བདེ་ཆེན་སྒྲོལ་མ།
ཁ་བརྡ་དྲ་ཚིགས་འདི་དབུ་བཙུགས་ནས་ལོ་གཅིག་ཙམ་ལས་འགོར་མེད་ན་ཡང༌། དྲ་ཚིགས་འདི་ཉིད་ཀྱི་སྙན་པ་བོད་ཕྱི་ནང་གཉིས་སུ་གནས་ལུགས་མཐོང་མཁན་ཀུན་གྱིས་གླེང་བཞིན་ཡོད།
དྲ་སྟེང་གི་རྩོམ་ཡིག་གི་བརྗོད་བྱ་དང་གནས་ཚུལ་གྱི་ཁྱབ་རྒྱ་སོགས་གང་ནས་བཤད་ཀྱང་ཆེ་བསྟོད་ཀྱི་མཐེ་བོང་བསྒྲེང་འོས་ལ། འདས་པའི་ལོ་གཅིག་རིང་གི་དྲ་ཚིགས་འདི་ཉིད་ཀྱི་གྲུབ་འབྲའི་ཐད་ནས་བོད་ནང་གི་གྲགས་ཆེན་དྲ་རྒྱ་མཆོད་མེ་དང་སྐད་ཡིག་གཉིས་དང་མཚུངས་རྟགས་བརྒྱག་ཆོག་ཆོག་རེད་སྙམ།
ཡིན་ནའང༌། དེ་རིང་དྲ་ཚིགས་འདི་ལ་ཐེངས་གཅིག་ཉུལ་དུས་སྔོན་གྱི་གསེར་འོད་ལམ་ལམ་འབར་བའི་དུས་ཚིགས་དེ་ཡོངས་སུ་གཟིམ་ནས་ད་ནི་གྲོང་གསེབ་ཀྱི་སྤོ་བོ་རྨོ་རྨོ་ཚོ་ཁ་འཛིང་བྱེད་ས་དང་གཅིག་གིས་གཅིག་ལ་འཕྱ་དམོད་དང་ཟུར་ཟ། དམའ་འབེབས་བཅས་བྱེད་སའི་སྟེགས་བུ་རུ་གྱུར་འདུག་པས་རེ་ཞིག་སེམས་པ་འདི་ཀློང་ཀློང་བོར་གྱུར་སོང༌།
ནམ་རྒྱུན་བདག་གིས་ཁ་བརྡ་དྲ་ཚིགས་འདི་བོད་ཕྱི་ནང་གཉིས་ཀའི་སེམས་འདུན་གཅིག་ཏུ་སྤུངས་སའི་སྤང་ལྗོངས་གཙང་མ་ཞིག་ལ་རེ་བ་བྱེད་ཀྱིན་ཡོད།
ནམ་རྒྱུན་བདག་གིས་ཁ་བརྡ་དྲ་ཚིགས་འདི་གནམ་འོག་འདིར་ལ་ཐོར་ལུང་ཐོར་དུ་སོང་ཡོད་པའི་གངས་ཅན་པ་ཚང་མའི་མཐུན་འབྲེལ་གྱི་གསེར་ཟམ་ཞིག་ལ་རེ་བ་འཇོག་གིན་ཡོད།
ནམ་རྒྱུན་བདག་གིས་ཁ་བརྡ་དྲ་ཚིགས་འདི་གནས་ལུགས་དང་བདེན་པ་བརྡར་སའི་ལུང་དང་རིག་པའི་ཞིང་ཁམས་ཤིག་ལ་རེ་བ་འཛིན་གྱིན་ཡོད།
ཡིན་ནའང༌། ཡིད་སྐྱོ་བ་ཞིག་དང་སེམས་ཕམ་པ་ཞིག་ལ། ཁ་སང་དེ་རིང་ཁ་བརྡ་ཚང་གི་དྲ་དཔོན་ཚོ་ཡོངས་སུ་གཉིད་ལ་ཤོར་འདུག་པས་བདག་གི་རེ་བ་དང་རྨི་ལམ་ཡོད་ཚད་ཀྱང་རྨང་ནས་ཞིག་སོང༌།
ཞོར་དུ་དྲ་ངོས་ཀྱི་རྒྱུགས་ཆེ་བའི་མིང་ཚིག་དྲི་མ་ཅན་འགའ་མཇུག་བསྡུའི་ཚབ་དུ་བཀོད་ན།
ཁྱོད་ཁྱི་རྒན། ཁྱོད་སྐྱག་པ། ཁྱོད་དམ་ཉམས། ཁྱོད་གདོན་འདྲེ། ཁྱོད་རྒྱ་ནག་གི་སོ་བ། ཁྱོད་ཨ་མདོ་བ། ཁྱོད་ལྷ་ས་བ། ཁྱོད་ལྟ་ལོག ཁྱོད་ལྡོམ་ཤོར་སོགས་ཆེས་མི་འོས་པ་ཞེ་གཅིག་གོ།
ད་ནས་ཁྱེད་རང་ཡོད་མ་སྐྱོ། ཡིད་སྐྱོ་ཚོད་ཡོད་མ་རེད། དངོས་གནས་ཡིན།
རྒྱུ་མཚན་ནི་ང་ཚོ་བཙན་བྱོལ་བོད་གཞུང་གི་སྤྱི་ཚོགས་ཀྱི་ལངས་ཕྱོགས་དང་བོད་
ཀྱི་སྤྱི་ཚོགས་སུ་བོད་ཀྱི་སྐད་ཡིག་གིས་བཀོལ་སྤྱོད་མེད་པའི་གནད་དོན་དེ་་ལ་ཐུག་ཡོད།
ཁོང་རྣམས་པ་ཚོ་ཡང་ཡིད་ཐང་ཆད་ཡོད་སྲིད།
སེམས་ཁྲལ་མི་དགོས། མཚམས་མཚམས་སུ་དྲྭ་ངོས་འདིར་དྲྭ་གདོན་འདྲ་ཞིག་ཞུགས་རྒྱུ་ཡོད་ཀྱང་ཡུན་རིང་མི་འགོར་བར་དྭངས་འགྲོ་རྒྱུ་རེད། འདི་འདྲ་སྔོན་མ་ཡང་ཐེངས་ཁ་ཤས་རེ་བྱུང་མྱོང་། བརྗོད་གཞི་ཁྱད་མཚར་རེ་སླེབས་དུས་དེའི་སྟེང་དུ་འུར་བརྒྱབ་ནས་འདུག་གི་རེད།
དེ་སྐྱོན་ཡོད་ནི་མ་རེད། སྐད་ཆ་ཡག་བཙོག་གཉིས་ཀ་བཤད་དགོས་ནི་རེད། དེ་ནང་ནས་སྐད་ཆ་གནས་ལུགས་ཅན་པོ་བཙལ་དགོས་ནི་རེད། ཆ་ཚང་གི་གནས་ལུགས་ཅན་རྐྱང་རྐྱང་གང་ང་བཤད་ཐུབ་རྒྱུ། གསེར་ལ་བྱེ་མ་ནང་ནས་བཙལ་དགོས་ནི་མིན་ནས།
ཐུགས་རྗེ་ཆེ་ལགས།།
ཁྱེད་གདོང་དམར་ནས་བདག་གི་རྩ་བའི་བླ་མ་ལ་སྨ་འབེབས་གཏང་བ་དེ་ལ་གུས་པས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་བདག་ཉོན་མོངས་གྱིས་བཅིང་པའི་གང་ཟག་ལ་ཁྱེད་ཀྱིས་ཐུགས་བརྩེ་བས་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཞིག་གནང་བར་ཞུ་ཞུ་མཁྱེན་མཁྱེན་ཞེས་རེ་བསྐུལ་ཞུ་བ་ལགས།།
ཨ་ར། ངས་བལྟས་ན་དེ་སྤྱི་ཚོགས་སྟེང་གི་འགྲོ་སྟངས་ཤིག་རེད་བསམས་ཀི། སྐད་ཆ་ཞིག་བཤད་སྐབས་དང་ལྷག་པར་དུ་བརྗོད་གཞི་གཅིག་གི་སྒང་ལ་བགྲོ་གླེང་ཞིག་བྱེད་སྐབས་སུ་ཚིག་ཡག་བཙོག་གི་དབྱེ་བ་སུས་ཀྱང་འབྱེད་ཤེས་ནི་མ་རེད། དེ་འབྱེད་ཤེས་མཁན་ནི་མི་སྣ་གསུམ་པ་མོ་དེ་རེད། བསྡུས་བཤད་བྱས་ན་ཉན་མཁན་དེ་རེད། ཧྲ་ནི་རེད། ཧྲ་ནི་རེད། བཤད་དུ་ཆུགས། མུ་མཐུད་དུ་བཤད་དུ་ཆུགས། གཙོ་བོ་རང་གིས་མ་བཤད་ན་དེ་རེད། གཞན་གྱིས་བཤད་ཀྱི་འདུག་ཅེས་གཞན་ལ་བཤད་ན་ཧྲ་གི་མོད། གཞན་གྱིས་བཤད་ཀྱི་འདུག་ཅེས་རང་གིས་ཀྱང་བཤད་ན་དངོས་གནས་མི་ཧྲ་གི།