བོད་ནང་རང་སྲེག་གི་ལས་འགུལ་འདི་ལོ་གསུམ་རིང་བསྟུད་མར་སྤེལ་ཡོད། ད་ཆ་མང་དུ་འགྲོ་བཞིན་ཡོད། རང་སྲེག་སྐོར་གླེང་མཁན་ཚོའི་ནང་། རྒྱལ་སྤྱིའི་སྟེང་ནས་འདི་ལ་དོ་སྣང་དང་ངོས་འཛིན་འོས་འཚམ་གནང་གི་མེད་པའི་ལྟ་ཚུལ་ཡོང་གི་ཡོད། ཁ་བརྡའི་ངོས་ནས་༼རང་སྲེག་ལས་འགུལ་གྱི་ནུས་པ་ངོས་འཛིན༽ཞེས་པའི་ཁ་བྱང་ཐོག་ནས། རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཆུང་སྐྱོན་གང་ལ་ཐུག་ཡོད་པའི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།
དུས་ཡུན་ནི་དེ་རིང་ནས་ཉིན་བདུན་རིང་བྱེད་རྒྱུ་ཡིན། བགྲོ་གླེང་གནང་ཕྱོགས་ཐད་ནས་ དགག་སྒྲུབ་ཀྱི་ཕྱོགས་གང་ཡིན་ཡང་བརྗོད་བྱ་དོན་ལ་དམིགས་པ་མ་གཏོགས་རྗོད་མཁན་གྱི་སྐྱེ་བོ་སྒེར་ལ་འཕྱ་སྨོད་ཀྱི་ཚིག་མི་འབྲི་བའི་རེ་བ་ཞུ་བ་ཡིན།
ཁ་བརྡ་ཚང་གིས། རང་སྲེག་དང་འབྲེལ་བའི་བརྗོད་གཞི་གནད་འགག་ཅན་ལ་རིམ་བསྟུད་དུ་བགྲོ་གླེང་གི་སྣེ་ཁྲིད་གནང་བ་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ།
རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་ཐེངས་རེར། བོད་ཁམས་ཡོངས་རྫོགས་རྡོག་གཅིག་ལ་སྒྲིལ་བཞིན་འདུག དེར་བརྟེན། དེང་སྐབས་རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེག་སྐོར་ལ་ཁྲིམས་ཡིག་གསར་པ་བཟོས་ཏེ། རང་ལུས་མེར་བསྲེག་བཏང་མི་ཆོག དེར་གདུང་སེམས་མཉམ་སྐྱེད་བྱས་མི་ཆོག་ཟེར་གི་ཡོད་པ་རེད། ད་ལྟ་ང་ཚོས་མཐོང་ཐུབ་པ་ནི། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེག་གི་ལས་འགུལ་འདིར་རྒྱལ་ཁབ་ཀྱི་ཁྲིམས་གཞིའི་ངོ་བོ་ནས་གདོང་གཏུག་བྱེད་ཀྱི་ཡོད། ཡིན་ནའང་། ཁྲིམས་གཞིའི་ངོ་བོ་ནས་ཡིན་པའི་གདོང་གཏུག་འདིས། བོད་ཀྱི་རང་ལུས་མེར་བསྲེག་ལས་འགུལ་ལ་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད། ཁྲིམས་གཞི་བསྒྲགས་པའི་རྗེས་སུའང་རིམ་བསྟུད་དུ་རང་སྲེག་ལས་འགུལ་སྤེལ་གྱི་ཡོད་པ་འདི་རེད། ངས་བལྟས་ན། བོད་ཀྱི་རང་ལུས་མེར་སྲེག་ལས་འགུལ་གྱིས་རྒྱ་ནག་གཞུང་སྒུལ་སོང་། ཡིན་ནའང་། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེག་གི་རྒྱབ་ལྗོངས་གནས་སྟངས་དང་། གདུང་སེམས་མཉམ་སྐྱེད་ཀྱི་མདུན་ལྗོགས་གཉིས་ཀ་ཁྲིམས་འགལ་དང་ཆོས་འགལ་རེད་ཟེར་བཞིན་ཡོད། གང་ལྟར། བོད་པའི་ལས་འགུལ་དང་རྒྱ་ནག་གཞུང་གིས་དེར་ཁ་གཏད་གཅོག་སྟངས་གཉིས་ཀས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་དངོས་ཡོད་དཀའ་ངལ་ཞིག་བསྒྲགས་ཀྱི་ཡོད་པ་ཡིན་དུས། སྒྲུབ་ཕྱོགས་དང་དགག་ཕྱོགས་གང་ནས་གླེང་ནའང་། བོད་དོན་ལ་དོ་སྣང་འདྲེན་པར་ནུས་པ་ཞིག་ཏན་ཏན་ཡོད་པ་རེད། རང་ལུས་མེར་བསྲེག་གི་ནུས་པ་དེ་ང་ཚོས་འདི་ལྟར་ངོ་འཕྲོད་དགོས་པར་མཐོང་།
རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཡོང་གི་མེད་པ་མ་རེད། དོ་སྣང་དེ་ང་ཚོའི་འདོད་པ་བཞིན་སླེབས་ཀྱི་མེད་པ་རེད། དེ་བདེན་པ་རེད། ཡིན་ནའང་། རྒྱལ་སྤྱིའི་དོ་སྣང་དེ་ང་ཚོའི་འདོད་ཐོག་ལ་ངེས་པར་ཡོང་དགོས་པའི་ངེས་པ་མེད་པ་རེད། ང་ཚོས་མུ་མཐུད་ནས་རང་ལུས་མེར་བསྲེག་སྐོར་རྒྱལ་སྤྱིའི་མིག་དང་རྣ་བ་ཡོད་ཚད་ཀྱིས་མཐོང་བ་དང་ཐོས་པ་ཞིག་གི་ཁྱབ་བསྒྲགས་ལ་འབད་དགོས་པ་དེ་གནད་འགག་གཅིག་རེད།
གལ་སྲིད་ད་ལྟ་རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཇེ་ཆུང་དུ་འགྲོ་གི་ཡོད་ན། ང་ཚོའི་ཁྱབ་བསྒྲགས་ཀྱི་ནུས་པས་འདང་གི་མེད་ན་མ་གཏོགས། བོད་ནང་གི་རང་ལང་ལུས་མེར་བསྲེག་གི་གྲངས་འབོར་འདིའི་ངོས་ནས་བལྟས་ན། རྒྱལ་སྤྱིའི་སྒང་གི་དོ་སྣང་ཡོད་ཚད་བོད་དོན་གྱི་སྟེང་ལ་ཚུར་འདྲུད་པའི་ནུས་པ་ཆ་ཚང་དང་ལྡན་ཡོད། ད་ང་ཚོའི་སྒྲིག་ཡིན་ནའང་འདྲ། མི་སྒེར་ཡིན་ནའང་འདྲ། བོད་ནང་གི་ཉིན་རེའི་གནས་སྟངས་བསྡུ་ཐུབ་དགོས་པ་དང་། དེ་བསྡུས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེམས་སྤེལ་ཐུབ་དགོས་པ་འདི་ཡང་གནད་འགག་གཅིག་རེད།
རྒྱལ་སྤྱིའི་དོ་སྣང་གི་ནང་ནས་ཀྱང་ང་ཚོས་ཚུར་འགུག་བྱེད་དགོས་པ་གལ་ཆེ་ཤོས་གཅིག་ནི། རང་དབང་གི་གསར་འགོད་པ་དང་། ཡང་ན་ཞིབ་འཇུག་ཚོགས་ཆུང་དེ་འདྲ་བོད་ཀྱི་ས་གནས་ས་ཐོག་ལ་འགྲོ་བའི་ལམ་ཁ་འཚོལ་རྒྱུ་དེ་རེད། ད་ལྟ་ང་ཚོའི་རང་སྲེག་སྐོར་གྱི་གནས་ཚུལ་མང་པོ་ཞིག་ས་གནས་ས་ཐོག་ནས་གསར་འགོད་པས་རྩད་ཞིབ་བྱས་པ་ཧ་ལམ་མེད་སྟབས། རྒྱལ་སྤྱིའི་གསར་ལམ་ཁག་དང་སྤྱི་ཚོགས་ཀྱི་དོ་སྣང་ངེས་པ་ཅན་ཚུར་འགུག་མ་ཐུབ་པའི་གནད་འགག་ཅིག་དེ་ན་འདུག དཔེར་ན། ཉིས་སྟོང་བརྒྱད་ལོའི་འབོ་རའི་ཡར་ལངས་དེ་ས་གནས་རང་ནས་གསར་འགོད་པས་ཐད་གཏོང་ཐུབ་ཡོད་པ་དེས། ལས་འགུལ་ཚང་མའི་ནང་ནས་ནུས་པ་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་བྱུང་བ་འདི་དཔེ་མཚོན་རེད།
བོད་རིགས་རང་སྲེག་གིས་རྒྱལ་སྤྱིའི་སྟེང་ནས་འདི་ལ་དོ་སྣང་དང་ངོས་འཛིན་འོས་འཚམ་གནང་གི་མེད་པའི་ལྟ་ཚུལ་ཡོང་དགོས་དོན་ནི།
གཅིག རྒྱ་གཞུང་འདི་དམར་གཞུང་ལ་གནས་ཕྱིར་རྒྱ་ནག་གིས་དངུལ་འབོར་ཆེན་ཕྱི་རགྱལ་ཁག་ཏུ་ཆེད་གཏོང་བྱས་པ་དང་། དངུལ་འདིས་རྒྱ་ཁོངས་ནང་ཡོད་བཞིན་པའི་བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་ལ་གནོད་སྐྱོན་ཆེན་པོ་ཐེབས་པ་བཅུགས་པ་འདི་ལ་རང་དོན་ཆེད་དུ་རང་མིག་སྡིག་པ་མིག་བཙུམ་བྱས་ནས་བསྡད་དུ་བཅུག་ཡོད་པ་རེད།
གཉིས། རྒྱ་གཞུང་གིས་དཔར་འབྱོར་བགོ་འགྲེམས་ཞོར་དུ་རྒྱ་རིགས་ཕོན་ཆེ་ཛམ་གླིང་གང་སར་འགྲེམས་སྤེལ་ཐུབ་ཐབས་བྱེད་བཞིན་པ་འདི་ནི། སྔར་གྱི་ཨིན་ཇིས་བྱས་པ་ལྟར། ཛམ་གླིང་ཡོངས་རྫོགས་རྒྱའི་མི་སེར་སྤེལ་ཡུལ་དུ་བསྒྱུར་བཞིན་པ་ཡོད་ན་ཡང་། དེང་སང་ནི་འཛམ་གླིང་དཔལ་འབྱོར་ཉམས་རྒུད་དང་། རྒྱུ་དངོས་འདོད་རྔམས་ཀྱིས་འོག་ནས་ཛམ་གླིང་མི་མངས་ཀྱིས་མཐོང་མི་ཐུབ་པ་འདིས་བྱས་པ་རེད།
གསུམ། ་་་་་་་་་་་་་
བོད་པ་ཚོས་རང་སྲེད་བསྟང་ན་འདྲ་་སྐད་འབོད་བྱས་ན་འདྲ་་་གང་ལྟར་སོ་སོའི་རྒྱ་ནག་དང་དཔལ་འབྱོར་ཤེས་ཡོན་མི་འབོར་གང་ཐད་ནས་འདྲ་ཉམ་མ་བྱུང་ན་་་་འཛམ་གླིང་རྒྱལ་ཁབ་སུ་གང་གི་རྒྱབ་སྐྱོར་བྱེད་ཡ་་་་ཡིད་ཆས་ཁག་པོ་རེད་་་་་་
བོད་ཀྱི་དཔའ་བོ་དཔའ་མོ་བརྒྱ་ཕྲག་ལ་ཉེ་བ་ཞིག་གིས་ཆེས་རླབས་ཆེན་གྱི་ལས་འགུལ་ཚད་མཐོ་ཤོས་རང་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཀྱང་དེ་ལ་རྒྱལ་སྤྱིའི་སྟེང་ནས་དེ་ལ་དཔག་པའི་དོ་སྣང་ཆུང་སྐྱོན་གང་ལ་ཐུག་ཡོད་པའི་སྐོར་གུས་པས་གནད་བསྡུས་འགའ་བཤད་ཁུལ་བྱས་ན་འདི་ལ་དོན་ཚན་ལྔ་སྟེ། ༡ ༽བོད་ནང་རང་སྲེག་གི་དོན་རྐྱེན་རྣམས་ཉིན་གཅིག་དུས་གཅིག་ཏུ་བྱུང་བ་མིན་པ་རིམ་ཅན་དུ་བྱུང་ཡོད་ཅིང་དེང་གི་དུས་སུ་ཆ་འཕྲིན་གྱི་ནུས་པ་གོང་མཐོར་སོང་བར་བརྟེན་རྒྱུད་ལམ་ཁག་ནས་འཛམ་གླིང་གི་ཡུལ་གྲུ་གང་སར་ཉིན་མ་རྟག་པར་མི་མང་པོར་སྲོག་སྐྱོན་ཤོར་བ་གོ་རྒྱུ་ཡོད་སྟབས་མི་རྣམས་ཀྱི་རྣ་བ་དང་སེམས་ཁམས་ཧ་ཅང་མཁྲེག་པོར་ཆགས་ཟིན་ཡོད་ཅིང་། བོད་ནང་དུ་མི་མང་པོས་མེར་སྲེག་བྱས་པའི་དུས་ཡུན་དེ་དག་གི་རིང་ལ་ལི་སྦི་ཡ་དང་སི་རི་ཡ་སོགས་ཡུལ་གྲུ་གཞན་མང་པོའི་ནང་དེ་ལས་ཆེས་ཛ་དྲག་གི་གནས་ཚུལ་མང་དག་ཅིག་བྱུང་བསྡད་ཡོད་པ་དང་ཡུལ་གྲུ་དེ་དག་ནང་གསར་འགོད་ཀྱི་རང་དབང་ཡང་ལེགས་པོར་ཡོད་པ་སོགས་དོན་རྐྱེན་མང་པོ་ལ་བརྟེན་ནས་བོད་ཐོག་དོ་སྣང་དེ་ཙམ་བྱུང་མེད་པ་རེད། ༢ ༽ ཉིས་སྟོང་བརྒྱད་ནས་བཟུང་རྒྱལ་སྤྱིའི་ཐོག་གྲགས་ཅན་གྱི་གསར་འགྱུར་ཁང་དབྱིན་ཇིའི་སྦི་སྦི་སི་དང་ཨ་རིའི་སི་ཨེན་ཨེན་ཁ་ཆེ་ཚོགས་པའི་ཨ་ཇི་རྫི་རག་སོགས་མང་ཆེ་བ་རྒྱ་ནག་གི་དངུལ་རྔན་གྱི་བསླུས་ཟིན་པས་བོད་ཀྱི་གཟུགས་བརྙན་ནི་བརྙན་འཕྲིན་དེ་དག་ནང་རེ་ཞིག་བརླགས་ཟིན་པས་རེད། ༣ ༽ རྒྱ་ནག་འདི་བཞིན་རྒྱལ་ཁབས་སྟོབས་ཆེ་ཤོས་ཀྱི་གྲལ་དུ་སླེབས་ཏེ་ཚང་མས་ཚོང་འབྲེལ་གྱི་དགོས་མཁོ་ཆེ་བས་ཚང་མས་དགོས་པའི་དབང་གིས་རྒྱ་ནག་ལ་ངོ་ལོག་མ་ནུས་པའི་རྐྱེན་གྱིས་རེད། ༤ ༽ བོད་མི་རྣམས་ཀྱིས་རང་སྲེག་གི་ལས་འགུལ་སྤེལ་ཡུལ་མང་ཆེ་བ་ནི་འབྲོག་ཁུལ་དང་མི་མེད་རྩ་ཐང་། དགོན་པ་བཅས་ཀྱི་གནས་སུ་ཡིན་པ་མ་ཟད་ས་གནས་དེ་དག་ཏུ་གསར་འགོད་ཀྱི་རང་དབང་རྩ་ནས་མེད་པ་དང་གསར་འགོད་པས་ཐད་ཀར་བཅར་གཏུགས་བྱས་པའི་གོ་སྐབས་མེད་པ་ནི་རང་སྲེག་ལ་རྒྱལ་སྤྱིའི་ཐོག་དོ་སྣང་དེ་ཙམ་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན། ༥ ༽ བྱེས་ལ་གནས་པའི་བོད་མི་རྣམས་ནི་སེམས་ཤུགས་ཆུང་བས་བོད་ནང་གི་རང་སྲེག་གི་གནས་ཚུལ་དང་འདྲ་པར་སོགས་སྐབས་དང་དུས་སུ་ལག་སོན་ཐུབ་པ་བྱུང་ཡོད་ཀྱང་བཙན་བྱོལ་བ་རྣམས་ཀྱིས་མཆོད་འབུལ་ཙམ་དང་མར་མེ་རྐང་རེ་ཕུལ་བའི་བྱ་བ་ལས་བརྒལ་ཏེ་བོད་ནང་གི་ལས་འགུལ་ལ་དཔག་པའི་འཛམ་གླིང་ནང་ཁྱབ་བསྒྲགས་ཆེན་པོ་འགྲོ་ཐུབ་པའི་བྱ་འགུལ་ཆེན་མོ་ཞིག་སྤེལ་མ་ཐུབ་པ་མ་ཟད་བོད་ཀྱི་རྒྱུད་ལམ་ཁག་གི་གློག་འཕྲིན་དང་བརྙན་འཕྲིན་ནང་འཛམ་གླིང་སྤྱི་སྐད་ཐོག་རྩ་ནས་མ་བཤད་པ་བོད་སྐད་གཅིག་པུའི་ནང་ཀྱང་ཀྱང་བཤད་བསྡད་པས་གསར་བསྒྲགས་ཀྱང་དུས་ཐོག་ཏུ་དོན་ཕན་ལྡན་པ་བྱས་མ་ཐུབ་པའི་རྐྱེན་གྱི་ཡིན།
རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཆུང་རྐྱེན་གཙོ་བོ་ནི། ༡༽ རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཆེ་བར་གྱུར་པ་དང་། ༢༽ རྒྱལ་སྤྱིའི་སྟེང་གསར་འགྱུར་ཆེ་གྲས་མང་པོ་ཞིག་རྒྱ་གཞུང་གིས་བེད་སྤྱོད་གཏོང་གི་ཡོད་པ། ༣༽ འཛམ་གླིང་སྤྱི་ཡོངས་དང་ལྷག་དོན་ཡོ་རོབ་དང་ཨ་རི་བཅས་ཀྱི་དཔལ་འབྱོར་ཉམ་གུད་དུ་འགྲོ་བ། ༤༽ བོད་ནང་གི་ལས་འགུལ་གྱི་ཐབས་ཇུས་ཉམས་ཞན་པ། ༥༽ཕྱི་ཕྱོགས་བོད་པ་ཚོས་སྐབས་དོན་ཙམ་མ་གཏོགས་རྒྱུན་སྲིང་་གི་དྲིལ་བསྒྲགས་བྱེད་མ་ཐུབ་པ། བཅས་ཀྱི་རེད་འདོད།
ཁ་བརྡའི་དྲ་བྱང་ http://www.khabdha.org/?p=38198 འདི་ན། སྲོང་བཙན་བུས་རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཆུང་སྐྱོན་སྐོར་ལ་གཤམ་གྱི་འདི་འདྲ་ཞིག་བཤད་འདུག འདི་ཡང་བཤད་སྟངས་གཅིག་རེད།
༼༼རྒྱལ་སྤྱིའི་སྒང་ནས་བོད་ཀྱི་རང་ལུས་མེར་བསྲེགས་ལ་དོ་སྣང་ཆུང་སྐྱོན་འདིའི་སྣེ་གཅིག་ང་ཚོའི་ངོས་ན་ཡོད་པར་མཐོང་གི་ཡོད། དེ་ནི་ང་ཚོས་གནས་ཚུལ་ཁྱབ་བསྒྲགས་དང་། མུ་མཐུད་གནས་ཚུལ་ཅི་ཆགས་སྐོར་འཚོལ་བསྡུ་དང་གླེང་སློང་། ཁྱབ་སྤེལ་བཅས་ཀྱི་ནུས་པས་མ་ལྡང་བར་འབྲེལ་བ་ངེས་ཅན་ཡོད། དམའ་མཐའ་ལ། ད་ལྟ་ཕན་ལ་ང་ཚོས་བོད་ནང་གི་བློས་གཏོང་དང་བསྡུར་བ་ཡིན་ན། བཙན་བྱོལ་བོད་མིས་འཕག་འཚག་རྒྱག་སྟངས་འདིར་ངར་ཤུགས་མི་འདུག གཟའ་ཉི་མ་དང་གུང་སེང་གི་ཉིན་མོ་དག་ལ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་ནས་གནས་ཚུལ་གསར་པ་མཐོང་མི་ཐུབ་ལ། སྤྱི་འཐུས་ཀྱི་དྲ་ངོས་ན་བསྒྲགས་གཏམ་གསར་པ་མཐོང་རྒྱུ་མེད། ཡིན་ནའང་། རྒྱལ་སྤྱིའི་སྟེང་ནས་བོད་ཀྱི་མེར་བསྲེགས་ལས་འགུལ་སྐོར་གླེང་སློང་དང་ངོས་འཛིན་གསལ་པོ་མ་ཡོང་བའི་རྒྱུ་རྐྱེན་གཞན་ཡང་མང་པོ་ཡོད་པའི་ནང་གི་གནད་འགག་ཆེ་ཤོས་གཅིག་ནི། གནས་ཚུལ་བྱུང་དུས་དང་བྱུང་རྗེས་གང་དུའང་ས་གནས་ས་ཐོག་ཏུ་རང་དབང་ལྡན་པའི་གསར་འགོད་པ་བཅར་མ་ཐུབ་པ་དེ་རེད། དེ་ཡིན་ཙང་། ད་ལྟ་ང་ཚོས་རྒྱལ་སྤྱིའི་གསར་གནས་ཀྱི་བརྒྱུད་ལམ་ཆེ་ཁག་རིགས་གཅིག་གིས་མེར་བསྲེགས་སྐོར་བཀོད་ཙམ་ཐོན་ཙམ་བྱེད་ཀྱིན་པ་དེ་དག་ཀྱང་། ས་གནས་ས་ཐོག་གི་གནས་སྟངས་གཞིར་བྱས་པའི་ཁུངས་སྣེ་མེད་པའི་གསལ་བཤད་དང་སྦྲགས་ནས་སྤེལ་གྱིན་ཡོད་པའི་གནས་སྟངས་འདི་ཡོང་གི་ཡོད།
ད་ལྟ་བོད་པའི་གསར་གནས་བརྒྱུད་ལམ་ཁག་གིས་གཅིག་ལ་གཉིས་རྒྱུད་དུ་སྤེལ་བའི་གསར་གནས་དག་གིས། བོད་པའི་སྤྱི་ཚོགས་ནང་རང་ལུས་མེར་བསྲེགས་སྐོར་གྱི་གནས་ཚུལ་དེ་ཆེས་མྱུར་ཤོས་ཀྱི་ལམ་ནས་གསལ་བཤད་བྱས་ཡོད་པ་དང་། མྱུར་ཚད་དེ་ད་དུང་ཡང་མྱུར་ཚད་དེ་ག་རང་གི་གནས་སྟངས་ན་ཡོད་པ་དང་། བོད་པའི་ནང་གནས་ཚུལ་ཅི་ཙམ་གྱིས་གསལ་པོ་དང་མྱུར་པོ་བྱུང་བ་དེ་ཚོད་ཀྱི་ལྟ་སྟངས་ཤིག་གིས། རྒྱལ་སྤྱིའི་གསར་གནས་ཁག་ལ་མིག་མྱུལ་དང་རྣ་བ་གཏོད་སྐབས། ཆ་མ་ཚང་བ་དང་གསལ་ལ་མ་གསལ་བ། འབྱུང་ཁུངས་རྒྱུ་མཚན་ཚད་ལྡན་ཡིན་མིན་གྱི་གླེང་སློང་ཞིག་དང་འགྲོགས་པའི་གླེང་སྣེ་སྦུད་ཙམ་ལས་མཐོང་རྒྱུ་ཡོང་གི་མེད།
ད་ལྟའི་གནས་སྐབས་སུ། བོད་པའི་གསར་གནས་བརྒྱུད་ལམ་དག་ལས་ཀྱང་མྱུར་ཤོས་ཀྱི་བརྒྱུད་ལམ་གསུམ་ནི། བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན། ཁ་བརྡ་དྲ་དེབ་བཅས་རེད། དེ་གསུམ་ལ་གནས་ཚུལ་ཡོང་ཁུངས་ནི་སྐད་འཕྲིན་བརྒྱུད་ལམ་དང་། ངོ་དེབ། ཐད་ཀར་ཨིས་མལ་བརྒྱུད་འབྱོར་གྱི་ཡོད་པ་འདིའི་ནང་འདུས་པ་ལྟ་བུ་རེད། དྲ་ཚིགས་འདི་གསུམ་གྱི་འཕྲོ་ནས་གནས་ཚུལ་སླེབས་ས་མགྱོགས་ཤོས་གཅིག་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ཚིགས་རེད། དེ་རྗེས་གཞི་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནས་མངོན་གྱི་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དམིགས་བསལ་བ་ཞིག་གནང་གིན་ཡོད་པ་ནི། གསར་གནས་རེ་སླེབས་པ་དང་དེ་རྗེས་སུ་བསྒྲགས་གཏམ་ཞིག་འདོགས་ཀྱིན་ཡོད་པ་དེ་རེད། ཡིན་ནའང་། བོད་ཡིག་བརྒྱུད་ལམ་ཁོ་ན་ཡིན་པའི་འཁོར་སྐྱོད་འདི། རྒྱལ་སྤྱིའི་གསར་གནས་དང་ཉེ་བའི་འཁོར་སྐྱོད་ཅིག་ཡོང་གི་མེད། ང་ཚོས་བོད་པ་ནང་ཁུལ་དུ་ཁྱབ་བསྒྲགས་བྱེད་དགོས་པ་གལ་ཆེན་པོ་ཡང་ཡིན་པ་རེད། དེ་ལས་གལ་ཆེ་བ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་རྒྱུ་ཨང་དང་པོར་འཇོག་མ་ཐུབ་པའི་གནས་སྟངས་འདི་རིགས་ཀྱིས། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་དོ་སྣང་དེ་ང་ཚོའི་ཕྱོགས་སུ་འགུགས་ཐུབ་ཀྱི་མེད། དེ་མ་ཐུབ་ཙང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོའི་རང་ལུས་མེར་བསྲེགས་ལས་འགུལ་འདི་གོ་ཐུབ་ཀྱི་མེད། མཐོང་ཐུབ་ཀྱི་མེད། རྒྱལ་སྤྱིའི་སྟེང་ནས་དོ་སྣང་མ་ཡོང་བའི་གནད་འགག་ཚང་མ་འདིར་ཐུག་ཡོད།
སོང་ཙང་། ང་ཚོའི་སྤྱི་འཐུས་ལྷན་ཚོགས་དང་སྒྲིག་འཛུགས་ཀྱིས་ཁ་ཚ་དགོས་གཏུགས་ཀྱིས་སྒྲུབ་དགོས་ངེས་ཀྱི་ལས་དོན་གལ་ཆེ་ཤོས་དེ། ཛ་དྲག་བོད་གནས་རིགས་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་ཀྱིས་རྒྱལ་སྤྱིའི་དོ་སྣང་ང་ཚོའི་ཕྱོགས་སུ་འགུག་རྒྱུ་དེ་ཆགས་ཡོད། དེས་རྒྱལ་སྤྱིའི་འགུལ་ཤུགས་ཤིག་ང་ཚོའི་ཕྱོགས་སུ་སྒུལ་ཐུབ་པ་ཡིན།
སྤྱི་འཐུས་ལྷན་ཚོགས་དང་སྒྲིག་འཛུགས་ཀྱི་ད་ལྟའི་འགུལ་སྟངས་འདི་ནི། ཀིརྟི་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གཉིས་ཀྱིས་གནས་ཚུལ་བསྡུ་རུབ་དང་བོད་དབྱིན་གཉིས་ནང་ཁྱབ་སྤེལ་གྱི་མྱུར་ཚད་ལས་ལྡབ་མང་པོས་འགོར་དལ་ཆེ་བ་ཞིག་ན་གནས་ཡོད།
མ་གཞི། བོད་པ་མི་སྒེར་མང་པོས་བོད་གནས་ཁྱབ་སྤེལ་གྱི་ནུས་པ་གང་འཚམ་འདོན་གྱི་ཡོད་པ་འདི་ལས་ཀྱང་། སྤྱི་འཐུས་ལྷན་ཚོགས་དང་སྒྲིག་འཛུགས་ཀྱིས་གནས་ཚུལ་རིགས་དུས་ཐོག་འགྲེམས་སྤེལ་གྱི་ནུས་པ་ཞིག་འདོན་ཐུབ་པ་ཡིན་ན། ཕྱི་ནང་གང་གི་གདེང་འཇོག་དང་ངོས་འཛིན་གནང་སྟངས་མ་འདྲ་བ་ཞིག་ཡོང་རེ་མེད་པ་མིན་ནའང་། ང་ཚོའི་འཁོར་སྐྱོད་འདི་རྒྱལ་སྤྱིའི་འཁོར་སྐྱོད་ནང་བསྲེས་མ་ཐུབ་པར་ལྷག་ཡོད། རྒྱལ་སྤྱིའི་སྒང་ནས་དོ་སྣང་མི་སླེབས་དོན་གཅིག་འདི་རེད།༽༽
དྲ་གྲོགས་ཚོ་ངས་ལྟས་ན་བོད་དུ་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་དེ་འཛམ་གླིང་ཐོག་ཁྱབ་བསྒྲགས་དང་དོ་སྣང་ཆུང་སྐྱོན་ནི་རྒྱ་ནག་དབང་ཤུགས་ཆེ་བས་གཅིག་པུ་ཨ་ཡིན་ནམ། རང་རིགས་བོད་ལ་དེའི་ཐད་སྐྱོན་ཆེ་ཤོས་ཤིག་ཡོད། 1རང་ལས་མེ་བསྲེགས་གཏོང་མཁན་རྣམས་ཀྱི་འབོད་སྒྲ་དེ་བོད་རང་བཙན་གྱི་ཆེད་དུ་མེད་པར་སྒེར་གྱི་ཆེད་དུ་རྣམ་པ་ཐོན་བཞིན་འདུག་པའི་རྒྱུ་མཚན་གྱིས་རེད། 2 བོད་མི་ཡོད་དོ་ཅོག་གཅིག་སྒྲིལ་དང་ཐུགས་སེམས་གཅིག་ཏུ་སྒྲིལ་ནས་བདེན་དོན་འཐབ་རྩོད་གནང་མ་ཐུབ་པའི་རྐྱེན་གྱིས་རེད། 3 བཙན་བྱོལ་སྒྲིག་འཛུགས་ཀྱིས་ཕྱི་ཡི་རོགས་དངུལ་སོགས་དངུལ་འབོར་ཆེན་བོད་དོན་ཆེད་དུ་ཉུང་བ་དང་བོད་མི་ཕན་ཚུན་དཀྲུགས་པའི་ཆེད་དུ་བཏང་བ་མང་བའི་རྒྱུ་མཚན་གྱིས་རེད། 4 བཙན་བྱོལ་གཞུང་ནས་བརྒྱ་ཆ་བརྒྱ་ཐམ་པ་རྒྱ་ནག་དམར་པོ་གགཞུང་ལ་ཁ་གཏད་བཅོག་མ་ནུས་པ་དང་རྒྱ་གཞུང་གི་འདོད་པ་ལྟར་སྒྲུབ་གང་ཐུབ་བྱས་པ་དེ་ཕྱི་ཡི་རྒྱལ་ཁབ་ཁག་གིས་ཤེས་ཀྱི་ཡོད་པས་རེད། 5 རང་དབང་ལུང་པ་ཡོད་བོད་མི་རྣམས་མར་མེ་ཁྲུམ་སྐོར་ཙམ་ལས་ནུས་པ་ལྡན་་པ་དང་ཚང་མའི་དོ་སྣ་དགོས་པའི་ལས་འགུལ་སྤེལ་མ་ཐུབ་པ་ཡང་རྒྱུ་མཚན་ཞིག་རེད་ཟེར་ཆོག། གལ་ཆེ་ཤོས་ནི་ཆོས་ལུགས་དང་མི་རིགས་ཀྱི་དབྱེ་བ་མེད་པར་བོད་རིགས་ཡོད་དོ་ཅོག་གཅིག་སྒྲིལ་གནང་དགོས་པ་ནི་བདེན་དོན་འཐབ་རྩོད་བྱ་བའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་གོ
དྲ་གྲོགས་ཚོར་ཨེ་རླུང་ཁང་གིས་བོད་དོན་ཆེད་སྐུ་སྲོག་བཏང་པའི་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་གདུང་སེམས་དང་གུས་བརྩི་ཕར་་ཟད། མཐའ་ན་སེམས་ཚོར་ཙམ་ཡང་མེད་པའི་སྒོ་ནས། དེ་རིང་ཡང་བོད་ནང་དུ་བོད་མི་ག་གེ་མོས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་མེ་བསྲེགས་བཏང་འདུག་ཅེས་བཤད་དེ་བོད་ཕྱི་ནང་བར་གྱི་སྐད་ཆ་དྲང་བདེན་ངང་བཤད་བཞིན་མེད་པ་དང་། དེ་བཞིན་ཟླ་འདིའི་ཚེས་༣༠ཉིན་གྱི་གསར་འགྱུར་ནང་།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མིས་བོད་གཞུང་ལ་སྐྱོན་འཛུགས་བྱས་པར་བློ་ཕམ་ཡོད་ཅེས་ཕྱག་བྲིས་གནང་ཡོད་པའི་ཐད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མིས་བོད་གཞུང་ལ་སྐྱོན་འཛུགས་བྱས་པར་བློ་ཕམ་ཡོད་ཅེས་པའི་ཡི་གེ་ཞིག་བྲིས་འདུག་ཞེས་བཤད་རྗེས། ཐད་ཀར་ཨ་རིའི་གྲོས་ཚོགས་འཐུས་མི་དེས་བོད་གཞུང་ལ་བསྐུར་བའི་ཡི་གེ་དེ་ཀློག་འདོན་བྱས་སོང་བ་དང་། བོད་ནང་དུ་མེར་བསྲེགས་འཚམས་འཇོག་གི་ཡི་གེ་བཀྲམ་པའི་གནས་ཚུལ་ལ་སོགས་བཤད་སོང་། ཁོ་ཚོས་རྣམ་འགྱུར་སྟོན་སྟངས་དང་བཤད་སྟངས་ང་ཚོས་འགྲིག་གི་མི་འདུག་ཅེས་བཤད་མི་ཆོག་པ་བདེན་པ་ཡིན་ན། ཁོ་ཚོར་དངོས་ཡོད་གནས་ཚུལ་མི་བསྒྲགས་པར་གསར་འགྱུར་བཤད་མཁན་གང་ཟག་སྒེར་བ་རང་ཉིད་ཀྱི་ཞེ་འདོད་ལྟར་གསར་འགྱུར་ཁ་བསྒྱུར་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མིས་བོད་གཞུང་ལ་སྐྱོན་འཛུགས་བྱས་པར་བློ་ཕམ་ཡོད་ཅེས་པའི་ཡི་གེ་ཞིག་བྲིས་འདུག་ཅེས་བཤད་རྗེས་བློ་ཕམ་ཡོད་སྟངས་ལ་སོགས་པ་མ་བཤད་པར་་ཨ་རིའི་གྲོས་ཚོགས་འཐུས་མི་དེས་བོད་གཞུང་ལ་བསྐུར་བའི་ཡི་གེ་དེ་ཀློག་འདོན་བྱས་ཏེ་སྐྱོན་འཛུགས་ཅི་ལྟར་བྱས་ཡོད་པ་རྐྱང་ལས་མ་བཤད་པ་འདི་ད་གཟོད་གསར་འགྱུར་ལ་སྟངས་འཛིན་དང་དྲང་བརྗོད་མ་བྱས་པ་རྐྱང་ཆགས་ནས་བསྡད་ཡོད་པ་རེད། དེ་བཞིན་བོད་མིའི་ཞེ་འདོད་མཚོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཞེས་མཆོད་འབུལ་སྨོན་ལམ་བྱས་པར་ཡང་། མཆོད་འབུལ་སྨོན་ལམ་གསུངས་མཁན་ཚོས་དཔའ་བོ་དཔའ་མོ་ཞེས་བཤད་བཞིན་ཡོད་པ་དང་གསར་འགྱུར་ནང་མཆོད་འབུལ་སྨོན་ལམ་གསུངས་མཁན་ཚོའི་སྐད་ཆ་ལུང་འདྲེན་སྐབས་ཀྱང་།དཔའ་བོ་དཔའ་མོ་ཞེས་མི་བཤད་པར་མེར་བསྲེགས་གཏོང་མཁན་ག་གེ་མོ་ལ་མཆོད་འབུལ་ཞུ་བ་ཡིན་ཟེར་ཞེས་བཤད་པ་འདི་དག་གསར་འགྱུར་བརྒྱུད་བསྒྲགས་པ་ཞིག་ཡིན་པའི་ཆ་ནས་ལས་ཀ་དྲང་བདེན་བྱས་ཡོད་པ་མ་རེད། ད་ལྟའི་ཆ་ལ་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་། བོད་མིའི་སེམས་ཁམས་མ་སྐྱིད་པ་བྱུང་བཞིན་པ་བདེན་པ་ཡིན་ནའང་། ཁོ་ཚོར་ཚོར་བ་ཅི་ཡང་མེདཔའི་སྟེང་སོ་སོའི་སེམས་ཚོར་ལྟར་ལས་ཀ་བྱས་པ་ཡིན་ན་དེ་འགྲིག་གི་ཡོད་པ་མ་རེད། གལ་སྲིད་སོ་སོས་བསམ་ཚུལ་ལྟར་ལས་ཀ་བྱེད་རྒྱུ་ཡིན་ན།སྒེར་པའི་བསམ་ཚུལ་དེ་སྤྱི་བའི་ལས་ཀ་དང་མཉམ་བསྲེས་བྱས་པ་ཡིན་ན་སྤྱི་སྒེར་གང་ལའང་མ་ཕན་པ་ཆགས་གི་ཡོད་པ་རེད། དེའི་དབང་གིས་ཨེ་རླུང་ཁང་གི་ལས་བྱེད་ཚོ་གསར་འགྱུར་བཤད་མཁན་དུ་མ་གྱུར་པར། བོད་ཕྱི་ནང་བར་ལ་དཀྲིགས་ཤིང་བརྒྱག་མཁན་དང་བོད་དོན་ལས་འགུལ་ལ་སོ་སོའི་བསམ་ཚུལ་གྱིས་སྟངས་འཛིན་དང་དབང་བསྒྱུར་བཤད་མཁན་དུ་གྱུར་ཡོད་བས། ་ཨེ་རླུང་ཁང་འདི་་ཨེ་རླུང་ཁང་གི་་གསར་འགྱུར་བཤད་མཁན་ཚོས་བསམ་ཚུལ་བཤད་ས་དཔེར་ན་དྲ་རྒྱའི་བརྒྱུད་ལམ་ཁག་གི་དྲ་འབུ་ཚོས་མཆན་འབྲེལ་ལྟར། ་ཨེ་རླུང་ཁང་གི་་གསར་འགྱུར་བཤད་མཁན་ཚོས་རླུང་འཕྲིན་ནང་སོ་སོའི་བསམ་ཚུལ་མཆན་འགོད་བྱེད་སར་གྱུར་ཡོད་པས། ཨ་རི་གཞུང་ལ་སྙན་ཞུ་ཕུལ་ནས་ཨེ་རླུང་ཁང་ལ་གད་བརྡར་བྱེད་པའམ་ཡང་ན།་ཨེ་རླུང་ཁང་གི་་བོད་སྐད་སྡེ་ཚན་ཐད་ཀར་སྒོ་བརྒྱབ་ན་ཡག་པོ་འདུག དེ་མིནཨེ་རླུང་ཁང་གིས་བོད་དོན་ལ་ཕན་པའི་ལས་ཀ་བྱེད་མི་ཐུབ་པས།ཨེ་རླུང་ཁང་གི་་བོད་སྐད་སྡེ་ཚན་ཐད་ཀར་སྒོ་བརྒྱབ་ན་ཡག་པོ་འདུག དྲ་གྲོགས་ཚོས་དགོངས་ཚུལ་ཅི་འདྲ་ཡིན། ཨེ་རླུང་ཁང་གི་བྱ་བྱེད་ནི་གསར་འགྱུར་ཉན་ན་སྒྲ་མི་དག། སྐད་ཆ་བཤད་པའི་དོན་མི་གོ དྲ་རྒྱ་ནང་གི་བྲིས་མི་དག ཡིག་ནོར་ཅན་དང་སྒྲ་ནོར་ཅན། ཨེ་རླུང་ཁང་འདིའི་དགོས་དོན་ཅི།
གོང་དུ་དྲ་གྲོགས་བླ་སྨྱོན་ལགས་ནས། ༼ བོད་མི་ཡོད་དོ་ཅོག་གཅིག་སྒྲིལ་དང་ཐུགས་སེམས་གཅིག་ཏུ་སྒྲིལ་ནས་བདེན་དོན་འཐབ་རྩོད་གནང་མ་ཐུབ་པའི་རྐྱེན་གྱིས་རེད།༽ཅེས་གསུང་འདུག འདི་གནད་འགག་ཅིག་རེད།
རང་སྲེག་གཞན་སྐྱོབ་ལས་རང་སྐྱོབ་གཞན་གཅོད་མིན་པའི་ལས་འགུལ་འདི་ནི་ངོ་མཚར་བ་ཞིག་ལོས་ཡིན། ལས་གཞི་ལ་དཔོག་པའི་གྲུབ་འབྲས་གང་མགྱོགས་མ་སོན་པ་ནི་རྒྱ་དམར་གདུག་རྩུབ་དྲག་སྤྱོད་དང་གཡོ་སྒྱུ་མཐར་ཕྱིན་པའི་རྟགས་དང་། ཐམས་ཅད་ནས་ཐམས་ཅད་དུ་ནོར་དངུལ་གྱིས་བྲན་གཡོག་ཚེ་གཡོག་གིས་ངལ་ནས་བདེན་པ་དང་རིན་ཐང་གཙོ་ཕལ་འབྱེད་ལོང་མེད་པར་མུན་ནག་སྟུག་པོའི་ཁྲོད་གན་རྒྱལ་དུ་ལུས་པའི་མཚན་མ་ཡང་ཡོད།
གུས་པ་འདིར་ཁ་བརྡའི་དྲ་ཐོག་ཏུ་བགྲོ་གླེང་ལ་ཞུགས་འདོད་ཡོད་པ་ཞིག་ཡིན།
མཁའ་དཀྱིལ་རླུང་ལ་བརྟེན་པའི་ཆུ་ཡི་ཕུང་པོ།།
མཚོ་ཆེན་རྣམ་བཞིས་བཏེགས་པའི་ས་གཞིའི་རྩེ་མོ།།
དཀར་གསལ་གངས་རིས་མཚན་པའི་ངོ་མཚར་བསིལ་ལྗོངས།།
འཛམ་གླིང་མཛེས་པའི་རྒྱན་དུ་མ་བཅོས་ལྷམ་མེ།།
མགོ་ནག་འཕྱེ་བོའི་རིགས་ཀྱི་གཡོ་ཡིས་མ་སྦགས།།
སྐྲ་སེར་མཐིང་མིག་ཅན་གྱི་སྒྱུ་ཡིས་མ་ལྷད།།
དྲང་བདེན་རང་བཞིན་གཙང་མའི་གཤིས་སྤྱོད་བཟང་པོ།།
ནམ་ཡང་འགྱུར་མེད་བོད་མིའི་མ་བཅོས་གཤིས་ཀ།
ལྐོག་གྱུར་ལྷག་བསམ་དག་པ་གནམ་སྟོང་ཟླ་བ།།
རེ་སྨོན་ཚེས་གསུམ་ཚེས་རུའི་ལུས་སྟོབས་རྒྱས་ནས།།
བཟང་གསུམ་ཆ་ཤས་རྫོགས་པའི་བཅོ་ལྔའི་དུང་ཟླ།།
སྐྱེ་རྒུའི་མིག་ལ་མཛེས་པ་མ་བཅོས་གཟུགས་བརྙན།།
གུས་འབྲོག་པ་རྒད་པོ་ནས་དྲ་གྲོགས་ཡོངས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་དང་ཆབ་ཅིག་རང་ལུས་མེ་སྲེག་སྐོར་གྱི་བསམ་ཚུལ་ཐུང་ངུ་རེ་བཤད་འདོད་ཡོད། ཡིན་ན་ཡང་། མཚམས་འདིར་དུས་ཚོད་ཀྱི་རྐྱེན་པས་འབྲོག་པ་ལུག་རྫི་ལ་འགྲོ་རྒྱུ་ཡིན། རྗེས་མ་མཇལ་ཡོང་།
རྒྱལ་སྤྱིའི་ནང་དོ་སྣང་ཆུང་སྐྱོན་གང་ལ་ཐུག་ཡོད་ཅེ་ན། ༡ ནུབ་ཕྱོགས་ཀྱི་དཔལ་འབྱོར་མར་ངོའི་ཟླ་བཞིན་བྲིད་པ་དང་། རྒྱ་ནག་གི་ཆབ་དཔལ་རིག་གསུམ་ཡར་ངོའི་ཟླ་ལྟར་འཕེལ་བ་ལས་དང་། ༢ དེས་རྐྱེན་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་ཁ་ཕྱོགས་ཡུལ་རྒྱ་ནག་ཡིན་ལ། རང་ཉིད་འགྱེལ་ས་ལས་ལངས་དགོས་ན་སྐྱབས་ཡུལ་རྒྱ་ནག་ཡིན་པར་འདོད་པས་དང་། ༣ རྒྱ་ནག་གི་གསར་འགྱུར་གྱི་ཁྱབ་རྒྱ་ཆེ་ཞིང་། གནད་ལ་འཁེལ་བ། སྒྱུ་རྩལ་དང་ལྡན་པ། མི་རིགས་རིང་ལུགས་ཀྱི་ལྟ་བ་སྤེལ་མཁས་པ། གསར་འགྱུར་གྱི་ཁ་ཕྱོགས་བསྒྱུར་བར་ཤིན་ཏུ་ནས་བྱང་ཆུབ་པས་དང་། ༤ བོད་ནང་དེང་འཛམ་གླིང་ཧྲིལ་བུས་འཐབ་རྩོད་བྱེད་པའི་སྣུམ་གྱི་གཏེར་ཁ་དབུས་བས་དང་། ༥ བོད་ནང་རྒྱལ་སྤྱིའི་གསར་འགོད་པའི་སྦྲང་སྐད་ཙམ་ཡང་གྲག་ས་མེད་པས་དང་། ༦ མེར་སྲེག་མཁན་ཡང་ས་ཁུལ་ལུང་ཀྱོག་ཡིན་པས་གསར་འགོད་པའི་དངོས་མཐོང་གི་པར་ཆས་ཀྱི་གོ་སྐབས་མེད་པས་དང་། ༧ སྦི་སྦི་སི་དང་སི་ཨན་ལྟ་བུའི་གསར་འགོད་པ་དངོས་སུ་མེར་སྲེག་གི་ཡུལ་དུ་སླེབས་མ་ཐུབ་པས་གོ་ལོ་ཐོས་ལོའི་གསར་འགྱུར་སྤེལ་མི་ཤེས་པས་དང་། ༨ རྒྱལ་སྤྱིའི་ཁ་ཕྱོགས་ཡུལ་རྒྱ་ནག་ཡིན་པས་རང་གི་ཁེ་ཕན་ལས་གཞན་གྱི་བདེ་དོན་ལ་དོ་སྣང་སྤུ་རྩེ་ཙམ་ཡང་མེད་པ་དེས། བཙན་བྱོལ་བ་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཅི་ཞིག་སྤེལ་ཡང་ནུས་པ་མི་ཐོན་པ་དང་། ༩ གང་ན་འབར་འགས་དང་མེ་མཚོན་གྱི་སྒྲ་གྲག་ན་རྒྱལ་སྤྱིའི་དམག་དང་གསར་འགོད་པའི་ཁ་ཕྱོགས་དེར་འགྱུར་འགྲོ་བས་དང་། ༡༠ རང་སྲེག་གི་འུ་ཐུག་ཅིང་ཐབས་ཞན་པའི་བྱེད་སྤྱོད་འདིར་མི་རྣམས་ཞེན་པ་ལོག་པ་སོགས་ལས་སོ།།
འདིར་ཁོ་བོའི་གཞེན་སྐུལ་ཞིག་ནི་རང་སྲེག་བྱེད་པའི་ཐབས་སྐྱོའི་བྱེད་ཐབས་འདི་གང་མགྱོགས་དོར་རོགས་ཞུ་བ་ཡིན། བཙན་བྱོལ་བའི་འགོ་དམངས་ཚོས་བོད་པར་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་རབས་དང་། རང་སྲེག་མཁན་ཚོ་དཔའ་བོ་དཔའ་མོར་སྒྲོག་པ་དང་། རང་སྲེག་གིས་རང་རེའི་རྩ་དོན་ལ་ཤིན་ཏུ་ནས་ཕན་རླབས་ཆེ་རབས་གླེང་བ་དང་། རྒྱ་ནག་གི་ནུས་པ་ཆུང་བར་སྒྲོག་པ་སོགས་བོད་ནང་གི་བོད་མི་ཚོར་ལོག་པའི་གཏམ་འཆལ་སྒྲོག་པ་དག་ཡེ་ནས་མེད་པར་མཁྱེན། ད་ལྟའི་ཆར་རང་སྲེག་བྱེད་པ་དེས་དོན་ངོ་མར་བཙན་བྱོལ་བའི་སྐབས་འཚོལ་རིང་ལུགས་པ་ཚོར་གོ་སྐབས་གསར་པ་རེག་པ་དང་། མགོ་བདེ་དྲན་འཕྲུལ་ཅན་དག་ལ་ཆབ་སྲིད་ཀྱི་རྩེད་མོ་གསར་པ་ཞིག་རྙེད་སོང་ཙམ་དུ་ཟད་དོ་སྙམ་པ་འདི་ལྟར་ལགས།
རྒྱལ་སྤྱིའི་སྒང་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་བརྒྱ་ཆ་དགུ་བཅུ་གོ་དགུ་བཙན་བྱོལ་གཞུང་དང་ཚོགས་སྡེ་ཁག མི་མང་བཅས་ནས་སྐྱེལ་གྱི་ཡོད་པ་རེད། ད་རྒྱལ་སྤྱིའི་སྟེང་ནས་དོ་སྣང་སླེབས་ཀྱི་མེད་དུས། བཙན་བྱོལ་གཞུང་དང་སྒྲིག་འཛུགས་ཁག མི་མང་བཅས་ནས་འཐུས་ཤོར་ཕྱིན་པ་ལས་ཆུ་ངན་ལམ་ཤོར་བྱེད་ས་གཞན་ཞིག་མེད་པ་རེད།
བཙན་བྱོལ་སྤྱི་ཚོགས་ནང་། རང་ལུས་མེར་བསྲེག་སྐོར་ལ་ཚོར་ཤུགས་ཆེ་ཤོས་ནི་གསར་འབྱོར་ཚོ་རེད། གོ་རྟོགས་ཆེ་ཤོས་ཀྱང་སྐྱ་སེར་གཉིས་ཀའི་ནང་ནས་གསར་འབྱོར་ཚོ་རེད། བརྒྱ་འདྲ་པོ་བྱས་ན་འདི་འདྲ་རེད། འདི་གསར་འབྱོར་རྙིང་འབྱོར་གྱི་ཁྱད་པར་ཞིག་ཀྱང་རེད། གསར་འབྱོར་བ་གཞོན་སྐྱེས་ཚོས་བོད་ཕྱི་ནང་བར་ལ་མཐུད་ཀ་ངེས་ཅན་ཞིག་རྒྱག་གི་འདུག འདི་སྟོབས་ཤུགས་ཤིག་རེད། རྒྱ་སྐྱེད་བྱེད་དགོས་པའི་སྟོབས་ཤཱུགས་ཤིག་རེད། བོད་ནང་གི་ཉིན་རེའི་གནས་ཚུལ་དེ་ཚོའང་གསར་འབྱོར་ཚོས་འཚོལ་བསྡུ་བྱེད་ཀྱི་འདུག གསར་འལམ་ཁག་ཏུའང་གསར་འབྱོར་ཚོས་འགྲེམས་སྤེལ་བྱེད་ཀྱི་འདུག ལྷག་པར་དུ་བོད་ཡིག་བརྒྱུད་ལམ་ན་གསར་འབྱོར་ཚོས་ཤུགས་རྒྱག་གི་འདུག གསར་འབྱོར་བ་ཚོའི་ཚོར་རྟོགས་འདི་བཙན་བྱོལ་མི་མང་ཆ་ཚང་གི་ཚོར་རྟོགས་ཤིག་ཏུ་བསྒྱུར་དགོས་ཀྱི་འདུག ཚོར་རྟོགས་དེའི་སྟེང་ནས་རྒྱལ་སྤྱིའི་སྟེང་ལ་བོད་དོན་གནས་ཚཱུལ་རིགས་འགྲེམས་དགོས་ཀྱི་འདུག ད་ལྟ་ང་ཚོར་ཚོར་ཤུགས་ཀྱིས་མ་འདང་བའི་དཀའ་ངལ་ཞིག་གི་འོག་ན་ཡོད་པ་འདྲ་ཞིག་རེད།
གཞན་རྒྱལ་སྤྱིའི་སྟེང་ནས་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པའི་སྣང་ཚུལ་བསྒྱུར་དགོས་ན། ང་ཚོ་བོད་གཞྀས་བྱེས་གཉིས་ཀས། རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་སྲོལ་ཡིག་སོགས་ཁོང་ཚོའི་རྩ་འཛིན་ཁྲིམས་སྲོལ་ཁག་མདུན་ལྗོངས་སུ་བླངས་ནས་དེ་དང་དེས་གཏན་ལ་ཕབ་པའི་ཐོབ་ཐང་གླེང་རྩོད་བྱེད་དགོས། ང་ཚོའི་ལས་འགུལ་ཚང་མ་དེའི་ངོ་བོ་དང་ཁ་ཕྱོགས་ཅན་དུ་བསྒྱུར་དགོས། ད་གཟོད་རྒྱལ་སྤྱི་དང་རྒྱ་ནག་གཉིས་ཀས་བོད་དོན་འཐབ་རྩོད་ལ་དོ་སྣང་དང་ང་ཚོའི་དགོས་འདུན་གྱི་ཐག་ཉེར་ཡོང་གི་རེད། ང་ཚོས་༢༠༠༨ ལོའི་ཞི་རྒོལ་ཆེན་མོ་མ་རྩར་བཞག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཟེར་བ་ཞིག་རྒྱ་གཞུང་ལ་སྤྲོད་ཡོད་པ་དེ། ད་དུང་ཡང་ང་ཚོའི་དགོས་འདུན་ཡིན་ན། འདིའི་སྐོར་བོད་ནང་གི་གཞི་རིམ་མང་ཚོགས་ལ་གོ་རྟོགས་སྤེལ་ཐབས་འཚོལ་དགོས་པ་རེད། གོ་རྟོགས་དེའི་སྟེང་ནས། ཁྲིམས་སྲོལ་གཞི་ལ་བཞག་པའི་ཐོབ་ཐང་བརྩོན་ལེན་བྱེད་པའི་ཚ་རླབས་ཤིག་འཕྱུར་ཐུབ་པ་ཡིན་ན། རྒྱལ་སྤྱིའི་དོ་སྣང་དང་། རྒྱ་ནག་གཞུང་གི་དོ་སྣང་གཉིས་ཀ་ང་ཚོའི་ཕྱོགས་ལ་བསྡུ་ཐུབ་ཀྱི་རེད། རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ལས་འགུལ་གང་སྤེལ་ནའང་། ང་ཚོས་ཁ་ཕྱོགས་འདི་འདྲ་ཞིག་བརྒྱུད་དགོས་པར་མཐོང་གི་ཡོད།
འཇིག་རྟེན་མི་ཆོས་ནི་རང་གཅིག་བུའི་བདེ་བ་དང་རང་ཉིད་ཀྱི་དགོས་དོན་འགྲུབ་ན་གཞན་གྱི་སྲོག་ཤོར་ཡང་ཆོག་པ་ལྟ་བུའི་འདུ་ཤེས་དེ་རེད། དེས་ན་གྲུབ་འབྲས་ལ་ནུས་པ་ཐོན་མིན་གསལ་པོ་ཡིན། ད་ལྟའི་མེ་བསྲེག་གི་གནས་སྟངས་འདི་མྱུར་དུ་མཚམས་འཇོག་ཡོངས་པའི་རྒྱུ་འཚོལ་དགོས།
གྲོགས་པོ་རྣམས་ལ་སྙིང་ནས་གུས་གསོལ།
བོད་ནང་དུ་བྱུང་བའི་མེར་བསྲེགས་གནས་ཚུལ་སོགས་ཀྱི་གསར་འགྱུར་ཡོང་ཁུངས་དྲྭ་རྒྱ་དང་ཚགས་སྤར་ཐོག་བཀོད་ན། རྒྱ་རྒོལ་བོད་སྐྱོབ་བྱེད་མཁན་བོད་མི་རྣམས་ཀྱི་གསང་བ་རྒྱ་དམར་གྱིས་ལས་སླ་བོས་ཤེས་ཐུབ། དཔེར་ན་ཨོ་སི་ཏྲི་ལི་ཡ་སྡོད་མཁན(ཚེ་རིང)གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་ཞེས་གསར་འགྱུར་ཞིག་དྲྭ་རྒྱར་བཀོད་ན།
ལམ་སང་རྒྱ་དམར་གསང་ལས་པ་ཚོས་དུས་སྐབས་དེར་ཨོ་སི་ཏྲི་ལི་ཡར་ཁ་སྤར་གཏོང་མཁན་སུ་ཡིན་དོགས་དཔྱོད་དང་རྗེས་གཅོད་བྱེད་ངེས་པས། ད་ནས་བཟུང་གསར་འགོད་པ་ཚོས་གསར་འགྱུར་ཡོང་ཁུངས་ལ་ཞིབ་འཇུག་བྱེད་འོས་ཀྱང་། བོད་དུ་བྱུང་བའི་ཆབ་སྲིད་གསར་འགྱུར་ཡོང་ཁུངས་ཁ་གསལ་དྲྭ་རྒྱ་དང་ཚགས་སྤར་ཐོག་མི་འགོད་པ་གསང་བ་བྱེད་རོགས་ཞུ།
དེ་བཞིན་དུ་བོད་ནས་རྒྱ་གར་དུ་བྲོས་ཞོལ་དུ་ཡོང་མཁན་ཚོའི་ལམ་དང་ལམ་སྟོན་གྱི་གནས་ཚུལ་རྣམས་དྲྭ་རྒྱ་དང་ཚགས་སྤར་ཐོག་མི་འགོད་པ་གསང་བ་བྱེད་རོགས་ཞུ།
དེ་ལྟར་བྱས་ན་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་འགྲོ་ཐུབ།
གོང་དུ་མཆན་༨ པ་བྲིས་མི་དཔལ་ལྡན་ཟེར་བ་དེའི་བསམ་འཆར་ལ་མོས་མཐུན་རྩ་ནས་མེད་པ་མ་ཟད་དགག་པ་ཡང་མཐའ་གཅིག་ཏུ་ཡོད། ཅིའི་ཕྱིར་ཞེ་ན། བོད་ཀྱི་རླུང་འཕྲིན་ཁག་དེ་ཚོ་ལ་བོད་སྐད་གཅིག་པུ་ལས་མེད་པས་ཞན་ཆ་ཆེན་པོ་འདུག་ཀྱང་བོད་མི་ནང་ཚུད་ལ་ཁྱབ་བསྒྲགས་བྱེད་རྒྱུའི་ལག་ཆ་ཕན་རླབས་ཆེ་ཤོས་དེ་ཆགས་ཡོད་པས་དེ་རྩ་མེད་བཟོ་དགོས་སྐོར་བཤད་པ་འདི་ནི་དགྲ་བོ་རྒྱ་དམར་ལ་དགོས་པའི་གཏམ་ཁོ་ནའོ།
མེར་བསྲེག་གི་སྟོབས་ཤུགས་ཆེ་རུ་མཆེད་ཐུབ་ཀྱི་མེད་པ་འདི་ཁ་གསལ་བོས་བཤད་ན། དབུས་གཙང་བ་རུམ་ལག་བྱས་ནས་སྡོད་པས་རེད། བཙན་བྱོལ་ནང་ཡིན་ནའང་སྟོད་པའི་མགོ་བོ་མཐོ་དྲག་པའམ་ལས་རིགས་ཁག་གི་སྣེ་མོ་བ་ཐམས་ཅད་སྟོད་པ་ཡིན་སྟབས། མེར་བསྲེག་གི་དོན་རྐྱེན་གཅིག་བྱུང་ཡང་གསར་འགྱུར་ཙམ་དང་མཆོད་འབུལ་སྨོན་ལམ་རེ་ཚོགས་པས་འཐུས་པ་ལས་གཞན་ཚོར་བ་གང་ཡང་ཡོང་གི་མེད། ང་ཚོའི་ངོས་ནས་བཤད་ན་རང་གི་འཁྲིས་གཡས་གཡོན་ལ་ཁེལ་གྱི་ཡོད་སྟབས་བརྗོད་མི་ཤེས་པའི་ཚོར་བ་ཞིག་ཡོང་གི་ཡོད།
དཔེར་ན་དེང་གི་དུས་སུ་ཉི་མ་རེར་དཔའ་བོ་དཔའ་མོ་ལྔ་རེ་དྲུག་རེས་རང་བསྲེག་ལས་འགུལ་སྤེལ་གྱི་ཡོད་པ་དང་བོད་པ་ཞིག་ཡིན་ཕྱིན་འདུག་བཟོད་མི་བདེ་བའི་ཚད་དུ་ཡོད་ཀྱང་། རྡ་སའི་སྟོད་པ་གྲོང་ཚོ་ན་ཆང་ས་བརྒྱབ་ནས་གླུ་ལེན་གར་རྩེད་དང་ཤོ་སྦག་རྒྱན་གསུམ་ལ་རོལ་གྱི་འདུག་པ་དང་། སྤོ་རྨོ་མོ་ཚོ་ཆང་སེར་གྱིས་བཟི་ནས་རྐང་མཐིལ་ས་ལ་བརྡབས་པའི་ཞབས་བྲོ་དེ་འཁྲབ་ནས་ཆེད་དུ་ང་ཚོའི་མིག་དང་སྙིང་ལ་གཟན་པ་བྱེད་ཀྱི་འདུག དེ་དང་དེ་ལ་སོགས་པ་སྟོབས་ཤུགས་ཉམས་ཆག་ཏུ་གཏོང་བྱེད་གཙོ་བོ་དེ་ཡིན་པར་མཐོང་། འཕྲོས་དོན་མང་ཡང་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱའོ།།
གོང་དུ་མཆན་ ༨༽ པ་བྲི་ཉན་དཔལ་ལྡན་ལགས་གིས་དཔེ་ཡག་པོ་བྲི་གནང་འདུག་་་ཨེ་རླུང་ཁང་གི་རྡོ་རྗེ་ཚེ་བསྟན་ལགས་གི་་ག་དུས་ཡིན་ན་ཡང་དྲང་པོ་དང་ལྡན་པ་གསུང་གི་འདུག་་ཁོང་ལ་ངས་སེམས་བསྟིང་ནས་གུས་བསྐུར་ཞུ་གི་ཡིན་་་དེ་མིན་སྤོ་ཐོ་རྣམས་རྒྱལ་ཟེར་ཉན་དེ་དང་གཞན་ཚང་མ་གཅིག་པ་རེད་འདུག་་་་དངོས་ཡོད་གནས་ཚུལ་ནང་ལ་་་་རྫུན་དང་འུར་མང་པོ་གསུང་གི་འདུག་་་ཞུག་མ་དེ་འདྲ་མ་གནང་རོག་་་ཁྱེད་རང་ཚོ་ལྟོ་གོས་ཕྱིར་དུ་མ་ཡིན་ན་དགོངས་པ་ཞུ་ན་ཡག་པོ་འདུག་་་
ཕྱི་གླིང་གསར་འགོད་པ་ཚོ་བོད་ནང་ལ་འགྲོ་འདོད་མེད་པ་དང་། བོད་མིས་རྒྱའི་བཙན་གནོན་གྱི་སྡུག་བསྔལ་མ་ཐེགས་པར་མེ་སྲེག་བྱེད་པ་འདི་གླེང་རིན་མེད་ཞིག་ལ་འདོད་པ་དེ་བས་ཀྱང་མ་རེད། དེ་ན་ག་རེ་རེད་ཟེར་ན། རྒྱ་རྒན་ཚང་གིས་བོད་ས་ཡོངས་རྫོགས་བཀག་ནས་ཡོད་པས་འགྲོ་འོང་གི་བདག་དབང་མ་ཐོབ་པས་རེད།
གསར་འགོད་གསར་ལམ་ཁོག་དུ་བོད་མིའི་དཀའ་སྡུག་གི་འབོད་པ་ཐོན་ཡོད་ན་འདྲ། མེད་ན་འདྲ། བོད་ཀྱི་སྡུག་སྐད་འདི་མ་གོ་ནིའི་མི་ཞིག་དང་གཞུང་ཞིག་གོ་ལ་འདི་ན་གཅིག་ཀྱང་མེད་ཚོད་རེད། དེ་ན་རོགས་པ་མེད་པ་ག་རེ་རེད་ཟེར་ན། སྒྲིག་འཛུགས་ཚང་གིས་བོད་མི་ཚང་མ་རྒྱའི་འོག་ནས་དགྲ་མིན་གྲོགས་སུ་འདུག་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱི་འབྲས་བུ་རེད།
རང་ལུས་མེར་སྲེག་གིས་ནུས་བ་ནི་ནུས་པ་གསར་བ་ཞིག་དེ། བོད་ཕྱི་ཕྱོགས་ཀྱི་སྒྲིག་འཛུགས་ཀྱིས་བོད་ནང་གི་བོད་མིའི་མགྲིན་ཚབ་ཉན་གྱི་མེད་བ་དེ་གསལ་གསལ་ཐང་ཐང་དུ་བཏོན་ཡོད་པས་མ་ཟད། བོད་ཀྱི་རྒྱལ་ཁབ་ལ་རྒྱལ་ཁའི་ངང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོ་༧ གོས་ས་མཆོག་གདན་འདྲེན་མ་ཐུབ་བར་དུ་ལུས་སྲོག་ལོངས་སྤྱོད་ཡོངས་སུ་གཏང་ནས་འཐབ་རྩོད་བྱེད་རྒྱུ་ཡིན་པའི་དམ་བཅའ་བརྟན་པོ་ལོ་གསུམ་གྱི་གོང་རོལ་ནས་ཤུགས་ཆེ་རུ་ནས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
ང་ཚོ་བཙན་བྱོལ་བ་ཚོས་ཆོས་ཕྱོགས་དང་བཟང་ཕྱོགས་ལ་གཞི་བཅོལ་བའི་གཉིས་མོས་མིན་པའི་ཟློས་གར་འཁྲབ་སྟོན་ཡོངས་སུ་དོར་ནས། རྒྱལ་རབས་དང་ལོ་རྒྱུས་ལ་ཁུངས་བཅོལ་ནས་རྒྱ་སྲིད་བོད་ནས་མཐར་སྤྲོད་གཏོང་རྒྱུ་ཡིན་པར་རོགས་འདེགས་དགོས་བའི་འབོད་སྐུལ་གྱི་སྲིད་ཇུས་བསྐྱར་ལངས་བྱེད་དགོས་པ་རེད། དེ་མིན་རོགས་སྐྱོར་བ་ཚོས་རོགས་སྐྱོར་ཞུ་ཐབས་མེད་པ་དང་། རང་ལུས་མེར་སྲེག་གི་དབའ་བོ་དབའ་མོ་དང་མེས་པོའི་མཛད་རྒྱས་ལ་གུས་ཉན་མ་བྱས་པའི་ཉེས་མིང་ཕོག་རྒྱུ་ཡིན་པ་དང་། བོད་ཟེར་བའི་མི་རིགས་འདི་ད་ལྟ་ལྟར་འཛམ་གླིང་གི་མི་རིག་ས་ནས་ཁ་ཚིག་སྙན་མོ་ཞིག་དང་ཚོང་དོན་སྒེར་ཉེར་ཞིག་གི་དོན་དུ་བཀབ་ནས་བསད་ན་རོ་ཐལ་ཙམ་ལ་མི་རེག་པར་གདོན་མའི་མི་རིགས་ངོ་མ་ཞིག་གི་ལོ་རྒྱུས་ལ་འགྲོ་རྒྱུ་ཡིན་པ་རེད།
བོད་ནང་གི་བོད་མི་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སོ་སོའོ་གཟུགས་པོ་གསོན་པོར་མེ་ལ་སྲེག་ཕོད་ཀྱི་ཡོད་ཀྱང་། བཙན་བྱོལ་བ་ཚོས་བོད་དོན་ལ་རེ་བ་མེད་པས་མེར་སྲེག་མཚམས་འཇོག་དགོས་པ་དང་། གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་མིང་སོགས་གསང་བ་དགོས་པར་བཤད་པ་ནི་ངོ་ཚ་གཏན་ནས་མེད་པའི་བཤད་སྟངས་ཤིག་རེད་ལ། འདི་ཚོ་ནི་མི་ཡི་ལུས་ལ་ཁྱི་ཡི་སེམས་ཅན་རེད་ཅེས་བཤད་ན་འདོད།
འོ་ལགས་སོ། རང་སྲེག་གི་ནུས་པ་ངོས་འཛིན་ཇི་ལྟར་བྱ་དགོས་ཅེ་ན།
དང་པོ་ནུས་པ་ཟེར་བ་འདི་ལ་གོ་བ་དང་འགྲེལ་བཤད་ཅིག་དགོས་ངེས།
གཉིས་པ་ནུས་པ་ལ་དབྱེ་ན་རིགས་ག་ཚོད་ཡོད་དམ།
གསུམ་པ། ནུས་པ་དེ་དག་ཁ་ཕྱོགས་གང་དུ་འགྲོ་འམ།
བཞི་པ། ནུས་པ་དེ་དག་བཟང་ཕྱོགས་ཀྱི་ནུས་པ་རེད་དམ། ངན་ཕྱོགས་ཀྱི་ནུས་པ་རེད་དམ།
འདི་ལ་ལན་ཞིག་ཡོད་མ་མཁྱེན།
སང་ཉིན་གུས་པའི་བསམ་ཚུལ་ཞིག་ཡིན་ཅིག་འབྲི་རྒྱུ་ཡིན་དེ་རིང་ཅུང་ཙམ་ཞིག་འབྲི་བསམ་ཀྱང་དུས་ཚོད་རག་མ་སོང་ང་འབྲོག་པས་ཡག་པོ་འབྲི་མི་ཤེས་ཏེ་འོན་ཀྱང་ཁབ་བརྡའི་སྟེང་ནས་དང་པོ་ཚོད་ལྟ་ཞིག་བྱེད་ཧ་ལས་རྒྱུ་ཅི་ཡོད་ང་དེ་རིང་རྫི་རོགས་བུ་མོའི་ཁྱོད་ཀྱིས་ཡིག་གེ་ཡག་པོ་འབྲི་མི་ཤེས་ན་འདི་འདྲིའི་སྡེ་བ་ཁ་བདེ་ལྕེ་བདེ་བྱེད་ས་ན་ཁྱོད་ཀྱིས་ཁབ་བརྡ་ཞིག་བཤད་ས་གང་ན་ཡོད་ཁྱོད་ཀྱི་ཁྱི་ཁ་བཙུམ་ཟེར་ངས་བསམ་བློ་བཏང་བ་ཡིན་ཏེ་ནག་མོ་འདི་ཚོའི་ཇི་མི་ཟེར་རང་ཐག་རང་གི་ཆོད་ལུག་མགོ་སྟ་རེས་གསེ་ཟེར་བའི་དཔེ་ལྟར་ངའི་ཡིན་མིན་ན་ཡིག་ཐོག་ནས་ཁབ་བརྡ་བྱེད་རྒྱུ་ཡིན་སེམས་ཐེག་བཅད་པ་ཡིན།།
བོད་མིས་རང་ལུས་མེར་བསྲེག་གཏོང་དོན་རྒྱལ་སྤྱིའི་སྟེང་ལ་སྐད་གྲགས་འཇོག་ཆེད་དུ་ཡིན་ནམ། རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་སྐད་གྲགས་ཆགས་ན་བོད་དོན་བདེན་མཐའ་སེལ་ཐུབ་བམ། བོད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་ཤེས་པས་བོད་ལ་རང་བཙན་མ་ཐོབ་མ་ཡིན་ནམ། གནད་དོན་འདི་དག་ལ་བསམ་གཞིགས་བྱེད་དགོས་ཀྱི་འདུག་གོ
ད་ལྟའི་ཆར་རང་སྲེག་ལས་འགུལ་གྱི་ནུས་པ་བོད་དོན་ཁྱབ་བསྒྲགས་དང་གཞན་གྱི་སྙིང་རྗེ་སློང་བའི་རིམ་པ་དེ་ཕྱི་ནས་སླེབས་པའི་ནུས་པ་དང། ནང་ཁུལ་བོད་མི་ཚོར་ཚོར་བ་མ་འདྲ་བ་རེ་སྤྲོད་ཐུབ་ཀྱི་ཡོད་ནའང། ཚོར་བ་དེ་ཆད་མཐུད་གཉིས་ཀ་སྐྱ་འཐབས་ནས་ཡོང་གི་ཡོད་སྟབས། རང་སྲེག་འཐབ་རྩོད་ཀྱི་རླབས་རྒྱུན་རྒྱུན་སྲིང་སྟངས་དང། དེའི་ཕྱོགས་བཞིའི་གནས་ཚུལ་ལ་བསམ་དཔྱོད་ཐུབ་མཁན་ཉུང་བ། མི་མང་ནང་དེ་བས་ཀྱང་ལམ་སྟོན་བྱེད་མཁན་དཀོན་སྟབས། བོད་མི་རང་ལ་སྤྲད་པའི་ནུས་པའང་སྲིད་མཐར་བློ་སྟོབས་དང་བདེན་དོན་བསྲེས་མར་སེམས་རྒྱུད་དུ་གནས་རྒྱུར་ད་ལྟའི་གནས་སྟངས་ལ་བལྟས་ན་ཧ་ཅང་ཁག་པོ་ཆགས་ཡོད་སྟབས། ད་དུང་རང་སྲེག་སྐོར་མགོ་མཇུག་སུས་ཀྱང་གླེང་སློང་གནད་འདྲོངས་ཐོན་པ་ཞིག་བྱས་མེད་པའམ་བྱ་མ་ཐུབ་པའི་གནས་སྟངས་འོག་ལུས་འདུག་བསམས།།།
དེ་དང་ཞོར་དུ་བགྲོ་གླེང་འདི་འདྲར་ཁ་བརྡ་ཚང་གི་རྒད་པོ་ཚོ་ནས་གསར་བུའི་བར་གྱི་རྩོམ་འབྲི་བ་ཚོས་མངོན་སུམ་འོས་འགན་འཁྱེར་ནས་དུས་ཚོད་བཏོན་སྟེ་མཉམ་ཞུགས་དགོས་པར་བསམས། ཡང་བགྲོ་གླེང་རིམ་བསྟུད་དུ་སླེབས་པ་ཡིན་ན། རྡོ་ལས་འོ་མ་བཞོ་ཡི་ཡིན་ཟེར་བ་དང་གཅིག་མཚུངས་ཀྱང་ཆགས་མི་སྲིད་པ་མ་རེད། གཙོ་བོ་བགྲོ་གླེང་མདོ་འཛིན་པས་བགྲོ་གླེང་ནང་དམིགས་བསལ་ཉམས་ཞུགས་མ་བྱས་ན་བཟོ་ལྟ་ཙམ་རེད་འདོད།།
དང་པོ་ངའི་དྲི་བ་ཞིག་དྲིས་ན་བོད་ནང་གི་རང་ལུས་མེ་སྲེག་གི་ལས་འགུལ་གྱི་འཇུག་འབྲས་དེ་ལ་འབྲས་བུ་ཅི་གང་མ་ཐོན་པའི་དབང་དུ་གཏང་ན་བོད་པ་ཚང་གི་དབུ་མའི་ལང་ཕྱོགས་ཀྱི་ངོ་བོ་རང་ཅག་ཡིན་ཡང་ན་ལམ་ཁ་བཞན་ཞིག་ཏུ་འགྱུར་སྲིད་དམ།
རི་བོ་གངས་ཅན་པའི་དཔའ་པོ་དང་དཔའ་མོ་ཚོས་བོད་མའི་ཆེད་དུ་རང་སྲེག་བྱས་པའི་ནུས་བར་ཕྱོགས་ཁ་ཤས་ནས་ལྟ་ས་འདུག གཅིག་ནི་རང་སྲོག་ལ་བརྟེན་ནས་ཆོལ་གསུམ་བོད་མི་རྣམས་སྔར་ལས་ཀྱང་གཅིག་སྒྲིལ་བྱེད་ཡོང་གི་འདུག
གཉིས་ནི་རྒྱལ་སྤྱིའི་སྟེང་ནས་བོད་མི་ཚོར་དོན་སྙིང་ལྡན་པའི་རྒྱབ་བསྐྱོར་བྱེད་྄ཐུབ་ཀྱི་མེད་ཀྱང་བོད་མི་ཚོའི་སྙིང་སྟོབས་དང་རྒྱའི་འོག་གི་སྡུག་སྔལ་ཡོད་ཚད་འགྲོ་བ་ཡངས་ཀྱི་མིག་ལ་སྟོན་ཐུབ་ཀྱི་འདུག
གསུམ་ནི་རང་སྲོག་ལ་བརྟེན་ནས་བོད་མི་ཚོས་འདོད་པའི་བདེ་སྐྱིད་ཡོད་ཚད་ད་ལྟ་རང་འགྲུབ་མི་ཐོབ་ཀྱང་མི་རབས་ནས་མི་རབས་བར་བོད་མི་ཚོས་རང་དབང་རྩོད་ཐུབ་པའི་སྙིང་སྟོབས་སྐྲུན་ཐུབ་འདུག་ལ་དེ་དག་ནི་བོད་མི་ཚོའི་ལོ་རྒྱུས་ནང་ན་ཧ་ཅང་གཟི་འོད་ཆེ་བའི་ཉི་མ་ལྟ་བུ་ཞིག་རེད་།
རང་སྲེག་འདི་ལ་ནུས་པ་ཧ་ཅང་མང་། ནུས་པ་ཆེ་ཤོས་གསུམ་ཡོད། གཅིག་ནི་བོད་མི་ཚོས་རང་གི་ཆབ་སྲིད་གནས་བབ་ཤེས་ནས་སེམས་ཤུགས་སམ་སེམས་ནད་ཆེ་རུ་འགྲོ་བ་དེས་ཕྱོགས་མང་པོ་ནས་ཆབ་སྲིད་དང་འབྲེལ་བ་ཡོད་མེད་གང་ལྟར་ཡང་བོད་སྐྱོབ་ལས་འགུལ་སྣ་ཚོགས་ལ་ཞུགས་པའི་ཕན་ཐོགས་ཡོད། རྒྱ་དམར་གཞུང་དང་རྒྱ་ནག་མི་མང་གི་ངོས་ནས་བོད་མི་ལ་སྡུག་བསྔལ་ཆེན་པོ་ཡོད་པ་ཤེས་པའམ་དྲན་སྐུལ་གཏོང་ནུས། ཕྱིའི་ཡུལ་ལུང་གཞན་གྱི་སྲིད་གཞུང་དང་མི་མང་ཚོས་ཀྱང་བོད་དོན་ལ་དོ་སྣང་སྔར་ལྷག་བྱེད་པའི་རྐྱེན་དུ་འགྱུར་ཐུབ། དེ་ཚོ་ནི་ནུས་པ་དང་གྲུབ་འབྲས་ཆེ་ཤོས་དེ་ཚོ་རེད། ནུས་པ་ཆུང་ས་ནས་གླེང་ན་བོད་ཀྱི་ད་ལྟའི་མི་རབས་འདི་མ་འོངས་པའི་མི་རབས་ཀྱི་མདུན་དུ་ངོ་ཚ་མི་དགོས་པ་དང་ལོ་རྒྱུས་ཀྱི་སྟེང་གི་ལས་འགན་འཁུར་ཡོད་པ་མཚོན་ཡོད།
རྒྱལ་སྤྱིས་དོ་སྣང་ཆུང་རྐྱེན་ནི། ད་ལྟའི་བར་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལས། གཞན་གཞུང་སྒེར་གཉིས་ནས་ནམ་རྒྱུན་རྒྱལ་སྤྱིའི་སྟེང་དུ་ནུས་ཤུགས་ཡོད་པའི་གཞུང་དང་ཚོགས་སྡེ་ཁག་ལ་འབྲེལ་བ་གཏིང་ཟབ་དེ་ཙམ་མེད་པའི་རྐྱེན་དང་། ཁོང་ཚོར་ཡང་ནམ་རྒྱུན་བོད་ཀྱི་གཞུང་སྒེར་གང་དང་ཡང་འབྲེལ་བ་དང་། དེ་བཞིན་ད་ལྟའི་སྐབས་སུ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། དོ་སྣང་བྱས་ཀྱང་ཕུགས་སུ་སོ་སོའི་ཁེ་ཕན་ལ་གནོད་པ་ལས་ཕན་མེད་མཐོང་བའི་རྐྱེན་དང་། ཕྱི་ལོག་ཏུ་ཡོད་པའི་བོད་རིགས་དག་གིས་ཀྱང་གང་ཐུབ་ཁྱབ་བསྒྲགས་འགྲེམས་སྤེལ་བྱས་ཀྱང་སོ་སོའི་ངོ་ཤེས་དང་གྲོགས་པོ་རེ་ཟུང་ཙམ་གྱིས་མིག་གཤེར་ཙམ་ལས་དྲ་ཐོག་གི་གནས་ཚུལ་ལ་ཚང་མས་དོ་སྣང་དང་ཡ་མཚན་རླག་པའི་དུས་ཚད་ཡིན་པའི་རྐྱེན་སོགས་མང་པོ་ཞིག་གི་རེད་སྙམ།
ཨེ་མ་ཧོ། ང་ད་རེས་གཞིས་ནས་འདི་ནང་འཛུལ་རྒྱུའི་གོ་སྐབས་བྱུང་།
ངས་བལྟས་ན་རང་ལས་མེ་སྲེག་འདའི་ཐད་ནས་ཇི་ལྟར་མེ་སྲེག་གི་ལས་འགུལ་མུ་མཐུད་ནས་སྤེལ་ན་ཡང་རྒྱལ་བཅས་ཀྱི་དོ་སྣང་དེ་ཙམ་མེད་པ་ནི་བོད་མི་རང་གི་འཐབ་ཕྱོགས་དང་ལས་འགུལ་དེ་རྡོག་རྩ་གཅིག་སྒྲིལ་བྱེད་མ་ཐུབ་པའི་རྐྱེན་རེད་དྲན་གལ་སྲིད་ལས་འགུལ་ཤུགས་ཆེན་ཞིག་མཚམས་མི་བཞག་པར་སྤེལ་ནས་ཉམས་རུབ་མཐའ་གཅིག་ཏུ་བྱས་ན་ནས་པ་ཐོན་ཨེ་མི་ཐུབ་བསམ་གྱི་འདག།
རང་ལུས་རང་སྲེག་གི་ལས་འགུལ་ནུས་པ་ཟེར་ན་སྤྱིར་བཏང་དུས་སྐབས་འདིར་བོད་མིས་ངོས་འཛིན་བྱེད་ན་འོས་ཤིང་འཚམ་པ་ཞིག་མིན། འདི་ནི་རྒྱ་བོད་ཕྱོགས་གཉིས་ཀར་མི་གཏོགས་པའི་སྤྱི་ཚོགས་ཆབ་སྲིད་ཚན་རིག་པ་ཞིག་གིས་རྟག་དཔྱད་ཞིབ་འཇུག་གི་ཡུལ་ཁོ་ན་ཡིན། ང་ཚོ་ནི་སྐབས་འདིར་ནོངས་འགྱོད་ཀྱི་གནས་ཡིན།
རང་ལུས་མེར་སྲེག་གི་ལས་འགུལ་ལ་ནུས་པ་ཐོན་མི་ཐོན་དང་། ཐོན་ན་ཆེ་ཆུང་ག་ཚད་ཐོན་མིན་སོགས་ནི་མེར་སྲེག་དཔའ་བོས་རང་ལུས་མེར་སྲེག་བཏང་བར་རག་ལུས་པ་ཞིག་མ་རེད། དེ་ནི་ཤུལ་ལུས་རང་རིགས་གཞིས་བྱེས་བོད་མི་ཡོངས་ཀྱི་རྒྱུན་མཐུད་མཇུག་སྐྱོང་གི་ལས་འགུལ་ནུས་སྟོབས་ཅི་འདྲ་བརྩམས་མིན་ལ་རག་ལས་ཡོད་པ་ཞིག་རེད། དེའི་ཐོག་ནས་ང་ཚོ་བསླར་ཡང་ངོ་ཚའི་གནས་ཡིན།
ད་ལྟའི་བར་དུ་འཛམ་གླིང་ཐོག་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་མཁན་དཔའ་བོ་དཔའ་མོ་མི་ཉུང་བ་ཞིག་བྱུང་བའི་ཁྲོད་ནས་མང་པོ་ཞིག་ལ་ཐད་ཀར་དུ་ནུས་པ་རྒྱ་ཆེན་པོ་ཐོན་ཐུབ་ཡོད་པ་རེད་ལ། མང་པོ་ཞིག་ལ་ནུས་པ་མངོན་གསལ་དེ་ཙམ་མ་ཐོན་པའི་སྣང་ཚུལ་བྱུང་ཡོད་པ་བཞིན་དེ་དག་ཚང་མ་ཡང་ཤུལ་ལུས་རྒྱབ་སྐྱོར་གྱིས་ལས་འགུལ་ནུས་ལྡན་ཅི་ཙམ་སྤེལ་ཐུབ་མ་ཐུབ་ལས་བྱུང་བ་མངོན་གསལ་ཡིན།
ང་ཚོས་རང་ལུས་མེར་སྲེག་གི་ནུས་པར་ཐད་ཀར་བལྟས་ན་ཡང་སྔོན་མེད་གཞན་ལྷག་གི་ནུས་པ་ཚད་མེད་པ་ཅིག་ཐོན་ཡོད་པ་གསལ་པོ་རེད།
༡ འཛམ་གླིང་གི་སྐྱ་ཐག་གསུམ་ལ་གཏོགས་པའི་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོས་སུ་རྫོགས་པ་རྣམས་གཞི་གཅིག་ཏུ་དམ་པོར་བསྒྲིལ་ཐུབ་པའི་ནུས་པ་ལྩགས་སྐུད་འདྲ་བ་འདི་འདྲ་ནི་སྔ་ན་མ་བྱུང་བ་ཅིག་རེད།
༢ རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སེམས་ལ་བོད་མི་རིགས་ཀྱི་གནས་བབ་དཀའ་སྡུག་གང་འདྲ་ཞིག་གི་ཚད་ལ་བསླེབས་ཡོད་པ་དེ་ཡང་མིག་དང་རྣ་བས་མངོན་སུམ་དུ་མཐོང་ཐོས་བྱུང་ཐུབ་ཡོད་པ་མ་ཟད། རྒྱལ་སྤྱིའི་མི་རྣམས་ཀྱི་སེམས་ཁུངས་ལ་དཔང་རྟགས་གསོན་པོ་ཞིག་བཞག་ཐུབ་ཡོད་པ་རེད།
༣ རྒྱ་མི་རིགས་དང་རྒྱ་གཞུང་གི་སེམས་ལ་བོད་མི་རིགས་ཀྱི་མངོན་འདོད་མཐར་ཐུག་གང་ཡིན་པ་དང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་བོད་མི་རིགས་ཀྱི་ཆོད་སེམས་དངོས་དེ་གང་འདྲ་ཞིག་ཡིན་པ་གསལ་བོར་རྟོགས་བཅུག་ཡོད་པ་རེད་ལ། ཁྱད་པར་དུ་ས་གནས་རྒྱ་གཞུང་གི་སེམས་ལ་དངངས་སྐྲག་ཚབས་ཆེན་པོ་ཞིག་ཀྱང་བསླངས་ནས་ཨ་ཆད་ཨུ་ཐུག་བཟོས་ཡོད་པ་རེད།
༡ བོད་ནང་གི་མེ་སྲེག་གི་ལས་འགུལ་ནི་རླབས་ཆེན་གྱི་ལས་འགུལ་ཞིག་རེད། ཕྱི་ན་སྡོད་མཁན་ཚོས་ཀྱང་དེའི་གྲུབ་འབྲས་ཆེ་ཆུང་དང་ནུས་པའི་ཚད་ལ་ཚོད་དཔག་བྱེད་སྐབས། འགའ་ཤས་ཀྱི་གྲུབ་འགྲུབ་ཐོན་མེད་པ་དང་མེད་པའི་རྒྱུ་མཚན་བཤད་ཡོང་གིན་འདུག སྐད་ཆ་དེ་ཚོར་ངས་བལྟས་ན་ཏག་ཏག་དོན་ཐོག་ན་བསྡད་མེད་པའི་བཟོ་ལྟ་མཐོང་སོང་། གྲུབ་འབྲས་ཡོད་ན་རི་རབ་ནང་བཞིན་ཆེན་པོ་ཞིག་ཡོད་པ་ཡིན་རྒྱུ་མ་རེད། ཆུང་བ་ཞིག་ཡོད་ན་ཡོད་པའི་གོ་མི་ཆོད་དོན་ག་རེ་ཡིན་ནམ། ཆེ་ཆུང་ལ་མ་ལྟོས་པས་གྲུབ་འབྲས་གང་འཚམས་བླངས་ཡོད་པ་གཞན་གྱིས་གང་འཚམས་བཤད་སོང་། ངས་བསྐྱར་དུ་བཤད་མི་དགོས་པར་དེས་འཐུས་པ་བྱོས། དེ་ལ་ཁྱེད་ཚོས་བཤད་པ་ནང་བཞིན་གྲུབ་འབྲས་ཆེན་པོ་ཞིག་ཐོན་དགོས་ན་ང་ཚོས་ཀྱང་བློས་བཏང་ཆེན་པོ་ཞིག་བྱེད་དགོས་པ་རེད། མ་ཐ་ཡང་མི་ཁྲི་གཅིག་གཉིས་ཤིག་གི་ཁྲག་གི་འགྲོ་གྲོན་གཏོང་དགོས་ངེས་རེད། ལོ་རྒྱུས་ལས་ར་འཕྲོད་ངེས་རེད། མ་བཏང་ན་ཡོང་ཁག་པོ་རེད། དེ་ལྟར་མགོ་མི་ན་བའི་ཆང་འཐུང་རྒྱུ་གང་ན་ཡོད། དེ་ལྟར་བྱེད་པ་ལ་གཞུང་ཡིན་ན་གཡོལ་འགྲོ་གི་རེད་ལ། ཚོགས་པ་ཁག་ཀྱང་ཉལ་སར་ལྷུང་འགྲོ་གི་རེད། སྒེར་བ་འགའ་ད་ལྟ་ནས་ཤི་རྫུ་འདེབས་ཀྱི་ཡོད་འདི་པ་རེད། ལུག་བསད་ན་ར་འདར་བ་ལྟར་དྲ་འབྲུ་སྡར་མ་འགའ་ཡང་སྐྲག་ནས་ཅི་བཤད་འདི་བཤད་མི་འདུག མཐའ་མ་དེར་མེ་སྲེག་དོན་མེད་སྡུག་གྱོང་ཡིན་པ་དང་ཁོ་ཚོའི་བྱས་ཉེས་ཀྱི་ང་ཚོ་ལ་ཡང་ཅིག་བཟོས་སོང་མདོག་མདོག་གི་སྐད་ཆ་དང་འགྲིག་གི་མེད་ཚུལ་ཡང་གླེང་མི་སྲིད་པ་མིན། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ། བཀའ་ཐང་ཡིན་པ་ཡོད། རང་སྲེག་གི་ལས་འགུལ་ནི་བསམ་ཡུལ་ལས་འདས་པ་རང་རེད། རྒྱལ་སྤྱིའི་སྒང་ནས་བཤད་ན་ཡང་ཚད་མཐོ་བོ་རེད། ཡིན་ན་ཡང་ང་ཚོའི་རྒྱབ་སྐྱོར་གྱིས་འདང་གི་མེད་པ་གསལ་བོ་རེད། ང་ཚོས་དྲིལ་བསྒྲག་བྱས་པ་དང་རྒྱལ་སྤྱི་དང་ཕྱི་ནས་རོགས་རམ་སླེབས་པའི་རྨི་ལམ་ནི་རྨི་ལམ་རང་རེད། མ་འགྲིག་པ་ནི་ང་ཚོ་རེད། ང་ཚོས་རྒྱབ་སྐྱོར་དང་ནུས་པའི་འདང་གི་མེད། ད་དུང་ཁོ་ཚོའི་དམིགས་རེ་ལ་བར་ཆད་མ་བཟོས་ན་དགའ་བ། མི་བཟོ་བའི་ངེས་པ་མེད། ཉིས་སྟོང་བརྒྱད་ཀྱང་གྲོས་མོལ་གྱིས་བརླགས་པ་རེད། མེ་སྲེག་ལས་འགུལ་ཡང་ཞི་མོལ་གྱིས་བརླགས་ཉེན་འདུག ལོ་རྒྱུས་ལ་ཕྱི་མིག་ཅིག་གཟིགས་དང་། ང་ཚོའི་བོད་དོན་དེ་ནམ་ཡང་བར་ཆད་ཞིག་གིས་འཁྱེར་འགྲོ་གི་མི་འདུག་གམ། བོད་ནང་གི་བོད་མི་འགས་ཁྱིམ་ཚང་དང་བཟའ་ཚང་ཐ་ན་ཤ་ལས་ཆད་པའི་བྱིས་པ་དམར་རྐྱེན་ཡན་ཆད་བློས་བཏང་ནས་རྩ་དོན་རྩོད་ཀྱི་ཡོད་རེད། དེ་ལ་བསམ་ན་མིག་ཟུམ་ཐུབ་ཀྱི་འདུག་གམ། ང་ཚོས་རང་ཉིད་ཚ་དང་རྔུལ་མི་དགོས་པར་འགྲོ་སོང་སྐར་གང་ཡང་གཏོང་མ་དགོས་པའི་ཐོག་ནས་སྐད་ཆ་བཤད་ཀྱི་ཡོད་རེད། འདི་གནས་་ལུགས་དང་མཐུན་གྱི་མི་འདུག་ལ། ལས་འབྲས་ལ་ཡང་རུང་གི་མ་རེད། ཐབས་ལམ་མེད་ལ་མཐའ་མ་དེར་བསམ་གླིང་བས་བཤད་པ་ནང་བཞིན་སྡེབ་ལངས་བྱེད་དགོས་པ་རེད། ཡིན་ན་ཡང་མོའི་སྐད་ཆ་ནི་ཆ་ཚང་བ་ཞིག་མིན། བོད་ཕྱི་ནང་གཉིས་ནས་སྡེབ་ལངས་བྱེད་ཐུབ་ན་རང་སྲིད་རང་སྐྱོང་མ་ཟད་རང་བཙན་ཡང་རྡོག་རྡོག་བྱས་ཏེ་ང་ཚོའི་ལག་ཏུ་ཡོང་གི་རེད། ཡིན་ན་ཡང་ངས་བོད་ནང་གི་བོད་པ་ཚོར་ལངས་ཤོག ལབ་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན་ང་རང་ཉིད་ནས་བློས་གཏོང་བྱེད་ཐུབ་ཀྱི་མི་འདུག དེ་བཞིན་དུ་ང་ནང་བཞིན་ཁ་གསོན་པོ་དང་ལག་ཤི་བོ་ག་ཚད་ཡོད་པ་མ་རེད་དམ། མཐའ་མ་དེར་ཕྱི་སྡོད་ཚོས་ལྟད་མོར་ལྟ་ནས་མི་སྡོད་པའི་ངེས་པ་མི་འདུག ད་ལྟའི་བར་མི་བརྒྱ་མ་ཟིན་ཙམ་གྱིས་མེ་ལྕེ་ནང་སྲོག་བཏང་ཡོད་རེད། མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་ཙམ་གྱིས་འཐུས་པ་བྱེད་ཀྱི་ཡོད་རེད། དེ་ང་ཚོའི་ངོ་ཚ་ཞིག་མ་རེད་དམ། མ་འོངས་པར་བོད་ཀྱི་ལོ་རྒྱུས་ནང་ལྟ་བ་ཡིན་ན་ངོ་མ་དགོད་བྲོ་བོ་ཡོང་ས་རེད། ང་ཞེད་ས་གཅིག་ཀྱང་དེ་ཡིན། ལོ་རྒྱས་ཀྱིས་ང་ཚོ་ཡུལ་གྱར་བ་ལ་ཆད་པ་དྲག་པོ་གཅོད་ངེས་རེད། ངས་འདི་ལྟར་བཤད་དོན་སེམས་ཤུགས་ཆག་པའི་ཅེད་དུ་མིན། བསམ་བློ་གཏོང་ཆེད་ཡིན། གལ་ཏེ་དོན་ལ་འཁྱོལ་བའི་་ལས་འགུལ་ཞིག་སྤེལ་བ་ཡིན་ན་ང་ཚོ་ད་དུང་ཤི་ཡོད་མ་རེད་བསམ། ང་ཚོ་ལ་མགོ་འཁྲིད་མཁན་དང་ལམ་སྟོན་བྱེད་མཁན་ཡོད་མ་རེད། གལ་ཏེ་ཡོད་ན་བྲོ་ལ་བབས་པའི་རྔ་ཞིག་རྡུང་ཐུབ་རྒྱུ་རེད་སྙམ། ལས་འགུལ་སྤེལ་བ་ལ་ངེས་པར་དུ་འཚེ་བ་བྱེད་དགོས་པའི་ངེས་པ་མེད། དམ་པའི་ཆོས་དང་མཐུན་པ། འཇིག་རྟེན་མི་ཆོས་དང་མཐུན་པའི་ལས་འགུལ་སྤེལ་བ་ཡོད་རྒྱུ་རེད་སྙམ། ང་ཚོའི་ཁ་གཏད་དེ་རྒྱ་རེད། དགྲ་དམར་བོས་ཅི་བྱེད་ང་ཚོས་ཚོད་དཔག་ཐུབ་ཀྱི་མ་རེད། ཡིན་ན་ཡང་ང་ཚོས་སྡུག་ས་ནས་གྲ་སྒྲིག་བྱེད་དགོས་པ་རེད། གྲ་སྒྲིག་ཅི་ལྟར་བྱས་ན་བཟང་ས་རེད་། གསུངས་དང་། དངོས་གནས་ཡིན། ཉན་འདོད་ཡོད།
“Karmapa Gyalwa Karmapa Trinley Thaye Dorje during an interview with Hindustan Time
གྲོགས་པོ་རྣམས་འདི་གཅིག་ཀློག་ད་
http://www.hindustantimes.com/India-news/NewDelhi/I-strongly-wish-self-immolations-would-stop-soon/Article1-971493.aspx
༡༤/༡༢/༠༡༢
སྤྱིའི་ཆ་ནས་རང་ལས་མེར་སྲེག་གི་ནུས་པ་འདི་བརྗོད་གྱིས་མི་ལངས་པ་རེད་དམིགས་བསལ་བོད་ནང་ལོགས་སུ་ཆིག་སྒྲིལ་གྱི་ནུས་པ་ཧ་ཅང་ཐོན་བཞིན་འདུག་མ་ཟད་རང་སྐད་དང་རང་རིག་རྒྱུད་འཛིན་ཡར་སྤེལ་ལ་དེ་ལས་ཀྱང་ནུས་པ་ཆེན་པོ་ཐོན་བཞིན་འདུག་ཟླ་ཤས་གོང་ང་རང་ཡུལ་དུ་ཕ་མ་གཉིས་དང་སྤུན་མཆེད་ཆེད་སོགས་ལ་ཐུགས་པར་ཕྱིན་པ་ཡིན་་་དེ་ནི་མི་ལོ་བཅུ་བཞིའི་རྗེས་ནས་ང་ཚོ་མཇལ་འཛོམས་ཐོག་མ་དེ་རེད། ཚོར་པ་དང་མིག་ཆུ་སོགས་ནི་རང་བཞིན་པ་རེད་་་་འོན་ཀྱང་དེ་ནི་སྐབས་སུ་མ་བབ་པས་་་་་་
འབྲོག་ཁུལ་གཅེས་མ་ཞིག་སྟེ་ནོར་ལུག་གི་རྗེས་ནས་མི་ཚེ་གཏོང་མཁན་གྱི་གྲས་རེད་་་་་་ད་སྐབས་འགྱུར་པ་ཐེབས་ནས་ན་གཞོན་མང་ཆེ་བ་ཞིག་གིས་ཐ་ན་གློ་གྲི་སོགས་མཚོན་ཆའི་རིགས་གཏན་སྤངས་དང་གླེང་མོལ་སོགས་བྱས་ན་བོད་སྤྱི་བའི་དོན་དག་ལས་སྔོན་ཆད་བཞིན་ནོར་ལུག་དང་རྩ་སའི་སྐོར་མ་རེད། མ་ཟད་ཕ་སྐད་གཙང་མའི་གསར་བྱུང་ཐ་རྙད་སྟེ་དེང་རབས་འཕྲུལ་ངོས་མ་ལག་གི་མིང་རིགས་ཀྱང་ཤེས་ཚད་ཐོན་པོས་བེད་སྤྱོད་གཏོང་གིན་འདུག ང་དེར་སླེབས་མ་ཐག་ཨ་ཕས་ང་ལ་་་་་་་༼བུ་་་་ད་སྐབས་འདི་ནས་ཕ་སྐད་གཙང་མ་ཞིག་མ་ཤོད་ན་ངོ་ཚ་ཉོ་གི་རེད་ད་་་་་་སྐད་རིགས་འདྲ་མིན་ཧྲེས་མ་ཡོང་མ་གཏོག་འཕྱ་གི་རེད་ད་་་ང་ལོ་དྲུག་ཅུ་བརྒལ་ནའང་་་་ངས་ཡུལ་མྱིང་སོགས་སྔོན་ཆད་རྒྱ་མྱིང་ཡིན་པ་རྣམས་ད་སྐབས་བོད་མྱིང་དུ་སློབ་གྱིན་ཡོད་དཔེར་ན་་་་གོང་ཧྲེ་ཐོག་ལ་་་་་་་ཡུལ་འཚོའི་ཐོག་ལྟ་བུ་་་་་་་༽ཟེར། འདི་ནི་དཔེར་བརྗོད་ཙམ་དུ།
བོད་ཡིག་གློག་འདོན་དང་བོད་སྐད་དག་གཙང་ཤོད་པ་སོགས་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་འདུག་འདི་ལྟ་བུའི་འུ་ཅག་གི་འདས་པོ་ཚོའི་གཅིག་རྗེས་གཉིས་མཐུད་གྱི་ཧལ་ཆེམས་བཞིན་ཆིག་སྒྲིལ་གྱི་ནུས་པ་སོགས་ཧ་ལས་པ་ཞིག་རེད། ངས་བལྟས་ན་འདི་ནི་བོད་ནང་ལོགས་ན་རང་སྲེག་ལས་འགུལ་གྱི་ནུས་པ་ཧ་ལས་པ་ཐོན་བཞིན་འདུག་སྙམ།
འོན་ཏེ་ཕྱི་ལོགས་སུ་་་་་་མང་ཆེ་པ་ཞིག་གིས་བོད་པ་རང་ངོས་ནས་མ་འཕྱོང་བ་དང་ལྷག་དོན་བཙན་བྱོལ་སྒྲིག་འཛིགས་ནས་བག་གཡེངས་དང་ལྗིད་ལུགས་སུ་བསྡད་པས་རེད་ཟེར། དེ་ཡང་རྒྱུ་རྐྱེན་གཅིག་རེད་་་་་ད་བར་དུ་བཙན་བྱོལ་གཞུང་ནས་ཕྱི་ཕྱོགས་སུ་་་་་་མཆོད་འབུལ་ཙམ་དང་བརྔོ་སྨོན་ཙམ་ལས་གནད་ལ་ཁེལ་པས་ལས་འགུལ་ཞིག་སྤེལ་པ་གོ་རྒྱུ་མི་འདུག་་་་
གང་ལྟར་ཕྱི་ལོགས་ན་རང་སྲེག་གི་ནུས་པ་ཞེས་འཛུབ་མོ་གེར་ས་ཞིག་མི་འདུག་་་་་་་་་
༡༤/༡༢/༠༡༢
སྤྱིའི་ཆ་ནས་རང་ལས་མེར་སྲེག་གི་ནུས་པ་འདི་བརྗོད་གྱིས་མི་ལངས་པ་རེད་དམིགས་བསལ་བོད་ནང་ལོགས་སུ་ཆིག་སྒྲིལ་གྱི་ནུས་པ་ཧ་ཅང་ཐོན་བཞིན་འདུག་མ་ཟད་རང་སྐད་དང་རང་རིག་རྒྱུད་འཛིན་ཡར་སྤེལ་ལ་དེ་ལས་ཀྱང་ནུས་པ་ཆེན་པོ་ཐོན་བཞིན་འདུག་ཟླ་ཤས་གོང་ང་རང་ཡུལ་དུ་ཕ་མ་གཉིས་དང་སྤུན་མཆེད་ཆེད་སོགས་ལ་ཐུགས་པར་ཕྱིན་པ་ཡིན་་་དེ་ནི་མི་ལོ་བཅུ་བཞིའི་རྗེས་ནས་ང་ཚོ་མཇལ་འཛོམས་ཐོག་མ་དེ་རེད། ཚོར་པ་དང་མིག་ཆུ་སོགས་ནི་རང་བཞིན་པ་རེད་་་་འོན་ཀྱང་དེ་ནི་སྐབས་སུ་མ་བབ་པས་་་་་་
འབྲོག་ཁུལ་གཅེས་མ་ཞིག་སྟེ་ནོར་ལུག་གི་རྗེས་ནས་མི་ཚེ་གཏོང་མཁན་གྱི་གྲས་རེད་་་་་་ད་སྐབས་འགྱུར་པ་ཐེབས་ནས་ན་གཞོན་མང་ཆེ་བ་ཞིག་གིས་ཐ་ན་གློ་གྲི་སོགས་མཚོན་ཆའི་རིགས་གཏན་སྤངས་དང་གླེང་མོལ་སོགས་བྱས་ན་བོད་སྤྱི་བའི་དོན་དག་ལས་སྔོན་ཆད་བཞིན་ནོར་ལུག་དང་རྩ་སའི་སྐོར་མ་རེད། མ་ཟད་ཕ་སྐད་གཙང་མའི་གསར་བྱུང་ཐ་རྙད་སྟེ་དེང་རབས་འཕྲུལ་ངོས་མ་ལག་གི་མིང་རིགས་ཀྱང་ཤེས་ཚད་ཐོན་པོས་བེད་སྤྱོད་གཏོང་གིན་འདུག ང་དེར་སླེབས་མ་ཐག་ཨ་ཕས་ང་ལ་་་་་་་༼བུ་་་་ད་སྐབས་འདི་ནས་ཕ་སྐད་གཙང་མ་ཞིག་མ་ཤོད་ན་ངོ་ཚ་ཉོ་གི་རེད་གོ་་་་་་སྐད་རིགས་འདྲ་མིན་ཧྲེས་མ་ཡོང་མ་གཏོག་འཕྱ་གི་རེད་ད་་་ང་ལོ་དྲུག་ཅུ་བརྒལ་ནའང་་་་ངས་ཡུལ་མྱིང་སོགས་སྔོན་ཆད་རྒྱ་མྱིང་ཡིན་པ་རྣམས་ད་སྐབས་བོད་མྱིང་དུ་སློབ་གྱིན་ཡོད་དཔེར་ན་་་་གོང་ཧྲེ་ཐོག་ལ་་་་་་་ཡུལ་འཚོའི་ཐོག་ལྟ་བུ་་་་་་་༽ཟེར། འདི་ནི་དཔེར་བརྗོད་ཙམ་དུ།
བོད་ཡིག་གློག་འདོན་དང་བོད་སྐད་དག་གཙང་ཤོད་པ་སོགས་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་འདུག་འདི་ལྟ་བུའི་འུ་ཅག་གི་འདས་པོ་ཚོའི་གཅིག་རྗེས་གཉིས་མཐུད་གྱི་ཞལ་ཆེམས་བཞིན་ཆིག་སྒྲིལ་གྱི་ནུས་པ་སོགས་ཧ་ལས་པ་ཞིག་རེད། ངས་བལྟས་ན་འདི་ནི་བོད་ནང་ལོགས་ན་རང་སྲེག་ལས་འགུལ་གྱི་ནུས་པ་ཧ་ལས་པ་ཐོན་བཞིན་འདུག་སྙམ།
འོན་ཏེ་ཕྱི་ལོགས་སུ་་་་་་མང་ཆེ་པ་ཞིག་གིས་བོད་པ་རང་ངོས་ནས་མ་འཕྱོང་བ་དང་ལྷག་དོན་བཙན་བྱོལ་སྒྲིག་འཛིགས་ནས་བག་གཡེངས་དང་ལྗིད་ལུགས་སུ་བསྡད་པས་རེད་ཟེར། དེ་ཡང་རྒྱུ་རྐྱེན་གཅིག་རེད་་་་་ད་བར་དུ་བཙན་བྱོལ་གཞུང་ནས་ཕྱི་ཕྱོགས་སུ་་་་་་མཆོད་འབུལ་ཙམ་དང་བརྔོ་སྨོན་ཙམ་ལས་གནད་ལ་ཁེལ་པས་ལས་འགུལ་ཞིག་སྤེལ་པ་གོ་རྒྱུ་མི་འདུག་་་་
གང་ལྟར་ཕྱི་ལོགས་ན་རང་སྲེག་གི་ནུས་པ་ཞེས་འཛུབ་མོ་གེར་ས་ཞིག་མི་འདུག་་་་་་་་་
་ང་ལོ་དྲུག་ཅུ་བརྒལ་ནའང་་་་ངས་ཡུལ་མྱིང་སོགས་སྔོན་ཆད་རྒྱ་མྱིང་ཡིན་པ་རྣམས་ད་སྐབས་བོད་མྱིང་དུ་སློབ་གྱིན་ཡོད་དཔེར་ན་་་་གོང་ཧྲེ་ཐོག་ལ་་་་་་་ཡུལ་འཚོའི་ཐོག་ལྟ་བུ་་་་་་་༽ཟེར། འདི་ནི་དཔེར་བརྗོད་ཙམ་དུ། ་་ཟེར།
བཙན་བྱོལ་ནང་དུ། ཚང་མ། ལ་ ཧིན་སྐད་དུ། པུ་ར། བདུན་ཕྲག ལ། ཧབ་ཏ། ཞབས་ལྷམ་མམ་ལྷམ། ལ། ཇུར་ཏ་སོགས་ཟེར་སྲོལ་ཡང་ནོར་བགྱིད་འདུག་པས་ད་ང་ཚོ་ཙང་མས་་གཟབ་གཟབ་གནང་ནས་བོད་སྐད་གཙང་མ་བསྐྱོན་པ་འབད་དགོས་འདུག་གོ །
འཕྲིན་ལས་རྡོ་རྗེ་ལགས་ཀརྨ་པའི་ཡང་སྲིད་ཡིན་པར་ངས་ངོས་འཛིན་ཞུ་མི་ཐུབ་བོ། །དགོངས་དག
འདིའི་སྐོར་ལ་། ཕྱོགས་གཅིག་ནས་བཤད་ན་ལས་སླ་བོ་རེད་། བོད་ནང་དུ་ཧ་ཅང་ཚད་མཐོ་བའི་རང་སྲིག་གི་ལས་འགུལ་འདི་ལ་། རྒྱ་སྤྱིའི་ངོས་ནས་དོ་གནང་ཆེན་པོ་མེད་པར་བདེན་པ་རེད་། དོ་གནང་མི་བྱེད་པའི་རྒྱུ་མཚན་ནི་འདི་རེད་། ང་ཚོ་བོད་ཕྱི་ལ་ཡོད་པའི་བོད་མིས་རྒྱལ་སྤྱིའིནང་དུ་ཁོང་རྣམས་ཀྱིས་རང་སྲིག་མ་གནང་དཀའ་མེད་ཡིན་ཚུལ་། དེའི་དམིགས་ཡུལ་གང་ཡིན་པ་། དགོས་པ་གང་ཡིན་པ་། སྐད་འབོད་གང་བྱས་ཡོད་པ་རྣམས་ཕྱི་སྒྲགས་རྟག་པར་གནང་མ་ཐུབ་པདང་། ང་ཚོས་ཁོང་རྣམས་པའི་རེ་འདུན་ལ་རྒྱབ་སྐྱོར་ཐ་གཅིག་ཏུ་ཡོད་པའི་ལས་འགུལ་གྱི་རྣམ་གྲངས་ཉུང་བ་དང་། རྟག་པར་མེད་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་མཁྱོག་བཤད་དེ་ནི་ཉིན་རྟག་པར་གོ་རྒྱུ་ཐོས་རྒྱུ་མང་བ་དང་། དེས་རྒྱལ་སྤྱིའི་ས་ཆ་མང་པོ་བཀབ་ཡོད་པའི་རྒྱུ་མཚན་དག་རེད་།
བོད་མིའི་རང་ལུས་མེར་སྲེག་འདི་ལ་ལས་འགུལ་ལས་ལྷག་པའི་ནུས་པ་ཞིག་མ་ཐོན་ཐལ། སི་རི་ཡའི་མི་གཅིག་གི་རང་ལུས་མེར་སྲེག་དང་བོད་རིགས་མི་ ༡༠༠ ལྷག་མེར་སྲེག་དང་གྲི་གུམ། ཆུར་ལྕེབས་པ་སོགས་དང་བསྡུར་ན་ནུས་པ་ཅི་ཡང་མ་ཐོན་པ་རེད། ང་ཚོར་༼སྐྱིད་སྡུག་མཉམ་མྱོང་༽གི་ཁ་གཡང་དེ་ལམ་ལྷོང་མ་བྱུང་བ་རེད། བོད་མི་ཚོས་ཇི་འདྲ་བྱས་ན་ད་གཟོད་ནུས་པ་འཐོན་ཐུབ་པ་ཤེས་ཡོད་རུང་། ཤེས་བཞིན་དུ་མ་ནི་འདྲ་བཏོན་ནས་བསྡད་བཞག་པ་རེད། ཡང་ན་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ནས་བསྡད་པ་རེད། ཉེན་ཁ་དང་བློས་གཏོང་བྱེད་མཁན་ཡོད་དུས་རང་ཉིད་ཀྱིས་བདེ་ས་ཞིག་ལ་སྨོན་ལམ་བརྒྱབ་བསྡད་པ་རེད། སྔོན་ཆད་ཀྱི་ཝེ་ཐུ་མན་གྱི་དགེ་འདུན་པའི་མེར་སྲེག་དང་བསྡུར་ན་ཡང་ནུས་པ་ཐོན་མི་འདུག ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་དང་བསྡུར་ན་ཡང་ནུས་པ་ཐོན་མ་སོང་། ཕལ་ཆེར་ནུས་པ་ཞིག་འཐོན་རྒྱུ་ཡིན་པའི་རྟགས་མཚན་ཙམ་ཡང་གསལ་བོར་མི་མཐོང་གི། འདི་དག་སེམས་ལ་གནོད་སྤྱད་ཅིག་ཡིན་ཡང་། རང་གིས་གང་བསམ་པ་དང་མཐོང་བ་དག་དྲང་པོར་མ་བཤད་ན་དེ་བས་སྡུག་ཅིག་མི་འདུག་སྙམ་པ་ཡིན།
རྒྱུ་རྐྱེན་ནི། ང་ཚོ་བོད་རིགས་ཚོ་ཡུན་རིང་པོ་ཞིག་ལ་ཕྱོགས་ཁག་གཉིས་སུ་གྱེས་ཡོད།
༡། ཆབ་སྲིད་ཀྱི་ཕྱོགས་ནས་དབུ་མའི་ལམ་དང་རང་བཙན་རྩོད་མཁན་གཉིས་ཤུགས་ཆེན་པོའི་སྒོ་ནས་ཁ་ཁར་གྱེས་ཡོད། དེའི་སྟབས་ཀྱིས་བོད་མི་ཚོས་དོན་ངོ་མར་ཅི་ཞིག་རྩོད་ཀྱིན་པ་དང་། ཅི་ཞིག་རྩོད་འོས་པའི་ཐད་ལ་བོད་མི་རང་ཅག་ཚུད་པའི་ས་འཛམ་བུའི་གླིང་མགོ་འཐོམ་བསྡད་ཡོད།
༢། གནས་ཡུལ་གྱི་ཆ་ནས་བོད་གཞིས་བྱེས་གཉིས་སི་གྱེས་ཡོད། ཕྱི་ན་ཡང་ཆབ་སྲིད་ཀྱི་ལངས་ཕྱོགས་ཕན་ནས་བོད་ཀྱི་གནད་དོན་རྩོད་འདོད་ཡོད་མཁན་དང་མེད་མཁན་གཉིས་ཡོད། ནང་ན་ཡང་བོད་ཀྱི་རྩོད་འདོད་ཡོད་མཁན་དང་མེད་མཁན་གཉིས་ཡོད། དེའི་སྟབས་ཀྱིས་ལས་འགུལ་ལ་ནུས་པ་འཐོན་མ་ཐུབ་པ་རེད།
༣། བོད་མིའི་ལས་འགུལ་འདི་ད་སྐབས་ཤར་བོད་དང་ནུབ་བོད་གཉིས་སུ་གྱེས་ཡོད། ཁ་སང་དེ་རིང་འབར་གྱིན་པ་དག་ནི་གཙོ་བོ་བོད་ཤར་ཕྱོགས་པ་ཚོ་ཡིན། རྒྱ་ནག་གིས་ ༢༠༠༨ ལོ་བར་དུ་ཤར་བོད་དང་ནུབ་བོད་ལ་བཟུང་བའི་སྲིས་བྱུས་ཀྱང་ཁ་ཁ་ཡིན། སྔོན་ཆད་པན་ཆེན་རིན་པོ་ཆེ་མཆོག་གཙོས་པའི་ཤར་ཕྱོགས་ཀྱི་བོད་རིགས་བསམ་ཤེས་འགས་གནད་དོན་འདི་ཐུགས་ལ་ཤར་མྱོང་ཡོད།
༤། འཛམ་བུའི་གླིང་འདི་ཡང་བོད་ཀྱི་གནད་དོན་ལྟ་ཕྱོགས་ཐད་དུམ་བུ་གཉིས་སུ་གྱེས་ཡོད། གཞུང་དམངས་གཉིས་རེད། གཞུང་ཚང་མ་རྒྱ་ནག་གི་ཕྱོགས་ན་ཡོད། དམངས་གང་ལ་གང་འཚམ་བོད་ཀྱི་ཕྱོགས་ན་ཡོད། འོན་ཀྱང་སྟོབས་ཆེན་རྒྱལ་ཁབ་དག་གི་གཞུང་ནི་ཚོང་བ་སྟོབས་ཆེན་དག་གི་ལག་ན་ཡོད། ཚོང་བ་སྟོབས་ཆེན་ཚོ་རྒྱ་ནག་གི་ཁྲོམ་ར་ཆེན་པོ་དེའི་འོག་ཏུ་ཤོར་ཚར་ཡོད། ཉམ་ཆུང་མང་ཚོགས་ནི་ང་ཚོ་དང་གཅིག་པ་འདྲ་བོ་རེད། སྐད་བརྒྱབ་ཀྱང་ཉན་མཁན་མེད།
༥། ད་སྐབས་འཛམ་གླིང་འདི་གོ་རིམ་གསར་པ་ཞིག་ལ་སྒྲིག་བཞིན་པའི་སྐབས་རེད། སྐབས་འདིར་རྒྱལ་ཁབ་ཚང་མས་རང་རང་གི་གོ་རིམ་འགྲིག་སྟངས་དང་མནའ་འབྲེལ་རྒྱལ་ཁབ་འཚོལ་སྟངས་ཐད་མགོ་འཁོར་བསྡད་ཡོད་པ་རེད། ཚང་མར་རང་རང་གི་ས་ནས་རང་རང་གི་མ་འོངས་པ་གླེང་བཞིན་པ་ལས་བོད་དོན་གླེང་མཁན་དཀོན་པོ་རེད།
འདི་དང་འདི་ལྟ་བུའི་ཤུགས་རྐྱེན་མང་པོ་ཞིག་ང་ཚོས་གོ་རིམ་སྒྲིག་ན་གཞི་ནས་ལས་འགུལ་འདི་དག་ལ་ནུས་པ་ཅིའི་ཕྱིར་མ་ཐོན་པ་གསལ་བོ་དག་པོ་ཞིག་ངོ་འཕྲོད་སྲིད་པ་རེད། ངོ་འཕྲོད་སོང་ན་དེ་ནས་བསྐྱར་དུ་ལས་འགུལ་འདི་ལྟ་བུ་སྤེལ་རྒྱུ་ཡིན་མིན་ཐག་གཅོད་སླ་གི་རེད། དེ་མིན་ཅི་ཡང་གླེང་མི་ཤེས་པའི་ཚོད་རེད།
དགོངས་དག གོང་གི་མཆན་འདིའི་ནང་དུ་ཆད་ལྷག་ནོར་འཁྲུལ་འགའ་རེ་ཤོར་འདུག ཉེས་པ་དང་ལེན་བྱེད། རྗེས་མར་མཆན་དེ་ཚོ་ཡར་མ་སྤེལ་བའི་སྔོན་ལ་ཞུ་དག་རེའི་ཕྱོགས་ལ་གཟབ་ངེས་ཡིན།
བཀྲིས་བདེ་ལེགས་
རང་ལུས་མེར་བསྲེགས་ལ་རྒྱལ་སྤྱིའི་དོ་སྣང་མེད་པའི་རྒྱུ་མཚན་ནི་ བོད་ནང་གནས་ཚུལ་ཁྱབ་སྤེལ་ལ་བཀག་འགོག་བྱས་པས་དབང་གིས་གནས་ཚུལ་དུས་ཐོག་འབྱོར་གྱི་མེད་པ་དང་གཅིག་ ཕྱི་སྡོད་བོད་མིའི་སྒྲིག་འཛུགས་ཀྱི་བོད་ནང་འབྲེལ་བ་མེད་པ་དང་བྱེས་འཁོད་གཉེན་ཉེའི་ས་ནས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་རྩལ་འདོན་མི་བྱེད་པ་དང་ཡུན་འགོར་ཆེ་བ་ གནས་ཚུལ་རྣམས་ཚོགས་སྒེར་གྱི་ཕྱིར་འདོན་བྱས་པས་འདེངས་འཇོག་མེད་པར་འགྱུར་བ་དང་གཉིས་ བཅས་བདག་གི་དྲན་པ་འདི་ཡིན་
ཐུགས་རྗེ་ཆེ་
ཡང་བཙན་བྱོལ་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་ཀ་བྱས་སྟེ་རང་བཙན་གྱི་སྐད་འབོད་དེ་རྒྱུན་དུ་ཕྱི་ནང་ལྐོག་གསུམ་དུ་འགོག་རྒོལ་བྱས་པས་དབང་གིས་རང་བསྲེགས་ལས་འགུལ་ཐོག་མ་ཐོན་པ་ནས་འབྲེལ་ཐག་རིང་པོ་བཞག་པ་དང་སྐབས་ཐོག་མཆོད་འབུལ་ཙམ་མ་གཏོགས་རྒྱལ་སྤྱིའི་ཐོག་ཡིན་ལུགས་ཚུལ་ལྡན་གྱི་གསར་འགོད་གསལ་བསྒྲགས་སྤེལ་མི་ཐུབ་པ་ བློ་སེང་གི་བསམ་བློར་གསར་འགོད་པར་བལྟ་སྟངས་ཞན་པ་དང་བོད་རིགས་གསར་འགོད་པར་ཁྱད་གསོད་ཁོ་ན་བྱེད་པས་ལམ་སྲོལ་ངན་པ་རྒྱུན་སྐྱོང་བྱེད་པ་ རང་བསྲེགས་པས་འབོད་སྒྲ་དེ་སྟབས་མི་བདེ་བར་འགྱུར་བས་༼རང་དབང་༽་ལ་ཁ་འགྱུར་བྱེད་པ་བཅས་ཡིན་
ངས་འདིར་ཅི་བྲིས་ཀྱང་འགྲོ་མི་འདུག
ངས་འདིར་ཅི་བྲིས་ཀྱང་འགྲོ་མི་འདུག
ཨ་དགའ་ཟླ་བྷེ་ཡ། ཁྱོའི་ལག་དེས་ཅི་འདྲ་ཞིག་འབྲི་ཐུབ་མིན་མི་ཤེས་རེད། ཁྱོའི་ཁ་དེ་ཐལ་ངོ་མ། དཀོན་མཆོག་གིས་བྱིན་རླབས་ཞུགས་ཡོད་ནི་འདྲ་ཟིག་ཡིན་ཡ། ཁ་རྩང་དེ་རིང་། ཁྱོས་རྒྱ་གདང་དེ་ན་ཆི་ཟིག་བྱེད་ཀི་ཡོད། ཁ་ཁ་རོག་ལ་བསྡད་ཡོད་ནེ། ཅང་གོ་རྒྱུ་ཟིག་མེད་ཀི།
མེ་སྲེག་ངོ་རྒོལ་འདིའི་ཆེད་དུ། རྒྱ་འདྲེ་ཚང་ལ་མྱི་གཤིས་མེད་པའི་ངོ་མཚང་བླ་སྒུལ་ཤིག་གི་གཤུར་ཟིག་འཐེན་ན་མི་བལ་འི་ནེ།
ཨོ་རྒྱན་ཉི་མ་ཟེར་བ་ཞིག་གིས་མཆན་མང་པོ་ཞིག་བྲིས་འདུག་ ཁོ་བོ་མིན་པ་ཤེས་པར་གྱིས་ཤིག
ཉེ་སྔོན་ཁ་བརྡས་ང་བཀག་འགོག་བྱས་སོང་མོད། ཁ་རོགསལ་ལ་བསྡད་པ་ཡིན། དེང་སང་ཨོ་རྒྱན་ཉི་མ་ཟེར་བ་གཞན་པ་ཞིག་གིས་མཆན་མང་པོ་བཏབ་ཡོད་པ་མཐོང་སོང་མོད། བཟང་ངན་གང་ལྟར་ཡང་ཁོ་བོ་མིན་པ་ཤེས་པར་གྱིས་ཤིག སྤྲུལ་མིང་པ་ཨོ་རྒྱན་ཉི་མས་དབྱིན་ཡུལ་ནས།
༤༣ བཀྲིས་བདེ་ལེགས་
རང་ལུས་མེར་བསྲེགས་ལ་རྒྱལ་སྤྱིའི་དོ་སྣང་མེད་པའི་རྒྱུ་མཚན་ནི་ བོད་ནང་གནས་ཚུལ་ཁྱབ་སྤེལ་ལ་བཀག་འགོག་བྱས་པས་དབང་གིས་གནས་ཚུལ་དུས་ཐོག་འབྱོར་གྱི་མེད་པ་དང་གཅིག་ ཕྱི་སྡོད་བོད་མིའི་སྒྲིག་འཛུགས་ཀྱི་བོད་ནང་འབྲེལ་བ་མེད་པ་དང་བྱེས་འཁོད་གཉེན་ཉེའི་ས་ནས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་རྩལ་འདོན་མི་བྱེད་པ་དང་ཡུན་འགོར་ཆེ་བ་ གནས་ཚུལ་རྣམས་ཚོགས་སྒེར་གྱི་ཕྱིར་འདོན་བྱས་པས་འདེངས་འཇོག་མེད་པར་འགྱུར་བ་དང་གཉིས་ བཅས་བདག་གི་དྲན་པ་འདི་ཡིན་
ཐུགས་རྗེ་ཆེ་
༤༤༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༨ གི་ཆུ་ཚོད་ ༨ སྐར་མ་ ༥༣
ཡང་བཙན་བྱོལ་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་ཀ་བྱས་སྟེ་རང་བཙན་གྱི་སྐད་འབོད་དེ་རྒྱུན་དུ་ཕྱི་ནང་ལྐོག་གསུམ་དུ་འགོག་རྒོལ་བྱས་པས་དབང་གིས་རང་བསྲེགས་ལས་འགུལ་ཐོག་མ་ཐོན་པ་ནས་འབྲེལ་ཐག་རིང་པོ་བཞག་པ་དང་སྐབས་ཐོག་མཆོད་འབུལ་ཙམ་མ་གཏོགས་རྒྱལ་སྤྱིའི་ཐོག་ཡིན་ལུགས་ཚུལ་ལྡན་གྱི་གསར་འགོད་གསལ་བསྒྲགས་སྤེལ་མི་ཐུབ་པ་ བློ་སེང་གི་བསམ་བློར་གསར་འགོད་པར་བལྟ་སྟངས་ཞན་པ་དང་བོད་རིགས་གསར་འགོད་པར་ཁྱད་གསོད་ཁོ་ན་བྱེད་པས་ལམ་སྲོལ་ངན་པ་རྒྱུན་སྐྱོང་བྱེད་པ་ རང་བསྲེགས་པས་འབོད་སྒྲ་དེ་སྟབས་མི་བདེ་བར་འགྱུར་བས་༼རང་དབང་༽་ལ་ཁ་འགྱུར་བྱེད་པ་བཅས་ཡིན་
འདི་གཉིས་ཀ་ཁོ་བོས་བྲིས་པ་མིན། གཞན་གྱི་མཚན་དངོས་གནས་ཡིན་ན་དགོངས་དག སྤྲུལ་མིང་པ་ཨོ་རྒྱན་ཉི་མས
སྤྲུལ་གོག་སྤྲུལ་བརྫུས་ཆོས་ལུགས་ཀྱི་ཆགས་སྡང་དུག་ཆང་གིས་བཟི་བའི་རིགས་བཀག་འགོག་བྱས་པར་ཡི་རངས་ཡོད།
ཁ་བརྡ་འདི་ཞི་བདེའི་གླིང་ག་ཞིག་ཏུ་འགྱུར་བཞིན་ཡོད། ཨོ་ཉིས་མཚོ་སྡོན་དྲ་རྒྱ་སོགས་སུ་ཆོས་ལུགས་དང་མི་རིགས་ཀྱི་མཐུན་འབ྄ེལ་གནོད་གཞིའི་རྩོམས་ཉོག་མང་པོ་བྲིས་ཡོད་ཁོང་ཚོས་ཀྱང་རྩམོ་དེ་རིགས་བཅུག་ཀྱང་བྱེད་ཀྱི་འདུག
དེ་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་མེད་ན་ཡུལ་གྱར་བའི་རྩོམ་དེ་འདྲ་གང་ནས་བཅུག
མཆན་བུ་འདི་ནི་ང་ལ་ངོ་དེབ་ཐོག་ནས་གྲོགས་པོ་ཞིག་གིས་མེར་སྲེག་ཐད་བསམ་ཚུལ་དྲིས་པའི་ལན་ཞིག་ཡིན།
ཀ་ནི་དྲི་བ་དང་ཁ་ནི་ལན་ཡིན།
ཀ༽བོད་ནང་གི་མེ་བསྲེགས་ཐད་ནས་ཁྱེད་ཀྱི་དགོངས་ཚུལ་གང་ཡིན་ལགས།.
ཁ༽ངས་དེའི་ཐད་རྩོམ་ཡིག་ཚིག་བཅད་ཅིག་དང་ཚིག་ལྷུག་ཅིག་གཉིས་བྲིས་པ་ཡིན.
དྲ་རྒྱ་སྒོ་ཕྱེ་མི་ཕོད་པ་འདྲ་ཞིག་རེད།ཡིན་ན་ཡང་ཕན་ཐོགས་ནི་ཧ་ཅང་ཆེན་པོ་ཡོད་པ་ཞིག་ལ་མཐོང་གི་ཡོད།.
ཀ༽རྒྱལ་བ་རིན་པོ་ཆེས་འབོད་སྐུལ་ཞུ་དགོས་ཀི་ཟེར་བའདིའི་ཐད་ནས་་་་་་་་་
ཁ༽རྒྱལ་བ་རིན་པོ་ཆེས་དམིགས་བསལ་བཀག་འགོག་མི་གནང་བ་དང་གནང་གཉིས་ཀ་དཀའ་ངལ་ཞིག་ལ་ཏན་ཏན་མཐོང་གི ཡིན་ན་ཡང་། འདི་ལྟར་བཞུགས་པ་དེ་ཡང་འདེམས་ཀ་མེད་པའི་འདེམས་ཀ་ཞིག་ཏུ་མཐོང་སོང་།
ཀ༽ངས་ཀྱང་དངོས་གནས་དེ་འདྲ་ཞིག་རེད་དྲན་གི
འདི་ཙམ་ཞིག་རེད།
ཆ་ཚང་ཀློག་ཟིན་་་་་་འཚམས་རེར་ཅུང་ཙམ་ཉོག་འདུག་པ་ལས་སྤྱིའི་ཆ་ནས་ནུབ་ཕྱོགས་པའི་རྩོམ་ཉམས་ཀྱི་ཆ་འདྲེས་པ་གསར་རྩོམ་གྱི་ཉམས་ལྡན་པས་ཡག་པོ་བྲིས་འདུག
ཀླུ་སྨྱོན་ལགས་་་་་་་ང་ལ་དྲི་བ་གལ་ཆེན་ཞིག་འདུག་་་་་་་དང་པོ་ཕོག་ཐུགས་འདྲ་བྱུང་སོང་ན་དགོངས་འགལ་མེད་པར་ཞུ་་་་་ངོས་གནས་ཤེས་འདོད་ཡིན་མ་གཏོག་སྐྱོན་བརྗོད་འདྲ་བྱེད་འདོད་པ་གཏན་ནས་མིན།
ངོ་མ་བཤད་ན་་་་བླ་མ་དང་གྲྭ་པ་ཚོ་ཨ་རུ་དང་ཕྱི་གླིང་ཡུལ་ན་ཇི་ལྟར་འཚོ་བཞིན་ཡོད་པ་རེད་དམ། གྲྭ་ཆས་ཕུད་དེ་སྐྱ་ཆས་གྱོན་ནས་ལས་ཀ་བྱེད་གྱིན་ཡོད་པ་རེད་དམ། ག་རེ་བྱེད་ཀྱིན་ཡོད་པ་རེད་་་་་འདི་ངོ་མ་ང་ལ་ཤེས་འདོད་ཆེན་པོ་འདུག་་་་
ང་རང་ངོས་ནས་ཕྱི་གླིང་ཡུལ་ན་ངོ་ཤེས་གྲྭ་པ་དེ་འདྲ་མེད་
ངས་ཤོད་རྒྱུ་དེ་ཨ་རི་སོགས་ནུབ་ཕྱོགས་ཡུལ་གང་ཡིན་ཡང་ལས་ཀ་ཞིག་མེད་ན་འཚོ་སྡོད་བྱེད་མི་ཐུབ་པ་ཞིག་རེད།
དེ་ན་འུ་ཅག་བོད་པའི་བླ་གྲྭ་ཚོས་སྐྱ་ཆས་གྱོན་ནས་ང་ཚོ་མི་ཕལ་ཚོ་ནང་བཞིན་ལས་ཀ་ཐབས་སྡུག་རེ་བྱས་ནས་བསྡད་ཡོད་རེད་དམ།གལ་སྲིད་དེ་འདྲ་ཡིན་ན་དེ་ནི་མ་འཚམས་པ་དང་མི་འོས་པ་འདྲ་ཞིག་འདུག་ག་་་་
འུ་ཚོ་བོད་པའི་སྤྱི་ཚོགས་ཏུ་བླ་མ་དང་གྲྭ་བ་ཞིག་ཟེར་དུས་གོང་དུ་བཀུར་པ་ཞིག་ཡིན་པས་་་་་
འོ་་་དགོངས་དྭགས་ཞུ་འཆན་འདི་ཀླུ་སྨྱོན་ལ་བྲིས་པ་འདིར་ཤོར་བཞག་་་་་་་་་
གནད་དུ་ཁེལ་བའི་བགྲོ་གླེང་དོན་དོན་ཅི།
དགོངས་དག་ ཨོ་རྒྱན་ཉི་མ་ཟེར་བ་གཞན་ཞིག་ཡོད་པ་ངས་མ་ཤེས་སོ་ བདག་གི་མིང་ངོ་མ་མིན་སྟེ་བདག་ལ་སྲིད་པ་རྡོ་རྗེ་ཅེས་ཟེར་གི་ཡོད་ བཀྲིས་བདེ་ལེགས་
དྲ་གྲོགས་ཡོངས་ལ་མཚམས་འདྲི་ཞུ།
ད་ལྟ་རྒྱ་ནག་གཞུང་ནས་རང་སྲེག་ཐད་ནང་ཁུལ་དུ་མི་རྣམས་ཀྱི་ཀླད་པ་འཁྲུ་བའི་ལས་འགོ་ཞིག་ཚུགས་བཞིན་ཡོད་པ་དང་། དེ་ནི་རང་སྲེག་དེ་ཉིད་མི་གཞན་གྱི་བསྐུལ་སློང་འོག་ཏུ་བྱུང་བ་ཡིན་རབས་དང་། བསྐུལ་སློང་བྱེད་མཁན་འགའ་ཤས་འཇུ་བཟུང་ཐོབ་རབས་སོགས་དེ་དག་ཚང་མ་བཟོ་དོན་ནི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གི་དབང་དུ་ཡིན་པ་དང་། འཇིགས་སྐུལ་དང་རྫུན་གཏམ་གྱི་འདྲེ་ལག་གཉིས་པོ་སྔར་བཞིན་གནམ་ལ་གཡུག་ནས་བདེན་པ་འགེབས་བཞིན་པ་མངོན་གསལ་རེད། དེ་ལྟར་བྱེད་པ་གཙོ་བོ་ནང་ཁུལ་དུ་ཁ་གཏད་པའི་ཆབ་སྲིད་གཅིག་ཡིན་པ་དང་། བོད་པ་དང་རྒྱ་མི་རྣམས་ཀྱི་ཁྲོད་དུ་རང་སྲེག་གི་འབྱུང་རྐྱེན་གསལ་པོ་ཧ་མ་གོ་བ་དག་ལ་འཁྱོག་བཤད་དང་། ཧ་གོ་མཁན་དག་ལ་ཡང་ཨུ་ཚུགས་ངང་ཀླད་པ་འཁྲུ་ཨེ་ཐུབ་བལྟ་བ་རེད། རྒྱལ་སྤྱིའི་ཐོག་རང་སྲེག་ཐད་རྒྱ་ནག་བདེན་པ་ཤོར་ཚར་བ་ནི་རྒྱ་ནག་གཞུང་རང་གིས་དཔོག་སླ་བ་རེད་ལ་དེ་རིང་ཁ་སང་གི་གསར་འགྱུར་ལ་བལྟས་ན་རང་སྲེག་གི་ནུས་པ་རྒྱལ་སྤྱིའི་ཐོག་ད་ལྟ་ཐོན་དང་ཐོན་བཞིན་པ་རེད་འདུག དེ་ལྟར་རང་སྲེག་ནི་བོད་པ་མི་བུ་རེ་རེས་སྒེར་ངོས་ནས་མི་རིགས་ཀྱི་རང་དབང་རྩོད་པའི་འཐབ་རྩོད་ཞིག་ཆགས་ཡོད་པ་དང་། ཁ་ཅིག་མཉམ་དུ་རང་སྲེག་དང་ཆུ་ལ་ལྕེབས་མཁན་དེ་དག་ནི་མི་རིགས་སྲུང་སྐྱོབ་ཆེད་དུ་བློ་མཐུན་ནས་བློས་གཏོང་གི་ལམ་དུ་བཞུགས་པ་ཡིན་པས་རང་སྲེག་གི་བློས་གཏོང་འདིས་ང་ཚོ་ལ་རང་དབང་གི་སྐྱ་རེངས་དྲངས་སོང་ཅེས་བོས་ཀྱང་ཐལ་མི་དྲག་པར་སྙམ། ད་འོ་ན་ང་ཚོའི་རང་དབང་ནི་རྒྱ་མིའི་ལག་ནས་ལེན་དགོས་པ་ཡིན་པས་རྒྱ་མི་དེ་ཚོ་ཅི་འདྲ་རེད་ཟེར་ན། རྒྱ་མིའི་མི་གྲངས་ནང་ནས་བཤད་ན་ཞིང་པའི་གྲངས་འབོར་བརྒྱ་ཆ་༩༠ཙམ་ལ་སླེབས་ཀྱི་ཡོད། ཞིང་པ་དེ་ཚོ་ལྟོ་ཕོར་པ་གང་གི་ཆེད་དུ་ཞོགས་སྔ་ལངས་དགོང་ཕྱི་ཉལ་བྱེད་བཞིན་པ་དང་། མང་པོ་ཞིག་གི་ངོས་ནས་བཤད་ན་བོད་ཟེར་བར་རྒྱུས་མངའ་མེད་པ་དང་། ཐ་ན་གང་དུ་ཡོད་མེད་མི་ཤེས་པ་དང་། ལོ་རྒྱུས་སོགས་ནི་ཚལ་ཟ་བྱེད་ཀྱི་ཤིང་ཐུར་གཉིས་དང་འབྲེལ་བ་མེད་པས་ཁོང་ཚོས་ཀྱང་བོད་རང་བཙན་བྱུང་དང་མ་བྱུང་ལ་དེ་ལྟའི་མཐོང་ཆེན་བྱེད་པ་མ་རེད། རྒྱུ་མཚན་འདི་དག་དབང་གིས་རྒྱུན་དུ་ཤེས་ཡོན་ཅན་གྱི་སྡེ་ལ་མི་རིགས་ཤིག་གི་སྒོ་ངའི་ནང་གི་གསེར་རིལ་ནམ་འོ་མའི་ནང་གི་སྤྲི་ཞེས་འབོད་ཚུལ་ཡོད། རྒྱ་མི་ཤེས་ཡོན་ཅན་རྣམས་ཀྱི་ཁྲོད་དུ་ཕལ་ཆེ་བར་རྒྱ་མི་རིགས་ཆེན་པོའི་འདུ་ཤེས་ཟབ་པོ་ཡོད་པ་དང་རང་ལྟ་མཆོག་འཛིན་གྱི་ངན་ཤན་ཧ་ཅང་ཟབ་པ་དང་། ཁོང་ཚོའི་རིག་གནས་ཀྱི་སྤྱི་ཁོག་ནི་ང་ཚོ་དང་མི་འདྲ་བར་ཚེ་འདི་ཁོ་ན་གཙིགས་སུ་འཛིན་པ་ཡིན་པས་ཚེ་འདིའི་ཐོབ་ཤོར་ལ་ཤིན་ཏུ་རྣག་པ་རེད། རྒྱུ་མཚན་དེའི་དབང་གིས་ཁོང་ཚོ་བོད་ལ་དགའ་ཟེར་བ་ཡང་བོད་ཀྱི་རི་ཆུ་རྩ་ཐང་དང་། ནགས་ཀླུང་གཏེར་རི་ཡིན་པ་ལས་བོད་པ་མ་ཡིན་པ་དང་། བོད་པ་ཟེར་བ་ཡང་ཁོང་ཚོའི་མིག་ནང་དུ་ཁོང་ཚོ་ལས་ཞེ་དྲག་རྗེས་ལུས་ཀྱི་མི་རིགས་ལ་བལྟ་བ་རེད། རྒྱུ་མཚན་དེ་དག་གི་དབང་གིས་ད་ལྟ་བོད་ལ་གཞི་རྒྱ་ཆེ་བའི་རང་སྲེག་དེ་དག་བྱུང་ཀྱང་རྒྱ་མི་ཤེས་ཡོན་ཅན་ཕལ་ཆེ་བ་ཁ་བཙུམ་ནས་བསྡད་པ་དང་། རྩོམ་ཡིག་རེ་གཉིས་བྲི་མཁན་ཡོད་པ་དེ་དག་གིས་ཀྱང་ཉེ་ས་ནས་བོད་ལ་ཕན་པ་ལྟ་བུ་དང་རིང་ས་ནས་རྒྱ་ལ་ཕན་ཐབས་རང་ལ་འབད་པ་རེད། གང་ལགས་ཟེར་ན་ཁོང་ཚོ་བོད་ཤོར་ཡོང་སྙམ་པའི་སེམས་ཁྲལ་ཡོད་པ་གསལ་པོ་རེད་ལ། ལོ་རྒྱུས་ཀྱི་ཕུ་དེད་ཀྱང་རུང་། ད་ལྟའི་རྒྱལ་སྤྱིའི་ཐོག་མི་རིགས་རང་ཐག་རང་གཅོད་ཀྱི་དམངས་གཙོའི་འགྲོ་ཕྱོགས་སམ། མི་རིགས་མང་པོ་རང་བཙན་ཐོབ་དང་ཐོབ་བཞིན་པའི་དུས་འགྱུར་འདི་དག་ལ་ཁོང་ཚོ་སྐྲག་ཡོད། མདོར་སྒྲིལ་ན། རྒྱ་མི་ཤེས་ཡོན་ཅན་རྣམས་ལ་ད་ལྟ་ཆུ་ཚ་པོ་བླུགས་པའི་རྫ་བུམ་ལག་ཏུ་བཟུང་བ་ལྟ་བུའི་ཚོར་བ་དེ་ཡོད་པ་རེད། ཁོང་ཚོའི་སེམས་ན། གལ་སྲིད་མང་གཙོའི་ལམ་དུ་ཕྱིན་ན་བོད་དང་ཡུ་གུར་སོགས་རང་བཙན་རྒྱལ་ཁབ་ཆགས་ཡོང་སྙམ་པ་དང་། མང་གཙོའི་ལམ་དུ་མ་ཕྱིན་ན་ཉི་མ་རེ་རེ་བཞིན་རྒྱ་ནག་གི་ད་ལྟའི་རུལ་སྲུང་ལམ་ལུགས་དེ་རང་དབང་ཁྲོམ་རའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ལམ་བུ་དོག་ཏུ་འགྲོ་བཞིན་པ་དང་། ནང་ཁུལ་གཞུང་འབངས་དབར་ས་ཆ་དང་དཔལ་འབྱོར་ཐོག་ནས་འགལ་བ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དེ་རེད། མ་འོངས་པའི་ལམ་བུ་ནི་བོད་པ་རྣམས་ཀྱི་ལག་ཏུ་ཡོད་པ་རེད། བུ་རབས་ཚ་རྒྱུད་རྣམས་ཀྱིས་ཀྱང་ང་ཚོའི་རིག་གནས་ཀྱི་རྒྱུན་བཟུང་ནས་བྱམས་སྙིང་རྗེ་ཅན་གྱི་མི་རིགས་ཤིག་བྱེད་དམ། ཡང་ན་རྒྱ་མི་རིགས་བཞིན་ཚེ་འདིའི་བདེ་བ་ཁོ་ན་གཙིགས་སུ་བཟུང་ནས་སེམས་ཅན་དབུགས་ཡོད་པ་ཐམས་ཅད་ཁ་ལ་འདེབས་པའི་མི་རིགས་ཐ་ཤལ་ཤིག་གི་ནང་དུ་རང་གི་ཁྲག་རྒྱུད་ཐིམས་འགྲོ་བར་བྱེད། དེ་ནི་བོད་པ་རྣམས་ཀྱི་མདུན་དུ་ཡོད་པའི་ལམ་བུ་གཉིས་རེད།
ཐོག་མར་བརྗོད་གཞི་འགོ་མ་བཟུང་སྔོན་ལ་ཁ་བརྡ་དྲ་ཚིག་གི་ལས་བྱེད་ཡོངས་དང་དྲ་གྲོགས་ལ་མཚམས་འདྲི་ཞུ།
སྤྱིར་ང་རང་ལ་མཚོན་ན་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་དམའ་བ་དང་ཕོ་ལོ་༢༥བརྒལ་ལ་ཉེ་བའི་བོད་པ་ཞིག
ཉེ་བའི་ལོ་འཁོར་དུ་མའི་རིང་རང་ལུས་མེ་སྲོག་གཏོང་མཁན་བརྒྱ་ཕྲག་ལས་བརྒལ་གྱིན་ཡོད་མོད། མེ་སྲོག་གཏོང་སྐབས་ཀྱི་ཞལ་ཆེམས་དང་སྐད་འབོད་སོགས་སྐད་ཡིག་གང་མང་ཐོག་བསྒྱུར་ནས་འགྲེལ་བཤད་ཞིབ་ཚུགས་བརྒྱག་པ་གལ་ཆེནའོ། ད་ལྟ་ང་ཚོའི་གནས་ཚུལ་འདི་རྒྱལ་སྤྱིའི་ཐོག་ཤེས་མཁན་%29ནས་33བར་ཡིན་པའི་དིའི་ནང་ཡང་ཞིབ་འཕྲའི་གནས་ཚུལ་ཤེས་མཁན་%18ནས21བར་ཡིན། དེའི་སྐོར་ལ་འགྲེལ་བཤད་དགོས་པ་མཆིསོ།
ང་ཚོ་བོད་གཞིས་བྱས་གཉིས་ནས་དུས་ཚོད་གཏན་ཁེལ་བཟོ་ནས་རྡེབས་ལང་ཞིག་བྱས་ན་སྔར་ལས་ལྷག་པའི་ནུས་པ་ཞིག་དང་གྲུབ་འབྲས་ཡོད་པར་སེམས། དེ་ནི་གཟི་བརྗིད་ལྡན་པའི་ལས་འགུལ་ཞིག་སྤེལ་དགོས། དཔའ་རྒོད་གང་མང་ཞིག་གི་ཚེ་སྲོག་ཤོར་སྲིད་མོད། དེ་ནི་རྒྱུ་མཚན་ལྡན་པ་ཞིག་རེད། གང་ཡིན་ཟེར་ན། ང་ཚོའི་རྩོད་གཞི་ནི་མི་ཚང་གཅིག་གི་བདེ་སྡུག་ཙམ་མ་ཡིན་པར་མི་རིགས་ཞིག་རྩོད་ལེན་བྱེད་ཀྱིན་ཡོད་མོད། ཤོར་རིན་འདུག >>>>>>>གལ་སྲིད་དེ་མ་ཐུབ་ན་ཡང་། ཐུབ་འོས་པའི་ལས་འགུལ་ནི་སྐད་ཡིག་སྲུང་སྐྱོབ་རེད།
སྐད་ཡིག་ཉམས་ན་མི་རིགས་འདི་ཉམས་པ་ཡིན་མོད། སྐད་ཡིག་ནི་ང་ཚོའི་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས།
རང་རིགས་དྲ་འབུ་དག་གི་ཀྱང་དྲ་ཐོག་གང་རུང་ནས་རྒྱ་རིགས་ན་གཞོན་ཚོ་བོད་ཀྱི་གནས་སྟང་སྐོར་ལ་བསམ་ཚུལ་བསྡུ་ལེན་དང་བོད་ཀྱི་ཛ་དྲགས་གི་གནས་སྟང་འགྲེལ་བཤད་རྒྱག་དགོས། ད་ལྟ་དུས་ཚོད་ཀྱི་སྐྱེན་གྱི་འབྲི་འཚམས་འདི་ནས་འཇོག