ཁ་བརྡའི་འགན་འཛིན་པ་ལགས།
ཁ་བརྡའི་ནང་། གྲྭ་སའི་སློབ་གཉེར་བར་བསྟོད་པ་ཟེར་བའི་རྩོམ་གྱི་མཆན་མང་པོ་ཞིག ཁ་བརྡའི་སྒྲིག་གཞི་དང་འགལ་བའི་མཆན། བོད་མིའི་སེམས་ལ་ཆེད་དུ་མངགས་ནས་རྨ་སྦྱིན་པའི་ཚིག་ངན་ཤ་སྟག་ལས་མ་འདས། མཆན་དེ་དག་གིས་བོད་མིའི་ཆིག་སྒྲིལ་ལ་དུག་ལྟར་གནོད་པས། དྲ་བདག་གིས་དེ་དག་བསུབ་ན་ལེགས།
རབ་བྱུང་ན། མཆན་འགོད་པ་རྣམས་ཀྱིས་མིང་ཐོ་འགོད་པའི་སྲོལ་ཞིག་ཡོད་ན་སྐྱོན་འདི་དག་འགོག་ཐུབ།
བོད་པ་ཚོ་ལ་མདུན་བསྐྱོད་དང་ཡར་རྒྱས་དགོས་ན་སྐྱོན་བརྗོད་དགོས།
བོད་ལ་ནོར་འཁྲུལ་མང་པོ་ཡོད་པ་རེད།
ལྷག་པར་དོལ་ཚོགས་ལ་ས་དགེ་དཀའ་སྙིང་ཡོངས་ནས་སྐྱོན་བརྗོད་གནང་དགོས།
ལོ་སྔོན་མ་བོད་ཆོལ་གསུམ་ལ་དཀའ་འཕྲད་བའི་དུས་༧གོང་ས་མཆོག་ལ་ག་ཚོད་ངོ་རྒོལ་བྱས་སོང་བོད་ཕྱི་ནང་གཉིས་སེམས་ཕམ་ག་ཚོད་བཟོས་སོང་།
མངས་གཙོའི་དཔལ་ཡོན་ཅན་དྲ་བདག་ལགས་སུ་མཆན་མ་བསྲུབས་པ་ཐུགས་རྗེ་ཆེ།
སྤུན་ཟླ་ཚོ་ཅི་དྲན་དུ་ཕུལ་ན། །
སརྦ་དུཿཁ་ཡེ། །
དུག་གསུམ་རྩ་བའི་མ་རིག་མུན་ནག་གི་ཀློང་དུ། །
ལས་ངན་མགོ་བོ་འཁོར་བའི་དྲོད་ཆུང་གི་བྱིས་པ། །
བཟང་ངན་བླང་དོར་མི་ཤེས་ཀླ་ཀློ་ཡི་སྤུན་ཟླ། །
སྙིགས་ལྔའི་རང་རྟགས་ཡིན་པར་སུ་ཞིག་གིས་མི་ཤེས། །
སྔ་གྲོ་མཐུན་གྲོགས་དགའ་དགའ་སྙིང་དམར་གྱི་གཅེས་ཕྲུག །
ཕྱི་དྲོ་དགྲ་བགེགས་དྭངས་མ་ཁྱོད་ཤི་དང་ང་གསོན། །
དགྲ་གྲོགས་ཕྱི་ནང་མེད་པའི་བུ་ཆུང་ཚོ་མཐོང་ཚེ། །
བྱང་སེམས་རྒྱ་མཚོ་ཆེན་པོའི་ཁ་སྣོན་ཞིག་མིན་ནམ། །
ཐར་བའི་ལམ་བཟང་བགྲོད་པའི་བཀའ་བསྟན་གྱི་གདམས་ངག །
ཐོས་བསམ་བསྒོམ་པའི་གོ་རིམ་སྣང་མེད་དུ་བཞག་ནས། །
བཟི་ཡོམ་རྟོག་བཏགས་སྒྲོ་བསྐུར་རང་རློམ་ལ་ཞེན་པའི། །
སྐལ་ཆད་དུ་བའི་བྱིས་པ་སྐྱོབ་ཐབས་ཞིག་མི་འདུག །
དགེ་ལུགས་སྡིག་ལུགས་མི་ཤེས་དེང་དུས་ཀྱི་གསར་རུ། །
ཆོས་བཟང་མཐོ་རིས་འགྲིམས་པ་ཉི་སྐར་ལྟར་ཉུང་ཡང་། །
ཁ་ཕོ་དུག་ལྔའི་རྒྱལ་བའི་གངས་ཕྲུག་ཏུ་སྨྲས་ནས། །
དགེ་འདུན་ཆོས་འཕེལ་རླབས་ཆེན་སྣང་མེད་གཏོང་འདུག །
རྒྱ་གྲོང་སྡིག་ལས་མི་འཛེམ་འཁོར་འཛིན་གྱི་དེད་དཔོན། །
དུད་ཆང་བག་མེད་སྤྱོད་པའི་ཐོ་ཅོ་ཡི་མཁན་པོ། །
དམ་ཆོས་དུག་ཏུ་འདོད་པའི་དགྲ་ནག་དག་མཐོང་ཚེ། །
སྐལ་བཟང་རང་ངོ་ཤེས་པའི་ཉི་མ་ཞིག་མིན་ནམ། །
ངན་དགུའི་བྱ་བྱེད་མོད་པ་བལྟས་ངན་དུ་མི་རྩི། །
ཐན་དགུ་ལུས་ལ་ཚང་ཡང་བག་མེད་དུ་སྤྱོད་པ། །
འདོད་དགུའི་དཔལ་ལ་རོལ་སྙམ་ནམ་མཁའ་ཡི་མེ་ཏོག །
ཞེ་འདོད་ལག་ལེན་འགལ་རྣམས་སྐྱོབ་ཐབས་ཞིག་ཅི་དྲག །
ཁམས་གསུམ་འཁོར་བ་ལྡོག་པའི་ངེས་འབྱུང་ནི་མ་སྐྱེ། །
མཆོག་གསུམ་དམ་པའི་ཡོན་ཏན་ཡིད་ཡུལ་ལ་མ་བླངས། །
དད་གསུམ་གཏིང་ནས་བརྡོལ་བའི་ངེས་ཤེས་ཞིག་མེད་ན། །
བླ་མ་སློབ་མ་བཏགས་ཀྱང་དོན་མེད་ཅིག་མིན་ནམ། །
སྡིག་ལས་བདེ་བར་འདོད་པའི་ཕྱི་རོལ་བའི་པན་ཆེན། །
དཀོར་ནག་སྨན་དུ་བསམ་པའི་སྤྲུལ་རྫུན་གྱི་ཆུ་མགོ །
བསླབ་གསུམ་ཐན་དུ་རྩི་བའི་སྙན་ངག་གི་མཁན་པོ། །
གཙང་བདེ་བདག་རྟག་ལོག་སྨྲའི་བརྟུལ་ཞུགས་ཞིག་མིན་ནམ། །
པད་འབྱུང་བཀའ་དྲན་ཆེ་ཡང་རང་བློ་ལ་མི་ཤོང་། །
བཀའ་གདངས་ཕྱི་ནང་གཙང་ཡང་དམ་ཆོས་སུ་མི་གོ །
ས་དགེའི་རླབས་ཆེན་མཛད་པ་ཡིད་ཡུལ་མི་ལེན། །
རང་སྣང་གང་དགར་སྨྲ་རྣམས་གྲུབ་མཐའ་ཞིག་མི་སྲིད། །
ཕ་ས་དྲོན་མོ་ཤོར་བ་བདེན་གཏམ་ཞིག་ཡིན་ཀྱང་། །
ཕ་གསད་ལག་དམར་བསྟོད་པ་སྙན་ངག་ཏུ་མཐོང་ན། །
ཁ་བཤད་དོན་མཐུན་ལབ་ཀྱང་རྣ་བ་རུ་མི་འགྲོ། །
ཁ་བའི་ལས་དབང་བསམ་ན་དེ་འདྲ་ཞིག་མ་རེད། །
བླ་མ་ཙང་ཁ་བཤད་ཀྱང་པད་འབྱུང་གི་རྣམ་འཕྲུལ། །
བླ་མ་དག་མ་ཡིན་ཚད་དེ་ག་རང་ལགས་མོད། །
བླ་མ་རྫུན་མ་སྤེལ་ཞེས་བཀའ་བསྟན་ན་མི་སྲིད། །
རྟོག་གེའི་རང་བཟོ་སྨྲ་ལ་བག་ཡོད་ཅིག་མཛོད་ཅིག །
རྟེན་འབྱུང་གླུ་རུ་ལེན་པའི་རྒྱུ་འབྲས་ཀྱི་རྣམ་བཞག །
སྟོང་ཉིད་བཤད་ཡམ་སོང་བའོ་མགོ་ཁྲེགས་དང་མི་འདྲ། །
དགེ་བཅུ་ལམ་བཟང་སྟོན་བཤེས་གཉེན་གྱི་རྣམ་ཐར། །
ལོ་རྒྱུས་བདེན་གཏམ་རིང་མོའི་རྣམ་བཤད་ལ་གཟིགས་འཚལ། །
འཁོར་བ་ཞེན་པ་ལོག་པའི་ཉན་ཐོས་དང་དགྲ་བཅོམ། །
བདག་ལས་གཞན་གཅེས་མཛད་པའི་བྱང་སེམས་ཀྱི་ཕན་ཡོན། །
ལས་བཞི་མཆོག་ཐུན་སྒྲུབ་པ་གསང་ཆེན་གྱི་ཕྲིན་ལས། །
མདོ་སྔགས་རྒྱ་མཚོའི་བདེན་དཔུང་བསླུ་མེད་དུ་བཞུགས་འདུག །
ལྷ་ཕོག་ཀླུ་ཕོག་འགྲོ་བའི་མི་སྨྲེ་སྔགས་ནི་མ་འདོན། །
རྒྱུ་འབྲས་བདེན་པ་འགལ་བའི་བྱ་བ་ནི་མ་སྒྲུབ། །
རྐུ་རྫུན་སུན་འབྱིན་བྱེད་ལ་འཛེམ་མཁན་ཞིག་ཡིན་ན། །
མི་ཆོས་ཡང་དག་ཟེར་བ་མ་ཤེས་སུ་སྣང་ངོ་། །
དངོས་པོ་སྨྲ་བ་སོ་སྐྱེའི་རྟོག་གེ་ལ་མི་རེ། །
ས་མཚམས་དམན་པ་གྲུབ་མཐའི་རྟོག་གེ་ལ་མི་ཆགས། །
སྤང་ཀློག་བློ་བསྐྱེད་འདོན་པ་དག་ཞིང་དུ་སྣང་བའི། །
ཤྲྰི་སྨྱོན་དགྱེས་པ་རྡོ་རྗེས་ཤར་མར་དུ་བྲིས་སོ། །
སྤུན་ཟླ་ཚོ། ཁྱེད་ཅག་གིས་དུས་བབ་ཚང་གི་མདུན་ངོས་ཀྱི་གྲྭ་རིན་ཆེན་བཟང་བོ་ལགས་ཀྱིས་བོད་ནང་གི་རྒན་རྒོན་མི་ཉུང་བ་ཞིག་གིས་བོད་ཁ་བ་ཅན་གྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་བཅིངས་པའི་དད་ཞེན་ལ་རང་གི་ཚེ་སྲོག་གིས་བདེན་དཔུང་བྱས་ཡོད་པ་དེ་དག་རིག་སོང་ངམ།
ཧི་གཟུགས་ཟིན་བྲིས་སྟེང་རྒྱུན་རིང་འགྲོགས་པའི་དྲ་གྲོགས་མཁན་ཆེན་ཤྲྰི་སྨྱོན་དཔལ་དགྱེས་པ་རྡོ་རྗེ་མཆོག་ནས་དེ་རིང་ཁ་བརྡ་དྲ་སྟེང་དུ་བསླབ་བྱ་འདི་འདྲ་གནང་པ་ནི་དངོས་གནས་དུས་ཐོག་ཆར་བ་རང་ཡིན། ཡིན་ན་ཡང་རྐུབ་་དམར་པོ་དེ་མ་གཏོགས་གཞན་ལ་ཅི་ཡང་ངོམ་རྒྱུ་མེད་པའི་སྤྲེའུ་རྒན་སྤུ་མེད་དེ་ཚོ་དམྱལ་བ་མིག་གིས་མ་མཐོང་བར་དུ་སངས་རྒྱས་ལ་ཡིད་ཆེས་བྱེད་མི་སྲིད་པ་དེ་ཁོ་རང་ཚོའི་གཟི་བརྗིད་དུ་རློམས་ཀྱིན་ཡོད། བློ་ཤིན་ཏུ་ཕམ་པ་ཞིག་ནི་དྲྭ་བདག་དགེ་འདུན་རབ་གསལ་ལགས་ནས་ཆོས་ལུགས་ཐེན་ཁྱེར་གྱི་ཁྲག་གི་འཁོར་ལོ་བསྐོར་བཞིན་པའི་ཟློས་གར་དེར་སྟངས་འཛིན་གང་ཡང་མེད་པར་སྤྲོ་སྣང་དང་བཅས་དགྱེས་གཟིགས་གནང་བཞིན་པ་འདི་རེད། ཅིག་བྱས་ན་ཁ་བརྡ་དྲྭ་རྒྱའི་དམིགས་ཡུལ་དེ་ཡང་ཁ་ཕྱོགས་གཞན་དུ་བསྒྱུར་ཟིན་པ་ཡིན་རྒྱུ་རེད། ད་ནི་ ཇི་སྐད་དུ། གཏིང་ནས་ཉམས་པས་ཁྲེལ་འདས་རྣམས། །རང་གི་གཏམ་ངན་ངོ་སོར་འཁྱེར། །ཀཉྩིའི་ཡུལ་གྱི་རྒྱལ་རིགས་རྣམས། །ཕ་བསད་པ་ལ་རྒྱལ་རྔ་བརྡུང་། ཞེས་གསུངས་པ་ལྟར་དོན་ལ་གནས་སོ།
ཕྱོགས་ཞེན་གོག་པོ་བརྩེགས་པའི་ཕ་མཁར་དེར།།
བརྙས་དང་ཕྲག་དོག་འབྲེལ་བའི་ཚུབ་རླུང་ཞིག།
ཡང་ཡང་རྒྱུ་བའི་ངང་ཚུལ་མ་བཟོད་ནས།།
སྐམ་པོའི་མིག་ལས་རློན་པའི་ཆུ་རྒྱུན་གཞུར།།
གལ་སྲིད་བྱེད་གཏེ་གདོང་དང་གདོང་ཐུག་ན།།
ཆོས་ཀྱི་ཆེད་དུ་ཆོས་མིན་སྤྱོད་པ་ཞིག།
བྱེད་པར་ངེས་པའི་རང་བཤིས་ཤེས་མཛོད་ནས།།
རྐྱེན་ངན་གྲོགས་ཀྱི་དཔེ་ལྟར་ལམ་དུ་ཁྱེར།
ཆོག་དང་མི་ཆོག་ཁྲིམས་རིས་དབང་པོའི་གཞུ།།
བརྙས་བཅོས་ཁྱད་བསོད་ཤོག་དྲིལ་ངན་ལམ་སོང་།།
ཇི་སྲིད་མཉམ་པོར་འཛིན་པའི་སེམས་མེད་པར།།
དེ་སྲིད་ཕྱོགས་ཞེན་སྡང་འཛིན་ཡལ་ཐབས་བྲལ།།
གཞན་སྐྱོན་བལྟ་བའི་འདྲེན་བྱེད་གསལ་ན་ཡང་།།
རང་སྐྱོན་བལྟ་བའི་ཨ་དྷར་ཤ་མེད་པའི།།
རང་རེའི་ཕྱོགས་ཞེན་ཅན་ཀྱི་ཆོས་པའི་གཟུགས།།
ནམ་ཞིག་འཆིང་ཐག་རྒྱ་ལས་གྲོལ་སྲིད་དམ།།
ལུང་དང་རིག་པས་རྩོད་པའི་རྨང་གཞི་མེད།།
རྡོ་དང་དབྱུགས་པས་གཞུས་ན་རང་ཕུང་པས།།
སྨྱོན་པའི་ངག་ལ་ཆགས་འཇོག་མེད་པར་བཞིན།།
ཇི་མི་སྙམས་པ་བཞག་ན་ཆོས་པའི་ལུགས།།
ཁ་སང་དེ་རིང་ཁ་བརྡ་དྲ་ཐོག་ན་དགེ་ལུགས་ལ་ལག་དམར་ལྟ་བུར་ལྟ་པ་དཔལ་དགྱེས་པ་རྡོ་རྗེའི་མིང་ཅན་དང་། ཐེམ་ཆེན། ཚངས་དབྱངས། ཀླུ་སྨྱོན་སོགས་ཁ་ཤས་ཤིག་གིས་རྗེ་ཙོང་ཁ་བདུད་ཡིན་རབས་སོགས་ཆོས་པ་ཤིག་ལྟ་ཅི། རྒྱ་ནག་གུང་ཁྲན་གྱིས་ཀྱང་བཤད་མ་མྱོང་པ་རྐྱང་རྐྱང་བཤད། བོད་རིགས་ནང་ཁུལ་ལ་བཀྲ་མ་ཤིས་པའི་སྐད་ཆ་ཞེ་ཅིག་བཤད་ནས་སོ་སོ་ཆོས་ལུགས་པ་ཚད་ལྡན་ཞིག་ཡིན་ཚུལ་འུད་སྒྲོག་བྱས། རྙིང་མའི་པད་ནོར་དང། བདུད་འཇོམ་ཟེར་པ་སོགས་ཞེད་པོ་ཡིན་ཚུལ་བཅོ་བརྒྱད་བཤད་ཀིན་རི་བོ་དགེ་ལུགས་པའི་བསྟན་པ་ལ་མི་གསོད་ལག་དམར་དང་། གདོན་འདྲེ་སྐྱབས་སུ་བསྟེན་མཁན་གྱི་ཆོས་ལུགས་ཟེར་བ་སོགས་བླ་སྲོག་ཏུ་གདོན་ཞུགས་ལྟ་བུའི་སྡིགས་རྔམ་པོ་ཆེ་བསགས། ཆོས་དད་མི་བྱེད་མཁན་ཚོ་ལ་ཁྱད་གསོད་བྱས་སོགས་བྷེན་ལའ་རྡེན་གྱི་ཆོས་ལུགས་དང་གཉིས་སུ་མེད་པ་ངོམ་སོར་ཁྱེར་བ་ཁྱོད་ཚོ་འཁྲུལ་སྣང་གི་དབང་དུ་སོང་བ་རེད། ཁྱོད་ཚོས་རྒྱ་ཆེའི་མི་མང་ཅི་ཙམ་བྱས་དེ་ཙམ་གྱིས་མི་མང་རྣམས་ཁྱོད་ཚོ་དང་ཁ་གྱེས་ཀིན་འདུག ཁྱོད་ཚོའི་ཆོས་ལུགས་དེ་ལ་ཐང་ཆད་ཀྱི་ཡོད་པ་རེད། སྔོན་ཆད་ཀྱང་ཁྱོད་ཚོས་འདི་འདྲ་རྐྱང་བྱས་ནས་བོད་རྒྱལ་ཁབ་ཕུང་ལ་སྦྱར་བ་རེད། ད་ལྟའང་ཁྱོད་ཚོའི་བྱས་ཉེས་ཀྱིས་བོད་མི་ས་དྲུག་མདུན་ལམ་གཏོར་བཤིག་གཏོང་གི་འདུག ཁྱོད་ཚོའི་བསླབ་བྱ་དེ་འདྲས་འགུག་ཐུབ་མཁན་ཞིག་ཡོད་ན་ལྐུག་པ་ཞིག་ཡིན་གྱི་རེད། ཁྱོད་ཚོ་ཆོས་ལུགས་པ་ཡིན་ཟེར་མཁན་ཚོས་མུ་མཐུད་ནས་བོད་མིའི་འགྲོ་ལམ་ལ་བར་ཆད་མ་གཏོང་རོགས།
སྣ་ཚོགས་སྨུག་པོའི་ལྕང་ལོ་རབ་ཏུ་གནག་པའི་ཁྲོད།།
མི་འདྲའི་སྐྲ་སྤུ་དཀར་སེར་དམར་པོ་རེ་ཟུང་ཞིག།
རིང་ནས་སྙིང་དུ་རྣག་པའི་སེམས་ཚོར་དྲོན་མོ་སྐྱུག།
མཚན་རིག་འཕྲུལ་གྱིས་ཀུན་ཀྱང་ནག་པོར་བསྒྱུར་འདོད་དམ།།
ཟུང་ཁྲག་གྱི་དྭངས་མར། ཉེས་མེད་ཀྱི་གཉེན་ཚད་ཕོག
སེམས་ཁོག་ཏུ་རྣག་པའི་རུལ་བ་དེ་བརྡོལ་སོང།
དྲི་ངན་གྱིས་ཕྱོགས་འཛིན་ཚོར་བ་རྣོན་པོ་བྲོས་སོང།
ཨ་རོགས་ཨ་མྱིའི་ཡུལ་ལྷ་ཁྱེད་སེམས་སྨྱོ་བ་མ་རེད་དམ། དགེ་ལུགས་པ་ལ་ཁ་གཏོང་མཁན་
ནང་ན་དཔལ་དགྱེས་པ་རྡོ་རྗེ་དང་། ཨ་ལགས་ཀླུ་སྤྲུལ་རིན་པོ་ཆེ། སྐུ་ཞབས་ཚངས་དབྱངས་
རྣམ་པ་ཡོད་ནི་མ་རེད། ཁོང་རྣམ་པ་ལ་མངོན་སུན་བསྙོན་འདིང་མ་བྱེད་རོགས།
ངེད་ཚང་གི་མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་དང་། སྤྲུ་སྐུ་ཡེ་ཤེས་རིན་པོ་ཆེ་ལྟུ་བུའི་
མཁན་སྤྲུལ་ཁྱད་པར་ཅན་རྣམས་ལ་ཁྱེད་མགོ་མ་ཚོས་པའི་སྐུར་འདེབས་བྱེད་མ་ཡོང་ལགས།
དུས་རབ་ཉི་ཤུས་ཉི་འོད་ལས།
འདས་བའི་དངོས་ཡོད་བྱུང་བ་འགའ།
མངོན་སུམ་སྒྲིབ་མེད་མིག་ཡུལ་གསལ།
རབ་གསལ་དྲ་བའི་སྒིའུ་ཁུང་ལས།
མངས་གཙོ་སོ་མའི་གསོན་ཤུ་གས་དང་།
ཤེས་ལྡན་ཡོང་ལ་དགའ་བ་སྦྱིན།
ཤེས་མེད་ལྷ་རམས་ཟླ་མེད་སོགས།
ངོ་ཚའི་གདོང་ལ་འཆི་མའི་རྒྱན།
རིག་རལ་རྨོང་བའི་དུག་སྦྲུལ་ལྕེས།
སྔ་རབས་ལྟ་སྒོམ་སྤྱོད་འབྲས་རྒོལ།
ཁྱད་ཆོས་བརྒྱད་སོགས་འགལ་འདུའི་ཕུང།
མདོར་ན་འཁྲུགས་གཞིས་རྩ་བ་བཅས།
མདོར་ན་ཉེས་སྐྱོན་ཐམས་ཅད་ནས།
ད་ལྟའི་བར་དུ་བོད་ཁམས་ཀུན།
མྱ་ངན་འབྱུང་རྩ་གསལ་བར་འདུག
ཡང་ཡང་དྲ་གྲོགས་ཚང་མས་གཟིགས།
་
བཀྲ་ཤིས་བདེ་ལེགས་
ཀླུ་སྨྱོན་འདོད་ཆགས་གདོན་གྱིས་མྱོས།
དགྱེས་རྡོར་ངར་འཛིན་མཁན་ཆེན་སྒོམ།
དེ་ལ་དད་དང་ཕྱོགས་འཛིན་ཀུན།
རྨོང་དད་མ་གནང་བྱུང་བ་གཟིགས།
དགྱེས་རྡོར་གཏེར་སྟོན་རྫུ་ལ་ལྟོས།
ཀླུ་སྨྱོན་བཅོམ་ལྡན་རྒོར་ལ་གཟིགས།
དུག་གསུམ་སྤྲུལ་བ་ཀླུ་སྨྱོན་འདི།
མའོས་ལྟ་བུས་སྟོབས་ཡོད་ན།
རིག་གནས་གསར་རྗེ་ངོ་མ་ཞིག
ནང་ཆོས་འདི་ལ་གཏོང་ངེས་རེད།
ཨ་རེད་ཁོ་རང་རྩོམ་ལ་གཟིགས།
ལུང་རིག་དངས་མ་ཞིག་ཡོད་ན།།
ཇི་ལྟར་བཤད་ནའང་འགྲིག་ག།།
དོན་མེད་ཁྱི་སྤྱང་གི་ངུ་འབོད།།
ཡིད་སུན་བཟོ་བྱེད་ཀྱི་གཏེ་བོ།།
སྙན་ངག་མཁས་པ་ཞིག་ཡོད་ན།།
གང་བཤད་རྣ་བ་རུ་སྙན་ཀྱང་།།
གོ་རྒྱུ་མེད་པ་ཡི་སྡུག་འབོད།།
ངེས་འབྱུང་སྐྱེ་བྱེད་ཀྱི་གཞི་མ།།
སྤུན་ཟླ་ཚོ་ཁྱེད་ཅག་དེ་འདྲའི་ལུང་རིགས་ལ་མཁས་པ་ཞིག་ཡིན་ན། བོད་རྒྱལ་ཁབ་ཆེན་མོ་རྒྱ་ལག་དུ་ཡོད་ནི་རེད། ཁྱེད་ཅག་གིས་རྒྱ་གཞུང་ལ་འདི་ལྟར་ལུང་རིགས་རྒྱུ་མཚན་བཀོད་ནས་བོད་འདི་རྒྱལ་ཁབ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་སྒྲུབ་རོགས། དེ་མི་ཐུབ་ན་བོད་ནང་གི་སྤུན་ཟླ་དག་གི་སྐྱིད་སྡུག་ཐད་དུ་སྐད་ཆ་རེ་རྒྱ་གཞུང་ལ་སྙན་ཞུ་རེ་འབྲི་རོགས། སྟོང་བཤད་དང་རང་གི་སེམས་ངོ་རང་ལ་གསལ་བཞིན་དུ་ད་དུང་བརྫིག་བརྫིག་ངར་ངར་བྱེད་ས་ནི་རང་རིགས་སྤུན་ཟླའི་ནང་ཁུལ་ཡིན་ན་མ་རེད་ལགས།
ཡ་གྲོགས་པོ་ངས་ཁྱོད་འདྲ་བ་དེ་སྒུག་ནས་སྡད་ཡོད། བོད་ཆེན་པོ་དེ། སྔོན་གྱི་དུས་སུ་རང་དབང་རང་བཙན་ཡིན་པ་དེ། ས་ཆ་དང་། གོམས་བཤིས། མི་རིགས། སྐད་ཡིག། དངུལ། ཕྱག་རྒྱ། ཁྲིམས། ཚང་མ་ཐ་དད་ཡིན་པས་སྨོས་ཀྱང་མི་དགོས་རུང་དེང་ནི་དེ་ལྟར་མ་ལགས། དེང་ནི་རང་དབང་མེད་ལ་རང་བཙན་དེ་ལས་ཀྱང་མེད། བོད་ཀྱི་མི་རྒྱུ་གོམས་གཤིས། བསམ་གནོའི་དཔལ་ཡོན། མ་མཐར་སོ་སོའི་ཞིང་ཁར་བཏབས་པའི་འབྲུ་ཁྲལ་ཚུན་རྒྱ་གཞུང་ལ་འཇལ་དགོས་ཀྱི་ཡོད་པས་དེ་ལ་ལུང་རིགས་གང་ཡང་མི་དགོས།
ངས་བསམ་ན་སྔོན་མ་བོད་དེ་རང་དབང་རང་བཙན་གང་ཡིན་ནའང་ད་ལྟའི་གནས་ཚུལ་ལ་ཕན་ཐོག་གང་ཡང་ཡོད་པར་མཐོང་གིན་མེད། ད་ལྟའི་ཁ་ཚ་དགོས་ཐུག་གཞིའི་བྱེས་བོད་མི་ཡོངས་ལ་དགོས་རྒྱུ་དེ། བོད་མི་ལ་རྒྱ་མི་རིགས་ལ་ཐོབ་ཐང་དང་རང་དབང་། གང་ཡོད་པ་དེ་རེག་པའི་ཐབས་ཤེས་རྩལ་ཡ་དེ་རེད་བསམ་གྱིན་ཡོད།
“ང་ནི་བོད་ཡིན་”ཞེས་པའི་གླུ་ཞིག་འདུག
“བོད་ནི་ང་ཡིན་”ཞེས་པའི་གླུ་ཞིག་འདུག
ཆོལ་ཁ་གསུམ་གྱིས་རུས་པའི་ཚོད་དུ་བྱས།།
ས་དགེ་བཀའ་རྙིང་བོན་གྱིས་ཡན་ལག་གྲུབ།།
མི་རབས་གསར་རྙིང་ཁྲག་དང་ཤ་ཡི་དོད།།
མི་འཆི་ནད་ཀྱིས་ཐེབས་པའི་བོད་འདི་སྐྱོ།།
ཧ་ཧ།
བོད་འདིའི་མགོ་བོར་ཟུག་གཟེར་འཕར་ནས་འདུག
བོད་འདིའི་སྐེ་ལ་གཉན་ནད་བྱུང་ནས་འདུག
ལག་པ་གཡས་པས་ལག་པ་གཡོན་ལ་བསྣུན།།
ན་ཟུག་ལངས་པ་བཟོད་ཐབས་ག་ལ་ཡོད།
ཨོ་ཨོ།
མ་བཟོད་གཡོན་མས་སླར་ཡང་གཡས་ལ་གཞུས།།
དམར་པོ་ཁྲག་གི་བྲང་ཁོག་ཡོངས་སུ་གཡོགས།།
ལག་པ་གཉིས་པོ་ཙམ་ཞིག་ག་ལ་ཡིན།།
རྐང་པ་གཉིས་ནི་དེ་ལས་སྡུག་ཅིག་འདུག
ཨ་ཁ་ ཨ་ཁ་
རང་གི་ཡན་ལག་རང་གིས་མི་ཚོར་བ།།
“བོད་”ངན་འདི་ཡི་ཁ་ལ་ཐལ་བ་སྟོབ།།
ད་ཡིན་ན་
རྒྱབ་ནས་རྒྱ་རིགས་ཆེན་པོས་ཤུགས་ཀྱིས་དེད།།
མདུན་ན་གར་འགྲོ་འདིར་འགྲོའི་ས་ཞིག་མེད།།
༼ད་དུང་༽
རང་གི་ཡན་ལག་ཉིང་ལག་འཁྲུགས་པ་འདི།།
མི་དགོས་གདོན་གྱིས་ཟིན་པའི་ཐན་ལྟས་རེད།།
ནད་འདི་བཅོས་པའི་སྨན་ཞིག་ཡོད་ཟེར་མོད།།
ལོ་ངོ་སྟོང་གི་རིང་ལ་གསོ་མ་ནུས།།
ཨ་ཙི་ ཨ་ཙི་
ད་དུང་གསོ་ལུགས་འདི་ཡིན་རྫོ་ལེ་མེད།།
“བོད་ཀྱི་ལུས་འདི་”དུམ་བུར་གཏོང་ངོ་ལོ།།
ལག་པ་གཡས་པ་ཆད་པའི་གཟུགས་པོ་ཞིག།
རྐང་པ་གཡོན་མ་ཞ་བའི་གཟུགས་པོ་ཞིག
ཁ་ཆག་སྣ་རལ་འདི་འདྲ་ཡོང་གི་རེད།
ཁ་བཙུམས། ཁ་བཙུམས།
བཤད་ན་དྲག་པའི་ན་ཚ་འདི་མ་རེད།།
མ་བཤད་དྲག་པའི་ན་ཚ་འདི་མ་རེད།
ཁ་བརྡའི་དྲ་བ་ཡོད་ཀྱང་མེད་ཀྱང་རུང་།།
ན་ཚ་འདི་འདྲ་གསོ་བའི་སྨན་མེད་དོ།།
ད་ཡིན་ན།
གཞུས་ཤིག་གཞུས་ཤིག་མཚོན་ཆ་དང་བཅས་གཞུས།།
ཁྲག་གི་འཁོར་ལོ་བསྐལ་པའི་བར་དུ་བསྐོར།།
ཆོད་ཅིག་ཆོད་ཅིག་མཚོན་ཆ་དང་བཅས་ཆོད།།
ཡན་ལག་ཉིང་ལག་དུམ་བུ་དུམ་བུར་ཆོད།།
ཡིན་དཱ། མུ་མཐུད་ནས་ ཡིན་དཱ།
ཁོ་ལག་ཡོངས་སུ་རྫོགས་པའི་ཆོས་རིག་གི་ཉིང་ཁུ།།
བདུད་བརྩི་དུག་དུ་སོང་བའི་བསེ་རུ་ཡི་གྲངས་ཀྱིས།།
སྣ་ཚོགས་འཕྲུལ་གྱིས་འདོར་བར་བརྩོན་པ་ཡི་འཁྲུལ་སྣང་།།
མཐོན་པོའི་རི་ནས་རྒྱལ་ཁམས་བལྟས་བཞིན་དུ་མཐོང་སོང་།།
བོད་ཀྱི་ཆོས་དེ་བོད་ཕུང་གཞི་མ་རུ་འཛིན་ཅིང་།།
བོད་ཀྱི་རིག་གཞུང་ཀླད་རྙིང་རིན་མེད་དུ་བརྩིས་ཏེ།།
དམར་པོའི་ཤན་ཀྱིས་སླད་པའི་ཀླད་སྟོང་གི་ཚོགས་ཀྱིས།།
ཕྱི་ནང་ཀུན་ཏུ་དཀྲུགས་པ་ཉུང་ངུ་ཞིག་མིན་ནོ།།
དྲྭ་གྲོགས་ལྷ་ཀླུ་གཉན་གསུམ་ལགས། དངོས་གནས་ཁྱེད་བདེན་གི་བོད་ཀྱི་གྲྭ་པ་འདི་ཚོས་
བསྡུས་གྲྭ་ཟེར་བ་དེ་སྦྱངས་ཡོད་རེད་ཟེར་ལ་ཁོང་ཚོས་ཡིན་པ་མིན་པར་སྒྲུབ་མིན་པ་ཡིན་
སྒྲུབ་པའི་རིག་ལ་སྦྱངས་ཡོད་རེད་ཟེར། དྲང་མོ་བཤད་ན་ཁོང་ཚོ་ལ་ཡིན་པ་ཡིན་པར་སྒྲུབ་
པའི་རིག་པ་ཡང་ཡོད་ནི་མ་རེད། ད་རུང་བསྡུས་གྲྭ་ཟེར་བའི་རིག་ལོག་དེས་བོད་པའི་སློབ་
ཕྲུག་ཚོས་དུས་ཚོད་འཕྲོ་བརླག་གཏོང་རྩིས་ཡོད་པར་ཤོད་ཀྱིན་འདུག་པས་ང་ནི་ངུ་
བཞིན་དུ་བསྡད་ཡོད།
༧བརྩེ་བའི་སྙིང་གྲོགས་དམ་པ་བསོད་ནམས་འོད་ཟེར་དང་མཁན་རིན་པོ་ཆེ་རྣམས་ཕེབས་ནས་གཟིགས་ཞིབ་རྒྱབ་སྐྱོར་གནང་བ་པར་ཐུགས་རྗེ་ཆེའོ། ད་སྔོན་ངས་སྤེལ་བའི་མཆན་བུ་ཚོ་གཟིགས་དང་དགེ་ལུགས་དང་སྡིག་ལུགས་ཤན་འགྱེད་ལས་གྲུབ་མཐའ་སུ་ལའང་དམིགས་བསལ་གྱིས་སྡང་ཞུགས་བྱས་མེད་ལགས། མ་ཉེས་ཁ་གཡོགས་ཀྱི་འཆོལ་གཏམ་དེ་ཚོ་མ་བཤད་ན་བཟང་ངོ་སྙམ་མོ། །སླད་ཆར་ནི།
སྐྱོ་སུན་མི་དགོས། །ད་བདེ་མོ་བྱོས། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
རིག་སྟོང་རྗེན་པའི་གླུ་ཆུང་ལེན་མཁས་དང་། །
རང་སྣང་རྟོགས་པའི་དག་སྣང་སྤུ་སི་མཁན། །
སྨྱོ་གཏམ་འུར་དུ་སྒྲོག་པའི་དཔའ་བོ་ཚོ། །
སུན་ཀྱང་བདག་གི་སྙིང་གཏམ་གྲོགས་པོ་ལགས། །
རྐང་དྲོད་མེ་སྟག་མཆེད་པའི་སུན་སྐྱོའི་ཀློང་། །
ལྷམ་ཀོག་དྲི་ངད་ཐུལ་བའི་དྲོ་བ་ལ། །
རིག་གཤིས་རྗེན་པའི་ཁ་ལོ་བསྒྱུར་བ་པོ། །
མཁས་མཆོག་རིག་པའི་དབང་ཕྱུག་ཁྱེད་མིན་སུ། །
བདེ་གསལ་མི་རྟོག་ཉམས་སྣང་རང་གསལ་ངང་། །
མ་བསྒོམས་སངས་རྒྱས་མཇལ་བའི་སྐལ་བཟང་དང་། །
སྙིང་སྟོང་མཐའ་བྲལ་སྨྲ་བའི་ཁ་མཁས་གཉིས། །
གཤིས་དབྱིངས་དོ་ཧ་འཐེན་ལ་ཁྱད་པར་ཆེ། །
བཅོས་མིན་ཚུགས་ཐུབ་ཞིག་པའི་བྱ་བྲལ་དང་། །
བཅོས་མོས་གཏན་མེད་སྨྲ་བའི་རྒྱང་འཕེན་གཉིས། །
རྟེན་འབྱུང་རིགས་པས་དཔྱད་ན་གོ་བར་སླ། །
རང་མྱོང་རྟོགས་པ་ཡོད་ན་ངོ་སོ་བསྟོད། །
རྣམ་རྟོག་བཟང་ངན་ཡིན་པ་ངོ་ཤེས་ཅན། །
རང་བློ་རང་ལ་ལྐོག་ཏུ་མ་གྱུར་ཙམ། །
རྩྭ་གཟན་ལུག་གི་གཉིས་ཟ་བྱེད་དང་མཚུངས། །
རང་གྲོལ་བདེན་རྫུན་རང་བློས་རང་ལ་གསལ། །
རྟོག་ངན་དུག་རུལ་ཁུང་དུ་གབ་སྦས་ནས། །
སྙན་ངག་མི་སྙན་ཇི་ལྟར་བརྗོད་ཀྱང་རུང་། །
བདེན་རྫུན་ཕུ་ཐག་མ་ཆོད་དོལ་རྒྱལ་ཀྱིས། །
གངས་རིའི་ལས་དབང་འཕྲོག་པའི་ཚུལ་ལ་གཟིགས། །
མུ་སྟེགས་རྟག་སྨྲས་མཐའ་ཞེན་རྩོད་པ་དང་།
རང་སྣང་རྩ་ཆེན་འཛིན་པའི་འཁོར་བ་པས། །
རང་བྱུང་རིག་པ་བཤད་ཀྱང་ཁ་གཡང་དང་། །
དགེ་སེམས་མེ་སྟག་ཙམ་གྱི་སྔོན་འགྲོ་ལགས། །
རྒྱ་ཁྲ་ཧོར་བ་བྱེའུ་ཆུང་གསོད་ལ་མཁས། །
རྒྱ་བྱ་ཕུག་ལོ་འདོད་པའི་རྩལ་ལ་འཁྲུལ། །
རྒྱ་ཕག་རྒྱག་པས་གཏི་མུག་ཆང་རོལ་ཚོས། །
རྒྱ་ཚ་འབུམ་པར་འགྲན་འདོད་ཤིན་ཏུ་འཁྲུལ། །
དགེ་ཆོས་མཁས་པའི་དགོངས་རྒྱན་ལོན་སྙམ་ནས། །
ཡང་གསང་སྨད་པའི་སྲིན་བྱའི་ངན་གཡོ་གཏམ། །
བསིལ་ལྗོངས་བསྟན་སྲིད་འཛིན་སྐྱོང་སྤེལ་འདོད་པ། །
རང་ཆོས་རང་བདག་ཉིན་སྣང་རྨི་ལམ་ལགས། །
ཕུ་ནུའི་ལ་རྒྱ་ཟེར་ནས་རྒྱལ་བསྟན་སྨད། །
ཁྲག་འདྲེས་སྤུན་ཟླ་ཟེར་བཞིན་གསོད་ལ་རྔམ། །
དྲ་རྩོམ་སྤུས་ཀ་ཡིན་ཟེར་ཆགས་སྡང་སྤེལ། །
གནས་ལུགས་འདི་འདྲ་ཡིན་ན་སུས་ཀྱང་ཤེས། །
སྙིང་གཏམ་དགེ་ཆོས་བཤད་ན་སྙིང་རྩ་ལྡིང་། །
ཡང་དག་དགེ་འདུན་མཐོང་ན་ཕྲག་པར་དོག །
ཁ་ཤོམ་ཆེ་བའི་གསར་རྒོད་ཕུ་ནུ་ཚོ། །
ཕུག་རྒྱང་རིང་ཐུང་སོ་སོས་དཔྱད་ན་ལེགས། །
དུ་བས་གློ་རྩ་སྦོམ་ནས་ཁོང་ཁྲོ་སྐྱེན། །
ནས་ཆང་ཁོག་པ་གང་བའི་ང་རྒྱལ་ཅན། །
ཉམ་ཆུང་བོ་ལོའི་སྔོན་ནས་དཔའ་གཏམ་མཁན། །
གླིང་དཀར་དཔའ་བོ་གྲལ་ན་ངོ་ཚའི་གནས། །
ཆོས་གྲགས་རིགས་པའི་རྣོ་སོ་རྡོ་རུ་གོ །
ཟླ་གྲགས་རྟེན་འབྲེལ་རིགས་པ་འཁྲུལ་གཏམ་གོ། །
ཕ་བསད་རྒྱལ་རྔ་བརྡུང་བའི་གསར་རྗེ་པ། །
སྤྲེལ་ཕྲུག་འདི་ཚོ་ཤ་ཡང་མི་ཚ་འམ། །
ཧི་ཟིན་ཟླ་དགུ་འགྲོགས་པའི་གྲོགས་པོ་རྣམས། །
རང་ཆོས་ཐན་དུ་བལྟ་བའི་ཆོས་དྲེད་ཚོར། །
ལེགས་བཤད་སྨྲ་བ་དགའ་བའི་ནེའུ་ཙོ་ངས། །
བཀྲ་ཤིས་བདེ་ལེགས་མགྲིན་པའི་ལམ་ནས་ཤོར། །
ཐོལ་བྱུང་དུ་ཤྲྰི་སྨྱོན་པས་༢༠༠༩ ༩ ༢༩་གུས་ཕུལ། །
གང་དྲན་ཐོལ་བྱུང་དུ་བྲིས་ལུགས།།
འབྲོག་རྒན་གོག་པོ་ཞིག་འདྲ་འདུག།
སྒོམ་ཉམས་ཡོད་མདོག་དེ་ཆེ་ལུགས།།
རྒན་མོའི་བདག་པོ་ཞིག་འདྲ་འདུག།།
བོད་ཡིག་ལས་མི་ཤེས་པའི་བོད་མི་ཕལ་ཆེ་བ་དང་ལྷག་པར་དུ་བོད་ཡིག་ལ་ཕྲན་བུ་བཟང་བའི་གྲྭ་བ་དང་གྲྭ་ལོག་ཕལ་ཆེ་བ་ ༢༠༠༨ ལོ་བར་དུ་རྒྱལ་སྤྱིའི་དྲ་རྒྱའི་ནང་སྐད་ཆ་དང་བསམ་ཚུལ་བཤད་མི་ཐུབ་པའི་ལྐུགས་པ་རེད། འོན་ཀྱང་ ༢༠༠༨ ལོ་ནས་དུས་བབ་དང་ཁ་བརྡ་དྲ་རྒྱས་སྨན་བཅོས་ཡག་པོ་འདི་ལ་བརྟེན་ནས་སྐད་ཆ་བཤད་མི་ཤེས་པའི་གོང་གི་ལྐུགས་པ་དེ་ཚོ་ཚང་མས་གློ་བུར་དུ་དྲ་རྒྱའི་ནང་ལ་སྐད་ཆ་བཤད་ཐུབ་པ་ཆགས་པ་རེད། ད་དུང་སྐད་ཆ་བཤད་ཐུབ་པ་ཙམ་ལས་བཤད་སྟངས་ཡག་པོ་ཤེས་ཀྱི་འདུག་མོད། ག་ལེ་འགྲིག་འགྲོ་གི་མེད་འགྲོ།
ཨ་ཙི། ཨ་ཙི། ཨ་ཙི། སྟག་སྨྱོན་ཡིན་ན་འདི་ངོ་མས་སྨྱོས་བསྡད་ཡོད་ས་རེད། སྙིང་ཁྲག་དྲོན་མོ་ཁ་ནས་སྐྱུགས་རྒྱུ་འདི། ཁོ་རང་དཀྲུགས་འདྲེ་ཡོངས་ཀྱི་སྣ་འདྲེན་ཡིན་བཞིན་ད་དུང་མི་གཞན་པས་དཀྲུགས་ཤིང་སློང་གི་འདུག་ཟེར་ལུགས་ལ་ལྟོས་དང་། སུ་དཀྲུགས་ཤིང་བསླངས་མཁན་ཡིན་ཁྱེད་ཚོས་འོག་གི་མཆན་དེ་ཚོའི་ནང་ན་མི་འདིས་ཟུར་བལྟ་ཟེར་བ་དང་། གདོང་དམར་གྱི་བུ་ཟེར་བའི་མིང་ཐོག་ནས་ཅི་ཞིག་བྲིས་ཡོད་པ་དང་། ནམ་བྲིས་པའི་ཟླ་ཚེས་སོགས་ལ་ལྟོས་ཤིག ད་དུང་དྲ་གྲོགས་འགའ་ཞིག་གིས་འཆི་མེད་དགའ་ཚལ་གླིང་དབུ་འབྱེད་ཟེར་བའི་འོག་ཏུ་ཡང་མི་འདིས་མ་བྲིས་རྒྱུ་ཞིག་མི་འདུག་ཟེར་མོད། ངས་དེ་འཚོལ་ཤེས་མ་སོང་།
ཡུན་རིང་པོའི་སྔོན་སྟག་སྨྱོན་གྱིས་བྲིས་པའི་མཆན་འགའ་ཞིག
༡༽ བོང་སྟག་རིལ་ལུས་གསུངས་པའི་དོན་ཁ་ཤས་བདེན་པར་མངོན། ཡིན་ནའི་མཁན་པོ་འཇིགས་མེད་ཕུན་ཚོགས་མི་རིགས་ཀྱི་དཔའ་བོ་ཡིན་པར་ཤུགས་བསྟན་གྱི་བསྟན་པ་འདི་འགྲིག་གི་ཨེ་ཡོད། འཇིགས་ཕུན་རྙིང་མའི་བླ་མ་ཞིག་རེད། སློབ་མ་མང་པོ་ཡོད། དགོན་པ་ཡག་པོ་རྒྱབ་ཡོད་པ་དང་དེ་ཚོའི་ནང་ནང་ཆོས་དང་རྙིང་ཆོས་མང་པོ་སྤེལ་ཡོད། རྒྱའི་སློབ་མ་མང་པོ་ཡོད། ཕྱི་རྱྒལ་ལ་ཡང་ཕེབས་ནས་ཆོས་མང་པོ་གསུངས་ཡོད། ཡིན་ནའི་དེས་མི་རིགས་ཀྱི་ཐོབ་ཐང་དང་བོད་སྤྱིའི་བསམ་བློ་ཡོད་མཁན་ཞིག་ཡིན་ལབ་ན་མི་འགྲིག དཔེར་ན་ཁོང་གི་བླ་གླིང་དེར་རྙིང་མ་ཕུད་པའི་རིག་གནས་སློབ་ཀྱི་མིན་འདུག་ཅེས་ཁོང་གི་སློབ་མའི་གམ་ནས་ཐོས། ཚད་མ་ལྟ་བར་འདོད་མཁན་གྱི་སློབ་མ་རྣམས་ལ་རྒྱ་གཞུང་གི་རྩ་བ་དང་རྙིང་མའི་བླ་མ་རྣམས་ཀྱི་འགྲེལ་བ་གཅིག་པུ་ལས། ས་སྐྱ་དང་དགེ་ལུགས་ཀྱི་མཁས་དབང་རྣམས་ཀྱི་མཛད་པའི་འགྲེལ་བ་སོགས་ལྟ་ཆོག་གི་མེད། དེ་བཞིན་སློབ་མ་རྣམས་ལ་རྙྷིང་ཆོས་ཀྱི་རྒྱུད་པ་འཛིན་པ་གཙོ་བོར་བྱེད་པའི་སློབ་གསོ་རྒྱག་མཁན་ཞིག་ཡིན། ངས་བལྟས་ན་ཁོང་ནང་ཆོས་ཀྱི་རྙྷིང་མའི་བླ་མ་སྐད་གྲགས་ཅན་ཞིག་རེད། ཡིན་ནའི་མེད་དུ་མི་རུང་བའི་བོད་ཀྱི་དབུ་ཁྲིད་བྱས་རྗེས་ཅན་ཞིག་མ་རེད། རྙིང་ཆོས་མིན་པའི་དགེ་ལུགས་དང་ས་སྐྱ་ལྟ་བུའི་མང་ཚོགས་ནང་ཁོང་ལ་དེ་ཙམ་གྱི་དད་པ་མེད། གོ་ལོག་མིན་པའི་ཨ་མདོའི་ས་ཁུལ་ཁག་དང་། དབུ་ཙང་གི་ས་ཁུལ་ནང་ཁོང་གི་མིང་ཙམ་ལས་དེ་མིན་དད་པ་བྱེད་པའི་སྲོལ་མིན་འདུག མ་ཟད་ཁོང་གི་སློབ་མ་རྣམས་ཀྱང་གཙོ་བོ་རྙིང་ཆོས་སྤེལ་མཁན་ཤ་སྟག་ལས་བོད་སྤྱིའི་རིག་གནས་ལ་དོ་སྣང་དང་དོ་འཁུར་ཡོད་མཁན་ད་བར་བྱུང་མ་སོང་། པན་ཆེན་རེིན་པོ་ཆེ་ལྟ་བུ་ཡིན་ན་དེ་ལས་ལྡོག་པ་རེཁོང་རྟག་ཏུ་བོད་ཡོངས་ཀྱི་བདེ་སྡུག་དང་། བོད་ཀྱི་ཕྱོགས་ཡོངས་ཀྱི་ཁེ་ཕན་སྲུང་སྐྱོབ་གནང་མཁན་ཞིག་རེད། ཁོང་གིས་བོད་ཀྱི་སྲིད། དཔལ་འབྱོར། རིག་གནས། སློབ་གསོ། ཚན་རིག ནང་ཆོས་བཅས་ཡར་རྒྱས་ཡོང་བ་བྱས་རྗེས་ཆེན་པོ་བཞག་ཡོད། དཔེར་ན་བོད་སྐད་ཡིག་གི་སློབ་གསོ་ཤུགས་ཆེ་སྤེལ་བ། དེ་བཞིན་ཚན་རིག་གི་སློབ་གཞི་རྣམས་བོད་ཡིག་ཐོག་འཁྲིད་དགོས་པའི་ལམ་སྟོན་སོགས་ལ་བལྟས་ན་ཤེས་ཐུབ། པན་ཆེན་ཁོང་བོད་མི་ཡོད་དོ་ཅོག་གི་ས་ཁུལ་ལ་ཕེབས་ནས་ཡུལ་ལུང་གི་བཞེན་ཁོག་དང་། ཆོས་ལུགས་ཀྱི་འཐེན་ཁྱེར། གྲུབ་མཐའི་དབྱེ་བྱེད་སྤངས་ནས་བོད་མི་སྤྱིའི་བདེ་རྩ་སྲུང་སྐྱོབ་བྱེད་མཁན་གྱི་མི་ཞིག་བྱེད་པའི་སློབ་གསོ་གཏོང་གནང་གི་ཡོད།
ཁ་བརྡ་དྲ་ཁང་གི་མཁན་པོ་འཇིགས་མེད་ཕུན་ཚོགས་ཚང་དྲན་པ་ཞེས་པའི་འོག་གི་མཆན་༢པ།་་་་་་་་་་་་་་་་་་་་་་་
༢༽ “ཟུར་བལྟས་”ཟེར་བའི་སྐུ་ཞབས་ལགས།
ངེད་ཚོ་རང་ཡུལ་གཞན་གྱི་ལག་ཏུ་བཞག། གཞན་ས་སྐྱབས་ཡུལ་དུ་འཛིན། མི་རབས་ནས་མི་རབས་བར་མིའི་ལུང་པར་མི་སེར་རིམ་པ་གཉིས་པ་ཞིག་གི་འཚོ་བ་སྐྱལ་དགོས་པ་འདི་ཁྱེད་ཀྱི་ལྟ་བ་འཛིན་སྟངས་འདི་ལྟ་བྱུ་ལ་བརྟེན་ནས་བྱུང་བ་རེད་སྙམ། ཁྱེད་ཀྱི་གསུངས་ན་ང་ལ་གཞན་ལ་སྐྱོན་རྗོད་བྱེད་པའི་ཐོབ་ཐང་མེད་ཟེར། ངའི་ཐོབ་ཐང་དེ་སུས་འཕྲོག་པ་རས། ཁྱེད་ཀྱི་འཕྲོག་པ་ཨེ་རེད། ངེད་ཚོས་ཀླད་པ་བཀོལ་སྤྱོད་བྱེད་པར་བཙན་པོས་བཀག་ནས། སྨོངས་དད་དང་སྲོལ་རྒྱུན་ཁོ་ནར་སྐྱབས་བཅོལ་ནས་སྡོད་པར་བརྟེན་ད་ཆ་ང་ཚོ་འཛམ་གླིང་འདིར་ཆེས་ཐབས་སྡུག་གི་གནས་ལ་ལྷུང་པ་རེད། ད་དུང་གནས་ཚུལ་འདིར་བསམ་གཞིག་མ་བྱས་པར་སྔོན་མ་བཞིན་གཞན་གྱི་གཏམ་རྗོད་རང་དབང་དང་བསམ་བློ་གཏོང་བའི་རང་དབང་ལ་ངོ་རྒོལ་བྱས་ན་ང་ཚོའི་སྤྱི་ཚོགས་འདི་མུན་ནག་ནས་མུན་ནག་ལ་འགྲོ་རྒྱུ་ཁོ་ན་ལས་རེ་བ་གཞན་མེད།
ཁྱེད་ལྟ་བུར་མཚོན་ན་གཞན་གྱི་ལད་མོ་བྱེད་པ་ལས་རང་ཉིད་ཀྱི་བློ་གྲོས་འདོན་མི་ཐུབ་པའི་མི་ཞིག་ཡིན་པའི་རྣམ་པ་སྟོན་གྱི་འདུག དཔེར་ན་ཁྱེད་ངའི་མིང་གི་ལད་མོ་བྱེད་པ་ནས་མཚོན། འདི་གང་མཚོན་ཐུབ་ཅེས་ན་ཁྱེད་ལ་བསམ་བློ་གྲོས་འདོན་པའི་ནུས་པ་ཞན་པ་དང་གཞན་གྱི་དབང་འོག་ནས་ད་དུང་ཐར་མེད་པར་མཚོན། ང་ཚོ་ཡར་རྒྱས་འགྲོ་དགོས་ན་བསམ་བློ་གཏོང་བ་དང་དེ་དག་ཤོད་པའི་ཐོབ་ཐང་དགོས། སུ་ལ་ཡང་འདི་ཤོད་ཆོག་འདི་ཤོད་མི་ཆོག་ཟེར་བའི་ཐོབ་ཐང་མེད། ཁྱེད་ཀྱི་གསུངས་སྟངས་འདི་དང་རྒྱ་དམར་གྱི་དབང་འཛིན་པ་ཚོ་བསམ་བློ་གཏོང་སྟངས་འདྲ་པོ་འདུག གལ་ཏེ་ང་ལ་འཇིགས་ཕུལ་ལ་སྐྱོན་རྗོད་བྱེད་པའི་ཐོབ་ཐང་མེད་ན། ཤོད་ང་ལ་སྐྱོན་རྗོད་བྱེད་པའི་ཐོབ་ཐང་གང་ནས་བྱུང་། བསམ་བློ་ལེགས་པོ་ཏོང་དང་། བློ་ཁོག་ཆེ་ཙམ་བྱས་ནས་ཕུགས་དང་སྤྱི་ལ་ཕན་ཆེད་ལེགས་སྡུག་གཉིས་ཀ་བལྟ་ཐུབ་པ་བྱེད་རོགས། དྲ་རྒྱ་འདིའི་སྟེང་ལ་ཡོང་ནས་བསམ་བློ་ལ་སྒྱུ་བ་ཏོག་ཙམ་གཏོང་ཐུབ་ན་ཁྱེད་ཀྱི་དུས་ཚོད་ཆུད་ཟོད་མི་འགྲོ།
ཁ་བརྡ་དྲ་ཁང་གི་མཁན་པོ་འཇིགས་མེད་ཕུན་ཚོགས་ཚང་དྲན་པ་ཞེས་པའི་འོག་གི་མཆན་༤པ།་་་་་་་་་་་་་་་་་་་་་་
༣༽ དང་པོ་བོད་པ་ཚོས་བླ་མ་ཟེར་ནས་སྒང་ལ་བཞག་ཁྱོད་མཁྱེན་ཞུས་ནས་འབྱོར་ཚད་ཕུལ་མྱོངས་ས་ཞིག་ཡིན་རྒྱུ་རེད། དེ་ནས་ཁོ་རང་གིས་ཀྱང་མི་མཁྱེན་མཁྱེན་ཁུལ་གྱི་གཡོ་འཁྲབ་སྟངས་དང་བྱིན་རླབས་མེད་ནའང་ཡོད་མདོག་གིས་ཕྱག་མཇལ་གནང་སྟངས་བོད་མའི་མགོ་ལ་སྦྱངས་ཚར་བའི་རྗེས་ནུབ་ཕྱོགས་སུ་ཆོས་ཚོང་བརྒྱབ་ནས་འབྱོར་ལྡན་ཆགས་མཁན་ཞིག་མིན་འགྲོ། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༢པ།་་་་་་་་་་་་་་་་་་་་་་་་་་
༤༽ མ་གཞི་ནས་པད་ནོར་ཆེན་པོ་ཅང་འགོར་གི་མ་རེད། མགྱོགས་པོ་འཁྲུངས་ཡོང་གི་རེད། གང་ཡིན་ཟེར་ན་ཁོང་གིས་སྒོར་མོ་མང་བསགས་ཡོད་པ་ཚང་མ་ཤུལ་དུ་ལུས་ཡོད་པས་དེ་བརླག་འགྲོ་གི་རེད་བསམ་ནས་ཐག་རིང་པོ་ལ་ཕེབས་ཐུབ་ཀི་མ་རེད། མགྱོགས་པོ་ཕྱིར་ཡོང་གི་རེད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༣དང་༡༤པ།་་་་་་་་་་་་་་་་་་་་་་་་་་་
༥༽ བླ་མ་ཚོ་བཤན་པ་ཞིག་དང་འདྲ་ཞིང་ནང་ཆོས་ནི་ཁོ་ཚོའི་ལག་གི་རལ་གྲི་དང་འདྲ་བར་བོད་ཆེན་པོ་དུམ་བུ་བཞི་རུ་བཏང་བ་རེད། བླ་མ་འདི་ཚོ་རང་རང་གི་རུ་སྣེ་འདྲེན་མཁན་གྱི་དམག་དཔོན་ཤར་སྟག་རེད། སྔ་འགྱུར་རྙིང་མའི་དམག་དཔོན་ཆེན་མོ་སྐུ་གཤེགས་པར་སེམས་གསོ་ཡོད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༥པ།་་་་་་་་་་་་་་་་་་་་་་་་་་་་་་་་
༦༽ གསེར་གྱི་ལྷ་ཁང་བཞེངས་པའི་ཚོང་དཔོན་ཡང་།།
ཞིང་ཁམས་གཞན་དུ་ཕེབས་པའི་དོགས་མ་བྱེད།།
ཚེ་གཅིག་འབད་པས་བསྐྲུན་པའི་ནོར་དྲན་ནས།།
ཉེ་བའི་འགྲམ་ན་ལྡིང་སྐོར་བརྒྱག་བཞིན་ཡོད།།
ཉམས་ཆུང་བོད་མི་མཐོང་འདོད་མེད་པ་ལས།།
མགོ་སེར་ཕྱུག་བདག་ཚོ་ལ་ཞལ་གཟིགས་སྟོན།།
འབྱོར་མེད་བོད་མིས་མིག་གིས་མི་མཐོང་ཡང་།།
འབྱོར་ལྡན་ཀུན་ལ་པད་ནོར་སྒོ་ཉན་ཡོད།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༢༥པ།་་་་་་་་་་་་་་་་་་་་་་་་
༧༽ ཁོང་རྒྱ་གར་ནང་གི་བླ་མ་ཕྱུག་ཤོས་རེད་ཟེར། ཨ་རི་དང་ཐེ་ཧན་སོགས་ན་སྦྱིན་བདག་དང་ཆོས་ཚོང་ཁང་མང་ཤོས་ཀྱི་བླ་མ་དེ་ཡིན་པ་རེད། ལྷོ་ཕྱོགས་ན་གསེར་གྱི་ལྷ་ཁང་བཞེངས་ཡོད་པ་རེད། བོད་མི་རྣམས་འུ་ཐུགས་ཐབས་ཟད་ཀྱི་སྐབས་འདིར་ཁོང་ལ་གསེར་གྱི་ལྷ་ཁང་བཞེངས་སྤྱད་དེ་འདྲ་ཡོད་ན་བོད་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཁ་ཤས་བརྒྱབ་ཆོག་མོད། ཡོད་ཚད་ཁོ་རང་གི་ཆོས་ཚོང་ཁང་གི་མཛེས་རྒྱན་དང་མཚན་སྙན་གྱི་ཆེད་གཏོང་བ་མ་ཟད། གསེར་གྱི་ལྷ་ཁང་བཞེངས་པ་དེའི་ནང་སླར་ཡང་ཁོ་རང་སྐྱེས་འདོད་པ་མིན་འགྲོ། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༨པ།་་་་་་་་་་་་་་་་་་་་་་་་་་་་་
༨༽ པད་ནོར་མི་འགོར་སླར་ཡང་འཁྲུངས་པར་ངེས།།
གསེར་གྱི་ལྷ་ཁང་ནང་ལ་བཞུགས་མཛད་དེ།།
རིན་ཆེན་ཆོས་ཀྱི་ཚོང་ལས་བྱེད་དུ་འོང་།།
སྦྱིན་བདག་ཕྱུག་པོ་ཚོ་ལ་མཇལ་བར་ངེས།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༢༥པ།་་་་་་་་་་་་་་་་་་་་་་་་་་་་་་་་
༩༽ པད་ནོར་མི་འགོར་སླར་ཡང་འཁྲུངས་པར་ངེས།།
གསེར་གྱི་ལྷ་ཁང་ནང་ལ་བཞུགས་མཛད་དེ།།
རིན་ཆེན་ཆོས་ཀྱི་ཚོང་ལས་བྱེད་དུང་འོང་།།
ནུབ་ཕྱོགས་སྦྱིན་བདག་ཚོ་ལ་མཇལ་དུ་འོང་།།
འབྱོར་ལྡན་ཀུན་ལ་པད་ནོར་སྒོ་ཉན་ཡོད།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༩དང་༢༠པ།་་་་་་་་་་་་་་་་་་་་་་་་་
༡༤༽ བཙན་པོའི་རྒྱུད་ནས་ཆེད་པའི་གདོང་དམར་བོད་མི་དགོས་པ་བོད་ས་ཡིན། སྤྲུལ་སྐུ་འབོད་པའི་རྒྱག་རྒན་འདི་ཚོ་དགོས་བ་རྒྱུ་དང་ཐོབ་ས་ཡིན།
བླ་སྤྲུལ་འདི་ཚོའི་བླ་བྲང་ཤོར་དུས་རང་ས་སྐྱུར་ནས་གཞན་ལ་ཤོར།
གཞན་གྱི་གཤེད་དམག་ནང་དུ་དྲངས་ནས་གདོང་དམར་བོད་མི་སྡེབ་གསོད་བྱེད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༤༡པ།་་་་་་་་་་་་་་་་་་་་་་་་་་་
བོད་མིའི་མཐུན་ལམ་བཤིག་པའི་ཕུང་འདྲེ་གསེར་ཆོས་ཟེར་པ་དེ་ཡང་སླེབ་ནས་ཆགས་སྡང་དཀྲུག་ཤིང་གི་འགོ་འཛུག་གི་འདུག རྙིང་མའི་ཆོས་ལུགས་པ་ཡིན་ཟེར་མཁན་བྱད་གཏེ་འདི་ཚོས་ཆོས་བྱས་ནས་རྒྱུད་ལ་རྟོགས་པ་སྐྱེ་རྒྱུ་ཡོད་ན། ཆོས་ལུགས་ཟེར་པ་དེ་སློབ་དཔོན་ཆེན་མོ་མའོ་ཙེ་ཏུང་གིས་བཤད་པ་དེ་བདེན་པ་རེད།
དཔལ་དགྱེ་རྡོར་ཟེར་བ་བོད་མིའི་མཐུན་ལམ་བཤིག་ཆེད་སྐྱེས་པའི་ཕུང་འདྲེ་དོལ་རྒྱལ་དང་ཆ་འདྲ་བ་ཞིག་རེད། ཀླུ་སྨྱོན་ཟེར་པ་ཉིན་མོ་ལྷ་གྲལ་དང། མཚན་མོ་འདྲེ་གྲལ་དུ་འཚངས་པའི་མི་ངན་གཏད་སོ་བྲལ་བ་ཞིག་རེད། སྒོར་མོ་སྤྲད་ནས་ཕྲང་ཡར་ནང་གི་སྔགས་རྒན་རྡོ་རྡོའི་སྐུ་རྫུན་ཞིག་ཉོས་པ་རེད། སྙིང་རྗེ། རྙིང་ཕྲུག་ཁྱི་ཕྲུག་འདྲ་པ་ཁ་ཤས་ཀྱི་རྐུབ་ལྡག་ནས་རྒྱལ་པ་བློ་བཟང་གྲགས་པ་བདུད་རེད་ཟེར་མཁན་ཕུང་འདྲེ་ཚོའི་ནང་ལ་འཚངས་པ་རེད། ཁོ་ལ་ཆ་འཇོག་གང་ཡང་མེད། གསེར་ཆོས་ཟེར་པ་ཁྱོད་དོན་དག་དངོས་གནས་བདུད་ཆོས་རེད། ཁྱོད་ཚོ་ལ་གསེར་ཆོས་ཅིག་ཡོད་ན་ཆགས་སྡང་གི་བྲན་གཡོག་གཉེར་དོན་མེད། ཁྱོད་ཚོ་བོད་མི་མང་གི་དགྲ་པོ་རེད། ཁྱོད་ཚོ་བོད་མིའི་རྩ་དོན་འཐབ་རྩོད་ལ་ལམ་འགྲོ་མི་སྟེར་པའི་ཕུང་འདྲེ་དང་གཤིན་འདྲེ་རེད།
དུས་གཏན་དུ་ཁྱོད་ཚོས་རྒྱ་ཀུང་བྲན་རྒྱབ་རྩར་ཁྱེར་ནས་གབ་ཡིབས་བྱེད་མི་ཐུབ། ཁྱོད་ཚོའི་གདོན་གཟུགས་ས་ཁར་ཕྱུངས་ཉིན་བོད་མི་མང་གིས་ཁྱོད་ཚོའི་བྱས་ཉེས་ལ་རྩིས་རྒྱག་ངེས་ཡིན།
སུན་པ་ལ། ཡང་བསམ་གཏན་དང་སྟག་སྨྱོན་གཉིས་རེད་འདུག
ཨ་མྱེ་ཡུལ་ལྷ་ལ་རྩོད་མི་རྒྱག རྩོད་རྒྱག་ན་རྒྱ་མི་ལ་རྒྱག་དགོས།
སྐུར་འདེབས་བྱེད་མཁན་དེ་ཨ་མྱེ་ཡུལ་ལྷ་ཁོ་རང་མིན་འགྲོ
སྟག་སྨྱོན་ཟེར་བས་བྲིས་པ་རེད་ཟེར། ཨ་དགེའི་ཟིན་བྲིས་ནང་དུ་བྲིས་པ་འོག་གི་འདི་ཚོི་རེད། གཟིགས་དང་།
སྟག་སྨྱོན།
༢༠༠༩/༡༠/༠༡ ཉིན་འདོན་སྤེལ་བྱས།
ཟམ་སྟོང་མཁས་པ་མ་རེད་ལ། རྩོམ་པ་པོ་ཞིག་ཀྱང་མ་རེད། ཁ་བདེ་བོ་ཞིག་ཡོད་པ་མ་གཏོགས་ཐ་ན་ཤེས་ཡོན་པ་ཡག་པོ་ཞིག་ཀྱང་མ་རེད། འོན་ཀྱང་བོད་པ་ཚང་གི་མིག་ལ་རྨོངས་དད་ཀྱི་མིག་ཤེལ་ཞིག་གྱོན་གྱོན་ལ་ཡོད་པས་སུས་ལོག་ལྟ་བྱས་ན་དེ་དམྱལ་བ་ལ་སྐྱེ་རྒྱུ་མ་གཏོགས་ཅི་ཡོད། ངོ་ནས་བཤད་ན་ཟམ་གདོང་ལ་ང་ཚོའི་ཕྱི་ཚོགས་ནང་གི་རྩོམ་པ་པོ་ཆེས་ཐབས་རྡུག་དོལ་ཤུལ་རྒྱ་མཚོ་དང་། ཧོར་གཙང་ལེགས་བཤད། ཀཿབྲག་དངོས་གྲུབ་ལྟ་བུའི་རིན་ཐང་ཡང་མི་འདུག ཡིད་མི་ཆེས་ན་ཟམ་སྟོང་གི་རྩོམ་ཡིག་འདི་ཡིན་ཟེར་བ་ཞིག་ཁྱེར་ཤོག་དང་།
སྟག་སྨྱོན།
༢༠༠༩/༡༠/༠༢ ཉིན་འདོན་སྤེལ་བྱས།
ཨ་རིག་གླེན་རྒན་ནི་ངོ་ནས་གླེན་རྒན་ཞིག་རེད། བོད་གཞུང་ལ་ངས་ཁ་བཏང་མ་བཏང་དེ་གལ་ཆེན་པོ་མ་རེད། གཙོ་བོར་འདི་ལོར་ར་རྫི་ལུག་རྫི་ལྟ་བུའི་སྤྱི་འཐུས་ཁྱི་རྒན་དེ་ཚོས་ཞབས་འདྲེན་ཅི་ཞུས་འཛམ་གླིང་གིས་ཧ་གོ་ཚར་བ་རེད། དེ་ནས་ཟམ་སྟོང་རེད། ཁོ་མཁས་པ་མ་རེད། ཁོས་བཀའ་ཤག་གི་འགན་ལེན་དུས་བཀའ་ཤག་ལ་ཐོག་བརྒྱབ་པ་དེས་ཅི་ཞིག་མཚོན་གྱི་རེད། ངོ་ནས་བཤད་ན་ཁོས་སཾཀྲིཏ་འདྲ་ཤེས་ཀྱི་ཡོད་ན་གང་ཤེས་མ་གཏོགས། གཞན་ཟམ་གདོང་དང་ངེད་གཉིས་ནང་གི་ང་མཁས་སྣང་མི་ཤར་གི་ན་དཀོན་མཆོག་གསུམ། ཁྱོའི་རྣ་བ་ལ་ཨེ་འགྲོ་གི ཡིན་ན་ཡང་ང་བཀའ་ཁྲི་ལ་མ་སླེབས་པ་དེ་བླ་སྤྲུལ་མིན་པའི་རྐྱེན་གྱིས་རེད་ཡ། བླ་སྤྲུལ་འདི་ཚོ་གཡོ་འཁྲབ་ལ་མཁས་པ་དང་། བོད་མིའི་མིག་ལ་རྨོང་དད་ཀྱི་མིག་ཤེལ་གོན་ཡོད་པ་གཉིས་ཀ་ཐོ་ཐུག་སོང་ནི་རེད། ཤུ་རེ་ཀོ བོད་པ་ཚང་འདི་ག་དུས་རྨོངས་གཉིད་ལས་སད་རྒྱུ་ཡིན་ནམ།
དྲ་གྲོགས་ཚོ། གཟབ་གཟབ་བཟོས། ཡང་སྟོག་སྨྱོན་འཛུལ་ཚར་འདུག ང་ཚོ་སྟུ་ལྡག་མཇེ་ལྡག་འདྲ་ལབ་རེས་བྱེད་བསྡད་ན་འང་ཁྱི་འཛིངས་སྒོ་ན་ཁྱི་པགས་དཔྲལ་ལེ་མ་རེད། ཁ་རྩེད་སྣ་རྩེད་རེ་ཤོར་ན་ཁྱད་པ་མི་འདུག སྟག་སྨྱོན་འདི་ང་ཚོ་ཡོངས་རྫོགས་ཀྱི་སྤྱི་དགྲ་རེད་གོ། གཟབ་གཟབ་གྱིས་ཨ། ཀླུ་སྨྱོན་དང་འདི་གཉིས་རྒྱ་དམར་པོའི་ལྐོག་རྔན་ཟ་མཁན་རེད་གོ་ ཇོ་བོ་རིན་པོ་ཆེ་རེད།