ་གསར་གྱོན་ཆས་འགྲེམས་སྟོན་པ་གྲགས་ཅན་ཞིག་ལ་དྲ་འབུ་ཞིག་གིས་ནམ་རྒྱུན་གཞང་འཚོང་མ་ཟེར་ཏེ་མཚན་སྨད་ཞུས་འདུག ཁོ་མོས་རང་གི་མཚན་མཐོང་སྲུང་སྐྱོབ་ཆེད་ཁྲིམས་ལ་གཏུགས་པ་དང་བརྩད་གཅོད་བརྒྱུད་མཚན་སྨད་བརྗོད་མཁན་དེ་རང་གི་ངོ་ཤེས་གྲོགས་མོ་ཞིག་ཡིན་པ་ཤེས་འདུག ཁྲིམས་ཁང་ནས་གྲོགས་མོ་དེ་ཡིས་དགོངས་དག་ཞུ་དགོས་བ་དང་གུན་གསབ་སྤྲོད་དགོས་བའི་བཅད་ཁྲ་བཏང་འདུག་ལ་དེ་ནི་ཨ་རིའི་ནང་གི་དྲ་རྒྱ་བརྒྱུད་དྲ་འབུ་ཁྲིམས་ལ་སྦྱར་བ་ཐོག་མ་ལྟ་བུ་ཆགས་ཡོད་འདུག
ཁ་བརྡ་ཚང་ལའང་ཁག་མེད་ཀི སྨྱུག་མིང་འོག་ནས་བརྗོད་གཞི་དང་འབྲེལ་མེད་དམ་ཡང་ན་གཞི་མེད་དཀྲུགས་ཤིང་། གང་ཟག་སྒེར་ལ་དམོད་པའི་རིགས་ཐེངས་གཉིས་གསུམ་ལ་བྱུང་ན་དོ་བདག་ངོ་མ་ཉི་མའི་འོག་ལ་གཡུགས་ཏེ་ངོ་གདོང་ལྷུང་ལ་འབུད་བཅུག་ན་ཕན་གི་རེད་འདོད།
འེ་ཧེ་ཧེ་ད་མཆན་འགོད་པ་དག་གི་སྐད་ཆའི་ཉམས་ཇེ་ཆེ་ཇེ་ཆེ་རེད་་ལྷག་ཏུ་(༨༥) པ་དེའི་སྐད་ཆ་ཉན་ན། མཆན་འགོད་པ་དག་གིས་གཟབ་གཟབ་བྱོས་་་་ཁྲིམས་ལ་སྤྱོར་ཉེན་ཆེ་་་་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་དེ་འདྲ་ཚབ་ཆེན་འེ་ཡིན་ན། ད་ངས་མཆན་འབྲི་སྐབས་་་མཆན་གཅིག་དང་གསོལ་འདེབས་གཅིག་བྱེད་རྒྱུ་ཡིན། དེ་མིན་ཉན་ཉན་ན་སྐྲགས་ནི་ཞིག་ཡུམ་མ་རེད་ན། ཨ་ཁ་ཁ།
ལོ་གཅིག་གི་ཡར་སྔོན་ཞིག་ལ་ཁོ་བོ་ཁ་བརྡ་དྲ་བར་ལྟ་ཀློག་བྱེད་པར་ཡོང་བ་ཡིན། སྐབས་དེ་དུས་ཁ་བརྡ་ཚང་ནི་དར་ཞིང་རྒྱས་པའི་སྒང་རེད་འདུག རྫ་ཚེ་རིང་བཀྲ་ཤིས་ཟེར་བ་དང་དྲི་མེད་ལྷག་བསམ་ཟེར་བ་སོགས་ཀྱིས་བགྲོ་གླེང་ལ་ཉམས་མཚར་ལྟད་མོ་ཅི་བས་ཆེ་བ་འདུག ད་དུང་སྤོབས་མཐའ་ཟེར་བ་སོགས་མིང་མི་དྲན་ཡང་ཆོས་སྲིད་གང་ལའང་མཁྱེན་རྒྱ་ཆེ་བའི་ཟིན་མཆན་པ་མང་པོ་འདུག དེ་ནས་ཡུན་རིང་མ་འགོར་བར་ཤར་ཁུག་བཀའ་ཤག་ནས་གནས་དབྱུངས་བཏང་བ་དེ་ནས་ཆབ་བྲག་ཨ་ལྷ་མ་གཙོས་པའི་བསམ་མེད་མང་པོ་ཞིག་ནས་ཁ་བརྡ་དྲ་བ་འདི་ཤོག་ཁག་དཔུང་སྒྲིག་བྱེད་སའི་ལམ་བུ་ཁ་བསྒྱུར་བ་ནས་བཟུང་ཁ་བརྡ་དྲ་བ་ཉམ་རྒུད་དུ་ཕྱིན་པ་རེད། ད་ལྟའི་ཆ་ལ་ཁ་བརྡ་དྲ་བ་འདི་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པའི་ཚད་ལས་དམིགས་བསལ་ཁ་བརྡ་དྲ་བར་བདག་གཅེས་བྱས་རུང་ཕན་འབྲས་ཡོད་པའི་མཚམས་ཤིག་ནས་ལྷུང་ཚར་བ་འདྲ་བོ་རེད། དེར་བརྟེན་དག་མཆན་ཐོབ་མ་ཐོབ་ལ་ཁྱད་པར་ཞེ་དྲག་མེད། འོན་ཀྱང་གུས་པས་ད་སྔ་སྐད་ཆ་ཅི་ཞིག་བཤད་པ་ཡིན་ནའང་ཡིན་རྒྱུ་ངོ་མ་དེ་བཤད་པ་ལས་ཡར་མར་བཅོ་བརྒྱད་གང་ཡང་བཤད་མེད་པ་འདི་ཁ་བརྡ་ལ་བཅངས་བའི་ལྷ་བསམ་ཟེར་བ་དེ་ཡིན་པ་འདྲ།
སྨྲ་བརྗོད་རང་དབང་ཕལ་ཆེར་ཚང་བའི་བོད་སྐད་དྲ་ངོས་སྟབས་བདེ་ཤོས་ནི་ཁ་བརྡ་དྲ་བ་འདི་རེད་ཟེར། རང་རེའི་བོད་མིའི་སྤྱི་ཚོགས་ནི་རྙོག་འཛིངས་ཆེ་ཞིང་། ནར་མ་སོན་པའི་བྱིས་པའི་གཟོལ་དུ་མཆིས་སྟབས། ཕྱོགས་ཡོངས་ནས་སྐབས་འཚོལ་བ་དང་། བོད་མིའི་ཆིག་སྒྲིལ་གྱི་ནུས་པར་དོ་ཕོག་དངོས་ཤུགས་བརྒྱུད་གསུམ་དུ་སྤྱི་སྒེར་གཉིས་ཡོད་ངེས། འབྲེལ་ཡོད་དྲ་རྒྱའི་རྩོམ་སྒྲིག་པ་ཟུང་གིས་དོ་དམ་གནང་བ་ནི་གཟི་བརྗིད་ཀྱི་འོས་འགན་ཁོ་ན་རེད་འདོད།
ཁ་བརྡའི་རྩ་ཁྲིམས་ལ་བརྩི་རྒྱུ་ཡིན།
འོ་་་ནམ་རྒྱུན་སྐྲུག་ཤིང་རྒྱག་མཁན་ཚོས་སྡུག་སྐད་ཤོར་ཡོང་གི་འདུག འདི་ནི་ཁ་རྡ་དྲ་བའི་རྒྱལ་ཁ་རེད་ལ་ལྷག་བསམ་དག་པའི་དྲ་གྲོགས་ཡོངས་ཀྱི་རྒྱལ་ཁ་རེད། དེ་མིན་དྲ་བ་འདི་སྐྲུག་ཤིང་རྒྱག་མཁན་གྱིས་ཁེང་སོང་ན་མི་བསམ་ཡོད་ཚོ་འདི་ལས་ཐག་ཇེ་རིང་ལ་འགྲོ་ངེས་རེད། བོད་ནང་ནས་ཀྱང་ཁ་བརྡ་དྲ་བའི་ནང་གི་དྲ་འབུ་ཚོའི་བྱེད་སྟངས་ལ་བསམ་འཆར་ཡོང་གི་འདུག་ལ། ཐ་ན་ཁ་བརྡ་དྲ་རྒྱ་ལ་ཡང་དོག་འཆར་བྱེད་མཁན་འདུག དེས་ན་མཆན་ལ་གཏང་འཛིན་གནང་བ་འདི་ནི་འོས་ཤིང་འཚམས་པ་ཞིག་དང་འགན་ཁུར་ཡོད་པའི་བྱ་སྤྱོད་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཁ་བརྡའི་ལས་བྱེད་ ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན་མི་ཁ་ཁར་འདྲེ་ཡི་བཟུང་བ་ནང་བཞིན་ག་བཤད་འདི་བཤད་མི་འདུག
ཆོས་འགྲུབ་ལགས། དགོངས་པ་ཏོག་ཙམ་བཞེས་དང་ཁ་བརྡ་ཚང་ཡང་ཐུགས་ཁག་མེད་པ་རེད། འཇིག་བསྐུལ་རིང་ལུགས་པས་བཀའ་རྒྱ་སླེབས་ཙང་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་དང་དགོས། ལར་ནས་ལམ་དབུ་མའི་ས་ལམ་གོ་རྒྱུ་ཚོད་རྒྱུ་མི་འདུག་ན་ཆབ་བྲག་ཨ་ལྷ་མ་ལགས་ཀྱང་གཉིད་དུ་ཡུར་ནས་དྲ་ལམ་འདིར་མཐོང་མཐོང་རིག་རིག་མི་འདུག། བྱས་ཙང་དྲ་ལམ་འདི་ཤོག་ཁག་དཔུང་སྒྲིག་བྱེད་ཡུལ་ཞིག་རྩ་བ་ནས་ཡིན་རྒྱུ་མ་རེད།
ཤར་ཁུག། སྨྲ་བརྗོད་རང་དབང་གི་ས་མཚམས་རྒྱ་གར་གྱི་བཅའ་ཁྲིམས་དོན་ཚན་༡༩ ནང་གསེས་དང་བཅས་པ་ཆ་ཚང་ཞིག་ཁྱོད་ཀྱི་མཁྱེན་གྱི་ཨེ་ཡོད། ཡོད་ན་དོན་ཚན་དང་ནང་གསེས་བཅས་གསལ་པོ་ཞིག་བྲིས་ན་ཡོང་ང་འདུག་གས། ལར་ནས་དྲ་བ་འདི་མི་ཉམས་ཆུང་ཚོར་གུས་གུས་ཞུམ་ཞུམ་བྱེད་ས་ཞིག་དང་། ཐན་བྱ་འགར་གཤོག་བརྡབ་རྐང་བརྡབ་ལག་བརྡབ་བྱེད་ས་ཞིག་ཡིན་རྒྱུ་མ་རེད་པ།
རང་རིགས་ཀྱི་ཕ་སྐད་ལ་དུངས་ཞེན་ཟབ་པའི་ཁ་བརྡའི་རྩོམ་སྒྲིག་པ་ཚོས་ལས་ཞོར་ལ་ཕ་མེས་སྐད་ཡིག་བཀོད་སྤྱོད་དང་སྤྱི་ཚོགས་ལེགས་བཅོས་སུ་གཏོང་ཐབས་སུ་བསམ་ཚུལ་སྣ་ཚོགས་བརྗོད་ས་འདི་འདྲ་བསྐྲུན་པར་ཐུགས་རྗེ་ཆེ་ལན་བརྒྱར་ཞུ།
ཁ་བརྡ་དྲ་བ་འདིས་ཀྱང་། སྲོག་ཉེན་ལ་བསླེབས་པའི་བོད་སྐད་ཡིག་ལ་སྲོག་ཟུངས་ཤིག་བསྩལ་ཡོད་ཡོད་པ་ཡིད་ཆེས་བརྒྱ་ཆ་བརྒྱ་བྱེད་རྒྱུ་ཡིན། དེའི་ཕྱིར་དྲ་བ་འདིའི་རྩོམ་སྒྲིག་པ་གཉིས་ལ། ངས་བླ་མེད་ཀྱི་བཀའ་དྲིན་ཞུས་པ་ཡིན།
༦༡༽༦༨༽ མགོན་པོ་ཕྱག་གཉིས་པ་ལགས་ནས་གསུང་བ་བདེན་པ་རེད་བསམ། གཙོ་བོ་རིག་གཞུང་ལ་ཞབས་འདེགས་ཡག་པོ་ཞུ་ཐུབ་པ་གལ་ཆེན་པོ་ཡིན། ད་ལྟའི་བར་དུ་སྐུ་ཞབས་ཁ་བརྡ་སང་གིས་བོད་ཡིག་ལ་དོ་སྣང་ཅན་ཚོར་ཕན་ཐོག་ཆེན་པོ་སྒྲུབ་སོང་། ད་ནས་རྩ་ཁྲིམས་བཅའ་ཁྲིམས་ལུང་པ་གང་བཟོས་ཡོང་སྲོལ་ལ་བལྟས་ན་ཁ་བརྡ་སང་ལ་རྒྱ་འདྲེ་རེ་ཞུགས་པ་ཡིན་ནམ་ཡང་བསམ། རྒྱ་མིའི་བོད་ཡིག་བོད་སྐད་རྩ་མེད་བཟོ་བཞིན་པ་ནི་ཚང་མས་ཤེས་གསལ་ལགས། ཡང་གཅིག་བཤད་ན། བཟང་ངན་གཉིས་ཀ་བཤད་དགོས་པ་རེད། དེ་མིན་བདེན་པ་དང་ཡག་པོ་རྐྱང་རྐྱང་བཤད་སྡད་པ་ནི་རྒྱ་ནག་གི་སྲིད་ཅུས་མིན་ནམ་ཡང་བསམ། ད་ལྟའི་བར་དུ་མཆན་༨༩སྮེབས་འདུག་དེ་ཚོ་མང་ཆེ་བ་གནས་ལུགས་ཡོད་པ་ཤ་ལྟག་རེད་བསམ།
དགའ་བསུ་ཡོད། རང་རེའི་སྤྱི་ཚོགས་འཁྲོད་ཕྱོགས་ཞེན་དང་འཐེན་འཁྱེན་བཟོ་མཁན་གྱི་མྱུལ་མ་ཁག་གཅིག་ཡོད་བཟོ་འདུག་པས་དེ་རྣམས་ལ་གཏང་འཛིན་ཡིན་པ་ལས་མི་རིགས་ལ་ཞེན་པ་དང་དབུ་འཁྲིད་ལ་གུས་པའི་མི་བུ་དག་དགའ་བ་ལོས་སྐྱེས། བར་སྐབས་ནས་ཁ་བརྡ་དྲ་ལམ་དུ་༸གོང་ས་༸མཆོག་ལའང་མཚན་སྨད་བཀོད་པ་མཐོང་བས་བློ་ཕམ་སྐྱེས་ཤིང་དྲ་བདག་ལའང་དྭོགས་གཞི་སླེབས་བྱུང། དེ་རིང་ཁྱེད་ཚོས་གོམས་པ་ཆེ་ལ་གཟི་བརྗིད་ཅན་ཞིག་སྤོས་འདུག་པས་ཕ་བཟང་གི་བུ་ཐུགས་རྗེ་ཆེ།
དྲང་མོ་བཤད་ན། ཁ་བརྡ་ཚང་ལ་་ངོ་ཆེན་ངོ་མེད་ཟེར་་ན་འདྲ། ངོ་ཤེས་མ་ཤེས་ཟེར་ནའང་འདྲ ཁ་ཤས་ཀྱི་རྩོམ་ཚིག་བཞི་ལས་མེད་ནའང་བཀོད་གིན་ཡོད་པ་འདྲ་བོ། ཁ་ཤས་ཀྱི་རྩོམ་བཀོད་གིན་མེད་པ་འདྲ་བོ་ཞིག་འདུག་བསམ་དོགས་པ་ཡོད། ཁ་ཤས་ཀྱིས་ཅི་ཞིག་བཤད་བཤད་རང་དབང་ཡིན་པ་དང་ ཁ་ཤས་ཀྱི་ཁ་འགོག་གི་ཡོད་པ་འདྲ་བོ་ཞིག་རེད་འདུག་བསམ་སོང་། དེ་འདྲ་ཞིག་ཡིན་དུས་སྤྱི་ཚོགས་ནང་ནས་བསམ་ཚུལ་འདྲ་མིན་དང་ལྟ་ཚུལ་འདྲ་མིན་ཡོང་ངེས་རེད། འདི་ཁ་བརྡ་རང་གིས་རང་ལ་བཟོས་པའི་འགལ་རྐྱེན་རེད་བསམ། སྤྱིར་སྤྱི་ཚོགས་ཀྱི་སྨྲ་བརྗོད་རང་ཡིན་ཡང་། སྤྱི་ཚོགས་ཀྱི་དཀྲིག་ཤིང་གི་རིགས་དེ་ཚོ་ཁ་བརྡའི་ནང་བཀོད་པ་དེ་ཧ་ལས་པའི་གནས་ཚུལ་ཞིག་རེད། གཞན་ཡང་ཁ་བརྡ་ཚང་ཡིན་ཡང་༧གོང་ས་མཆོག་ལ་དད་འདུན་དང་ཆེ་མཐོང་བྱེད་མཁན་ཞིག་ཡིན་ན། མཚན་སྨད་ཀྱི་རིགས༼དམྱལ་བའི་མདོ་༽འདི་འདྲ་བོ་སོགས་མ་བཀོད་ན་ལེགས་བསམ།
ང་འདྲ་བོ་ཞིག་ལ་མཚོན་ན། ཅང་ཤེས་ནི་ཞིག་མིན་ལ། རྩ་རྩོམ་འབྲི་ཤེས་ནི་ཞིག་དེ་བས་ཀྱང་མིན། ངའི་མཆན་བཀོད་ན་ཆོག་ལ་མ་བཀོད་ཀྱང་ཆོག ༧གོང་ས་མཆོག་གི་སྐུ་དྲིན་དང་། བོད་མི་རིགས་ལ་ཤ་ཞེན་དང་། རང་གི་སྐད་ཡིག་ལ་བདག་གཅེས་བྱེད་འདོད་ན་ཐུགས་བསམ་ཡག་པོ་ཞིག་གནང་གལ་ཆེ་སྙམ།
ཁ་བརྡའི་དྲྭ་བར་བསྒྱུར་བཅོས་མང་པོ་བྱས་ན་དོག་གཞི་སྐྱེ་བའི་གནས་ལས་གཞན་ཕན་ཐོག་མེད། དངོས་མིང་དགོས་ཟེར་བའི་སྒྲིག་གཞི་གཏན་འབེབས་བྱས་པ་འདི་ཡང་དྲྭ་གྲོགས་ཚོའི་བསམ་བློ་ཐོང་དང། སོ་སོར་མདུན་ལམ་ཡོད་པ་ཤ་སྟག་ལས་ཧོབ་རྒྱུག་བྱེད་མཁན་གི་མི་ཞིག་ཕལ་ཆེར་ཁ་བརྡའི་དྲྭ་བར་ནང་ཡོད་ཚོད་མ་རེད། དེས་ཐོག་ཁ་བརྡའི་དྲྭ་བ་འདི་བཤད་རུང་མ་བཤད་རུང་ཆབ་སྲིད་ཀྱི་གླེང་སྟེག་ཞིག་ཡིན་པ་ནི་བཤད་ཅི་དགོས། དེས་ན་དངོས་གནས་བཤད་ན་ཕ་མ་སྤུན་ཉེ་བོད་ལ་ཡོད་པའི་མི་མང་པོ་ཡོད་ཚོད་རེད། མཆན་འགོད་པས་སོ་སོའི་མི་ཁུང་གང་ཡིན་དང་ཡུལ་ལུང་གང་ཡིན་དང་དངོས་མིང་སོགས་བཤད་ན་ཁྱོད་རང་རང་དབང་ལུང་པ་ཡོད་ཀྱང་ཁྱེད་ཀྱི་ཕ་མ་སོགས་ལ་གནོད་སྐྱོན་མི་ཡོང་བའི་འགན་དེ་ཁ་བརྡ་དྲྭ་བས་ཁུར་ཐུབ་ན་ད་གཟོད་ཁྱེད་རང་གང་ཡིན་གསལ་པོ་བཤད་ན་སྐྱོན་མེད། ཡང་མི་མང་པོ་ཞིག་བསམ་ཚོད་རེད། ཁོ་དེ་འདྲ་སྐྲག་དགོས་ན་ཁ་བརྡའི་དྲྭ་ཚུག་དུ་ག་རེ་བྱས་ནས་སླེབས་ཡིན་ཟེར་ཚོད་རེད། ག་རེ་ལབ་ན་ལབ་ངས་གཏམ་དྲང་པོ་ཡིན། གལ་སྲིད་ཁ་བརྡའི་དྲྭ་བར་འདིས་ནང་དངོས་གནས་རྒྱ་མིའི་སོ་པ་ཡོད་ན་ཁ་བརྡའི་དྲྭ་ཚུག་གིས་སྒྲིག་གཞི་གཏན་འབེབས་བྱས་པ་འདིའི་རྒྱ་གཞུང་ལ་ཆེ་ཆུང་མ་གཏོག་པའི་ཕན་ཞིག་ལས་གནོད་མེད་པར་བརྒྱ་ཆ་བརྒྱ་རེད། དེས་ནང་ནས་དམིགས་གསལ་ཤར་ཁུག་གི་སྒྲིག་གཞི་འདི་ལ་རྒྱབ་བསྐྱོར་ཡོད་ཡོད་པ་རེད་འདུག། གཏམ་དྲང་པོ་ཡིན། མ་ཚད་ཁ་བརྡའི་དྲྭ་བ་འདི་ཤར་ཁུག་གི་གང་བྱས་ཡིན་པའི་དོག་པ་ཡོད། དཔེར་ན་ཤར་ཁུག་ལ་སྐྱོན་བརྗོད་ཕྲན་བུ་བྱེད་དུས་དེས་མཆན་བུ་དེ་དྲྭ་ཚུག་དུ་ག་དུས་ཡང་གཏོང་གི་མི་འདུག། མི་སྒེར་ལ་སྐྱོན་བརྗོད་བྱེད་མ་ཆོག་མདོག་མདོག་བྱེད་གི་འདུག། ཤར་ཁུག་གིས་བོད་ཀྱི་བཀའ་ཁྲི་མཆོག་ནས་འགོ་གཙུག་སྟེ་དོན་འགྲུབ་ལྷ་དར་བར་དུ་མི་གཅིག་གཅིག་བྱས་ནས་སྐྱོན་བརྗོད་བྱས་ཀྱང་ཁ་བརྡའི་བརྩོམ་སྒྲིག་པ་གོ་རྒྱུ་ཚོར་རྒྱུ་མི་འདུག། སྐབས་དེ་དུས་མི་སྒེར་བ་ལ་སྐྱོན་བརྗོད་བྱས་པའི་མཆན་བུ་ནི་ལུང་པ་གང་ཤར་གཏོང་བྱེད་ཆོག་གི་འདུག། དེ་ཡང་རྒྱུ་མཚན་ཁྱད་མཚར་པོ་མཐོང་སོང། ད་དུང་དངོས་མིང་དགོས་ཟེར། དངོས་མིང་བཏགས་ན་རྒྱ་དགའ་དེ་ཚོར་ཕན་ཐོག་ཡོད་པ་ལས་གཞན་ཁྱད་ག་རེ་འདུག། དངོས་གནས་ལྷག་བསམ་ཅན་གྱི་དྲྭ་ཚུག་ཤིག་ཡིན་ན་དངོས་མིང་དང་བཏགས་མིང གི་ཁྱད་པར་ཡོད་ཚོད་མ་རེད། བཏགས་མིང་དེའི་འོག་ཏུ་ག་རེ་གབ་འདུག། གབ་མཁན་དེ་གང་འདྲ་རེད་འདུག། མ་ཚད་མཆན་བུ་ལ་ཡང་བརྟག་དཔྱད་བྱེད་མཁན་དེ་ཁྱེད་ཚོའི་འོས་འགན་ཡིན་དུས་དྲྭ་ཚུག་དུ་གཏོང་ན་འགྲིག་མ་འགྲིག་ཁྱེད་ཚོའི་བལྟ་དགོས་པ་ལས་མི་ག་གེ་མོ་ཞིག་ལ་ཁག་འདོགས་ནས་ཁ་བརྡའི་དྲྭ་ཚུག་འདིར་སྒྲིག་གཞི་གསར་པ་གཏན་འབེབས་བྱས་ན་ང་མོས་མཐུན་མེད། རྒྱ་མིའི་སོ་པ་འདི་འདྲ་ཞིག་གི་ནང་དུ་སླེབས་གི་རེད་མ་གཏོགས་དོན་མེད་གནས་ཚུལ་ཆུང་ཚག་ཡོད་ས་དེ་འདྲ་འཛུལ་གི་མ་རེད། ཡང་ན་ཁ་བརྡའི་བརྩོམ་སྒྲིག་པས་དྲྭ་ཚུག་འདིའི་ནང་དུ་རྒྱ་མིའི་སོ་པ་མེད་པའི་ཁག་ཁུར་ནུས་ན་ད་གཟོད་སྐད་ཆ་ཁ་ཁར་རེད། དེ་མིན་ན་མཆན་འགོད་པ་ཚོའི་བསམ་བློ་ཡག་པོ་ཐོང། སྤྱི་བཏང་དྲྭ་ཚུག་ནང་དུ་ཤེས་ཡོན་གི་ཐོག་ནས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་གྱིས་རྣམ་དཔྱོད་གསར་པ་ཡོད་མཁན་དེ་འདྲ་ཡོད་ངེས་རེད། རྒྱ་མིའི་སོ་པ་ལ་དགོས་་པའི་མི་དེ་ཚོ་རེད། མི་དེ་ཚོའི་མདུན་ལམ་མེད་པར་བཟོ་ཐུབ་ན་རྒྱ་ནག་གི་བསམ་དོན་ཆེན་པོ་ཞིག་འགྲུབ་པ་རེད། དེས་ན་དངོས་མིང་བཏགས་ན་ཉེན་ཁ་ཡོད་པ་ཧ་གོ་བ་བྱོས་དྲྭ་གྲོགས་ཚོ། ཡང་ཁ་ཤས་གི་ང་རྒྱ་མིའི་སོ་པ་དང་དོལ་རྒྱལ་བརྟེན་མཁན་རེད་ཟེར་ཚོད་རེད། ང་ལ་ཁྱད་པ་གང་ཡང་མེད་ངའི་ཀུན་སློང་འདི་ནི་རྣམ་པར་དག་པ་ཡིན་པར་ནམ་མཁའི་བླ་མ་དཀོན་མཆོག་གི་གཟིགས་གི་རེད། ངས་ནི་ཕན་པའི་བསམ་པས་མཆན་བུ་འདི་བཀོད་པར་ཡིན། ནོར་འཁྲུལ་འདུག་ན་བཟོ་བཅོས་གནང་རོགས། བཀྲ་ཤིས་བདེ་ལེགས།
ནམ་རྒྱུན་ཡིན་ན་སྒྲིག་ལམ་ལ་དོ་དམ་བྱེད་པའི་གྲྭ་སའི་དགེ་བསྐོས་ཚོ་ལ་གཅིག་ཁ་གཉིས་ཁ་བྱས་ནས་སྐྱོན་བརྗོད་བྱེད་ཀྱི་འདུག ད་ཡིན་ན་ཚང་མས་དྲ་ལམ་གྱི་སྒྲིག་ཁྲིམས་ཟེར་ནས། འགོག་དགོས་དང་ཕམ་པར་རྒྱག་དགོས་ཟེར་ནས། ཡོད་ཚད་པོ་དགེ་བསྐོས་ཀྱི་ལས་དོན་པ་རེད་འདུག ཚང་མ་ཁ་བརྡ་དྲ་བའི་དགེ་བསྐོས་རེད་ཡ། ཡིད་སྨོན་སྐྱེས་དགོས་པ་ཞིག་འདུག ཧཧཧཧ
མིང་མང་ཆེ་བ་དག ད་ལྟ་བའི་དག་ཆ་བྲིས་པ་ལྟར། གསལ་བསྒྲགས་ལ། གསལ་སྒྲག དེ་བཞིན་ཁྱབ་སྒྲག དྲིལ་སྒྲག་སོགས་སུ་བྲིས་ན་ཅུང་ཐལ་དྲགས་པའི་སྐྱོན་ཅིག་ཏན་ཏན་ཡོད་དམ། ནག་ཉེས་ཆེན་བསགས་སམ། དེས་ཉེས་པས་འབྲི་མཁན་དམྱལ་ལྷུང་བར་ཡང་སྲིད་དམ། ཧ་ཧ་ཀུ་རེ་དང་བཅས་དྲྭ་གྲོགས་ཀུན་ལ་འདྲིའོ། །
གསེར་འབྲུག་སྡེར་ལྔ་ལགས། ངས་བསམ་བློ་མ་བཏང་བ་མིན། ཤར་ཁུག་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་དང་འགལ་བར་བསྙད་དེ་དོག་པ་གཞན་ཐོག་ནས་བཀའ་ཁྲིའི་གནས་དབྱུངས་བཏང་བ་རེད། དེའི་དུས་སུ་ཆབ་ལྷ་མ་གཙོས་པའི་ཤོག་ཁག་དཔུང་སྒྲིག་གིས་བཀའ་ཁྲི་ལ་རྒོལ་ཡིག་འཇམ་རྩུབ་སྣ་ཚོགས་སྤེལ་བ་ནས་བཟུང་ཁ་བརྡ་དྲ་བ་འདི་ཤོག་ཁག་དཔུང་སྒྲིག་བྱེད་སའི་སྟེགས་བུར་ཆགས་པ་རེད། མ་ཟད་སྐབས་དེ་ཤེད་ནས་དོ་བདག་ཤར་ཁུག་རང་ནས་གཞུང་རྒོལ་གྱི་གནས་གཞི་ཁ་བརྡ་དྲ་བར་བཟུང་བ་ནས་གཞུང་རྒོལ་གྱི་དུར་ས་དང་ཤོག་སྒྲིག་པའི་འཐབ་ར་ཆགས་པ་རེད། སྐབས་དེ་དུས་ཀྱི་སྔ་རྗེས་རྣམས་སུ་གཞུང་རྒོལ་བ་ཤར་ཁུག་ལ་ཁ་གཏད་པའི་མཆན་མང་པོ་བྲིས་རུང་དྲ་ངོས་སུ་ཐོན་པ་ཞིག་མཐོང་དུ་མི་འདུག དེ་ཚོ་ཡང་དཔུང་སྒྲིག་དང་གཞུང་རྒོལ་བའི་ལངས་ཕྱོགས་དང་བྱེད་ཐབས་ཡིན་པ་འདྲ། དེར་རྟེན་དག་མཆན་ཐོབ་མིན་ལ་ཁྱད་པར་མེད་དོན་ཡང་དེ་ཡིན། འདི་ཚོ་ངས་མ་བཤད་ཀྱང་སྐུ་ཉིད་ནས་མཁྱེན་ཚོད། སྐུ་ཉིད་ཀྱི་སྒེར་གཉེར་ཟིན་བྲིས་ཤིག་ཡོད་པ་མ་མཐོང་ཡང་མཆན་པ་ཚོའི་ཁྲོད་དུ་དྲང་བདེན་དང་ཤེས་ཡོན་ཅུང་འབུར་དོད་འདྲ་བོ་མཐོང་སོང་ལགས།
དྲ་མིང་བཏགས་པ་དེ་སོ་སོ་ཧ་མ་གོ་བའི་ཆེད་དང་བདེ་འཇགས་ཀྱི་ཆེད་དུ་རེད། ཁ་བརྡ་དྲ་བའི་ནང་གི་དྲ་མིང་རྙིང་པ་ཕལ་ཆེ་བ་ནི་མི་སུ་ཡིན་འདུག་ས་རིས་ཐང་གསལ་རེད། དེ་འདྲ་ཡིན་ན་དངོས་མིང་དང་དྲ་མིང་སོ་སོར་གང་བཏགས་རུང་མི་དེ་ངོས་ཟིན་ཚར་པ་རེད། ང་རང་སྐྲག་ས་དེ་རྒྱ་མིའི་སོ་པ་མིན། སྨྱིག་མིང་གི་འོག་ནས་གོང་ས་མཆོག་ལ་ཁ་གཏོང་མཁན་དང་སྤྱི་ཚོགས་འཁྲུག་རྐྱེན་དུ་གྱུར་བ་དེ་རེད། དེ་དག་རྒྱ་མིའི་སོ་པ་ཡིན་པས་མ་ཁྱབ་ལ་བོད་དོན་ཐོག་སེམས་ཤུགས་ཡོད་མཁན་རེ་གཉིས་བསླེབ་སྲིད་པ་རེད། ག་དུས་ཡིན་ཡང་བོད་ཀྱི་ཆབ་སྲིད་མི་སྣའི་སྐོར་ལ་མཆན་བུ་བཏབ་ཡོང་དུས་རྙོག་གཏམ་རྐྱང་རྐྱང་དང་འདྲེས་བསྡད་པ་ཞིག་མཐོང་གི་འདུག །མཆན་བུ་འདི་ཚོ་ལ་དགོས་པ་རྒྱུ་མཚན་ཆེན་པོ་རང་ཡོད་པ་མཐོང་མ་སོང་། གང་བཤད་ན་བཤད་དུ་ཆུགས་ཟེར་བ་དེ་ཡག་པོ་མ་རེད། ཁ་ནི་ཉེས་པ་ཀུན་གྱི་འབྱུང་ཁུངས་ཡིན། གསུངས་པ་ལྟར་གཏམ་ལ་ལེགས་ཉེས་མེད་ན་སྨྱོ་གཏམ་རང་རེད། ཁ་བརྡའི་རླུང་རྟ་ལ་བསམ་བློ་བཏང་བ་ཡིན་ན། ཁ་བརྡ་དྲ་བ་འདིར་ལྟ་བ་འདྲ་མིན་དང་། རིག་གཞུང་དང་སྐད་ཡིག་གི་སློབ་ར་ཞིག་ཏུ་འགྱུར་ཐུབ་ན་ཡག་པོ་ཡོད་པ་རེད། ཆབ་སྲིད་ཀྱི་སྐོར་བོད་ཀྱི་དུས་བབ་ཀྱིས་མ་ཆོག་པ་ཡོད་པ་མ་རེད། ལྟ་མཁན་དང་ཀློག་མཁན་ལ་ཡང་ངེས་བར་དགོངས་པ་བཞེས་དགོས་པ་རེད། གོམས་གཤིས་ངན་པ་ལང་ཤོར་དུ་གཏོང་མི་རུང་བས་ངེས་བར་ཡ་རབས་སློབ་གསོ་ཏོག་ཙམ་དགོས་ཀྱི་འདུག་སྙམ།
ཕྱོགས་གཅིག་མིག་གིས་མཐོང་རུང་ཕྱོགས་གཞན་མིག་གིས་མ་མཐོང་བ་དག་གིས་ཕྱོགས་གཅིག་ཁོ་ནའི་སྐད་ཆ་མ་གཏོགས་བཤད་མི་ཤེས། རང་གིས་བཤད་པ་གང་ཡིན་དྲང་བདེན་དང་གཞན་གྱིས་བཤད་པ་ཐམས་ཅད་དྲང་རྒོལ་གྱི་དུས་ས་རེད་ཟེར་བ་དེ་ལ་ངོས་ལེན་མེད། དེ་དྲང་བདེན་མ་རེད། དྲང་བདེན་ཡིན་མིན་དང་ལེགས་སྤྱོད་ཡིན་མིན་ནི་དྲང་བདེན་གྱི་སྲང་ལ་གཞལ་དགོས་པ་རེད། ཕྱོགས་ཞེན་ཨ་འཐས་ཀྱིས་ནམ་ཡང་དྲང་བདེན་གྱི་ཚད་གཞལ་མི་ཐུབ་པ་ཡིན་པས་དེ་ལུགས་མཁྱེན་པར་མཛོད། སྐྱེས་བུ་ངན་པ་སྲང་མདའ་བཞིན།།ཅུང་ཟད་ཙམ་གྱིས་མཐོ་དམའ་བྱེད།།ཅེས་པ་ལྟར་གང་ཟག་དེའི་བྱེད་པ་ལ་སྐྱོན་བརྗོད་ཡིན་རུང་དྲང་བདེན་དངོས་ཡོད་དང་འཚམས་པ་ཞིག་ཡིན་ན་འགྲིག་པ་རེད།
རང་ནོངས་རང་གིས་ཁས་ལེན་པ།།
ཡ་རབས་དམ་པའི་ལུགས་སྲོལ་ཡིན།།
ཉེས་སྤྱོད་ཡོ་བསྲང་བྱེད་དགོས་ན།།
ལེགས་སྤྱོད་སྲང་ལ་གཞལ་བ་གལ།།
ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།
ཡོནཏན་ཀུན་ཀྱི་གཞི་རྟེན་ལགས་པར་གསུངས།
འཕགས་པ་ཀླུ་སྒྲུབ་ཀྱིས། བཤེས་སྤྲིངས། ཚིགས་བཅད་ ༧།
དྭངས་བླང་པ་ལགས། ཁྱེད་ཀྱིས་གསལ་བསྒྲགས་དེ་ཡག་པོ་ཞིག་ཀློགས་དང་། ཁ་བརྡ་ཚང་ནས་མི་གཅིག་གིས་མིང་འདྲ་མིན་མང་པོ་བེད་སྐྱོད་བཏང་ནས་མཆན་འབྲི་བར་བཀག་འགོག་གནང་བ་ལས། སྨྱུག་མིང་རྩ་བ་ནས་འབྲིི་མི་ཆོག་ཅེས་གསུང་མི་འདུག་བསམ། མ་གཞི་ནས་ཁ་བརྡའི་མཆན་པ་ཚོའི་ནང་ན་ནང་ཁུལ་སྐྱོན་བརྗོད་བྱེད་རྒྱུ་ཙམ་ལས་རྒྱ་གཞུང་ལ་ཁ་གཏད་ནས་སྐྱོན་བརྗོད་བྱེད་ནུས་མཁན་རེ་ཟུང་ལས་མཐོང་རྒྱུ་མེད་པས། དངོས་མིང་བྲིས་ཀྱང་བོད་ནང་གི་ཕ་མ་སྤུན་མཆེད་ཚོར་ཉེན་ཁ་ཡོང་རྒྱུའི་དོག་པ་དགོས་པ་མི་འདུག་སྙམས།
ཨ་རོ་ཁ་བརྡ་ཚང་། ང་ནམ་ཞིག་ལ་ཁྱེད་ཁར་ཡོང་ནས་བསྙག་རྒྱག་ཐུབ་ནི་རེད་ཨ།
ཕོ་སྐྱེ་ཡ་རབས་ང་ལ་ཁ་བརྡ་མེད་ན་ས་མཐའ་འདི་ནས་ཉི་མ་མི་ཆོད་གི་ཡ།
སྔོན་དགེ་བསྐོས་ཞིག་གིས་ཚོགས་གཏམ་འདི་འདྲ་ཞིག་བཏང་བ་རེད་ཟེར།
ཅི་མཛད་ལེགས་པར་མཐོང་དགོས་ན།
གང་བྱུང་མང་བྱུང་མ་གནང་ཨ།
ཅི་གསུང་བཀའ་བཞིན་བསྒྲུབ་དགོས་ན།
གང་བྱུང་མང་བྱུང་མ་གསུང་ཨ། ཞེས་ལབ་པ་རེད་ཟེར།
ས་སྐྱ་ལེགས་བཤད་ལས།
སྐྱེ་བོ་དམ་པས་རང་སྐྱོན་འཚོལ།
སྐྱེ་བོ་ངན་པས་གཞན་སྐྱོན་འཚོལ།
རྨ་བྱ་རང་གི་ལུས་ལ་བལྟ།
སྲིན་བྱ་གཞན་ལ་ལྟད་ངན་གཏོད། ཅེས་སོ། འོན་ཀྱང་ཁ་བརྡ་དྲ་བའི་སྐུ་མགྲོན་ཚང་མ་སོ་སྐྱེས་ལས་འདས་པ་ཞིག་ཡིན་ཚོད་མི་འདུག། བྱས་ཙང་སོ་སྐྱེས་ཕལ་པའི་སྐད་ཆ་དེ་ཚོ་སུ་དྲང་སུ་མི་དྲང་གི་སྲང་ལ་གཞལ་བྱའི་ཚད་གྲུབ་ཞིག་མིན་ཚོད་རེད། ཞི་བ་ལྷས། སེམས་ཅན་མོས་པ་སྣ་ཚོགས་པ། རྒྱལ་བས་ཀྱང་ནི་མི་མགུ་ན། བདག་འདྲ་ངན་པས་སྨྲོས་ཅི་དགོས། ཞེས་གསུངས་པས་ཕྱིར་རོ། བྱས་ཙང་གཏི་མུག་བདེན་འཛིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་དེ་རང་རྒྱུད་ལ་སྐྱེས་མེད་ན་ཚང་མ་བདེན་རྫུན་དབྱེ་འབྱེད་མི་ཤེས་པ་འདྲ་འདྲ་རེད། མ་གཞི་ནས་ང་ཚོ་ཆོས་ར་ཚོགས་དགོས་མ་རེད་ལ་རང་འགན་རང་ལ་འཁྲི་བའི་མིག་མདུན་དུ་ལྷག་བསྡད་པའི་བོད་དང་བོད་མི་རིགས་ཀྱི་ཆབ་སྲིད་གནས་སྟངས་ཡ་ང་བ་དེའི་སྟེང་དུ་གྲོ་གླེང་ལ་འབད་གང་ཐུབ་བྱེད་དགོས་པ་རེད། ཡང་འགའ་རེས་ཆབ་ཀྱི་གླེང་སྟེགས་ཁ་བརྡ་དྲ་བ་འདི་འོས་འཚམས་མིན་ཚུལ་དང་དུས་བབས་འོས་ཚུལ་བཤད་འདུག་ཀྱང་། དེ་ནི་སོ་སོ་མིག་ཡ་གཅིག་བཙུམས་ནས་ལྷ་ཆོས་རིང་ལུགས་ཀྱི་མདུན་ལམ་གཅིག་པུ་བཤད་ཀྱི་ཡོད་པ་རེད།
དག་མཆན་ཡིན་ན་དེ་དག་གོ་ཅིག་བཞིན་དང་། བཤད་ན་འདོད་ནིའི་གསང་བ་ཆ་ཟིག་ཉེར་ནས་ཡོད།
ཁ་བརྡའི་སྐད་ཆ་དེ་རིང་གོ་བ་ཡིན་ལ་འཐད་པའང་ཡོད།།
ད་ཁ་བརྡ་དྲ་བ་འདི་མི་སྒེར་ཁག་ཅིག་ལ་སྡིག་དམོད་གཏོང་སའི་སྡིངས་ཆ་འདྲ་བོ་ཆགས་སོང་།མི་ཁ་ཤས་ཀྱིས་གང་བྱུང་མང་བྱུང་སོ་སོ་མི་དགའ་སའི་མི་ལ་དྲ་རྒྱ་འདི་བརྒྱུད་དེ་ངན་སྨྲས་དང་སྡིག་དམོད་གང་ཐུབ་བྱེད་པ་ཁྱད་མཚར་རོ་རེད།
ལ་དྭགས་བློ་འཇམ་ལགས། ལྟ་བ་རྙིང་པ་ཁུར་ནས་མ་ཕེབས་རོགས། ད་ལྟ་དུས་རབས་ཉེར་གཅིག་པ་ཡིན་པ་དྲན་སོས་པ་གནང་རིགས། མྱི་རྒས་ན་སེམས་མི་རྒས་ཟེར་བ་ཅི་མ་བདེན།
ཡ་ད་བཤད་ཀི་བཤད་ཀི་་་འགྲིག་གི་མི་འདུག་་ག་་་་ད་ཡིན་ན་ཁྱེད་ཅག་ལ་དེ་འདྲ་ཁུར་མི་ཐུབ་རྒྱུ་ཞིག་ཡོད་ན་་ཐང་ཆེན་ཞིག་ལ་འཚོགས་་་དེ་བཤད་རེས་བྱས་ན་ད་གཟོད་རྣམ་རྟོག་དེ་དག་སེལ་ཐུབ་རྒྱུ་རེད།
བདེན་པ་ཡིན། དེ་སྔར་དུས་ཡིན་མི་ཉུང་བ་ཞིག་ལ་ཁ་བརྡ་དྲྭ་བ་འདི་ཡག་པོ་ཞིག་འདུག་སྙམ་སོང་། ད་ནི་ངོ་མ་བློ་ཕམ་དགོས་པའི་གནས་སུ་གྱུར་འདུག །གང་ལགས་ཞེ་ན། ཉེར་སྔོན་ནས་བཟུང་༧གོང་ས་མཆོག་དང་རང་གཞུང་ལ་མཚན་སྨས་དང་ཟུར་ཟ་བཟོས་པ་ཉུང་ཉུང་གཏན་ནས་མིན་མོད། ཁ་བརྡའི་དྲྭ་བདག་གི་མཐོང་ན་མ་མཐོང་པའི་ངང་ཚུལ་འཛིན་ནས་བཞག་སོང་། དེ་མིན་སྨྱུག་མིང་དང་དངོས་མིང་གང་ཡིན་རུང་གནད་འགག་དེ་ཙམ་མེད་པ་འདོད། གཙོ་ཆེར་དྲྭ་ནང་དུ་བཀོད་པའི་བརྩོམས་ཡིག་དང་མཆན་བུ་དག་གི་ནང་དོན་ལ་ཞིབ་འཇུག་ཡོད་པའི་ཐོག་ནས་དག་མཆན་སྤྲོད་མིན་ཐག་གཅོད་དགོས་པར་འདོད། མིང་ངོ་མ་བཤད་མི་འདོད་པའི་མི་ཞིག་ཡིན་ན་ཁ་བྱང་དང་མིང་རྫུན་མ་ག་ཚོད་བཟོས་ན་ཆོག་པའི་ཁ་བརྡའི་དྲྭ་བདག་ལ་མངོན་ཤེས་འདྲ་ཡོད་ན་མ་གཏོགས་དབྱེ་བ་ཆོད་ཁག་པོ་ཡིན། དཔེར་ན་ང་ཡི་མིང་ལ་འཇམ་གཅེས་ཟེར་རུང་། དྲྭ་མཆན་ཐོབ་ཕྱིར་མིང་གསར་པ་བཀྲ་ཤིས་ཞེས་པའི་ཁ་བྱང་དང་མིང་ཆ་ཚང་གསར་བཟོའི་ཐོག་དེབ་འགོད་བཟོ་ཆོག་ཆོག་ཡིན་ནོ།
ངས་འདི་ནས་ཁ་བརྡ་དང་ཁ་བརྡ་ཚང་གི་མཆན་པ་དང་རྩོམ་པོ་ཡོངས་ལ་ཞུ་རྒྱུ་ཞིག་ཡོད། དེ་ནི་དངོས་མིང་དང་སྨྱུག་མིང་དེ་དག་ཉེར་སའི་ཁ་བརྡ་ཚང་གི་གསང་རྒྱའི་སྒམ་ཆུང་སོགས་ཀྱི་སྐོར་ཡིན། སྤྱིར་མིང་དངོས་མ་བེད་སྤྱོད་པ་ནི་རང་འཇིག་རྟེན་འདི་ན་ཤི་མེད་པར་གསོན་ཡོད་པའི་རང་ངོ་སྤྲོད་བྱེད་ཞིག་ཡིན་རྒྱུ་རེད་དེ། བོད་ནས་ཡོང་མཁན་ཆབ་སྲིད་མི་བཤད་མཁན་ཞིག་ཡིན་ན་གནས་ཚུལ་ལོག་ག་རེད། མ་གཏོགས་ནང་མིའི་བདེ་འཇོག་ལ་སོགས་པའི་ཆེད་དུ་བསམ་བློ་ནན་ཏན་ཞིག་གཏོང་དགོས་པ་རེད། དེ་ནས་སྤྱི་རྒྱ་བློ་ཁེལ་བའི་གསང་སྒམ་གོང་ཆེན་ཞིག་ཁ་བརྡ་ཚང་ནས་ཡང་ཉོ་ཐུབ་པ་མ་རེད་ལ་ཉོ་དགོས་བ་ཡང་ཡོད་པ་མ་རེད། འོ་ན་ག་འདྲ་ཞིག་བྱེད་ཟེར་ན། དྲང་མོ་བཤད་ན་མི་ཞིག་གི་ག་རེ་བཤད་པའི་གཏམ་དེ་ལ་རྩི་མཐོང་དང་དམའ་འབབ་བྱེད་པ་ལས་མི་དེ་ལ་གདོང་ཐུགས་དེ་གནས་ཚུལ་གསལ་བོ་བྱེད་འདོད་པ་ནི་བསམ་བློ་རྗེས་ལས་བ་རང་རེད། གཞི་མེད་སྐྱོན་འཛུག་འདྲ་ཡོད་ན། སྐྱོན་འཛུག་ཡུལ་དེས་བདེན་ཁ་གསལ་བཤད་རེ་བྱས་ན་ཁ་བརྡ་ཚང་གི་སྒོ་ཕྱེ་ཡོད་ཡོད་པ་རེད། དེ་ནས་གསར་ས་ན་ཡོད་ན་འོད་ནམ་མཁའ་ཟེར་བའི་དཔེ་ལྟར་དཀར་པོ་ལ་དཀར་པོའི་ཆེ་བ་སྩོལ་ཐུབ་པ་རེད། དེ་མིན་ཁ་བརྡ་ནི་ཁ་བརྡ། ཁ་ཡག་བཙོག་གཉིས་ཀ་གྲགས་ན་ཡག་པོ་ཡོད་པ་རེད། ཕན་ཚུན་མི་ངོ་ངོ་འཕྲོད་ན་མི་ངན་འགས་དོན་མེད་རྫོབ་རྟགས་བསྟན་མི་ཡོང་བའི་སྤྱི་ཚོགས་བསམ་བློ་ཡར་ཐོན་ཅན་ཞིག་ད་དུང་ང་ཚོ་ཁ་ཤས་ཆགས་མེད་པ་རེད། དེ་ན་དགྲ་བོ་རྒྱ་ནག་དང་གླེན་པ་བོད་ཕྲུག་དག་ལ་དོགས་ཙམ་དོགས་བྱོས་ན་བཟང་བར་འདོད། དེ་འདྲ་སྐྲག་ཤོར་མ་བྱེད་ཟེར་ན། ངས་འདི་འདྲ་ཞིག་བཤན་ན་འདོད། སྐྲོག་ཤེས་བ་ནས་འཆི་བ་ནི་དཔའ་བོ་རེད་ཟེར་བ་ཡིན།
ས་སྟེང་མ་རབས་ཀྱིས་གང་ཡང་། །
རང་ཉིད་ཡ་རབས་སྤྱོད་པ་བྱ། །
ཡ་རབས་ལམ་ནས་དྲངས་པ་ཡི། །
བཟང་པོའི་སྐས་ལ་འཛེགས་གྱུར་ནས། །
བདེ་དང་གྲགས་དང་བསྔགས་འོས་པའི། །
གཞལ་མེད་ཁང་པར་ཡང་དག་རོལ། །
བཟང་པོའི་གནས་རིམ་སྤྱོད་པས་སྲུང་། །
སྤྱོད་པ་ཉམས་ན་རིགས་དོན་མེད། །ཅེས་གསུངས་འདུག
ཅིག་ཅིག་་་མིག་མིག་མང་པོ་བཤད་ཀྱང་དྭང་བླང་པས་གསུངས་པ་ལྟར་རེད། དེ་ལ་རྒྱབ་སྐྱོར་ཡོད། རྣམ་དཔྱོད་ཅན་གྱི་སྤུན་ཟླ་དྲྭ་གྲོགས་རྣམ་པས་དྲྭ་བར་རྒྱུ་བའི་སྐབས་གང་ན་རང་ཉིད་དང་རང་གི་གཉེན་ཉེའི་བདེ་སྐྱིད་ཀྱི་ཁེ་དབང་ལ་གཏོར་སྐྱོན་མི་ཡོང་བའི་སླད་དུ་སྨྱུག་མིང་ཁོ་ན་བེད་སྤྱོད་བྱ་རྒྱ་དེ་ཐབས་ལམ་ཡག་ཤོས་ཡིན། ངའི་སྨྱུག་མིང་ནི་ཀོང་རྗེ་དཀར་པོ་རང་ཡིན།
ཁ་བརྡ་ཚང་གི་གསལ་བསྒྲགས་ལ་རྒྱབ་སྐྱོར་ཡོད།
ད་ཡིན་ན་ཁ་བརྡ་ཚང་གིས་གསལ་བསྒྲགས་འདི་དང་བསྟུན་ནས་ཞབས་མཆན་པ་དག་ནི་གཅིག་ལས་གཅིག་རྫིག་ཉམས་ཆེ་ཞིང་དྲང་ལྡོག་གཉིས་ཀྱི་སྐད་ཆ་ཇེ་རྣོ་རེད།་་་་དེ་ཡང་ཁ་བརྡ་ཚང་གི་རྒྱན་ཞིག་ཡིན་ལས་ཆེ།
ཁ བརྡའི་རྩོམ་སྒྲིག་པ་ནས་རྩ་འཛིན་འདི་སྔ་མེད་ལ་འཕྱི་དྲགས་འདུག
ངའི་སྐད་ཆ་ཁྱེད་ཅག་གི་སྣང་བར་མ་སོང་ས་རེད་མོ། ད་མཆན་སྒོ་གཏད་ནས་ཕྱེ་འི་མི་འདུག། དེ་འདྲ་ཡིན་ན་སུན་པོ་བཟོ་འི་མི་ཡོང་ལགས། ཁ་བརྡ་ཚང་བདེ་བར་གཤེགས།
མཁས་པས་སྨྱུ་གུ་དགྲ་སྲོག་གཅོད་ལ་བཀོལ། །
བླུན་པོས་སྨྱུ་གུ་ནང་ཁུལ་དཀྲུག་ལ་སྤྱོད། །
བར་མ་དོ་རྣམས་སྨྱུ་གུ་རང་སེམས་ཀྱི། །
དགའ་སྐྱོ་གཟེངས་སུ་གྱེར་བའི་རམ་འདེཊ་ཉིད། །
ཐོབ་ཐང་ལག་འཁྱེར་རང་ལ་བརྟེན་ནས་དེབ་འགོད་མ་ཐུབ་ན། འདི་རིགས་བརྒྱ་ལ་བཤད་ཀྱང་ཨ་ལོང་ཡང་ལོང་ལས་བདེན་ཐག་ཆོད་མི་ཐུབ།
ཡ་ད་ཁ་བརྡ་ཡང་ཡི་སི་མེད་ནི་ཟིག་གི་ལོག་ཐལ།
ཁ་རྡ་ལགས་དེ་འདྲ་ཞིག་ངེས་པར་གནང་དགོས་ཀྱི་་འདུག་མ་ཏོག་རེ་འགས་དམངས་གཙོ་ཁ་ལ་ཁྱེར་ནས་
གཞི་མེད་ཀྱི་ཁྱོག་བཤས་དེ་དག་གིས་རིག་ལ་ངེས་པར་དུ་དོ་དམ་གནང་རོག་ཐུགས་ཆེ།།
༡༢༤༽ སྣང་གསལ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༣ གི་ཆུ་ཚོད་ ༢༠ སྐར་མ་ ༡༠
ཁ་རྡ་ལགས༼་༽། དེ་འདྲ་ཞིག་ངེས་པར་༼དུ༽གནང་དགོས་༼ཀྱི་༽བགྱིད་འདུག་མ་༼ཏོག་༽གཏོགས་རེ་འགས་༼དམངས་གཙོ་༽མང་གཙོ་ཁ་ལ་༼ཁྱེར་༽འཁྱེར་ནས་གཞི་མེད་ཀྱི་ཁྱོག་༼བཤས་༽བཤད་༼བྱེད་མཁན་༽དེ་དག་༼གིས་༽གི་༼རིག་༽རིགས་ལ་ངེས་པར་དུ་དོ་དམ་གནང་༼རོག་༽རོགས་ཐུགས་༼རྗེ་༽ཆེ།།
ཨ་ནུ་ཐང་བསོད་ནམས་ཞུ་བ་དེའི་གསུང་ན། ཁ་བརྡ་དྲ་བར་མཆན་བུ་འདེབས་པར་སྟངས་འཛིན་བྱེད་པ་ནི། ཁ་བརྡ་ཚང་གི་རིན་ཐང་ཉམ་དམས་སུ་འགྱུར་བའི་ཉེར་ལེན་ཡིན་པ་མ་ཟད། རང་མི་རིགས་འདི་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་ཏུ་སྣེ་འཁྲིད་པར་འགོག་རྐྱེན་དང་། ཁ་བརྡ་དྲ་རྒྱ་མཇུག་སྒྲིལ་ལ་ཉེ་བའི་ལྟས་ངན་ཡང་ཡིན། ཞེས་སེམས་ཁུར་ཡོད་མདོག་གིས་སྡོམ་ཚིག་དེ་ལ་ཕྲན་གྱིས་མོས་མཐུན་བྱ་རྒྱུ་མིན། རྒྱུ་མཚན་ནི། རང་དབང་ཟེར་དེར་མཚམས་དང་ཚུགས་གཏན་ནས་མེད་ན། གང་མཚམ་ཞིག་ནས་ཁམས་གསུམ་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བའི་དེད་དཔོན། འུ་ཅག་གི་པྲལ་བའི་མིག་དང་ཁོང་གི་སྙིང་གཅིག་བུར་གྱུར་པ ༧ གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་དངོས་ལའང་། ཁ་རྩང་དེ་རིང་བསམ་བློ་གསར་པར་རློམ་པ་རེ་ཟུང་གིས་གཞི་མེད་སྐྱོན་འཛུགས་དང་དགྲ་དགའ་གཉེན་སྡུག་གི་རྩོམ་འཆལ་མང་པོ་ཞིག་སྤེལ་བཞིན་འདུག འོ་ན་དེ་དག་ཀྱང་བསམ་བློ་སྔོན་ཐོན་དང་སྨྲ་བརྗོད་རང་དབང་དུ་བརྩིས་ནས་ཡན་པོར་བཏང་ན་འགྲིག་གམ། ངས་བལྟས་ན་དེ་ནི་དྲིན་ཅན་ལ་དྲིན་ལོག་དང་། གཡང་ལ་རྡོ་ལོག་རང་རེད་བཞག
ཁ་བརྡ་ཚང་། ལས་ཉེས་ཀྱི་ལམ་ནས་ངའི་དཔུན་ཟླའི་ཚེ་སྲོག་ལ་འགན་ཡོད་པར་བྱོས། ང་འདིར་ཡོང་ཐུབ་ན་གཅིག་དང་མ་ཐུབ་ན་གཉིས། ཁྱད་པར་གང་ཡང་མེད་པ་རེད།
མཆན་སྒོ་ཅི་ཙམ་གུ་དོག་ན། ཁ་བརྡའི་དབང་ཐང་དེ་ལྟར་ཉམས།
ཁ་བརྡ་རུ་བཟང་ངན་ཅི་བཤད་དགོས་ན་ཡང་། རང་མིང་དངོས་སུ་འཐོན་ན་ཡ་རབས་ཡིན། དངོས་སུ་མ་འཐོན་པར་གཞན་ལ་དཀྲུགས་ཤིང་རྒྱབ་པ་པོ་དེ་འཇབ་ཆུང་ཡིན་པར་བློ་གྲོས་ལྡན་པ་ཚང་མས་ངོས་འཛིན་བྱེད། ཕན་པའི་ཁྲིམས་ལ་རྣམ་དཔྱོད་ཅན་སུ་ཡིན་ལ་གསར་རྙིང་གི་དབྱེ་བ་མེད། ཨ་རིའི་ཡུལ་དུ་མི་མངས་འཛོམས་སའི་ཟ་ཁང་དང་། འགྲེམ་འགྲུལ་གྱི་མེ་འཁོར་དང་། རླངས་འཁོར་སོགས་ཀྱི་ནང་དུ། ཐ་མཁ་འཐེན་མི་ཆོག་པའི་ཁྲིམས་ཡོད། དེ་ལ་མི་མངས་ཀྱིས་བརྩི་བ་བྱེད། མ་བྱེད་པ་ལ་ཁྲིམས་ཀྱིས་ཉེས་ཆད་གཏོང་། དེ་བཞིན་རང་རེས་བཀོལ་བའི་ཁ་བརྡ་ཡང་རང་རེ་འཛོམས་ས་ཡིན་པས། རང་མིང་དངོས་བཀོལ་སྤྱོད་མེད་པར་བོད་མི་མངས་ལ་དཀྲུགས་ཤིང་རྒྱབ་མི་ཆོག་པའི་ཁྲིམས་ཤིག་དགོས་སོ།།
ཨ་ཁུ་ལ་དྭགས་་་་དངོས་མིང་བཀོལ་ཡང་དེ་ཡང་མི་དེའི་མིང་དངོས་ཡིན་མིན་ཁྱེད་ཀྱིས་ཇི་ལྟར་དཔྱད། ཁ་སྟོང་ནང་གི་ཚིག་སྟོང་མ་བཤད་ཨ་ཁུ་ལེ་ལེ་་་་
ངས་དཔྱད་མི་ཐུབ་ཀྱང་། བཀོལ་པོ་རང་གིས་དཔྱད་དགོས། རང་གིས་མཐོང་བཞིན་དུ་རྫུས་མ་བཟོ་ན། རིང་མིན་ལ་ཡོགས་རང་ལ་འཁོར་རོ། ཞེས་ང་ནི་་འདི་ལ་ཡིད་ཆེས་ཡོད། ཁྱོད་ལ་བསམ་བློ་གཞན་ཞིག་ཡོད་ངེས།
༡༣༦༽ དཔྱིད་འགོའི་མེ་ཏོག་ལགས།
་་་་་། ཨ་ཁུ་ལེ་ལེ་་་་ ཟེར་ན་ག་རེ་རེད། འདི་ཁྱེད་རང་གི་ཁ་སྟོང་ནང་གི་ཚིག་སྟོང་གི་བཤད་དཔེ་མཚོན་དེ་ཡིན་ནམ། དེ་མིན་ན། རང་འགྲེལ་ཅིག་འབྲི་རྩོམ་གྱིས་དང་།
ལ་དྭགས་པ་ལ་ཞུ་རྒྱུར། ཁྱེད་ཀྱི་མཆན་བུ་འདི་ལ་དག་བཅོས་གནང་རོགས། འདི་ནི་ཁྱེད་ཀྱི་བཀོད་གནང་བའི་མཆན་བུ་ཞིག་རེད།།
ཁ་བརྡ་རུ་བཟང་ངན་ཅི་བཤད་དགོས་ན་ཡང་། རང་མིང་དངོས་སུ་འཐོན་ན་ཡ་རབས་ཡིན། དངོས་སུ་མ་འཐོན་པར་གཞན་ལ་དཀྲུགས་ཤིང་རྒྱབ་པ་པོ་དེ་འཇབ་ཆུང་ཡིན་པར་བློ་གྲོས་ལྡན་པ་ཚང་མས་ངོས་འཛིན་བྱེད། ཕན་པའི་ཁྲིམས་ལ་རྣམ་དཔྱོད་ཅན་སུ་ཡིན་ལ་གསར་རྙིང་གི་དབྱེ་བ་མེད། ཨ་རིའི་ཡུལ་དུ་མི་མངས་འཛོམས་སའི་ཟ་ཁང་དང་། འགྲེམ་འགྲུལ་གྱི་མེ་འཁོར་དང་། རླངས་འཁོར་སོགས་ཀྱི་ནང་དུ། ཐ་མཁ་འཐེན་མི་ཆོག་པའི་ཁྲིམས་ཡོད། དེ་ལ་མི་མངས་ཀྱིས་བརྩི་བ་བྱེད། མ་བྱེད་པ་ལ་ཁྲིམས་ཀྱིས་ཉེས་ཆད་གཏོང་། དེ་བཞིན་རང་རེས་བཀོལ་བའི་ཁ་བརྡ་ཡང་རང་རེ་འཛོམས་ས་ཡིན་པས། རང་མིང་དངོས་བཀོལ་སྤྱོད་མེད་པར་བོད་མི་མངས་ལ་དཀྲུགས་ཤིང་རྒྱབ་མི་ཆོག་པའི་ཁྲིམས་ཤིག་དགོས་སོ།།
ཡག་པོ་གསུང་འདུག་ཆེ་ས་རྒྱལ་ཁབ་ནས་ཆུང་ས་ཁྱིམ་ཚང་ཞིག་གི་བར་ཁྲིམས་མེད་ན་ཞི་བདེ་དང་བརྟན་ལྷིང་། དྲང་བདེན་དང་ཆ་སྙོམ་གང་ཡང་ཡོང་ཐབས་མེད། དེས་ན་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྨྱུག་ཐོག་པ་རྣམས་ནས་རྒྱུན་ལྡན་སྤྱི་ཚོགས་ཀྱི་བདེ་སྡུག་ཡག་ཉེས་གླེང་སའི་གར་སྟེག་གམ་དྲོ་སྐྱིད་ལྡན་པའི་ཁ་བརྡ་ཚང་ལའང་སྤྱི་སྲོལ་དང་མཐུན་པའི་ནང་ཁྲིམས་ཤིག་ངེས་པར་དགོས་པ་བཞིན་དེང་སྐབས ༡ སྨྱུག་མིང་མང་པོ་བེད་སྤྱོད་མི་ཆོག་དང་། ༢ ཆེད་རྩོམ་དང་དེ་ལ་བསམ་ཚུལ་བཤད་མཁན་གྱི་མཆན་རྣམས་ཁ་བརྡ་ཚང་གི་བརྟག་དཔྱད་ཞིབ་ནན་གྱིས་དག་མཆན་སྤྲོད་པ་སོགས་ཁྲིམས་གཞི་གཏན་འབེབས་གནང་བ་རྣམས་ལ་བརྩི་བཀུར་དང་། དེ་ལྟའི་ཁྲིམས་ལ་གཞི་བཅོལ་ནས་ཁ་སྔོན་ཐེངས་ཁ་ཤས་ཞུས་དོན་ལྟར། ཁ་བརྡའི་དྲ་བར་ཀརྨ་པའི་སྐུ་སྲུང་ཟེར་བའི་མི་དེ་ཁྲིམས་ཐོག་རྩིས་སྤྲོད་གནང་རོགས། ཁོ་པས་༧གོང་ས་མཆོག་དང་༧རྒྱལ་དབང་ཀརྨ་པ། རང་གཞུང་དང་༧རྒྱལ་བ་ཀརྨ་པའི་དབར་དཀྲུགས་ཐབས་ཁོ་ན་བྱེད་མཁན་བྱེད་གཏེ་ཞིག་ཡིན་ཚོད་འདུག་པས་ད་ནི་ཁ་བརྡ་ཚང་གི་ཁྲིམས་ཁང་གི་ཉེན་རྟོག་པས་རྩད་འཚོལ་གྱིས་དྲ་གྲོགས་ཚང་མའི་མདུན་རྩིས་སྤྲོད་གནང་རོགས་ཞེས་སླར་ཡང་ཞུས་པ་ཡིན་པས་ཁ་བརྡ་ཚང་གི་སྣང་མེད་དུ་མི་འཇོག་པའི་ཡིད་ཆེས་དང་རེ་བ་ཡོད།
དྭངས་བླངས་པ་ལེགས།
ངས་ད་ལྟ་ཡུད་ཙམ་སྔོན་དུ། ཆོས་རྗེ་ས་པཎ་གྱི་ལེགས་བཤད་འདི་བཀླགས་པ་ཡིན།
བདག་ཉིད་དཔོན་དུ་བསྐོས་གྱུར་ན།
དེ་ཡི་བྱ་བ་ཤེས་པ་དཀོན།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་།
རང་ཉིད་ལྟ་ན་མེ་ལོང་དགོས།། རབ་བྱེད་༦ ཚིགས་བཅད་ ༡
ཕྲན་གྱི་མཆན་བུ་དེར་རྨོངས་པའི་དབང་གིས་བོད་སྤྱིའི་སྐད་ལ་གནོད་པ་ཡོད་ན། འདི་དང་འདི་ཞེས་སྟོན་པར་མཛད་ན། དངོས་གནས་ནོར། གུས་པས་དང་ལེན་ཞུ་ཆོག་པའོ།།
༡༣༨༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༢༠
༡༣༦༽ དཔྱིད་འགོའི་མེ་ཏོག་ལགས།
་་་་་། ཨ་ཁུ་ལེ་ལེ་་་་ ཟེར་ན་ག་རེ་རེད། འདི་ཁྱེད་རང་གི་ཁ་སྟོང་ནང་གི་ཚིག་སྟོང་གི་བཤད་དཔེ་མཚོན་དེ་ཡིན་ནམ། དེ་མིན་ན། རང་འགྲེལ་ཅིག་འབྲི་རྩོམ་གྱིས་དང་།
ཀརྡོ་ལགས་་་ད་མི་བཤད་་་་རྒྱུ་མཚན་ལ་ལ་ཞིག་ཁྱེད་ཀྱི་ཤེས་ཁག་པོ་ཡིན་་་་་ལྷག་ཏུ་ཁྱོད་ལ་བཤད་དགོས་དོན་མི་འདུག་ཁྱེད་ཀྱི་དོན་མེད་ཀྱི ངལ་བ་མ་རྟེན། ལྷོད་ཀྱིས་བཞུགས་་་་་་
ཀརྡོ་གཉེར་ཕྱག་པ་ལེགས།
ཨ་ཁུ་ལེ་ལེ། བོད་དབུས་གཙང་སོགས་ཀྱི་ལེགས་ལ། ཁ་སྐད་དུ། ལ་ལ། ཡང་ན། ལ། ཟེར་བ་བཞིན་དུ། ལ་དྭགས་པས། ཁ་སྐད་དུ། ལེ་ལེ། ཡང་ན། ལེ། ཟེར། ལ་དྭགས་པས་ཨེ་ཡིག་ཨ་རུ་མ་འདོན་པར་ཨེ་རང་དུ་འབོད། དེས་ན། དམ་པའི་ཆོས་ལ་བརྒྱ་རྩ་དང་། དཀའ་བོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར། གཞུང་དཔེ་མང་པོ་ན། ཞབས་བརྟན་ལ་ཞབས་བརྟེན་དང་། ལན་ལ། ལེན། ཞེས་ཉེ་དུས་སྤར་པའི་གཞུང་དཔེ་རྣམས་ན་མཐོང་ངོ་།།
དེ་བཞིན་དུ། དཀའ་བ་ལ། ཁག་པོ་ཞེས་འབྲི་ན། རིམ་པས་བོད་ཡིག་དག་ཆ་རྩ་མེད་དུ་འགྲོ་བ། དེ་འདྲ་བ་འབྲི་བ་པོ་དག་ལ་དོ་སྣང་མེད་པ་དེ་བོད་ཡིག་དག་ཆ་སྲུང་མཁན་ཀུན་ལ་སེམས་སྡུག་སློང་མཁན་ཞིག་ཏུ་མི་འདུག་གམ།།
བོད་ཀྱི་གཏམ་དཔེར།
དམ་པའི་ཆོས་ལ་བརྒྱ་རྩ་དང་།
དཀའ་བོ་ཆེ་ལ་ནན་ཏན། ཞེས་དང་།
ཡང་། ཞབས་བརྟེན་ལས། ཞབས་བརྟན་ལ། དག་བཅོས་དགོས་པར་དཀའ་བོ་མིན་ཡང་། དིང་སང་ལན་མང་དཔེ་དེབ་ནང་ལ་སྤར་བཞིན་པ་འདིས་བོད་ཀྱི་བཀའ་བསྟན་གསུང་འབུམ་དང་མཐུན་པའི་བོད་རིགས་སྤྱི་སྐད་ཀྱི་དག་ཆ་རྩ་མེད་དུ་གཏོང་བཞིན་འདུག ཟེར།
དམ་པའི་ཆོས་ལ་འོར་ལ་དང་གལ་བོ་ཆེ་ལ་ནན་ཏན།
དམ་པའི་ཆོས་ལ་བརྒྱ་རྩ་དང་དཀའ་བོ་ཆེ་ལ་ནན་ཏན།
སློབ་མ་ཚད་ལྡན་བླ་མའི་ཞབས་ལ་བསྟེན།།
དགེ་བ་གང་བྱས་བླ་མའི་ཞབས་པད་བརྟན།།
དགྲ་གཉེན་མེད་པའི་སྤྱི་ཚོགས་ཤིག་ཏུ་བརྟེན།།
བསྟེན་དང་བརྟན་དང་བརྟེན་པ་དེ་ལྟར་མཛོད།།
འདི་ཡང་བདག་གི་རང་བཟོ་མ་ཡིན་ཏེ་དཔལ་མཉམ་མེད་ཇོ་བོ་ཆེན་པོས། སེམས་ཅན་ཐམས་ཅད་མཐོང་བའི་ཚེ།།ཕ་མ་བུ་ཚའི་འདུ་ཤེས་བསྐྱེད།།ཅེས་པའི་དགོངས་པའོ།།
ཁ་བརྡ་བྱེད་པར་ཡོང་བའི་སྐུ་མགྲོན་སུ་ཡིན་ཡང་མདོ་དབུས་ཁམས་གསུམ་གྱི་ཕལ་སྐད་ལ་དོ་སྣང་ཅུང་ཙམ་མེད་མཁན་ཞིག་ཡིན་ཚེ་སེམས་ངལ་ཐོལ་པ་ཡོང་གི་རེད། མི་དེས་མཆན་བུ་བའི་ཡལ་ག་དང་ལོ་མ་ཁོ་ན་མཐོང་བ་ལས་ཟིན་བྲིས་པའི་བརྗོད་དོན་གཙོ་བོ་མིག་ལམ་དུ་མངོན་ཐུབ་གི་མ་རེད།
དཔེར་ན་རྒན་ལ་དྭགས་པ་ལྟ་བུ་རེད། ཁོང་གིས་ལ་དྭགས་གི་ཕལ་སྐད་ཁོ་ན་ལས་གཞན་མདོ་དབུས་གཉིས་ལ་ཁྱབ་ཆེ་བའི་ཡུལ་སྐད་བརྡ་རྙིང་མང་པོ་ཞིག་ལ་གོ་མྱོང་ཐོས་མྱོང་མེད་ཙང་ནོར་བ་ཤ་སྟག་རུ་མཐོང་ནས་རྟག་པར་ཧངས་སངས་གིན་ཡོད་པ་རེད། ཡིན་ན་ཡང་ཁོང་གིས་༼ དཀའ་བོ་ཆེ་ལ་ནན་ཏན་༽ ཟེར་པའི་ཡིག་ནོར་འདི་འདྲ་རྒྱུན་དུ་འབྲི་ཤོར་གི་ཡོད་པ་རེད།
རྒན་ལགས། དགོངས་དགས། དཀའ་བོ་ཆེ་ཟེར་པའི་ཚིག་འདི་ཁྱེད་ཚོ་ལ་དྭགས་པའི་སྐད་ཆ་ཨེ་རེད། བཀའ་བསྟན་སོགས་ན་དཀའ་བོ་ཆེ་མ་རེད་གལ་པོ་ཆེ་རེད།
ཨ་ཁུ་ལེ་ལེ་ཟེར་པ་དེ་དབུས་གཙང་གི་མིས་སྐུ་མཁྱེན་ཟེར་པའི་ཚབ་རེད། ཡིན་ན་ཡང་ལྷ་ས་བས་སྐུ་མཁྱེན་མི་ཟེར་པར་ཀུ་ཅི་ཟེར་གི་རེད།
ཨ་ཁུ་ལ་དྭགས་པ་ལ་ཞུ་རྒྱུར་་་་ཁྱེད་ཀྱི་བཤད་པ་ལྟར་ན་དཀའ་ལས་ཀྱི་ཚབ་ཏུ་ཁག་པོ་བྲིས་ན་བོད་ཀྱི་བརྡ་སྤྲོད་ལ་རྨ་འབྱིན་པ་རེད་ཟེར་བ་འདྲ་་འདི་ངོ་མ་དགོད་སྤྲོད་པའི་གནས་སུ་འཁུམ། བོད་ཀྱི་བརྡ་སྤྲོད་ནང་འདིའི་འདྲའི་སྤྱོར་སྲོལ་ཡོད་པ་སྨྲོས་མེད་ཡིན་པར་མ་ཟད་བོད་མི་རིགས་ཀྱི་བརྡ་སྤྲོད་དང་ཡོངས་སུ་མཐུན། བོད་ཀྱི་དག་ཡིག་གསར་བསྒྲིགས་ནང་དུ་ཡང་འདུག་པས་ཞིབ་ཏུ་དཔྱད་རོགས། གང་ལྟར་ཁྱ྄ེད་ཀྱིས་བྲིས་པ་ལ་ལ་ཞིག་བོད་ཀྱི་བརྡ་སྤྲོད་དང་མཐུན་གྱི་མི་འདུག་་ཁག་མི་ཁྱེད་ཀྱི་ཡུལ་སྐད་ཀྱི་སྤྲེལ་ལད་བྱས་ཡོད་པས་ཡིན་རྒྱུ་རེད།
དག་ཡིག་ཏུ།
གཞན་ལ་བསྟེན་པ་ས་བསྟེན་ཡིན།།
རང་ལ་བརྟེན་པ་ར་བརྟེན་ཡིན།།
ཞེས་པ་ལྟར་སློབ་མས་དགེ་རྒན་བསྟེན་ནས་ཡོན་ཏན་སློབ། དགེ་རྒན་གྱིས་སློབ་མ་བརྟེན་ནས་འཆད་ཁྲིད་བྱེད།
དགོན་པའི་བཅའ་ཁྲིམས་སུ། དམ་པའི་ཆོས་ལ་བརྒྱ་ཚར། གལ་བོ་ཆེ་ལ་ནན་ཏན། ཞེས་དང་། མཐོང་བ་མངོན་གྱུར་བསྟན་ན་མི་ཤེས། ཅུང་ཟད་ལྐོག་གྱུར་བཤད་ན་མི་ཤེས། ཞེས་དགེ་སྐོས་ཀྱིས་ཚོགས་གཏམ་ལ་སྤྲད་སྲོལ་ཡོད།
དེང་སང་དགུང་ལོ་བདུན་ཅུའི་ནང་སོན་པའི་མི་རྒན་ཕལ་ཆེ་བ་རིག་གནས་ཀྱིས་ཕོངས་བ་ཤ་སྟག་རེད། ལོ་ཉི་ཤུ་ཡར་མན་གྱི་ན་གཞོན་ཕལ་ཆེ་བ་ནི་འཕྲུལ་རིག་ལ་གཡེང་ནས་བོད་ཀྱི་རིག་གནས་ལ་དོ་སྣང་མེད་པ་མངོན་གསལ་རེད། དེས་ན་རྒན་ལ་དྭགས་པ་དང་ཀརྡོ་གཉེར་ཕྱག་པ་སོགས་བགྲེས་སོང་ཉམས་མྱོང་ཅན་མང་པོ་ཁ་བརྡ་ནང་དུ་ཕེབས་ནས་བོད་ཀྱི་སྐད་དང་ཡི་གེའི་སྐོར་གླེང་སློང་གནང་པ་ཕན་ཐོགས་ཆེ་བར་མ་ཟད་ང་ཚོ་གཞོན་རབས་པ་རྣམས་ཀྱིས་བརྩི་བཀུར་ཞུ་འོས། ངོ་དེབ་ནང་ཅིག་ལྟོས་དང་སྐྱ་སེར་ཕལ་ཆེ་བས་བུ་དང་བུ་མོ་སོགས་འདྲ་པར་རྐྱང་རྐྱང་འགྲེམས་སྟོན་བྱེད་པ་དང་བོད་ཀྱི་རིག་གནས་ལ་ཕན་ཐོགས་ཡོད་པའི་གནས་ཚུལ་འགོད་མཁན་ནི་དཀོན་པོ་རེད། དེས་ཕྱིར་མེད་པ་ལས་ཡོད་པ་གལ་ཆེ་བས་འདི་ཚང་མས་སེམས་ལ་བཟུང་།
ཁ་བརྡ།
ཁ་བརྡ་བོད་ཡིག་འབྲི་ས་རེད།
ཁ་བརྡ་བོད་སྐད་བཤད་ས་རེད།
ཁ་བརྡ་སྤྱི་དོན་གླེང་ས་རེད།
ཁ་བརྡ་ཆོས་རིག་སྤེལ་ས་རེད།
དཔྱིད་འགོའི་མེ་ཏོག་ལེགས
བཀའ་བསྟན་གསུང་འབུམ་དག་གི་མིང་ཚིག་གི་དག་ཆ་ཆེ་གཙོ་ཆེའམ། ཁ་སྐད་བོད་ཀྱི་ལུང་པ་འགའ་ཞིག་གི་མིས་གོ་བའི་ཚིག་དག་གི་དག་ཆ་གཙོ་ཆེ། ངེད་ཀྱིས་བྲིས་པ་ན། ལ་དྭགས་ཀྱི་ཁ་སྐད་བྲིས་ཡོད་པ་དེ་ལ།། ཁྱོད་དགོད་བྲོ་བ་ལས་འདི་དང་འདི་ཞེས་འབྲི་ཐུབ་ན། བདག་ལ་ཕན་པར་མ་ཟད་གཞན་དག་ལ་ཡང་ཕན་ངེས།
དགོད་སྤྲོད་པའི ཞེས་པ་དང་། སྤྲེལ་ལད། ཅེས་པ་དག ངས་མི་གོ་བ་ཡིན། བསམ་བློ་ཐོངས་ལ་ཡང་སྐྱར་འབྲི་དགོས་སོ།།
ཨ་རོ། ཤ་ཉེ་ཆ་བོ།
དཀར་པོའི་ཆོས་ལ་ནན་ཏན་ཟེར་བ་རེད། དཀོན་མཆོག་གསུམ། ད་ཡིན་ན་ཁྱེད་ཚོར་དབྱིབས་ཟིག་མི་འདུག། (དཀའ་བོ་ཆེ་ལ་ནན་ཏན་ཡིན་ན་ཅིག) དགོད་ཤོར་སྤྱད་རང་རེད།
གཏམ་དཔེ།
གལ་བོ་ཆེ་ལ་ནན་ཏན།
དམ་པའི་ཆོས་ལ་བརྒྱ་རྩ། ཞེས་པ་འདི་ངའི་ཁ་ལ་འཇགས་འདུག
ཨ་ཁུ་ལ་དྭགས་ལགས་་་་ཅུང་ཞབས་འདྲེན་བྱས་འདུག་་་(སྤྲོད་འདི་སྤྲོ་རུ་བཅོས་པ་དང་སྤྲེལ་ལད་འདི་བསྲེས་་ལ་བཅོས་རོགས།
ཁྱེད་ཚོ་ཚང་མ་ནོར་འདུག
གལ་པོ་ཆེ་ལ་ནན་ཏན་དང་།།དམ་པའི་ཆོས་ལ་བརྒྱ་ཚར་རེད།།
གལ་པོ་ཆེ་ལ་ནན་ཏན་དང་།།དམ་པའི་ཆོས་ལ་བརྒྱ་ཚར་རེད།།
འདི་བཞིན་རང་གིས་ཤེས་པ་དེ་གཞན་ལ་ཤེས་པའི་ཆེད་དུ་འབྲི་ན། སྦྱིན་པ་རྣམ་གསུལ་ལས་ཆོས་ཀྱི་སྦྱིན་པར་འགྱུར་རོ།།
ལ་དྭགས་པ་ལགས། སྤྱིར་བོད་ཀྱི་སྐད་ཡིག་ལ་ཉམས་ཆག་ཤིན་ཏུ་ཆེན་པོ་བྱུང་ཡོད། ལ་དྭགས་ཀྱི་སྐད་ཡིག་ལ་དེ་བས་ཀྱང་ཚབ་ཆེ་བའི་ཉམས་ཆག་བྱང་སྟེ་རླུང་ཁྲོད་ཀྱི་མར་མེ་བཞིན་ཆགས་འཇིག་གི་གནས་སུ་ལྷུང་ཡོད། སྐུ་ཉིད་ཀྱིས་མཁྱེན་གསལ་དེང་སྐབས་ལ་དྭགས་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་ས་བཅད་མ་སྟོངས་ཙམ་ཞིག་མ་མཆིས་ཤིང་། ནམ་རྒྱུན་སྐད་ཡིག་ནང་དབྱིན་ཧིན་ཤིན་ཏུ་མང་པོ་འདྲེས་ཡོད་པས། སྐུ་ཉིད་ཀྱིས་ཁ་བརྡ་ཚང་ལ་འཇུག་པ་བཞིན་ལ་དྭགས་ཀྱི་སྤྱི་ཚོགས་སྟེང་བོད་ཡིག་ཤེས་མཁན་རེ་ཟུང་དེ་རྣམས་ལ་སྐུལ་མ་མཛད་དེ་མྱུར་སྐྱོབ་གནང་རྒྱུའི་རེ་བ་ཆེ།།
ནོར་བཅོས། ས་བཅད་མ་སྟོངས་ཙམ་ཞིག་ལས་མ་མཆིས་ཤིང།
ཁ་བརྡ་དྲ་བས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ནང་ལོག་ལ་གསལ་བསྒྲགས་ག་རེ་བྱུང་ན་དུས་ཐོག་འགོད་རོགས་ཞུ། དེ་མིན་རྩོམ་འདྲ་མིན་ཡོད་ཚད་དྲ་བའི་ནང་འགོད་དགོས་པའི་རྒྱུ་མཚན་མ་མཐོང་། ཐུགས་རྗེ་ཆེ། །