དེ་རིང་ནས་དྷ་ཤོད་བོད་ཁྱིམ་ཚོགས་ཚང་དུ་བོད་རིགས་དགེ་རྒན་ཚོགས་ཆེན་ཐེངས་དང་པོ་དེ་ཚོགས་བཞིན་ཡོད་ཅིང་། འབྲེལ་ཡོད་ནས་ཁ་བརྡ་དྲ་དེབ་ཐོག་༼ཤེས་ཡོན་ཡར་རྒྱས་དང་དེའི་གལ་གནད་༽སྐོར་ལ་བསམ་ཚུལ་བརྗོད་སའི་ས་མིག་ཅིག་བཀོད་སྒྲིག་ཡོང་བ་དང་། མ་འོངས་པར་དེའི་ནང་གི་བསམ་ཚུལ་ལེགས་པ་རྣམས་ཤེས་རིག་ལས་ཁུངས་སུ་འབུལ་འཆར་སོགས་ཀྱི་རེ་སྐུལ་གནང་དོན་བཞིན། གོང་གསལ་བརྗོད་གཞིར་བསམ་ཚུལ་སྤེལ་བའི་གོ་སྐབས་འབུལ་རྒྱུ་ཡིན།
དུས་ཡུན་ནི་དེ་རིང་ནས་ཉིན་གསུམ་རིང་བགྲོ་གླེང་བྱེད་རྒྱུ་ཡིན། བགྲོ་གླེང་གནང་ཕྱོགས་ཐད་ནས་དགག་སྒྲུབ་ཀྱི་ཕྱོགས་གང་ཡིན་ཡང་བརྗོད་བྱ་དོན་ལ་དམིགས་པ་མ་གཏོགས་རྗོད་མཁན་གྱི་སྐྱེ་བོ་སྒེར་ལ་འཕྱ་སྨོད་ཀྱི་ཚིག་མི་འབྲི་བའི་རེ་བ་ཞུ་བ་ཡིན།
ཤེས་ཡོན་ཡར་རྒྱས་སྤེལ་བ་ལ་མོས་མཐུན་ཡོད་ཀྱང་། ཤེས་འཆལ་བདེན་རྫུན་མི་ཤེས་པའི་ཕྱོགས་ཞེན་པའི་རིགས་ཀྱིས་བགྲོ་གླེང་ལ་ཆོ་མི་འདུག རྒྱ་ནག་དཔེ་ཅིང་དང་མཚོ་སྔོན་སོགས་བོད་རྒྱ་ཟུང་འབྲེལ་གྱི་བོད་རིགས་ཚོའི་རྣམ་དཔྱོད་ལ་རིན་ཐེངས་ཆེན་པོ་འདུག དེ་མིན་རྡར་སའི་སྒེར་སྤྱོད་པ་ཚོས་ཤེས་ཡོན་ཡར་རྒྱས་སྤེལ་བ་ཉིན་མོའི་སྐར་མ་རེད། འུར་སྒྲོག་རྐྱང་པ་རེད།
དེ་རིང་ནས་འཚོགས་བཞིན་པའི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་དེ་གོ་སྒྲིག་ཐུབ་པ་དེ་ཕྱོགས་གཅིག་ནས་ཡག་པོ་ཞིག་ཡིན་ཡང་། ཚོགས་ཆེན་སྐབས་སུ་གང་བྱུང་བའི་གྲོས་ཆོད་རྣམས་ཚོགས་ཆེན་ཚར་བའི་རྗེས་སུ་ནམ་མཁའི་མཇའ་མཚོན་ཞིག་ཡལ་བར་སོང་ན་། དེ་ལྟའི་ཚོགས་ཆེན་འཚོགས་ནས་དགོས་པ་མ་མཆིས་ལ་འགྲོ་སོང་དང་དུས་ཚོད་ཡོངས་རྫོགས་འཕྲོ་བརླག་ཏུ་འགྲོ་ངེས་རེད། དེ་བས་བཀའ་ཤག་གཙོས་ཤེས་རིག་ལས་ཁུངས་ནས་ཐུགས་སྣང་ཆེན་པོས་གྲོས་ཆོད་ཁག་ལ་དོ་སྣང་དང་འཕྲལ་དུ་ལག་ལེན་བཀེལ་ཐབས་བྱེད་དགོས་པ་ཡིན། །
༡༽ དགེ་རྒན་འོས་སྦྱོང་ཚད་ལྡན་སྤྲོད་དགོས་ཀྱི་འདུག
༢༽ དགེ་རྒན་ལ་སྤྱི་ཚོགས་ནང་དུ་ཆེ་མཐོང་སྤྲོད་དགོས་ཀྱི་འདུག དེ་ལྟར་ཡོང་བ་ལ་གཙོ་བོ་འཛིན་སྐྱོང་ངོས་ནས་དགེ་རྒན་ལ་གང་ཅིའི་མཐུན་རྐྱེན་སྦྱར་བ་དང་མཉམ་དུ་ཆེ་མཐོང་ཡང་སྤྲོད་དགོས་ཀྱི་འདུག
༣༽ ལོ་རེ་གཉིས་ཀྱི་ནང་དུ་དགེ་རྒན་གྱི་ཤེས་ཚད་གོང་མཐོར་གཏོང་ཆེད་ཡིག་རྒྱུགས་གཏོང་དགོས་པ་དང་དེ་དེ་བཞིན་གྱི་དགེ་རྒན་གྱི་གནས་རིམ་སྤར་བཅོག་བྱེད་དགོས་ཀྱི་འདུག
༤༽ འཛིན་སྐྱོང་ནས་དུས་ནས་དུས་སུ་རྒྱུན་ལྡན་གྱི་དགེ་རྒན་དང་སློབ་ཕྲུག་རྣམས་ཀྱི་དཀའ་ངལ་རྣམས་ལ་དོ་སྣང་ཤུགས་ཆེན་བྱེད་དགོས་པ་དང། བར་སྟོང་རྣམས་འཕྲལ་དུ་སྐོང་དགོས་ཀྱི་འདུག
༥
དྷ་ཤོད་བོད་ཁྱིམ་ཚོགས་ཚང་དུ་བོད་རིགས་དགེ་རྒན་ཚོགས་ཆེན་ཐེངས་དང་པོ་དེ་ཚོགས་ཐུབ་པ་ལ་རྗེས་སུ་ཡི་རང་དང་། ལམ་ལྷོང་འོངས་བའི་སྨོན་འདུན་ཡོད། །
ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་ནི་ཧ་ཅང་གི་གལ་ཆེན་རེད་བསམ་གི། ཡིན་ཡང་ང་ཚོ་སྤྱི་ཚོགས་འདིའི་ནང་གི་མི་བུ་དག་གིས་ཤེས་ཡོན་ཟེར་ན་ག་འདྲ་ཞིག་ལ་གོ་བ་ལེན་དགོས་མིན་ཡང་ཧ་གོ་མ་སོང་། རང་དབང་ལོངས་པའི་མི་དག་གི་ནི་ཤེས་ཡོན་ཟེར་ན་གང་ཟག་སྒེར་བའི་ལྟོ་གོས་འཚོལ་བ་ཙམ་ལ་ངེས་འཛིན་དང་རིན་ཐང་དེ་ལས་ལྷག་པ་ཞིག་སྤྲོད་གི་མེད་པས་ན་ཤེས་ཡོན་ཡར་རྒྱས་བྱས་ཁ་ནས་བཤད་པ་ལས་ལག་ལེན་དངོས་སུ་འགྲོ་ཐུབ་གི་མ་འདོད།ཤེས་ཡོན་ཡར་རྒྱས་གཏོང་བ་ལ་ཤེས་ཡོན་གི་རྨང་གཞི་བརྟན་པོ་ཞིག་དགོས་པའིི་ན། བཙན་བྱོལ་ནང་གི་དགེ་སློབ་གཉིས་ཀ་གཙོ་བྱས་སྤྱི་ཚོགས་འདི་ལ་ཤེས་ཡོན་གི་རྨང་གཞི་ཡག་པོ་མེད་པས་ན་ཡར་རྒྱས་ཟེར་བ་ནི་ཉིན་མོ་སྐར་མ་དང་རུས་སྦལ་གི་སྤུ་ལྟ་བུ་རེད་འདོད། དཔེར་ན་ལོ་ངོ་ལྔ་བཅུ་ཕྱིར་མིག་གཅིག་བལྟས་དང་བོད་ཡིག་ཕར་ལ་བཞག་ཞོག་དབྱིན་ཡིག་སྒང་ནས་ད་དུང་ད་ལྟ་ཡིན་ཡང་བོད་མི་རང་ངོས་ནས་ཚན་རིག་དང་རྩིས་རིག་གི་དགེ་རྒན་ཡང་དག་མཛུབ་རྕེ་བསྒྲེངས་རྒྱུ་ཞིག་ཡོད་པ་མ་རེད། དཔེར་ན་སློབ་མ་དག་རེད། འཛིན་རིམ་བཅུ་བ་བར་དུ་དམིགས་ཡུལ་ཡོད་པ་མ་རེད་། འཛིན་རིམ་བཅུ་བ་རྫོགས་དུས་ད་གཟོད་སློབ་ཚན་གཅིག་འདེམས་གི་ཡོད་རེད། ཡིན་ཡང་སྐབས་དེ་དུས་དུས་ཚོད་ཀྱི་ཏག་ཏག་ཅིག་མདང་གི་ཡོད་པ་མེད་པ་མ་ཟད་ཆེད་ལས་བྱེད་འདོད་ཀྱང་དམིགས་ཡུལ་དེའི་སྒང་ལ་འགྲོ་ཐུབ་མཁན་གཅིག་ཀྱང་ཡོད་པ་མ་རེད། རྒྱུ་མཚན་དེ་དག་གི་རྐྱེན་ཀྱིས་དངོས་གནས་ཤེས་ཡོན་ཡར་རྒྱས་གཏོང་འདོད་ཡོད་ན་རིགས་གཅིག་རྐང་འཛིན་བྱེད་པར་ཧ་ཅང་གལ་ཆེ་བར་འདོད།ཚོགས་འདུ་སྔོན་ཆད་ཡང་ཚོགས་ཡོད་པ་རེད་ཡིན་ཡང་སྔོན་ཆད་ཀྱི་འཐུས་ཤོར་དང་སྐྱོན་དག་་རང་འཇག་བསྐྱུར་ཡོད་པ་ལ། དེ་དག་ལ་བསྐྱར་ཞིབ་དང་ཞིབ་མཇུག་གི་ལམ་ནས་་ལག་ལེན་གཅིག་ཀྱང་བཏབ་ཡོད་པ་མ་རེད་ལ། འབྲས་པའི་ཆ་ནས་ཡང་འདི་དང་དེ་ཞེས་ད་དུང་ཡང་སྟོན་རྒྱུ་ཡོད་པ་མ་རེད། བོད་ནང་འདྲ་ན་བོད་པའི་ཕྲུག་གུ་ཞིག་རྒྱའི་སློབ་གྲྭ་ཆེན་པོ་འགྲུམ་ནས་ཕྱིར་སླེབས་དུས་སུ་རྒྱ་ཡིག་དང་བོད་ཡིག་གཉིས་ཀའི་ཐོག་ལ་རང་རྐྱ་ཕེབས་གི་ཡོད་རེད། ཡིན་ཡང་རང་དབང་ལོངས་པའི་སྤྱི་ཚོགས་ནང་གི་དགེ་རྒ་་ནང་དུ་ཡང་དགེ་རྒན་ཚད་ལྡན་དེ་འདྲ་ཉུང་བའི་རྐྱེན་ནམ་སློབ་འཁྲིད་བྱེད་དུས་སུ་སློབ་མའི་སེམས་ཁམས་ལ་རྒྱུས་ལོན་མེད་པའི་རྐྱེན་ཀྱིས་བོད་དབྱིན་གང་ཡིན་ཡང་ཚད་ལྡན་ཤེས་མཁན་གི་སློབ་བུ་ཡང་རེ་ཟུང་ལས་ཡོད་པ་མ་རེད་ལ་ལྷག་པར་དུ་་མི་རིགས་འདི་དང་རྒྱལ་ཁབ་འདི་ཞེས་བསམ་བློ་གཏོང་མཁན་ཧ་ཅང་ཉུང་ཉུང་ཡིན་པས་ན་ང་ཚོ་ཤེས་ཡོན་ཚོགས་ཐེངས་བརྒྱ་ཚོགས་ཡང་དེ་ལ་དམིགས་བསལ་གི་ཡར་རྒྱས་ཡོད་པ་མ་རེད་འདོད
དེའི་རྐྱེན་ཀྱིས་ཚོགས་འདུ་ཞེས་མིང་གཅིག་བཏགས་ཡོད་ཀྱང་་ལས་དོན་ཀྱི་འབྲས་བུ་ཞིག་ཡོད་མེད་ལ་ཐེ་ཚོམ་རེད། སྤྱིར་ཤེས་ཡོན་ཡར་རྒྱས་གཏོང་བར་ཕྲུ་གུ་གཙོ་བྱས་དགེ་རྒན་དང་ཕ་མ་ཚང་མའི་སྒེར་དོན་གཅིག་ལ་བསམ་བློ་མ་འཁོར་བར་སྤྱི་དོན་ཞིག་ལ་བསམ་ནས་བསླབ་པ་སློབ་གཉེར་བྱས་པ་ཡིན་ན་ད་གཟོད་ང་ཚོ་ཤེས་ཡོན་ཡར་རྒྱས་ཟེར་བ་དེ་ལ་འབྲས་བུ་ཞིག་སླེབས་ཟེར།
སློབ་སྦྱོང་ཡར་རྒྱས་གཏོང་རྒྱུ་ནི་གལ་གནད་ཆེན་པོ་ཡིན།
གོང་བཤད་བཞིན་ཚོགས་འདུ་ཚོགས་པ་ཙམ་གྱིས་མི་འགྲིག་པར་ཚོགས་འདུའི་བགྲོས་ཆོད་རྣམས་རྗེས་སུ་ལག་ལེན་དུ་བསྟར་དགོས་རེད།།
༡༽ སློབ་ཚན་རྣམས་དུས་ནས་དུས་སུ་ཞིབ་འཇུག་དང་བཅོས་བསྒྱུར་བྱེད་དགོས་ཀྱི་འདུག
༢༽ སློབ་ཚན་རྣམས་ཀྱི་ནང་དོན་འཛིན་རིམས་ལ་དཔགས་པའི་སློབ་ཚན་དགོས་ཀྱིས་འདུག
༣༽ སློབ་ཚན་གང་ཟབ་ཟབ་ལས་སོགས་ནང་དོན་རྣམས་མཐོ་སློབ་བམ་དགོན་སྡེ་དག་གིས་བཤད་གྲྭ་བས་སྦྱོང་རྒྱུ་ལྟ་བུའི་གནས་ཚད་མཐོན་པོ་མ་ཡིན་པར་ཕྲུག་གུའི་བློ་རིག་དང་མཐུན་པར་བཟོ་དགོས་ཀྱི་འདུག
༤༽ སློབ་གྲྭ་ཁག་ཏུ་དུས་ནས་དུས་སུ་ཕྱི་ལོགས་ནས་མཁས་དབང་གདན་འདྲེན་ཞུས་ཏེ་དྲི་བ་དྲིས་ལན་གྱི་གོ་སྐབས་སྤྲོད་དགོས་ཀྱི་འདུག
༥༽ མཁས་དབང་ཟེར་བ་དེ་ཡང་དེང་དུས་ཀྱི་ལྟ་གྲུབ་དང་མི་རབས་གསར་པའི་སློབ་གསོ་སྤྲོད་པ་ལ་ཐབས་ལ་མཁས་པ་དེ་ཚོ་ཞུ་དགོས་ཀྱི་འདུག དེ་མིན་བླ་རྒན་གྲྭ་རྒན་བཟོ་འདྲ་སྐད་བཏང་ན་དབུ་མ་དང་ཕར་ཕྱིན་ལས་སོགས་འཇིག་རྟེན་པའི་བསམ་ཡུལ་ལས་འདས་པའི་རིགས་བཤད་ཀྱི་རེད། དེ་ཡིས་ཕྲུག་གུ་རྣམས་གཉིད་ཁུགས་རོགས་དང་ཉོབ་རོགས་སློབ་ཚན་ཆད་རོགས་མ་གཏོགས་ཕན་གྱི་མི་འདུག
༦༽ སློབ་ཚན་ཁག་ཀྱང་བོད་ཡིག་དང་དབྱིན་འཇི་གཉིས་ཀར་བསམ་བློ་གཏོང་དགོས་པ་ལས། བོད་ཡིག་ཡར་རྒྱས་གཏོང་དགོས་ཟེར་ནས་སློབ་ཚན་ཐམས་ཅད་བོད་ཡིག་ཏུ་བསྒྱུར་ན་རྗེས་སུ་བོད་ཀྱི་སློབ་གྲར་མཛུལ་ཞུགས་བྱེད་མཁན་མེད་པར་ཆགས་ཏེ་རིམ་གྱིས་སློབ་གྲ་ཁག་སྟོང་པ་ཆགས་རྒྱུའི་ཉེན་ཁ་འདུག། དེང་རབས་ཀྱི་གཞོན་སྐྱེས་རྣམས་འཛམ་གླིང་གང་སར་འགྲོ་དགོས་པ་དང་ལས་ཀ་ཡང་འདི་ཞེས་མེད་པར་སྣ་མང་ལ་ལག་འཇུ་དགོས་པར་བརྟེན་བོད་ཡིག་གི་འཁོར་ཡུག་ཏུ་གཏན་འཇག་བསྡོད་རྒྱུའི་དེས་པ་མེད།
༧༽ སློབ་གྲྭ་ཁག་ཏུ་བོད་ཀྱི་ཆོས་བཤད་བྱེད་དགོས་པའང་གལ་གནད་ཆེ། འོན་ཀྱང་ཆོས་རྒྱུད་དམ་ཆོས་ལུགས་གཅིག་གི་ལྟ་སྒྲུབ་རྐྱང་བཤད་ན་ཡག་པོ་མི་འདུག་བོད་ཀྱི་ཆོས་རྒྱུད་ཆོས་ལུགས་ཀུན་ལ་འདྲ་མཉམ་གྱི་གོ་སྐབས་སྤྲོད་དགོས་ཀྱི་འདུག དཔེར་ན། ལྡི་ལི་བོད་ཁང་དང་། དྷ་སའི་དཔེ་མཛོད། དེ་བཞིན་ནུབ་ཕྱོགས་སོགས་སུ་བོད་སྤྱི་ཡི་མིང་བྱང་འོག་ཆོས་རྒྱུད་གཅིག་གིས་དབང་བསྒྱུར་བྱེད་པའི་བཟོ་འདྲ་ཞིག་མཐོང་གི་འདུག། དེ་ཡིས་བོད་མིས་ཆིག་བསྒྲིལ་དང་རང་དབང་གི་རྩོད་གླེང་སོགས་ལ་གནོད་ཚབ་ཆེན་པོ་གཏོང་གི་འདུག། རྒྱ་ནག་གིས་བོད་ལ་དེ་འདྲ་ཕྱོགས་རིས་མི་འདུག དྷ་སའི་སྒྲིགས་འཛུགས་ནས་ཕྱི་རྒྱལ་ཁག་གི་མཐོ་སློབ་སོགས་ལ་དགེ་རྒན་གཏོང་ནའང་དེ་འདྲ་རང་རེད་འདུག བྱང་ཨ་རི་དང་ནུབ་ཕྱོགས་སོགས་སུ་བོད་མི་འདུས་སྡོད་བྱེད་སར་ཁོང་ཚོའི་ཕྲུག་གུར་ནང་ཆོས་ཡིན་ཟེར་བདང་བོད་ཡིག་སློབ་ཀྱི་ཡོད་ཟེར་བ་ཚོགས་ཁང་ངམ་ལྷ་ཁང་ཡིན་ཟེར་བ་ཐམས་ཅད་ཆོས་རྒྱུད་བྱེ་བྲག་པ་གཅིག་གིས་དབང་བསྒྱུར་བྱེད་བཞིན་ཡོད་འདུག འདི་རིགས་ཀྱི་མི་རིགས་ཀྱི་སེམས་ལ་ན་ཚ་ཆེན་པོ་བཟོ་བཞིན་ཡོད། ཡིན་ནའང་ཁ་གྲགས་ས་མེད་པར་བརྟེན་གོ་སྐབས་འདི་དང་བསྟུན་ནས་ཞུ་བཞིན་ཡོད།
མཆན་འགོད་མཁན་ཚང་མས་དག་ཆར་དོ་སྣང་གནང་མི་འདུག་པས་ཡིད་རབ་སྐྱོ།
ཕྲུ་གུ་ཚོ་ཤེས་ཡོན་ཅན་ཆགས་པ་ལ་སྐད་ཡིག་གཅིག་ཁུངས་ཁྱག་པ་ཞིག་དགོས། བོད་ཡིག་ཏོག་ཙམ་ཤེས། ཨེན་ཡིག་ཡང་ཏོག་ཙམ། ཧན་དྷི་ཡང་ཏོག་ཙམ་ཤེས། ཁུངས་ཁྱག་པའི་སྐད་ཡིག་གཅིག་ཀྱང་མེད།
དེ་འདྲ་ཆགས་སོང་བའི་ཕྲུ་གུ་ཞིག་གིས་ཁྱད་ལས་སློབ་སྦྱོང་བྱེད་མི་ཐུབ། དེབ་ཀློག་ན་དོན་མི་གོ མདོ་དོན་ཡིག་རྨོངས་མིན་ཙམ་རེད། མཐའ་ན་གསར་ཤོག་ཞིག་བཀླགས་ནའང་དོན་ཆ་ཚང་གོ་མི་ཐུབ། ངས་མཐོང་སྣང་ལ་བཙན་བྱོལ་ནང་དུ་ཡིག་རིགས་སྣ་གསུམ་དང་བཞིར་སྦྱོང་མྱངས་བའི་ཕྲུ་གུ་མང་པོ་ཡོད་ཀྱང་སྐད་ཡིག་གང་ལའང་ཁུངས་མ་ཁྱག་པ་ཡང་མང་པོ་འདུག
འདབ་གཤོག་གཉིས་ལྡན་གྱི་ཐོག་ཏུ་རྔ་མ་ཡང་ཡོད་པའི་གླག་རྒོད་འཕུར་རྩལ་ཅན་ཆགས་དགོས་ན་བོད་ཡིག་གི་གཤོག་གཡས་པ་དང་ཨེན་ཡིག་གི་གཤོག་པ་གཡོན་པ། ཧན་དྷི་ཡི་རྔ་མ་བཅས་ཚང་དགོས། བཙན་བྱོལ་བའི་ཕྲུ་གུ་རྣམས་ལ་གཤོག་པ་གཉིས་དང་རྔ་མ་བཅས་སྐྱེས་སའི་རྨང་གཞི་ཡོད་ཀྱང་སྐྱེས་ཐུབ་ཀྱི་མེད།
མདོ་དོན་འགྲོ་བ་མི་ཞིག་ཡིན་དུས་སྐད་ཡིག་གཅིག་ཁུངས་ཁྱག་པ་ཞིག་ཤེས་དགོས། དེ་མེད་ན་ཤེས་ཡོན་མེད་པའི་མི་རེད།
གུན་ཁྲན་ཏང་གིས་ཏང་གི་ལྟ་གྲུབ་སློབ་གྲྭའི་སློབ་ཚན་བཟོས་ནས་བསླབ་ཀྱི་ཡོད་པ་ལྟར་བཙན་བྱོལ་བོད་གཞུང་གིས་ངོས་ནས་ཀྱང་ནང་ཆོས་ཀྱི་ལྟ་གྲུབ་བསླབ་ཀྱི་ཡོད་པ་གཉིས་ནི་ལུགས་མཐུན་ཞིག་མ་རེད་འདོད།
ཤེས་ཡོན་ཡར་རྒྱས་གཏོང་དགོས་བ་ནི་སྨོས་མེད་རེད།
ཡིན་ནའང་ཤེས་ཡོན་ཡར་རྒྱས་གཏོང་དགོས་ན་གཙོ་བོ་དགེ་རྒན་ཚོའི་
ཤེས་ཚད་ལ་བརྟག་དགོས་ཀྱི་འདུག་བསམ།དགེ་རྒན་ཚོར་ཤེས་ཡོན་དེ་ཙམ་མེད་ན་
མ་འོངས་པའི་སོན་རྩ་སློབ་ཕྲུག་ཚོར་རེ་བ་རྒྱག་པ་སྟོེང་བསམ་རེད།
བཙན་བྱོལ་ནང་དགེ་རྒན་ལ་ཆེ་མཐོང་མེད་པ་དེ་ནི་ལག་འཁྱེར་རྫིག་པོ་རེ་ཁུར་
ནང་ལོག་སྟོང་བ་ཆགས་ཡོད་པས་གུས་བརྩི་བྱས་མཁན་མེད་པ་རེད།
༡༽ ད་ལྟ་དང་མ་འོངས་པའི་དུས་རབས་དང་མཚུངས་པའི་སློབ་དེབ་གཏན་འབེབས།
༢༽ དགེ་རྒན་གྱི་ཤེས་ཚད་དང་སྤུས་ཚད་ཉམས་མྱོང་ཅན་ཡིན་དགོས་པ།
༣༽ དགེ་རྒན་ཤེས་ཚད་དང་སྤུས་ཚད་ཉམས་མྱོང་ཅན་ཡིན་ཕྱིན། དེ་དང་དཔག་པའི་ལས་བྱེད་གླ་ཆ་ཡང་ཆེ་ཤོས་གྲལ་དུ་ཚུད་དགོས།
༤༽ དགེ་རྒན་གྱི་ཤེས་ཚད་དང་སྤུས་ཚད་ཉམས་མྱོང་ཅན་དང་ལ་རྒྱའི་འབད་བརྩོན་ཅན་ཡིན་ཕྱིན་བརྩི་བཀུར་དམིགས་བསལ་ཞིག་ཐོབ་དགོས་པ་ནི། གནད་དོན་གཙོ་བོ་ཁག་བཞིའོ། །
ཤེས་ཡོན་ཡར་རྒྱས་སུ་གཏོང་དགོས་ན་ཐོག་མར་བོད་ཡིག་སློབ་དེབ་ཁག་ཚད་ལྡན་ཞིག་བཟོ་དགོས་པ་རེད།
དཔེར་ན་་འཛིན་གྲྭ་ལྔ་བ་དྲུག་པ་ནས་བོད་ཡིག་ཀློག་ཡང་ཡག་པོ་མི་ཤེས་ཀྱང་་་་སློབ་ཚན་ནང་ལ་ས་སྐྱ་ལེགས་བཤད་སོགས་ནང་ཆོས་རིགས་མང་ཐག་ཆོག་འདུག སློབ་མ་ཆུང་ཆུང་འདི་འདྲའི་རིགས་ལ་ཐོག་མ་ནས་ནང་ཆོས་སློབ་རྒྱུ་གལ་ཆེན་པོ་མ་རེད། བོད་ཡིག་ཀློག་སྟངས་འབྲི་སྟངས་་་ཐ་ན་ཆུང་རིགས་གྲོགས་པོ་གྲོགས་མོ་ཚོར་ཡི་གེ་སྐུར་སྟངས་་་་་རི་མོ་འབྲི་སྟངས་སོགས་བསླབ་ན་ཡག་གི་རེད། ཤེས་ཡོན་ཡར་རྒྱས་གཏོང་བར་དགེ་རྒན་གཅིག་པུའི་འགན་ཞིག་མ་ཡིན་པར་ཤེས་རིག་གིས་འགན་ཆེན་པོ་ཁུར་དགོས་པ་ལས་གཡུག་ཤག་ན་ག་ལ་འགྲིག རེད་་དགེ་རྒན་ཚོས་སྤྱི་ཚོགས་ནང་དགེ་རྒན་ལ་མཐོང་མི་འདུག་ཅེས་སྐད་ངན་ཤོར་བཞིན་ཡོད་ནའང་་་་རང་གིས་སློབ་མར་སློབ་ཁྲིད་གནང་སྟངས་་་་སློབ་གསོ་གནང་སྟངས་་་ཐ་ན་རང་གི་སྤྱོད་ལམ་ཚུན་ཆད་ལ་གཟབ་གཟབ་མི་གནང་བར་ཉིན་མ་འགྲོ་ཐབས་བྱས་བསྡད་ན་མི་དམངས་ལ་ཅི་ཁག
ཤེས་ཡོན་ཡར་རྒྱས་གཏོང་བ་ལ་རྒྱུ་རྐྱེན་མང་པོ་ཞིག་ལོས་ཡོད། ཚང་མ་ངས་འདིར་བཤད་དགོས་ན་ཤོག་ལྡེབས་ཉི་བརྒྱ་ཡོད་པ་ཞིག་ཀྱང་འབྲི་རྒྱུ་རག་ས་རེད། སྒྲུབ་ཐུབ་པའི་དོན་ཚན་གཉིས་འདིར་བཤད། དགེ་རྒན་བྱེད་པ་ལ་གླ་ཕོགས་མཐོ་ཙམ་སྤྲད་རྒྱུ་དེ་རེད། དེང་སུས་སུ་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་དགེ་རྒན་ལ་དམིགས་བསལ་གླ་ཕོགས་ཆེན་པོ་མེད་ན་ཡང་གུང་སེང་མང་པོ་ཡོད་པས་དོན་དུ་དགེ་རྒན་ལ་ལས་ཀའི་ཚོད་ཀྱིས་ཡོང་སྒོ་ཡང་མི་བཟང་རྒྱུ་མེད། ཉི་ཧོན་ནི་དེ་ལས་ལྡོག་སྟེ་དགེེ་རྒན་ནི་གླ་ཆ་མཐོ་ཤོས་ཀྱི་ལས་རིགས་སུ་བརྩི། ང་ཚོས་དགེ་རྒན་ལ་ཆེ་མཐོང་མ་སྤྲད་པ་མི་བདེན། ཁྱིམ་བདག་དང་སློབ་ཕྲུག་གི་ངོས་ནས་དགེ་རྒན་ལ་ཆེ་མཐོང་ཡག་ཐག་ཆོད་སྤྲོད། ཡིན་ན་ཡང་སྒྲིག་འཛུགས་ཀྱི་ངོས་ནས་གླ་ཆ་ནི་ལས་བྱེད་དཀྱུས་མ་ཞིག་གི་ཚད་ལས་མེད། ང་ཚོའི་ཕྱོགས་ནས་ཤེས་ཡོན་འཐུས་ཤོར་འགྲོ་བཞིན་ཡོད་པར་སེམས་ཁྲལ་ཆེན་པོ་ཡོད་ན་དགེ་རྒན་ལ་ལས་བྱེད་གཞན་དང་མི་མཚུངས་པའི་གླ་ཆ་མཐོ་ཙམ་སྤྲད་ན་དགེ་རྒན་ལས་རིགས་ལ་ཞུགས་མཁན་མང་པོ་ཡོང་། དེ་དུས་གཞི་ནས་དགེ་རྒན་གྱི་ཤེས་ཚད་དང་ཆ་རྐྱེན་ཚང་མ་མཐོ་རུ་བཏང་ན་གོ་རིམ་མ་ནོར་བ་དེ་རེད།
གཉིས་ནས་སློབ་དེབ་དེ་ཚོ་སྤུས་དག་བཟོ་རྒྱུ་དེ་རེད། ནང་དོན་ཡིན་དང་ཡིན། མ་མཐའ་ཡང་ཤོག་བུའི་སྤུས་ཀ་དང་འདྲ་པར་གྱི་ཚོན་སྣ་ཡན་ཆོད་སྤུས་ཀ་ཡོད་པ་དང་མིག་ལ་མཛེས་པོ་ཞིག་ཡོང་དགོས་པ་གལ་ཆེན་རེད། ཡིན་ན་ཡང་འདི་ཚོ་ཚང་སྐྱབས་བཅོལ་བའི་དངུལ་ཁུག་སྲབ་མོ་དེ་ལ་ཐུག་འགྲོ་བས་མཐའ་གཅིག་ཏུ་འདི་འདྲ་ཞིག་དགོས་ཞེས་ནི་བཤད་མི་ཕོད།
བོད་ཀྱི་ཁ་སྐད་བྲིས་མ་སློབ་དེབ་ཅིག གཏན་འབེབས་བྱས་ནས། དེ་ཡང་ལོ་རེར་སྣོན་འཕྲི་སོགས་བྱས་ནས། སློབ་ཐུབ་ན་ཕན་ཐོགས་ཆེན་པོ་རེད་སྙམ་ཡང་། ང་མི་ཆུང་གི་སྐད་ཆ་སུའི་རྣ་བར་འགྲོ
ཤེས་ཡོན་ཞེས་པ་དེ་ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་ལག་ལེན་ལ་འཁྱོལ་བ་ཞིག་དགོས་ངེས་ཤིག་རེད། སྤྱི་དོན་དང་། སྒེར་དོན། གཉིས་དོན་གང་ལྟར་ཡང་། རང་ལ་ཕན་པའི་བྱ་བ་དང་འབྲེལ་ཡང་གཞན་ལ་མི་གནོད་པའི་ཤེས་ཡོན་ཞིག་ཡོད་ན། དེ་ནི་ཤེས་ཡོན་ངོ་མ་དང་། རིག་གནས་རེད། དེ་ཕྱིར་མི་རིགས་སུའི་རིག་གནས་ཡིན་ན་ཡང་། རིག་གནས་ལ་བརྟེན་ནས་མི་རིགས་ཀྱི་སྔོན་གྱི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས། མ་འོངས་པའི་མདུན་ལམ་མཚོན་ནུས་པ་ཞིག་དང་། མི་རིགས་དེའི་ནང་གི་བསམ་བློ་དང་འབྲལ་ཐབས་མེད་པ་ཞིག་ཏུ་ཤེས་དགོས་པ་དེ་གལ་ཆེན་པོ་རེད། དེ་མིན་མི་རིགས་གཞན་གྱིས་དཔལ་འབྱོར་སྒྲུབ་བྱེད་ཁོ་ནར་དམིགས་ཏེ། གནའ་དེང་གི་རིག་པའི་གནས་ལ་སྦྱངས་ཀྱང་། གནས་སྐབས་ཉི་ཚེ་བའི་དགོས་པ་སྒྲུབ་ཐུབ་ཀྱང་ཕུགས་ཀྱི་འདུན་མ་ལ་ཕན་ཐོགས་ཡོད་པ་ཁག་པོ་རེད། དེ་ཕྱིར་མི་རིགས་ཤིག་སྲ་བརྟན་དང་། ཡུན་གནས་བྱ་དགོས་ན་རང་གི་རིག་གནས་སྙིང་དབུས་སུ་ནམ་ཡང་གནས་དགོས་པ་དང་། རིན་ཆེན་སྲོག་ལས་ཀྱང་རང་གི་རིག་གཞུང་གལ་ཆེ་བ་ཡིན་བསྙམ་པའི་བསམ་བློ་ཞིག་ཡོད་ན། མི་རིགས་དེས་ལྟར་སྣང་ཙམ་ལས་དོན་ལ་གྱོང་རག་མི་སྲིད་དོ། །
ཨོ་རྒྱུན་ཉི་མ་ལགས། ཁམས་བཟང་། ཁྱེད་ཀྱིས།་་མི་རིགས་ཤིག་སྲ་བརྟན་དང་། ཡུན་གནས་བྱ་དགོས་ན་རང་གི་རིག་གནས་སྙིང་དབུས་སུ་ནམ་ཡང་གནས་དགོས་པ་ཅེས་གསུངས་འདུག
བྱས་ན་་་བོད་ཀྱི་ཆོས་ལུགས་པ་ཚོས་བོད་ཀྱི་ཕ་མོས་དམ་པ་ཚོའི་རིག་གནས་ལ་དགའ་ཞེན་མི་བྱས་པར་རྒྱ་གར་བའི་ཤྭཀྱ་ཆོས་ལུགས་ལ་དགའ་དགོས་དོན་གང་ཡིན་ནམ། མི་རིགས་སྲ་བརྟན་མེད་པ་བཟོ་འདོད་ནས་རེད་དམ།
རྒྱལ་ཁབ་དང་མི་རིགས། དམག་དོན་དང་དཔལ་འབྱོར་རྡོག་རོལ་གཏོང་ཞིང་འཇིག་རྟེན་འཁོར་བ་རྩ་མེད་བཟོ་རྐྱེན་གྱི་ནང་ཆོས་རིག་གནས་འདི་བཙན་བྱོལ་བོད་ཀྱི་འཇིག་རྟེན་འཁོར་བ་རྩ་འཛུགས་བྱེད་སའི་སློབ་གྲྭའི་ནང་དུ་སློབ་ཁྲིད་བྱེད་ཀྱི་ཡོད་པ་ནི་མེ་ཐོག་ཆུ་བླུགས་པ་གཅིག་པ་རེད་འདོད།
ཤེས་ཡོན་ཡར་རྒྱས་ཀྱི་སྐད་ཆ་བཤད་དུས། མི་མང་ཆེ་བས་མཐོ་རིམ་ཞིག་ནི་གླེང་གི་འདུག ངས་བལྟས་ན་ནི། བོད་པའི་ཤེས་ཡོན་གྱི་འཐུས་ཤོར་གཙོ་བོ་དེ། དམའ་རིམ་ནས་ཤོར་འདུག
༡) བུ་བཅོལ་ཁང་ཁག་གི་མ་མ་དེ་ཚོ། ཡི་གེ་མ་ཤེས་མཁན་རེད།
༢) བོད་ཁྱིམ་གཉིས་དང་གཏན་སློབ་ཡོངས་ཀྱི་ཕ་ཚབ་མ་ཚབ་དེ་ཚོ། ཡིག་ངོ་ཆོད་ལ་མ་ཆོད་ཤ་སྟག་རེད།
༣) སྔོན་འགྲོའི་འཛིན་གྲྭའི་དགེ་རྒན་མང་ཆེ་བ། བོད་ཡིག་བོད་སྐད་ཡག་པོ་མ་ཤེས། དབྱིན་ཡིག་དབྱིན་སྐད་ཀྱང་ཡག་པོ་མ་ཤེས་མཁན་ཤ་སྟག་རེད། དེ་ཚོས་ཕྲུ་གུར་དང་པོ་ནས། ཀློག་སྟངས་ནོར་བ་བསླབས། བསླབས་སྟངས་རྗེས་ལུས་སྤྱད། མིག་དཔེ་ངན་པ་བསྟན་ཡོང་དུས། འཐུས་ཤོར་དེ་ནས་འགྲོ་གི་འདུག
བསམ་འཆར་མང་པོ་ཡོད། དེ་རིང་དེ་ཙམ་ཡིན།
ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་ལག་ལེན་བཅུ།
༡ སློབ་དེབ་སློབ་གསོའི་ཁ་ཕྱོགས་མ་ནོར་བར་བསྟན་པ།
༢ སྦྱོང་གཞིའི་སློབ་ཚན་སློབ་ཕྲུག་གི་བསམ་བློའི་ཆུ་ཚད་དང་རན་པ།
༣ སྦྱོང་ཚན་སློབ་གཞི་ལྷ་སྒྲུང་གི་རྣམ་པ་ཤུགས་ཆེ་དྲགས་པ་མ་ཡིན་པ།
༤ སློབ་ཚན་གྱི་འཁྲིད་གཞི་ཉིན་རེའི་འཚོ་བ་དང་དགོས་མཁོ་མེད་པ་མ་ཡིན་པ།
༥ སློབ་གསོའི་རྩ་འཛིན་སེམས་ཅན་མི་ཡི་གནས་བབ་ལས་མ་བརྒལ་པ།
༦ དགེ་རྒན་གྱི་གླ་ཕོགས་ལས་བྱེད་གཞན་ལས་མཐོ་བ་ཡོད་པ།
༧ དགེ་རྒན་གྱི་ཤེས་ཚད་ལས་བྱེད་གཞན་ལས་མཐོ་བ་ཡོད་པ།
༨ སློབ་སྤྱི་དང་འགན་འཛིན་གྱི་ཤེས་ཚད་ནམ་ཡང་དགེ་རྒན་ལས་མཐོ་བ་ཡོད་པ།
༩ སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་གྱི་ཤེས་ཚད་ཚད་ལྡན་ཡོད་པ།
༡༠ སློབ་གྲྭའི་ཁོར་ཡུག་ནས་ཡིག་རྨོངས་དང་ཤེས་ཚད་དམའ་བའི་ལས་བྱེད་བསྐོ་འཇོག་མི་བྱེད་པ།
སློབ་གྲྭ་ནི་ཤེས་ཡོན་གྱི་བཟོ་གྲྭ་ཞིག་དང་འདྲ་བ་ཡིན་པའི་དབང་དུ་བཏང་ན་བཟོ་བ་དང་འཕྲུལ་འཁོར་གཉིས་ནི་རག་ལས་སའི་གདན་དོན་དེ་རེད། དགེ་རྒན་དང་སློབ་དེབ་གཉིས་ནི་དེ་དང་ཆ་འདྲ་བ་ཡིན་ཐོག་སྟངས་འཛིན་བྱེད་པའི་འགན་འཛིན་ཡང་ཤེས་འཇོན་གཉིས་ལྡན་ཞིག་དགོས་རྒྱུ་ནི་མེད་དུ་མི་རུང་བའི་གནད་འགག་དེ་ཡིན།
སློབ་གྲྭ་ཧ་ཅང་མང་པོ་ཞིག་གི་ཤེས་ཚད་ཡར་རྒྱས་མེད་པའི་རྒྱུ་རྐྱེན་གཞན་ཞིག་ནི་ཤེས་འཇོན་སྤྱོད་གསུམ་ཧ་ཅང་ཞན་པའི་སློབ་སྤྱི་དང་འགན་འཛིན་ཁག་ཅིག་གི་ལག་འོག་ནས་ཤེས་ཚད་ལེགས་པའི་དགེ་རྒན་གང་མང་ཞིག་སྡོད་འདོད་མེད་པར་རང་བཞིན་གྱིས་རྩ་དགོངས་ལ་འགྲོ་གི་ཡོད་པ་དེ་ཡིན། གནད་དོན་འདི་ནི་ཤེས་ཡོན་འཐུས་ཤོར་ལ་འགྲོ་བའི་རྐྱེན་རྩ་ཅིག་ཡིན་པས་ཁོར་ཡུག་དེ་ནས་འཚོ་བ་བསྐྱལ་མྱོང་ཡོད་མཁན་ཞིག་ཡིན་ན་གནད་འགག་གལ་ཆེན་ཞིག་ཏུ་མཐོང་གི་རེད།
གོང་ལ་མི་བུ་ལ་ལས་ནང་ཆོས་སློབ་གྲྭ་ཁག་དགོས་མི་དགོས་ཡིས་སྐད་ཆ་འདྲ་གསུངས་འདུག་པས་ན། བདག་གི་དེ་དག་བསམ་ཚུལ་ཅུང་ཙམ་ཞིག་བཤད་འདོད་བྱུང་། བདག་གིས་བསམ་ན་མི་དེ་དག་གི་འཆད་ཡོད་པས་སྐད་ཆ་དེ་དག་ནི་ནོར་འཁྲུལ་ཅན་དང་བསམ་བློ་གཏོང་མ་ཤེས་པའི་སྐད་ཆ་དང་། ནང་བསྟན་རིག་གནས་འདི་ལ་རྒྱུ་མངའ་དང་དེའི་སྙིང་བོ་མ་ཤེས་པའི་རྟགས་རེད་དྲན་གི། གལ་སྲིད་གང་ཟག་གཅིག་གིས་ནང་བསྟན་རིག་གནས་གིས་སྙིང་བོ་འམ་དོན་མཐར་ཕྱིན་པ་ཤིག་རྟོགས་པ་ཡིན་ན་མི་དེའི་སྤྱི་ཚོགས་བདེ་འཇགས་དང་སེས་ཡོན་སོགས་ཕྱོགས་གང་ཅིའི་ཐད་ལ་དགེ་བ་ལས་གནོད་པ་ལས་ཞིག་བསྒྲུབས་གི་མ་རེད། དེང་རབས་རིག་གནས་ནི་ཕྱི་དངོས་པོའི་འགྲོ་ལུགས་དང་ཡར་རྒྱས་ཁོ་ན་འཆད་བཞིན་པའི་རིག་གནས་གཅིག་ལས་ནང་སེམས་ལ་ནང་བསྟན་རིག་གནས་ལས་ལྷག་པའི་དགེ་ཕན་ཅན་ཞིག་ང་ཚོས་ཇི་ལྟར་ཐབས་ཤེས་བྱས་ཀྱང་རྙེད་གི་མེད་་པ་དང་ཡོངས་གི་མེད་པ་ཁ་སང་དེ་རིང་གི་ཤར་ནུབ་ཡུལ་གྲུ་ཀུན་ན་བཤམས་ནས་བཞག་འདུག། དཔེར་ན་གདོད་མིའི་རྒྱ་གར་སྤྱི་ཚོགས་དང་བོད་པའི་སྤྱི་ཚོགས་ལ་ཕྱིར་མིག་གཅིག་བལྟས་པ་ཡིན་ན་ཡང་ཆོས་བསླབ་པ་པོ་པའི་ཆོས་མ་ཤེས་པ་ལས་ཆོས་རང་གི་ངེས་ཐད་ལ་སྐྱོན་ཕྲ་མོ་ཡང་མེད་པ་གསལ་བོ་རེད། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་དུས་རབས་ཉི་ཤུ་མཇུག་དང་ཉེར་གཅིག་མགོ་ཙམ་ནས་ཕྱི་རོལ་པ་མང་པོ་ཞིག་གི་ནང་བསྟན་རིག་གནས་ཡིས་དགེ་མཚན་མཐོང་ནས་མཁན་བླུན་མང་པོ་ཞིག་གི་འཚང་ཁ ཤིག་ཤྀག་གི་སློབ་གཉེར་བྱེད་དང་བྱེད་མུས་སུ་ཡོད་པས་ན། ཅིའི་ཕྱིར་ང་ཚོས་རང་ཉིད་ལ་ནོར་བུ་ཡོད་ཀྱང་ནོར་བུ་དེའི་ནོར་ཉམས་ཆོད་མ་དགོས་པ་ཡིན། ནང་བསྟན་རིག་གནས་གི་ངོ་བོ་ཆ་ནས་སྐྱོན་སྤུ་ཙམ་ཡང་མེད་པ་ནི་གསལ་བོ་རེད། ཡིན་ཡང་གང་ཟག་འམ་ནང་བསྟན་རིག་གནས་གི་གཞུང་དངོས་མ་རྟོགས་པ་འམ་དེའི་སྙིང་བོ་དེ་མ་ཤེས་པའི་དབང་གིས་ང་ཚོས་སྤྱི་ཚོགས་གི་མིའི་བརྒྱ་ཆའི་དགུ་བཅུ་རྨོངས་བརྟུལ་ཀྱིས་དབང་དུ་་སོང་ནས་རྗེས་ལུས་ཀྱིས་མིང་དུ་བྱུང་བ་ལས། ནང་བསྟན་རིག་གནས་དངོས་ནས་སྐྱོན་མེད་པ་ནི་ང་ཚོ་སོ་སོ་སློབ་སྦྱོང་བྱས་ན་ད་གཟོད་ཧ་གོ་ཡོངས། དེ་མ་གཏོགས་ནང་བསྟན་རིག་གནས་ལ་རྒྱུ་མངའ་ཅུ་ཡང་མེད་པར་རི་བོང་ཅལ་འགྲོག་གི་རྗེས་སུ་མི་འགྲོ་བར་ཞུ།་བདག་གི་བསམ་ན་ང་ཚོས་ཤེས་ཡོན་ཡར་རྒྱས་གཏོང་བར་མིའི་ཀླད་པ་ཡར་རྒྱས་གཏོང་དགོས་པའི་ན། མིའི་ཀླད་པའི་ཡར་རྒྱས་གཏོང་པའི་དུས་ཚོད་ཡག་ཤོས་ནི་བྱིས་དུས་ཀྱིས་གནས་སྐབས་ཡིན་དུས་ང་ཚོས་སློབ་ཆུང་སློབ་རིམ་དང་པོ་་ནས་སློབ་ཚན་ནང་དུ་རིགས་ལམ་འཇོག་ཐུབ་པ་ཡིན་ན་མ་འོངས་བོད་ཀྱི་མི་རབས་རྗེས་མ་ཚོས་ང་ཚོ་ལས་ཀྱང་ནང་བསམ་བློ་གཏོང་སྟངས་ཆ་ནས་ཡིན་ཡང་རེད་ཕྱི་ཀུན་སྤྱོད་དང་མི་རིགས་དང་རྒྱལ་ཁབ་ལ་འགན་འཁུར་སྟངས་ཆ་ནས་ཡིན་ཡང་རེད་མི་བུ་ཚད་ལྡན་ཞིག་འོངས་ཐུབ་པ་འདོད།
རེབ་ཐོག་མདའ་ལགས། བསམ་ཚུལ་མ་མཐུན་པ་ལ་འགྲེལ་བཤད་བརྒྱབ་པར་བཀའ་དྲིན་ཆེ།། ནང་བསྟན་རིག་གནས་འདིར་ཤེས་ན་སེམས་ཞི་བདེ་དང་གུ་ཡངས་ཆགས་ཀྱི་རེད་ཟེར་བར་བདེན་ན་བོད་ཀྱི་དགེ་བཤེས་ལྷ་རམས་པ་སོགས་ཀྱི་སེམས་ཞི་བདེ་དང་གུ་ཡངས་ཡོད་དགོས། ཡོད་དམ། མེད་པྭ་་་་་་་་་་་་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་སེམས་ཁུར་གྱིས་བློ་བདེ་གུ་ཡངས་ཤིག་བྱེད་ནས་སྡོད་པའི་དུས་ཤིག་མེད། རྟེན་འཇིག་འཁོར་བ་མེ་དོང་ལྟ་བུ་མཐོང་ནས་སྐྲག་གི་རེད། མདོ་ན་་་ལྟོ་ཞིམ་པོ་ཙམ་ཡང་ཟ་མི་ཕོད། ནང་ཆོས་ལ་མཁས་པ་ཆགས་ན་དེ་འདྲ་རེད།
དགེ་བཤེས་ལྷ་རམས་པ་ཚོས་མི་ལོ་ཉིས་ཤུའི་རིང་དུ་སློབ་སྦྱོང་བྱས་ནས་ནང་ཆོས་ཀྱི་གནད་དོན་རྣམས་རྟོགས་ཐུབ་པ་རེད་་་མ་གཏོགས་སློབ་གྲྭ་ཁག་ལ་ནང་ཆོས་སློབ་ཁྲིད་བྱས་དང་བྱེད་བཞིན་འདིས་སློབ་ཕྲུག་གཅིག་ལ་ཡང་རིག་ལམ་ཡག་ཙམ་ཆགས་མི་ཐུབ། རྟགས་ཆོས་དོན་གསུམ་ཙམ་ཡང་ཤེས་ཐུབ་ཀྱི་མ་རེད་འདོད། སློབ་ཕྲུག་ཚོའི་ཀླད་པའི་ནང་དུ་བག་ཆགས་བཞག་ཐུབ་ནི་རྨོངས་དད་རེད། རྨོངས་དད་འདིས་བོད་ཕུང་ཡོད་པ་ཡང་གསལ་པོ་རེད།
མདོ་བསྡུས་ན་་སློབ་གྲྭའི་ནང་དུ་ཆོས་ཀྱི་སློབ་ཚན་བསླབ་དགོས་པའི་རྒྱུ་མཚན་ངོ་མ་ཕྲུ་གུ་ཆུང་ཆུང་ཚོའི་ཀླད་པ་ནང་དུ་རྨོངས་དད་བླུགས་འདོད་པས་རེད། རྨོངས་དད་ཅན་གྱི་མི་ཞིག་ཆགས་ཐུབ་པ་ཡིན་ན་དཀོར་བདག་ཚོས་ག་པ་འཁྲིད་འཁྲིད་དང་ག་རེ་བཤད་བཤད་རེད་པྭ་་་་་་་་་་ཧཧཧ དབང་ཤུགས་རྒྱ་བསྐྱེད་ཡོང་ཆེད་དུ་རེད་བ།
བོད་ཀྱི་སློབ་མ་ཚོར་ཤེས་ཡོན་ཡར་རྒྱས་ཡོང་བ་ལ།
༡༽དགེ་རྒན་ཤེས་ཚད་ཡག་པོ་ཡོད་པ་ཞིག་དགོས་ཀྱི་འདུག་གོ་ཐོས་ལྟར་ན་དེང་གི་བཙན་བྱོལ་སློབ་གྲྭའི་དགེ་རྒན་མང་པོ་ཞིག་གི་ཤེས་ཚད་ཧ་ཅང་སྐྱོ་བོ་ཡོད་རབ་འདུག
༢༽ སློབ་ཕྲུག་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཡག་པོ་བྱེད་དགོས། དེ་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན་བོད་ཀྱི་སློབ་ཕྲུག་ཞིག་ཡིན་ཚེ་བོད་ཀྱི་ཆོས་དང་རིག་གཞུང་ནི་ཨ་མ་གཙོ་བོ་དེ་རེད་དེའི་སྟེང་དུ་ཕྱི་ཡི་རྒྱལ་ཁབ་སོགས་གཞན་པའི་ཤེས་ཡོན་གྱི་འཐུས་སྒོ་སྤྲོད་རྒྱུ་གལ་ཆེ།
༣༽ བོད་ཀྱི་སྐད་ཡིག་དང་གཞན་པའི་སྐད་ཡིག་དབྱེ་བ་ཡག་པོ་ཞིག་འབྱེད་ཐུབ་པ་བྱེད་དགོས། དེ་ནི་དེང་སང་བོད་ཀྱི་སློབ་མ་མང་པོ་ཞིག་གིས་བོད་སྐད་དང་གཞན་སྐད་བསྲེས་ནས་རྒྱག་གིན་འདུག་ཅིང་དེ་དག་སོ་སོར་ཕྱེ་དགོས་ན་ཕྱེ་ཡང་ཤེས་ཀྱི་མི་འདུག་གནས་ཚུལ་དེས་རྐྱེན་པས་མ་འོངས་པར་བོད་ཀྱི་སྐད་ཡིག་འདི་ཡང་ཉི་ཤུ་དགུའི་ཐུག་པ་ནང་བཞིན་ཆགས་སྲིད་པའི་སེམས་འཚབ་ཆེ།
༤༽ ཆོས་ཕྱོགས་དང་སྲིད་ཕྱོགས་ག་རེ་ཡིན་ཡང་སྦྱངས་བཅུག་དགོས་ལ་སྦྱངས་སའི་ཁོར་ཡུག་བསྐྲུན་དགོས། དེ་ལས་ལྡོག་སྟེ་ལྷ་སྒྲུང་སོགས་ཀྱི་ངན་ཁག་གཡོགས་ནས་གཡུག་བཞག་ན་མི་ལོ་སྟོང་གི་ལོ་རྒྱུས་ལྡན་པའི་ཐུན་མིན་བོད་ཀྱི་རིག་གཞུང་མང་དག་ཅིག་བེད་མེད་དུ་འགྱུར་འགྲོ།
༥༽ དོན་དངོས་ཐོག་བོད་དང་བོད་ཀྱི་ཁོར་ཡུག་ཡང་ན་འགྲོ་བ་མི་སྤྱི་ལ་ཕན་པའི་སློབ་སྦྱོང་རིགས་ཀྱང་བྱེད་མཁན་ཡོད་དགོས།
༦༽ བོད་རིགས་དགེ་ཞིག་ཡིན་ཚེ་སློབ་ཕྲུག་རྣམས་ལ་དམིགས་གསལ་ཕྱི་ཕྱོགས་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་དུས་ཙམ་མ་གཏོགས་བོད་སྐད་གཙང་མའི་སློབ་ཁྲིད་བྱེད་པ་དང་བོད་སྐད་གཙང་མའི་སྟེང་ནས་བཀའ་མོལ་གནང་བ་ལས་གཞན་པའི་སྐད་ཡིག་དང་བསྲེས་ནས་སློབ་ཁྲིད་དང་བཀའ་མོལ་གནང་མི་ཆོག
དེ་དག་ནི་ང་རང་གི་བསམ་ཚུལ་ཁ་ཤས་དེང་སང་གི་བོད་ཀྱི་སློབ་མ་སྤྱི་ཡི་གནས་སྟངས་ལ་བལྟ་དུས་མཚམས་མཚམས་སེམས་འཚབ་ཡོང་གི་འདུག་པས་ཁར་ཐུག་ཞུས་པ་ལས་གཞན་ཚད་མཐོ་སོའི་བསམ་བློ་ཅང་འཁོར་ཐུབ་ཀྱིན་མི་འདུག
བོད་པ་དང་བོད་སྐད་རྒྱབ་པའི་མི་རིགས་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་གཞོན་པ་དག་ལ། སློབ་མཁན། ཞེས་དང་། དགེ་རྒན་ཆེ་བ་དག་ལ། སློབ་དཔོན། ཞེས་མིང་ཚིག་བཀོལ་སྤྱོད་ཡོད་ན། བོད་སྐད་མི་ནུབ་པ་ལ་ཕན་ངེས། སློབ་མཁན་ལ་སློབ་དཔོན་ཞེས་བོད་ཀྱི་སྐད་དངོས་མ་ན་མཆིས། དེང་ཡང་བོད་ཀྱི་སྐད་ཀྱི་ཡི་གེའི་དག་ཆ་ཤེས་པའི་ཕྱིར་དུ། སློབ་ཕྲུག་བྱིས་པ་རྣམས་ལ་རྗེ་བཚུན་བསོད་ནམས་རྩེ་མོས་མཛད་པའི། བྱིས་པ་བདེ་བླག་ཏུ་འཇུག་པའི་བོད་ཀྱི་ཡི་གེའི་བཀླག་ཐབས། ཞེས་པ་ན་གསུངས་པ་བཞིན་སྔོན་འཇུག་དང་རྗེས་འཇུག་གི་སྒྲ་འཐོན་པར་བྱས་ཏེ་ཀློག་པ་དང་། བརྩེགས་འདོགས་ཅན་གྱི་མིང་ཚིག་རྣམས་ཀྱང་ཀྱང་ཡི་གེ་སོ་སོར་ཕྲལ་ན་འདོན་ཚུལ་བསླབ་ཐུབ་ན། སྦྱོར་ཀློག་ལོ་མང་སྦྱངས་པའི་འབྲས་བུར་དག་ཆ་ཤུགས་ཀྱིས་ཤེས། དེ་མིན་ཨ་རིའི་ཞིང་ཆེན་ཀ་ལི་ཕོར་ནི་ཡ་ཡིན་པ་ལྷ་ས་རུ་ལོ་གཅིག་ཙམ་བོད་སྐད་སྦྱངས་པ། དབུས་སྐད་རགས་ཙམ་རྒྱབ་ཐུབ་པ་ཞིག་ནེཝ་ཡོརྐ་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོར་བོད་ཀྱི་གནའ་བོའི་སྐད་སྦྱོང་བར་སླེབས། ཁོང་གིས་ལྷ་ས་ལ་མི་མང་པོར་མིང་ཚིག་གི་དག་ཆ་དྲིས་ཀྱང་། དག་ཆ་ལེགས་པར་ཤེས་མཁན་ཞིག་གཅིག་ཀྱང་རྙེད་མེད་པའི་གཏམ་བཤད་སོང་། ངས་ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མོར་ཁོང་དང་གཞན་ཞིག་ཡོད་པ་གཉིས་ལ་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་བཞིན་དུ། ཡི་གེ་སོ་སོར་ཕྲལ་ནས་ཀློག་ཏུ་བཅུག་པས་མིང་ཚིག་གི་དག་ཆ་ཤེས་པ་ལ་ཕན་ཐོགས་ཆེན་པོ་བྱུང་ཟེར། ཀ་ལོམ་བི་ཡ་སློབ་གྲྭ་སློབ་གྲྭ་ཆེན་མོ་ནས་དགོངས་པ་ཞུས་ཏེ། ང་ཅག་སོ་སོར་བྲལ་དུས་ཁོང་གི་མིག་ལ་མཆི་མ་ཡང་འཁོར་བ་མཐོང་། དེའི་སྔོན་དུ་ཡང་། བོད་ཀྱི་གནའ་བོའི་སྒྲ་གདངས་ལ་སྦྱངས་ཤིང་། དེ་ཉིད་གཅེས་པར་འཛིན་པའི་ཨ་རི་པ་བོད་ཀྱི་རིག་གཞུང་སྐད་ལ་སྦྱངས་པ་ཁ་ཤས་བྱུང་ཡོད་པའི་གནས་ཚུལ་ལོ།།
དེ་རིང་འདིར་བོད་ཀྱི་ཤེས་ཡོན་ཡར་རྒྱས་ཕྱོགས་ལ་བགྲོ་གླེང་ཚིག་འགའ་རེ་གསུངས་འདུག་པས་དགའ་སོང་མོད། ཡིན་ཡང་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ལ་བསམ་ཚུལ་འདྲ་མིན་ཡོང་པ་ཡང་ཆོས་ཉིད་རེད།
ཕྲན་གྱིས་བསམ་ན། བཙན་བྱོལ་ནང་དུ་སྐྱེས་བའི་བོད་ཕྲུག་ཚོ་ཤེས་ཡོན་གང་གི་ཕྱོགས་ནས་སྐྱོ་བོ་རེད།དེ་ཐོག་མར་ངོས་འཛིན་ཐུབ་དགོས། བཙན་བྱོལ་ནང་གི་བུ་ཕྲུག་ཚོ་བོད་ཡིག་གཙོ་བྱས་བའི་སྐད་རིགས་གཞན་དབྱིན་ཡིག་སྟེང་སྐྱོ་བོ་རེད། བཙན་བྱོལ་ནང་གི་བུ་ཕྲུག་ཚོ་ལུས་སེམས་གཅིག་པོ་མ་ཡིན་པར་ལུས་ངག་ཡིད་གསུམ་པོ་བོད་རིགས་གཙང་མ་བཟོ་འདོད་ན།ཐོག་མར་རང་གི་མི་རིགས་ཀྱི་སྲོག་དབང་བོད་ཡིག་དེ་སྤུས་དག་པོ་ཞིག་ཤེས་ཐུབ་དགོས།མ་ཟད་ཚན་རིག་ལག་ཤེས་སོགས་ནུབ་ཕྱོགས་སྟོབས་ཆན་རྒྱལ་ཁབ་ཀྱི་སྐད་ཡིག་ནང་ཡོད་པ་དག་མི་རིགས་རང་གི་སྐད་ཡིག་ནང་བསྒྱུར་ཐུབ་དགོས། དེ་ནས་དེའི་ཐོག་ནས་སློབ་ཕྲུག་ཚོར་བསླབ་ཐུབ་དགོས། དེ་ལྟར་བྱས་ཚེ་རིགས་གཅིག་རྐང་འཛིན་གྱི་རྨང་གཞི་འཛུགས་ཐུབ། དེ་མིན་བཙན་བྱོལ་བོད་ཕྲུག་ཚོ་སྐད་ཡིག་གཉིས་ཀྱི་བར་ན་ཕུང་གསུམ་པ་ཞིག་གྱུར་ཡོད་པ་ང་ཚོས་མཐོང་གསལ་རེད། བོད་ནས་གསར་འབྱོར་བ་མང་པོ་སླེབས་རག་བར་དུ་བཙན་བྱོལ་ནང་བོད་ཡིག་གི་གསར་ཤོག་གཙང་མ་ཚད་ལྡན་ཞིག་ཀྱང་འདོན་ཐུབ་མེད།དེ་ནི་བོད་ཡིག་སློབ་པའི་རང་དབང་མེད་པ་མ་ཡིན་པར་བོད་མི་རིགས་ཀྱི་ཚེ་སྲོག་ངོས་འཛིན་བྱས་མ་ཐུབ་པ་མ་ཟད། བོད་ཡིག་གི་མ་འོང་པའི་ཚེ་སྲོག་ལ་བསམ་གཞིགས་བྱས་མ་ཐུབ་པའི་སྐྱོན་རེད། ལོ་ངོ་༥༠ལྷག་ཕྱིན་ན་ཡང་ཡིག་བསྒྱུར་སྡེ་ཚན་ཞིག་ཀྱང་མེད་པ་འདིས་གཞུང་ངོས་ནས་བོད་ཡིག་དང་མི་རབ་རྗེས་མ་ཚོའི་ཤེས་ཡོན་ལ་བསམ་གཞིགས་མ་བྱས་བའི་རྟགས་གསལ་བོ་རེད།ད་ཐེངས་འདི་ཙམ་ཡིན།སྤྱིར་དེབ་རྒན་ཞིག་བྲིས་ཀྱང་བརྗོད་ག་ལ་ཚར།
ཤེས་ཡོན་ཡར་རྒྱས་དང་བསམ་ཚུལ་བརྗོད་ས་ཡོད་པ་ཐུགས་རྗེས་ཆེ། ང་སློབ་ཕྲུག་ཡིན་པའི་སྐབས་ཧང་སང་དགོས་པ་ཞིག་ལ། ཤཀྱའི་དགེ་སློང་ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་ཀྱི་རྒྱལ་ཐོག་ཞེས་གཉིས་པ་བཀྲོངས་འདུག དུས་རབས་བཅུ་གཅིག་གི་རྗེས་ཡ་ང་བས་བཙན་པོ་ཁོང་ལ་གླང་དར་མ་ཞེས་བ་ཕྱུགས་ཀྱི་མིང་རྟགས་མཁན་ནི་ཆོས་ཕྱོགས་བསམ་བློ་ལས་བོད་མི་རིགས་བསམ་བློ་མེད་པས་རྟགས་རེད། ད་དུང་ཡ་ང་བས་བཙན་པོ་ཁོང་ནི་སྡུད་ཡིན་པ་དང་ལྷ་ལུང་དཔལ་རྡོ་རྗེས་ནི་ཡག་པས་ཡག་རབས་བོད་ཡིག་དགེ་ལགས་ཀྱི་ནོར་བ་མ་རེད་བོད་ཀྱི་རྒྱལ་རབ་བྲིས་མཁན་དེར་ཆོས་ཕྱོགས་བསམ་བློའི་ཤུགས་རྐྱེན་བྱེད་པ་རེད། སྤྱིའི་འཛམ་གླིང་ཁྲིམས་ཡོད་ཚང་མས་མི་སྲེད་མཁན་ལ་ཉེས་པ་གཏང་བ་མ་ཏོགསཇ་མངགའ་འརྗོད་གནང་མཁན་མེད། བོད་པ་ཚང་གི་ཤེས་ཡོན་ཡར་རྒྱས་མཉམ་དུ་བོད་ནང་གི་མཁས་པ་མིང་དོན་ཚུང་པ་ཚོའི་ག་རེ་འབྲི་འདུག་ཡག་པོ་མཁྱེན་ན་ཕན་ཐོགས་ཆེན་པོ་ཡོང་ངེས། གཞི་ལུས་བོད་མིའི་༼ང་ཡེའི་བཙན་པོ་གླང་དར་མ་ཞེས་༽ ་ལོ་རྒྱུས་ཀྱག་ཀྱོག་གི་བར་ནས་སྔོན་ཐོན་བཙན་པོ་དེར་ཡིན་ཟེར། བསྟན་པའི་དགྲ་བོ་ཡང་ཡིན་ཟེར། ཤོད་རྒྱུན་སྤྲིན་ནག་དེར་ཡལ་རྗེས། བདེན་པའི་འོད་ཟེརཞིག་འཁྲུངས་ངེས། དུས་རབས་མང་པོ་ཡི་ཚོད་བག དེ་ནས་བདེན་རྫུན་དེ་དབྱེ་ཡོང། སྔོན་ཐོནབསམ་བློ་ཡི་སྣད་འཁྲིད་ ་
ཤེས་ཡོན་ཡར་རྒྱས་དང་བསམ་ཚུལ་བརྗོད་ས་ཡོད་པ་ཐུགས་རྗེས་ཆེ། ང་སློབ་ཕྲུག་ཡིན་པའི་སྐབས་ཧང་སང་དགོས་པ་ཞིག་ལ། ཤཀྱའི་དགེ་སློང་ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་ཀྱི་རྒྱལ་ཐོག་ཞེས་གཉིས་པ་བཀྲོངས་འདུག དུས་རབས་བཅུ་གཅིག་གི་རྗེས་ཡ་ང་བས་བཙན་པོ་ཁོང་ལ་གླང་དར་མ་ཞེས་བ་ཕྱུགས་ཀྱི་མིང་རྟགས་མཁན་ནི་ཆོས་ཕྱོགས་བསམ་བློ་ལས་བོད་མི་རིགས་བསམ་བློ་མེད་པས་རྟགས་རེད། ད་དུང་ཡ་ང་བས་བཙན་པོ་ཁོང་ནི་སྡུད་ཡིན་པ་དང་ལྷ་ལུང་དཔལ་རྡོ་རྗེས་ནི་ཡག་པས་ཡག་རབས་བོད་ཡིག་དགེ་ལགས་ཀྱི་ནོར་བ་མ་རེད་བོད་ཀྱི་རྒྱལ་རབ་བྲིས་མཁན་དེར་ཆོས་ཕྱོགས་བསམ་བློའི་ཤུགས་རྐྱེན་བྱེད་པ་རེད། སྤྱིའི་འཛམ་གླིང་ཁྲིམས་ཡོད་ཚང་མས་མི་སྲེད་མཁན་ལ་ཉེས་པ་གཏང་བ་མ་ཏོགསཇ་མངགའ་འརྗོད་གནང་མཁན་མེད། བོད་པ་ཚང་གི་ཤེས་ཡོན་ཡར་རྒྱས་མཉམ་དུ་བོད་ནང་གི་མཁས་པ་མིང་དོན་ཚུང་པ་ཚོའི་ག་རེ་འབྲི་འདུག་ཡག་པོ་མཁྱེན་ན་ཕན་ཐོགས་ཆེན་པོ་ཡོང་ངེས། གཞི་ལུས་བོད་མིའི་༼ང་ཡེའི་བཙན་པོ་གླང་དར་མ་ཞེས་༽ ་ལོ་རྒྱུས་ཀྱག་ཀྱོག་གི་བར་ནས་སྔོན་ཐོན་བཙན་པོ་དེར་ཡིན་ཟེར། བསྟན་པའི་དགྲ་བོ་ཡང་ཡིན་ཟེར། ཤོད་རྒྱུན་སྤྲིན་ནག་དེར་ཡལ་རྗེས། བདེན་པའི་འོད་ཟེརཞིག་འཁྲུངས་ངེས། དུས་རབས་མང་པོ་ཡི་ཚོད་བག དེ་ནས་བདེན་རྫུན་དེ་དབྱེ་ཡོང། སྔོན་ཐོནབསམ་བློ་ཡི་སྣད་འཁྲིད་བརྒྱུར་བཅོས་དོན་སྙིང་གི་བཙན་པོ། གངས་ཅན་གདོང་དམར་གྱི་བཙན་པོ། ང་ཡིད་བཙན་པོ་ཡ་ང་བས་བཙན་པོ། ཡང་ན་ལོ་གསུམ་སྡར་སོང། ཡང་ན་ལོ་གསུམ་གྱི་ཕྱི་སོང། ཞ་ནག་མདའ མོ་འོག་ནས་བོད་པས་ལས་དབང་རྒྱུར་སོ། ་
བོད་འདི་མྱི་བརྫ་དང་ཁྱི་བརྫ་ལ་ལྷག་གི་མི་འཇུག་འདོད་ན།
དང་བོ།
ང་ཚོ་ལ་གང་དགོས་བའི་ཤེས་བྱ་ཐམས་ཅད་བོད་ཡིག་དུ་འབྲི་ཐུབ་པ་ཞིག་དང་སྦྱང་འདོད་ཡོད་པ་རྣམས་དཔེ་བསྒྱུར་ཆ་ཚང་བ་ཞིག་ཡོད་དགོས་བ་རེད། སྔོན་མར་རྒྱ་གར་ནས་བསྒྱུར་བ་དག་ལ་བལྟས་ན། ང་ཚོས་དེ་འདྲ་བྱེད་ཐུབ་པ་རེད། དེ་འདྲ་བྱས་ན་བོད་ཡིག་བོད་སྐད་མི་ཤེས་བ་དང་ཉམ་འགྲོ་བའི་སེམས་ཁུར་དེ་ཡང་མེད་འགྲོ་བ་རེད།
དེ་ཡོད་དུ་འཇུག་པ་ལ། ཆེད་ལས་ཡིག་བསྒྱུར་མི་སྣ་གསོ་སྐྱོང་བྱེད་དགོས་བ་རེད། མི་བུ་དེ་དག་གིས་བསྒྱུར་ཟིན་པའི་དེང་རབས་རིག་གསར་ཚང་མ་སྐབས་བབས་བོད་ཀྱི་དགེ་ལས་ཚང་མ་ལ་ཟབ་སྦྱོང་སྤྲོད་དགོས་པ་རེད། ཟབ་སྦྱོང་རྩེར་ཐོན་གྱི་དགེ་ལས་ཁྱད་མཁས་བ་ལ་གླ་ཕོག་སོགས་ཡར་བསྟོད་གནང་དགོས་བ་རེད།
རྫས་འགྱུར་རིག་པ། གློག་རྡུལ་རིག་པ། རྩིས་འཕྲུལ་རིག་པ། སྲིད་འབྱོར་རིག་པ་སོགས་ད་ཡོད་ད་མཁོ་རྣམས་ལ་དགེ་སློབ་ཚང་མས་རྡོ་གཅིག་གིས་བྱ་བརྒྱ་གསོད་མི་ཐུབ་པ་དེ་ཤེས་བའི་སྒོ་ནས་ཕྱོགས་སོ་སོ་ལ་ཤུགས་ཅིག་མ་བརྒྱབ་ན་ང་ཚོ་ནམ་ཡིན་ཡང་རྗེས་ལུས་ཡིན་པ་རེད།
གཉིས་བ།
བོད་ཀྱི་འབྱོར་ལྡན་དང་ཤེས་ལྡན་དག་གིས་རང་གི་ནུས་བ་དང་རྣམ་དཔྱོད་ཀྱིས་བོད་མི་རིགས་ལ་ཕན་བསམ་བཟུང་ནས། ཆེད་ལས་སློབ་གྲྭ་དང་འཁོར་ཡུག་གང་མང་མང་གིས་བོད་མིའི་འགྲོ་ལམ་དང་མདུན་ལམ་བཙན་བྱོལ་གཅིག་པོ་ལ་བཅོལ་མ་དགོས་བ་ཞིག་བྱེད་ཐུབ་པ་དང་སྐྲུན་ཐུབ་པའི་སྤོབས་པ་ཡོད་པའི་ངང་ནས་ལྟ་སྐྱོང་བྱེད་དགོས་བ་རེད། གླ་ཆ་མཐོ་བོ་ཞིག་དང་མཚན་སྙན་ཆེན་པོ་ཞིག་ལ་དབུ་འཁོར་ནས་བསྡད་པ་ཡིན་ན་ཁྱེད་ཅག་གི་མི་རིགས་འདི་ནམ་ཡང་རྗེས་ལུས་ལ་བཞུགས་རྒྱུ་ཡིན་པ་རེད།
གསུམ་པ།
སློབ་བུ་རང་སྟེང་ནས་རང་གི་རྨི་ལམ་དང་མདུན་མ་ལ་དབྱེ་བ་ཕྱེ་ཐུབ་པ་ཞིག་དགོས་བ་དང་། དེ་འདྲ་མི་ཐུབ་པའི་དམིགས་མེད་རྣམས་ལ་བྱིས་བའི་སེམས་ཁམས་དང་ཀླད་པའི་དཔག་ཚོད་ལ་བཞག་ནས་མ་སྟོན་ཡོད་དགོས་བ་རེད། དེ་མེད་ན། དགེ་སློབ་གང་མང་ཞིག་གི་མྱི་ཚེ་དོན་མེད་ངང་ཟད་རྒྱུ་ཡིན་པ་དང་། དབྱུག་པ་དང་ཆ་མཐུར་སོགས་ཀྱིས་གཅར་རྡུང་བྱེད་པའི་དགེ་ལས་ཉེས་ཅན་པ་ཚོས། ང་ཚོ་མིག་དཔེ་མི་བཟང་བའི་སྤྱི་ཚོགས་ཞིག་ལ་བསྒྱུར་བ་དང་ཁོང་ཚོའི་བྱམས་སྐྱོངས་མེད་པའི་ཁོང་ཁྲོའི་འབྲས་བུ་ཙམ་བསྟན་པ་ལས་དགོས་བ་གང་ཡང་མེད་པ་ཡིན།
བཞི་བ།
ཤེས་ཡོན་དང་དཔལ་འབྱོར་ནི་ཨ་ལུང་གཅིག་ལ་སྒྱིལད་པའི་འཇིག་རྟེན་འཁོར་བ་ཞིག་ཡིན་པས། དཔལ་འབྱོར་ནི་ཁ་ལྟོ་དང་། ཤེས་ཡོན་ནི་ཁ་མྱིག་ཡིན་པས། ཁ་མྱིག་མེད་པར་ཁ་ལྟོ་རྙེད་དཀའ་པས། ཤེས་ཡོན་སྔོན་དུ་བཙལ་དགོས་དེ་ཤེས་པར་བྱ་དགོས།
དཔལ་འབྱོར་དང་དེང་རབས་རིག་གསར་ནི་ཡང་ཨ་ལུང་གཅིག་ལ་སྒྱིལད་པའི་འཇིག་རྟེད་འཐབ་རྩོད་ཞིག་ཡིན་པས།
དེང་རབས་ཤེས་བྱ་ནི་ཁ་ལག། དཔལ་འབྱོར་ནི་ཁ་སེམས་ཡིན་པས། ཁ་ལག་མ་འགུལ་བར་ཁ་སེམས་མི་ཁེངས་པས། དེང་དུས་ཤེས་ཡོན་སྔོན་དུ་བཙལ་དགོས་དེ་ཤེས་པར་བྱ་དགོས།
ལྔ་བ།
ང་ཁ་བཙུམ་ནས་བསྡད་ན་འགྲིག་ས་ཡོད། ཡིན་ན་ཡང་ཁྱི་ཁ་བླ་དགོས་བྱུང་སོང་།
༼དྲ་གྲོགས་རྣམ་ལ་དྲི་བར་ཞིག་ཡོད་བོད་ཀྱིས་་རྒྱལ་རབ་ནང་གསལ་ལྟར་་གླང་དར་མ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཡིན་ནམ༽ ་༼ཤཱཀྱའི་དགེ་སློང་ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་ཀྱི་རྒྱལ་པོ་གླང་དར་མ་བཀྲོངས་པ་དེར་ལོ་རྒྱུས་ཉེས་ཅན་ཡིན་ནམ་༽ ་༼དུས་རབས་ཉིས་གཅིག་ནང་བོད་ཀྱིས་སྐད་ཡིག་གནས་དང་མི་གནས་མཚམས་འདིར་ད་དུང་སློབ་ཕྲུག་ཚོར་གླང་དར་དང་ལྷ་ལུང་དཔལ་རྡོ་རྗེས་སྐོར་འབྲིས་ཀློག་སྦྱངས་རྒྱུར་གལ་ཆེན་པོ་ཡིན་ནམ༽ ་༼རྒྱ་མར་གཞུང་ནས་མདོ་དབུས་ཁམས་ནང་བོད་མི་གསེར་སྐྱ་འབུམ་བཅུ་གཉིས་སྲེད་དགོན་པ་དྲུག་སྟོང་སྟོར་ཤིག་གཏང་བོད་མི་རིགས་ལ་འཕྲད་པས་དཀའ་སྡུག་ཆ་ཚང་བ་སློབ་ཕྲུག་ཚོས་ཤེས་དགོས་གལ་ཆེ་ཡིན་ནམ་ལྷད་མེད་ལྷག་བསམ་བཟང་པོ་གསུངས་གནང་ཡོང་བ་མཁྱེན་མཁྱེན༽
༼དྲ་གྲོགས་རྣམ་ལ་དྲི་བར་ཞིག་ཡོད་བོད་ཀྱིས་་རྒྱལ་རབ་ནང་གསལ་ལྟར་་གླང་དར་མ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཡིན་ནམ༽
གླང་དར་མ་ལོ་རྒྱུས་ཀྱི་ནག་ཅན་ཞིག་ནམ་ཡང་མིན། ལོ་རྒྱུས་ཀྱ་གོད་ཆག་ཚབ་ཆེན་ཞིག་བྱུང་བ་རེད།
གླང་དར་མས་བོད་ཀྱི་རིག་གཞུང་མེད་པ་བཟོ་འདོད་ནམ་ཡང་བྱས་མེད། ཆོས་ལུགས་ཀྱི་དབང་ཤེད་ཤུགས་ཆེ་དྲག་སྟེ་སྲིད་ཀྱི་དབང་ཤུགས་ནུས་མེད་དུ་ཆགས་སུ་བཅུག་སྟེ་བོད་རྒྱལ་ཁབ་ཀྱི་ས་མཚམས་འཁོར་ཡུག་ལས་སོགས་བསྲུང་རྒྱུའི་ནུས་པ་མེད་པ་དང་རྒ་ཁབ་འཛུགས་སྐྲུན་ལས་སོགས་ཀྱི་ནུས་པ་གང་ཡང་མེད་པར་བརྟེན་ཆོས་འདུལ་བའི་རིགས་ལ་དོ་བསྡམ་པོ་བྱས་པ་ཙམ་རེད། དེ་མིན་ཆོས་ལུགས་དབང་ཤེད་ཀྱིས་མི་མང་བརྒྱ་ཆ་དགུ་བཅུ་གོ་དགུ་འདུལ་བ་པའི་བྲན་གཡོག་ཏུ་བཟོས་པར་བརྟེན་དེ་དག་ལ་དྲག་གནོན་བྱས་པ་རེད།༼ཤཱཀྱའི་དགེ་སློང་ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་ཀྱི་རྒྱལ་པོ་གླང་དར་མ་བཀྲོངས་པ་དེར་ལོ་རྒྱུས་ཉེས་ཅན་ཡིན༽
ཡིན་དང་ཡིན་དེ་མ་བཀྲོངས་ན་ད་གཟོད་བོད་འདི་རྒྱ་ནག་གིས་བཙན་དབང་དུ་མ་བསྡུས་པ་ཐག་ཆོད་རེད། དེ་ལ་དཔའ་རྟགས་དང་བྱེད་བྱས་ངོམ་བཟོ་ནམ་ཡང་བྱེད་མི་རུང། དེ་ཚན་་རིག་ཞིབ་འཇུག་མཁས་པས་ཀྱང་འདི་འདྲ་རང་བཤད་ཡོད།
རྒྱ་ནག་གིས་དགོན་པ་དང་མི་མང་བསད་པ་དེ་ལོ་རྒྱུས་ཀྱི་ནག་ཉེས་ཆེན་པོ་ལོས་ཡིན། བོད་མིའི་རིག་གཞུང་རྩ་མེད་བཟོ་འདོད་བྱས་པ་རེད། དེ་དང་གླང་དར་གཉིས་ཞྭ་དང་ལྷམ་ལྟ་བུ་ཡིན་པས་མཚུངས་སྡུར་བྱེད་ས་ནམ་ཡང་མེད། གླང་དར་གྱིས་འདུལ་བརྩུན་རིགས་ལ་གནོད་པ་བྱས་པ་ལས་བོད་མིའི་རིག་གཞུང་མེད་པར་བཟོ་འདོད་མེད་དོ
ཡར་རྒྱས་ལ་སྐུལ་འདེབས་ཀྱི་བསམ་ཚུལ་ཡག་པོ་འདུག བསམ་ཚུལ་འདི་དག་ངེས་པར་བདག་པོ་རྒྱག་དགོས་པ་མཐོང། སློབ་མའི་གྲུབ་འབྲས་བཟང་ངན་དེ་གཙོ་བོ་སོ་སོའི་འབད་རྩོལ་ལ་རག་ལས་པ་དང་སློབ་ཚན་དེ་ཚོ་ཡག་པོ་ཞིག་ལྟ་དགོས་པ་ལས་དེ་མིན་དགེ་རྒན་གྱི་མགོ་ལ་བཞག་ན་ཡང་མི་འགྲིག་པ་མེད། ལྷས་མཐོང་བ་མིས་མི་མཐོང་བ་ཞེས་པའི་དཔེ་ལྟར་དགེ་རྒན་གྱི་ཤེས་ཚད་དང་ཉམས་མྱོང་གིས་མི་འདང་ས་གང་མང་ཞིག་ལོས་ཡོད། སྤྱིར་ན་དགེ་རྒན་ཞིག་གི་བླ་མེད་ཀུན་སྤྱོད་དེ་ཧ་ཅང་གལ་ཆེན་པོ་རེད། དགེ་རྒན་ཚད་ལྡན་ཟེར་བ་ནི་འགན་ཁུར་གྱི་འདུ་ཤེས་ལྡན་དགོས་ཤིང་ལྷག་པར་དུ་ངོ་སྲུང་དང་སློབ་ཕྲུག་གི་སྤྱོད་ངན་ལ་རྒོལ་བའི་སྙིང་སྟོབས་ཡོད་དགོས། ཐུན་མོང་ལ་དཀའ་ངལ་ཞིག་འཕྲད་བཞིན་པ་ནི། དགེ་རྒན་ལ་ཕྱུགས་རྫི་ཞིག་གི་འདུ་ཤེས་ཀྱང་མེད་པས་ད་ལྟའི་གནས་བབས་འདིར་ཅིས་ཀྱང་བསམ་བློ་གཏོང་དགོས་པ་མང་པོ་ཞིག་འདུག ། ལྷག་པར་སློབ་ཕྲུག་གི་ངོས་ནས་ལྟ་དགོས་པ་ཞིག་ལ་རང་ཉིད་ཀྱི་གྲུབ་འབྲས་བཟང་ངན་གང་ཞིག་ཀྱང་དགེ་རྒན་་རྐྱང་རྐྱང་གི་མགོ་ལ་འཇོག་པ་ལས། སློབ་མ་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་བ་སློབ་གྲྭའི་དགེ་རྒན་ལ་ཐུག་ཡོད་ཟེར་བ་དང་རང་རང་ལ་དེའི་ཐད་དུ་འགན་ཁུར་གང་ཡང་མེད་སྙམ་པ་དེ་ནི་ནོར་འཁྲུལ་གྱི་བསམ་བློ་རེད། ད་ལྟའི་འཛིན་གྲྭའི་གཙོ་ཁྲིད་དགེ་རྒན་ཚོ་ལ་ཞན་ཆ་ལོས་ཡོད། སློབ་ཕྲུག་ཚོའི་ལུས་སེམས་ལ་ཁ་ལོ་སྒྱུར་མཁན་ངོ་མ་ནི་ཅི་ཞིག་ཡིན་འདུག་བཤད་དཀའ་གི །སློབ་ཕྲུག་ལ་ལ་སློབ་གྲྭ་ནས་ཉི་མ་འཁྱོལ་ཐབས་བྱེད་པ། སློབ་ཁྲིད་ལ་དོ་སྣང་མེད་པ། ནན་ཏན་མེད་པ། རྣ་བ་མི་གཏོད་པ། གོ་མེད་ཚོར་མེད་ཀྱི་ངང་ནས་རང་ཉིད་བརླག་འགྲོ་གི་ཡོད་པ་ཤེས་ཐུབ་ཀྱི་ཡོད་པ་མ་རེད།རང་སྐྱོན་ངོས་མ་ཟིན་པའི་་ཐོག་ལ་ཕར་མཛུབ་མོ་བཙུགས་ནས་ལབ་ན་ཕན་པ་ལས་གནོད་པ་གང་ཆེ་ལྟ་དགོས་ངེས་ཆགས་ཡོད། སོ་སོའི་ནང་ལ་བསླེབས་ཚེ་རང་སྦྱོང་མི་བྱེད་པ་དང་གང་སར་འཁྱམ་ཉུལ་བྱས་ནས་དུས་ཚོད་རྩ་ཆེན་པོ་དེ་འཐུས་ཤོར་སོང་བ་མང་པོ་ཡོང་གི་ཡོད་པ་རེད། ཐོག་མའི་དམིགས་ཡུལ་ལྟར་བྱས་ན་བོད་ཀྱི་རིག་གཞུང་མི་ཉམས་པ་དང་དེང་དུས་ཀྱི་སློབ་སྦྱོང་ཡར་རྒྱས་གཏོང་ཆེད་སློབ་གྲྭ་བཙུགས་པ་དང་། ནང་བསྟན་རིག་གནས་མི་ཉམས་པའི་ཆེད་དགོན་སྡེ་ཁག་བཙུགས་པ་དེ་ལྟ་ན་ཡང་བཙན་བྱོལ་སློབ་གྲྭའི་སློབ་མ་ཚོ་བོད་ཡིག་ལ་དོ་སྣང་མེད་པ་དེ་ལྟར་སོང་ཙང་སློབ་མ་རང་ཉིད་ནས་མགོ་འཛུགས་ས་ནོར་སོང་བ་རེད། བཙན་བྱོལ་སློབ་གྲྭ་སྐྱབས་བཅོལ་སློབ་གྲྭ་རེད། སློབ་གྲྭ་གཞན་ལ་བསྡུར་ས་འགྲོ་ནི་མ་རེད། ཕྲུ་གུ་མང་པོ་ཞིག་པོ་ཞིག་བསླེབས་དུས་ཀ་ཁའི་མགོ་རྔ་ཙམ་ཡང་ཤེས་ཀྱི་ཡོད་པ་མ་རེད། དེ་ནས་རིམ་པས་བོད་ཡིག་ཡག་པོ་བསླབ་རྒྱུའི་ཚབ་ཏུ་དབྱིན་ཇི་གཙོ་བོ་བྱས་པ་དེ་མ་འགྲིགས་པ་རེད། བོད་ཀྱི་རིག་གཞུང་ཡར་རྒྱས་ཀྱི་ཚབ་ལ་གྱོང་གུན་རེག་རྒྱུ་ཉག་གཅིག་རེད། དེའི་མཇུག་འབྲས་ལ་བོད་མིའི་འདུ་ཤེས་ཀྱང་བརླག་པའི་ཉེན་ཁ་ཡོད་པ་རེད། དེ་འདྲ་རེད།
དེས་ན་བསམ་དགོས་པ་ཞིག་ལ། གཞི་རིམ་གྱི་སློབ་གསོ་དེ་གལ་ཆེན་པོ་འཛིན་དགོས་པ་རེད། སློབ་གསོ་ཟེར་བ་དབྱིན་ཇུའི་ནང་educationཟེར་བ་དེ་རེད། དེའི་གོ་དོན་སྦྱོང་བརྡར་སྤྲད་ནས་གསོ་སྐྱོང་བྱ་རྒྱུ་དེ་རེད། སློབ་གྲྭ་ཡར་རྒྱས་ཀྱི་ངོ་བོ་མི་འདུག་ཟེར་བ་དེ་བདེན་པ་མ་རེད། སྐད་ཡིག་ཚན་རིག་སོགས་སློབ་ཚན་འདྲ་མིན་བསླབ་དགོས་པ་དང་། མཚན་ཉིད་རྩོད་དགོས་པ་སོགས་སློབ་ཚན་འདྲ་མིན་ཡོད་པ་དེ་དག་རེ་རེ་བཞིན་སློབ་མ་རང་ཉིད་ནས་ཧུར་བརྩོན་བྱས་ན་འཛིན་གྲྭ་ཐོན་ཚེ་ཤེས་ཡོན་གང་འཚམས་ཤིག་ཡར་རྒྱས་ལོས་འགྲོ། དམིགས་བསལ་ཚན་རིག་གི་སློབ་ཚན་སྐོར་ནས་བཤད་ན། ཚན་རིག་ཐོག་ཕྱག་ལས་གནང་མྱོང་མཁན་དག་གིས་གསུང་བཤད་བགྲོ་གླེང་གནང་བའི་བཀའ་དྲིན་ལ་བརྟེན་ནས་གཞི་ནས་གཞི་ནས་ནང་ཆོས་དང་ཚན་རིག་ལ་དོ་སྣང་གསར་བ་ཞིག་བསླེབས་པ་རེད། ད་ལྟ་གདན་ས་ཁག་ཏུ་གཞི་ནས་ཚན་རིག་ལ་དོ་སྣང་་བྱ་དགོས་པའི་དུས་ཤིག་ལ་བསླེབས་ཡོད་སྟབས། མ་འོངས་པའི་བདག་པོ་སློབ་ཕྲུག་རྣམ་པས་ཀྱང་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོས་དང་མཐུན་པར་ནང་ཆོས་དང་ཚན་རིག་ལ་དོ་སྣང་བྱ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དབྱིན་ཇིའི་སྐད་ཡིག་གི་ཐོག་ཚན་རིག་དང་ཨང་རྩིས། འཕྲོད་བསྟེན་སོགས་མིའི་སྤྱི་ཚོགས་དང་འབྲེལ་བའི་ཤེས་བྱ་གང་མང་ཞིག་ཡོད་སྟབས། དབྱིན་ཇི་སྐད་ཡིག་ལ་ཡང་སྦྱང་དགོས་པ་དང་། ང་ཚོ་ཚང་མས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་ལས་དོན་ཚགས་ཚུད་ཡོང་བར་འབད་འབུངས་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་དང་སློབ་ཕྲུག་ནང་ཁུལ་མཐུན་ལམ་ཡག་པོ་ཞིག་བྱེད་དེ་ཧི་མ་ལའི་རི་བོ་ཕར་ཕྱོགས་ཀྱི་བོད་པ་དང་ཚུར་ཕྱོགས་ཀྱི་མི་རིགས་སུ་ཡིན་ཡང་།ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་གཅིག་པ་ཡིན་པ་དང། གཙོ་བོ་བོད་ཀྱི་རིག་གཞུང་གི་བག་ཆགས་ཇི་སྲིད་གནས་པ་དེ་སྲིད་དུ་བོད་ཀྱི་རྩ་དོན་གནས་ཐུབ་ལ་བརླག་པ་ན་བོད་ཀྱི་རྩ་དོན་འཇའ་ལྟར་ཡལ་ངེས་ཡིན།
་་་་་ དེང་ཡང་བོད་ཀྱི་སྐད་ཀྱི་ཡི་གེའི་དག་ཆ་ཤེས་པའི་ཕྱིར་དུ། སློབ་ཕྲུག་བྱིས་པ་རྣམས་ལ་རྗེ་བཚུན་བསོད་ནམས་རྩེ་མོས་མཛད་པའི། བྱིས་པ་བདེ་བླག་ཏུ་འཇུག་པའི་བོད་ཀྱི་ཡི་གེའི་བཀླག་ཐབས། ཞེས་པ་ན་གསུངས་པ་བཞིན་སྔོན་འཇུག་དང་རྗེས་འཇུག་གི་སྒྲ་འཐོན་པར་བྱས་ཏེ་ཀློག་པ་དང་། བརྩེགས་འདོགས་ཅན་གྱི་མིང་ཚིག་རྣམས་ཀྱང་ཀྱང་ཡི་གེ་སོ་སོར་ཕྲལ་ན་འདོན་ཚུལ་བསླབ་ཐུབ་ན། སྦྱོར་ཀློག་ལོ་མང་སྦྱངས་པའི་འབྲས་བུར་དག་ཆ་ཤུགས་ཀྱིས་ཤེས། ་་་་་་ཟེར།
་་་་་་ བཙན་བྱོལ་སློབ་གྲྭ་སྐྱབས་བཅོལ་སློབ་གྲྭ་རེད། སློབ་གྲྭ་གཞན་ལ་བསྡུར་ས་འགྲོ་ནི་མ་རེད། ཕྲུ་གུ་མང་པོ་ཞིག་པོ་ཞིག་བསླེབས་དུས་ཀ་ཁའི་མགོ་རྔ་ཙམ་ཡང་ཤེས་ཀྱི་ཡོད་པ་མ་རེད། དེ་ནས་རིམ་པས་བོད་ཡིག་ཡག་པོ་བསླབ་རྒྱུའི་ཚབ་ཏུ་དབྱིན་ཇི་གཙོ་བོ་བྱས་པ་དེ་མ་འགྲིགས་པ་རེད། བོད་ཀྱི་རིག་གཞུང་ཡར་རྒྱས་ཀྱི་ཚབ་ལ་གྱོང་གུན་རེག་རྒྱུ་ཉག་གཅིག་རེད། དེའི་མཇུག་འབྲས་ལ་བོད་མིའི་འདུ་ཤེས་ཀྱང་བརླག་པའི་ཉེན་ཁ་ཡོད་པ་རེད། དེ་འདྲ་རེད། ་་་་་་ཟེར།
༢༨༽ དགའ་སྐྱིད་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༤ གི་ཆུ་ཚོད་ ༢༡ སྐར་མ་ ༠༩༼དྲ་གྲོགས་རྣམ་ལ་དྲི་བར་ཞིག་ཡོད་བོད་ཀྱིས་་རྒྱལ་རབ་ནང་གསལ་ལྟར་་གླང་དར་མ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཡིན་ནམ༽ ་༼ཤཱཀྱའི་དགེ་སློང་ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་ཀྱི་རྒྱལ་པོ་གླང་དར་མ་བཀྲོངས་པ་དེར་ལོ་རྒྱུས་ཉེས་ཅན་ཡིན་ནམ་༽ ་༼དུས་རབས་ཉིས་གཅིག་ནང་བོད་ཀྱིས་སྐད་ཡིག་གནས་དང་མི་གནས་མཚམས་འདིར་ད་དུང་སློབ་ཕྲུག་ཚོར་གླང་དར་དང་ལྷ་ལུང་དཔལ་རྡོ་རྗེས་སྐོར་འབྲིས་ཀློག་སྦྱངས་རྒྱུར་གལ་ཆེན་པོ་ཡིན་ནམ༽ ་༼རྒྱ་མར་གཞུང་ནས་མདོ་དབུས་ཁམས་ནང་བོད་མི་གསེར་སྐྱ་འབུམ་བཅུ་གཉིས་སྲེད་དགོན་པ་དྲུག་སྟོང་སྟོར་ཤིག་གཏང་བོད་མི་རིགས་ལ་འཕྲད་པས་དཀའ་སྡུག་ཆ་ཚང་བ་སློབ་ཕྲུག་ཚོས་ཤེས་དགོས་གལ་ཆེ་ཡིན་ནམ་ལྷད་མེད་ལྷག་བསམ་བཟང་པོ་གསུངས་གནང་ཡོང་བ་མཁྱེན་མཁྱེན༽
ཞེས་པའི་ལན་དུ།
བོད་ཀྱི་རྒྱལ་སྲས་འུ་དུམ་ནི། གཅེན་པོ་ཡིནད་ཀྱང་སྤྱོད་པ་ངན་དྲགས་ནས། ཆུང་བ་ཆོས་སེམས་ཆེ་བ་ཁྲི་རལ་རྒྱལ་སར་འཁོད་ལ། བཀོད་མཁན་རྒྱལ་པོ་དང་རྒྱལ་མོ་གཉིས་སྨྱོ་བ་འམ་ར་བཟི་ནས་ནོར་འཁྲུལ་བཏང་བ་ཡིན་དྭོགས་མེད།
ལྷ་ལུང་དཔལ་རྡོར་མཚམས་པ་ཅིག་ཡིན་ན་ཡང་། འུ་ཐུག་ནས་རྒྱལ་པོ་སྡིག་ཅན་བསད་པར་བཤད་ཡོད། ད་དུང་དཔྱད་པར་འཚལ།
དགའ་སྐྱིད་ཁྱེད་རང་ལོ་རྒྱུས་དངོས་ཤེས་དགོས་ན་བན་བོན་གཉིས་ཀྱིས་ཕྱོགས་ལྷང་གི་་བཤད་པ་ལ་མ་བསྟེན་པར་བློ་ཟུ་བོར་གནས་ནས་དཔྱད་མ་གཏོགས་ལམ་ནོར་བ་འཁྱམས་སྲིད་པ་རེད། ང་ནང་པ་ཡིན་ན་ཡང་། ངས་འདིར་བོན་པོར་སྨད་མེད་པ་འདི་ཡང་ཤེས་པར་གྱིས་ཤིག
ངའི་བསམ་ཚུལ་ལ། ཤེས་ཡོན་ཡར་རྒྱས་གཏོང་དགོས་ན་དགེ་རྒན་གྱི་གནས་ཚད་ཇེ་མཐོར་བཏང་བའི་སྟེང་། སྐབས་བཅུ་གཉིས་པའི་བཀའ་ཤག་ནས་གཏན་པ་ཕབས་པའི་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་དོན་འཁྱོལ་ཞིག་བྱུང་ན་དེ་གས་འགྲིག་པར་སེམས།
དེ་རིང་འདི་ནས་ཁྱད་ལས་བོད་ཡིག་ནང་དུ་མེད་པས་བོད་གངས་ཅན་པ་ལ་ཕམ་ཁ་གང་བྱུང་གྱི་བསམ་ཚུལ་ཟུར་ཙམ་ཞུ་འདོན་པ་ནི། སྔོན་གྱི་བོད་བཙན་པོའི་སྐབས་སུ་བོད་གངས་ཅན་པ་ཚང་ཡང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་མི་རིགས་གཞན་དག་ཚོའི་འཚོ་གནས་དང་གཅིག་མཚུངས་ལྟར་བོད་གངས་པ་ཚང་ཡང་རྗེས་ལུས་རྩ་བ་ནས་མེད། རྒྱལ་ཁབ་གཞན་དག་ཚོའི་ལས་ཤེས་ཀྱིས་རིག་གནས་ཇི་ལྟར་ཡོད་པ་བཞིན་བོད་པ་ཚང་ཡང་འཇོན་ཐག་ཆོད་ཡོད།
རྒྱལ་པོ་སྲོང་བཙན་གྱི་སྐབས་སུ་རྒྱལ་ཁབ་གཞན་དག་ཚོ་ལ་དམག་བརྒྱབས་ཐུབ་ཀྱི་ཡོད་ལ་གོ་ལག་ཆ་དང་རྒྱུ་དཔལ་འབྱོར་ཡང་འདྲ་འདྲ་ཡོད་པར་འདོད།
དུས་ཚོད་ཀྱི་འགྱུར་བ་འགྲོ་གིན་འགྲོ་གིན་རྒྱལ་ཁབ་གཞན་གཞན་ཚོའི་ལག་ཤེས་ཡར་རྒྱས་ཕྱིན་ནས་ལྕགས་ལྕི་པོ་དེར་གནམ་ལ་འཕུར་ཐུབ་པ་ཞིག་བཟོས་པར་མ་ཟད་མི་རིགས་སོ་སོའི་སྐད་ཡིག་ནང་དུ་གཏན་འབེབས་བྱས་པར་རེད། དེ་བཟོ་མཁན་ནི་མགར་བ་དང་ཤིང་བཟོ་སོགས་རེད། བོད་པ་ཚང་ལ་དེང་ད་ལྟ་ཡང་བཟོ་ཐུབ་མཁན་ལག་ཤེས་པ་མེད་པ་མ་ཟད་འཕྲུལ་ཆ་དེ་དག་བེད་སྤྱོད་གཏོང་ཐུབ་པའི་རིག་གནས་ཙམ་ཡང་བོད་སྐད་ཡིག་ནང་དུ་མེད།།
བོད་པའི་ལག་ཤེས་པ་ལ་མཐོང་ཆུང་བྱས་པའི་འབོད་ཚིག
མགར་བའི་བུ་ནི་མ་ཡིན་ནམ། མ་ཡིན་ལགས། ཤིང་བཟོའི་བུ་ནི་མ་ཡིན་ནམ། མ་ཡིན་ལགས།ཞེས་པ་ལྟར་ལག་ཤེས་ཡོད་པའི་མི་རྣམས་སུ་མཐོང་ཆུང་བྱས་པའི་ལུགས་སྲོལ་ཞིག་དེང་ད་ལྟ་ཡང་བོད་པའི་སྤྱི་ཚོགས་ནང་དར་ནས་ཡོད། དེང་སང་གི་དུས་ཚོད་འདི་ལ་བོད་པ་ཚང་གིས་ལག་ཤེས་སུ་མཐོང་ཆུང་བྱས་དང་བྱེད་བཞིན་པ་རེད། དཔེར་ན། ལྷམ་བཟོ་བ། སྐྲ་བཞར་བ། མགར་བ། ཤིང་བཟོ། མ་བྱན།ལམ་བཟོ་བ།ལ་སོགས་པའི་ཁྱད་ལས་འདི་དག་ལ་མཐོང་ཆུང་བྱེད་ཀྱི་ཡོད། བོད་པའི་སྤྱི་ཚོགས་ནང་དུ་ལས་གནས་འདི་དག་བྱས་མཁན་ཡིན་ན་ཧ་ལོ་མི་མཐའ་མ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
༢་་ཁྱད་ལས་སུ་མཐོང་ཆུང་བྱས་པའི་ཕམ་ཁ།
རྒྱ་ཆེ་ས་ནས་བཤད་ན་བོད་ཀྱི་རང་ཡུལ་དགྲ་ལག་ཏུ་ཤོར་དོན་ཡང་ལག་ཤེས་མེད་པའི་སྐྱོན་གྱིས་དགྲ་བོའི་ཁ་གཏོད་མ་ཆག་པ་རེད། རྒྱ་གོང་ཁྲན་གྱིས་ས་ནས་མོ་ཊ་དང་གནམ་ནས་གནམ་གྲུ་བཏང་ཡོང་ནས་དམག་བརྒྱབས་སྐབས་སུ་བོད་པ་ཚང་ལ་གནམ་གྲུ་ཕར་ཞོག་རྐང་འཁོར་ཙམ་ཡང་མེད། དེས་རྒྱུ་མཚན་གྱིས་ཁ་གཏོད་ཅག་ཐུབ་ཐབས་མེད་པ་རེད།་ཕམ་ཁ་ཆེ་ཤོས་རེད།
རྒྱ་ཆུང་ས་ནས་བཤད་ན་རྒྱ་མི་བོད་ལ་བསླེབས་བར་ནས་བཟུང་ལྷམ་བཟོ་བ་དང་སྐྲ་གཞར་བ། མ་བྱན། མགར་བ། ཤིང་བཟོ་སོགས་ཀྱི་ལས་ཀ་ཚང་མ་རྒྱ་མིས་བྱས་པ་རེད། དེས་རྒྱུ་མཚན་གྱིས་བོད་པའི་ལག་གི་སྒོར་མོ་ཡོད་ཚོད་རྒྱ་མི་ལག་ཤེས་པ་ཚོ་ལ་ཤོར་སོང་བ་རེད། འདི་ཕམ་ཁ་རེད། མ་ཟད་དེང་སང་བོད་ནང་དུ་ས་ཆ་གནད་འགག་ཡོད་ས་དང་ཡོང་སྒོ་ཡོད་ས་མང་ཆེ་བ་རྒྱ་མི་ཚོས་ཟིན་བསྡད་འདུག
མདོ་བསྡུས་ན་བོད་པ་ཚང་སྒོ་ཕྱི་ལ་ཐོན་ཚར་དུས་སྒོར་མོ་རྒྱ་མི་ལག་ཏུ་སྤྲོད་ཀྱི་མ་གཏོགས་མི་འདུག འཚོ་བ་གཞན་བརྟེན་ཆགས་པ་རེད། རང་མགོ་རང་ཐོན་མེད་པ་རེད།དེ་ཡང་ས་རང་ཡུལ་ལུང་པའི་ནང་དུ་རེད།
ཅོ་རི་ཉི་མ་ནས་བསམ་ཚུལ་ཡག་པོ་བཤད་འདུག་མོད། དམ་ཆོས་འདུལ་བ་ནས་བཤད་པའི་གསང་སྟེ་སྟོན་པའི་སློབ་དཔོན་གྱིས་དྲིས་པ་མགར་བའི་བུ་ནི་མ་ཡིན་ནམ། མ་ཡིན་ལགས། ཤིང་བཟོའི་བུ་ནི་མ་ཡིན་ནམ། མ་ཡིན་ལགས།ཞེས་པ་ལྟར་ལག་ཤེས་ཡོད་པའི་མི་རྣམས་སུ་མཐོང་ཆུང་བྱས་པའི་ལུགས་སྲོལ་ཞིག་དེང་ད་ལྟ་ཡང་བོད་པའི་སྤྱི་ཚོགས་ནང་དར་ནས་ཡོད། ཟེར་བ་འདི། བསྒྲུབ་བྱ་རབ་བྱུང་བ་མ་གཏོགས་ཁྱིམ་ཕྲུག་ལ་བཤད་པ་འབྲེལ་མེད་དོན་གཞན་ཞིག་རེད།
བོད་མི་རིགས་འདི་ལ་དེང་རབས་༢༡་ནང་དུ་གནམ་གྲུ་དང་མེ་འཁོར་སོགས་ཀྱི་ཁ་ལོ་བའི་ཁྱད་ལས་ཙམ་ཡང་བོད་ཡིག་ནང་དུ་མེད། དམག་གི་གནམ་གྲུབ་གཏོང་ཐུབ་པ་དང་མེ་ཤུགས་འཕུར་མདའ་གཏོང་ཐུབ་པའི་དུས་ཚོད་ཤིག་ལ་ག་དུས་སླེབས་རེད་དམ།
རྒྱལ་ཁབ་དང་མི་རིགས་ཤིག་སྐྱོང་དགོས་ན་མ་ཡོད་ཐབས་མེད་ཀྱི་ཁྱད་ལས་རྣམས་བོད་ཡིག་ནང་དུ་བསྒྱུར་དགོས་པ་ནི་གནད་འགག་ཆེན་པོ་རེད་བསམས་ཀྱི་འདུག
ཀརྡོ་རབ་འབྱམས་པས་གསུངས་ལྟར་མི་ཆུང་ཞིག་སྐད་ཆ་ཉན་ཡོང་བསམས་པ་མེད་ཀྱང་་དུང་ཞེན་གྱིས་དབང་གིས་སྐད་ཆ་གང་མང་ཐལ་སོང་བས་དགོངས་འགལ་མེད་ཞུ་རྒྱུར་ཡིན།།
ལེགས་བཤད་ལགས་་་་ངོ་མ་བོད་པའི་ཆོས་ལུགས་ཀྱི་གྲྭ་བཙུན་རྣམས་ཆོས་ཞེན་ཆེན་པོ་རེད། ཚོད་ལས་བརྒལ་བསྡད་ཡོད། ཆོས་ལུགས་ཀྱི་ཆེད་དུ་རྒྱལ་ཁབ་དང་མི་རིགས་རྩ་མེད་ཕྱིན་ན་ཕྱིན་ཟེར་བ་རེད་ལ་བསམས་ཀྱི་རེད། སྒྲུབ་ཀྱི་རེད།
འཛམ་གླིང་མི་རིགས་ཚང་ལ་ཆོས་ལུགས་རེ་འདུག་ཀྱང་བོད་པ་ནང་བཞིན་ཆོས་ལུགས་ཀྱིས་བརྫི་ནས་བསྡད་ཡོད་པའི་མི་རིགས་ཉུང་ཉུང་རེད། ངས་བསམ་ཚུལ་བྱས་ན་བོད་འདིར་ཆོས་ཀྱིས་མ་འདང་བས་ཤོར་སོང་བར་མ་རེད། ཆོས་ལུགས་ལ་དགའ་དད་ཆེ་དྲག་ནས་ཐུར་ཤོར་ཕྱིན་འདུག་བསམས་ཀྱི་འདུག་ལགས།
སྐབས་སྔོན་མའི་བཀའ་ཤག་གིས་ཤེས་ཡོན་སྲིད་ཇུས་གསར་པ་ཟེར་པ་ཞིག་གཏན་འབེབས་དང་། དེ་ལག་ལེན་བསྟར་ཆེད་དྷ་རམ་ས་ལར་དཔེ་སྟོན་སློབ་གྲྭ་ཟེར་པ་ཞིག་གསར་བརྒྱགས་བྱས་ཡོད་པ་མ་རེད་པས།
དཔེ་སྟོན་སློབ་གྲྭས་དཔེ་བཟང་གང་མིན་ཚད་ཅིག་སྟོན་གི་ཡོད་ན་ཤེས་ཡོན་སྲིད་ཇུས་དེའི་ཐོག་ཤར་བསྐྱོད་བྱེད་པར་འབད་བརྩོན་བྱེད་པར་ཤུགས་བརྒྱག་དགོས་གི་རེད།
ཅོ་རི་ཉི་མ་ལགས། བོད་པའི་ཡོད་ཚད་གྲྭ་བ་གཅིག་བུ་ལ་རག་ལས་བ་ཨེ་ཡིན། མི་སྐྱ་ཚོ་ལ་དེ་འདྲའི་ཆོས་དད་རང་ཨེ་ཡོད་ན།
ལེགས་བཤད་ནས་དགོངས་འཅར་ཡག་པོ་གནང་འདུག་ཐུགས་རྗེས་ཆེ་དགའ་པོ་བྱུང་།
བན་དེ་བ་ལགས་ཁྱེད་ནི་བོད་མི་རིགས་ཀྱི་བསམ་བློ་ཨང་དང་པོ་ཞག་མཁན་བོད་མིའི་ལོ་རྒྱུས་གསལ་བཤད་གནང་བར་ཐུགས་རྗེས་ཆེ།
ཀརྡོ་གཉེར་ཕྱག་པ་ནས་འདིར་ལྟར་བྲིས་འདུག་ རྒྱལ་སྲས་འུ་དུམ་ནི་གཅེན་པོ་ཡིན་ཀྱང་སྤྱོད་པ་ངན་དྲགས ནས། ཆུང་བ་ཆོས་སེམས་ཆེ་བ་ཁྲི་རལ་རྒྱལ་སར་འཁོད་ལ། བཀོད་མཁན་རྒྱལ་པོ་རྒྱལ་མོ་གཉིས་སྨྱོ་བ་འམ་ར་བཟི་ནས་ནོར་འཁྲུལ་བཏང་པ་ཡིན་དོགས་མེད་ ལྷ་ལུང དཔའ་རྡོ་རྗེས་མཚམས་པ་ཅིག་ཡིན་ཀྱང་འུ་ཐུག་ནས། རྒྱལ་པོ་སྡིག་ཆེན་བསད་པར་བཤད་ཡོད། ངས་སམས་པ་བྱེད་ན་རྒྱལ་པོ་གླང་དར་ཁོང་ལ་འགན་དབང་ཡོད་ཙང་། ཆོས་དང་ཆོས་མིན་དབྱེ་བྱེད་གནང་ཙང་ལྷ་ལུང་དཔའ་རྡོ་རྗེས་མཚམས་པ་ཡག་པོ་ཞིག་ཡིན་ན་འུ་ཐུག་གི་མ་རེད་ལ་ཆ་གཞི་གང་ཡང་མེད་པའི་ཐོག་བོད་རྒྱལ་ཁབ་ཀྱི་རྒྱལ་པོ་སྐུ་བཀྲོངས་མི་སྲིད་ དེ་རིང་བོད་གངས་ཅན་ནང་གི་མདོ་དབུས་ཁམས་གསུམ་གྱི་དཔའ་དཔའ་མོ་སྐུ་ལུས་མེ་བསྲེགས་ཀྱི་དཀའ་སྡུག་འདིར་འདྲ་བར་ཉུང་མི་སྲིད། འབྲུག་རྒྱལ་ཁབ་ཆུང་ཆུང་ཡིན་ཀྱང་འཛམ་གླིང་སྟེང་ཁ་ཡོད་ལག་ཡོད་རྒྱལ་ཁབ་འདུག་ལ་ནང་ཆོས་ཡང་ཡོད་། ནང་པའི་ཆོས་རྒྱལ་ཁབ་མང་པོ་ནང་ཡོད་བོད་ཙམ་མ་རེད་ མི་རིགས་ཆེད་ཆབ་སྲིད་ཨང་དང་པོ་ཞག་དགོས་ཆོས་བྱེད་དང་མ་བྱེད་གཙོ་བོ་མ་རེད། བོད་མི་ཚོ་མཐུ་སྒྲིལ་གྱིས། འདས་པའི་ཉམས་མྱུང་སམས་ནས་མཐུ་སྒྲིལ་གྱིས། དཔའ་བོ་དཔའ་མོ་སམས་ནས་མཐུན་སྒྲིལ་གྱིས། ལས་དང་འབྲས་བུ་བསམ་ནས་མཐུན་སྒྲིལ་གྱིས། ༧གོང་ས་མཆོག་གི་བཀའ་དྲིན་བསམ་ནས་མཐུན་སྒྲིལ་གྱིས། རྒྱབ་མདུན་ངོ་ཀོག་མ་བྱེད་མཐུན་སྒྲིལ་གྱིས། དངུལ་དངོས་ཁོ་ན་མ་བསམ་མཐུན་སྒྲིལ་གྱིས། རང་དོན་ཀྱང་ཀྱང་མ་བསམ་མཐུན་སྒྲིལ་གྱིས་བོད་དང་བོད་མི་རྒྱལ་ལོ།།།
དེང་གི་དུས་རབས་སུ་མི་རིགས་ཤིག་ཡར་འགྲོ་དགོས་ན། སྲོལ་རྒྱུན་རིག་གནས་%70ཁ་འབྲལ་རྒྱུ་དེ་རེད། དེ་ལྟར་བྱ་དགོས་པའང་། དུས་རབས་གསར་བའི་ཡར་རྒྱས་ཀྱི་འགྲན་རྩོད་ནི། ཁྱབ་སྲིད་། དཔལ་འབྱོལ ། སྤྱི་ཚོགས་རིག་པ། ཚན་རིག་བཅས་ལ་བརྟེན་པས་རེད། རིག་གསར་འདི་དག་ང་ཚོའི་མི་རིགས་ཁྲོད་ཡར་རྒྱས་འགྱོ་དགོས་ན། ཚོད་ལྟ། འགྲན་རྩོད། བྲེལ་འཚུབས། བློས་གཏོང་། ཆོད་སེམས ། གཏོར་བཤུགས། རྒྱལ་ཕམ་བཅས་ལ་དམིགས་གཏད་དེ་འཕག་ཚད་བྱེད་པ་དང་ང་རོ་སྒྲོག་རྒྱུ་དེ་རེད། དེ་ལྡོག་སྟེ། སྲོལ་རྒྱུན་ཀུན་སྤྱོད་དང་། སྲོལ་རྒྱུན་བསམ་བློ་འཇིག་ཞུམ་གྱིས། རིག་གནས་རྙིང་བར་འཇུ་འཐམ་གྱིས ། ལས་འབྲས་རྩི་རབས ། བག་ལྷོད་རབས ། ངང་རྒྱུད་བཟང་རབས་བཤད་དེ། སྔོན་ཐོན་རྒྱལ་ཁབ་དག་ན། སེམས་ངལ་དང་བྲེལ་འཚུབས་ཆེ་རབས་བཤད་དེ། སྔར་བཞིན་བསྡད་པ་ཡིན་ན། དུས་རབས་ཀྱི་ཡར་རྒྱས་ནི་འགྲན་རྩོད་དང་ ། རྒྱལ་ཕམ་ལས་འགོ་བརྩམ་པ་ཡིན་ཕྱིར་སྔོན་ཐོན་དང་ཡར་རྒྱས་ཞེས་པ་ང་ཚོ་དང་འབྲེལ་མེད་དུ་འགྱུར་རྒྱུ་རེད །
ཡ་་་་་་དྲ་གྲོགས་ཚོས་སྐད་ཆ་མང་བོ་ཞིག་བཤད་འདུག་ཀྱང་སྐབས་བབ་ཀྱི་བརྗོད་བྱ་དང་འབྲེལ་བ་དེ་ཙམ་མེད་པར་མ་ཟད། དྲ་འབུ་ཁ་ཤས་ཤིག་གིས་སྐབས་བབ་ཀྱི་བརྗོད་བྱ་དོར་ནས་ཉོག་བཤད་མང་བོ་བརྒྱབ་འདུག་པས། དེའི་ཕྱོགས་ལ་དྲ་བདག་རང་ཉིད་ཀྱིས་འགན་ཁུར་ནས་བརྗོད་བྱ་དང་འབྲེལ་ཐག་མེད་རིགས་དོར་ནས། བརྗོད་བྱ་དངོས་ཐོག་ལ་བགྲོ་གླེང་རེ་བྱེད་ན་ཡག་ས་རེད་མ་གཏོགས། དེ་མིན་དུས་ཚོད་ཆུད་ཟོས་རེད་དོ།།
སྤོབ་པ་མཐའ་ཡས་ཀྱིས་གསུངས་པ་ལ་རྒྱུ་མཚན་ཆེན་པོ་འདུག་གོ།
རྩ་འགག་ཚང་ལགས་དང་གཞན་མཆན་གྲོགས་ཁ་ཤས་ལ་བསམ་ཚུལ་ཅུང་ཙམ་བཤད་འདོད་བྱུང་།་༔ དེ་འདྲ་མ་གསུངས་རོགས་གལ་སྲིད་ང་ཚོ་སྒང་བ་བོད་པའི་མི་རྒྱུད་འདི་སྲོལ་རྒྱུན་རིག་གནས་དང་ཁ་བྲལ་བ་ཡིན་ན། ང་ཚོ་སྒང་བ་བོད་པ་ཚང་གི་ལོ་རྒྱུས་མཇུག་བསྡུས་ཚར་བ་རེད། སྲོལ་རྒྱུན་རིག་གནས་ལ་སྐྱོན་ཡོད་པ་མ་རེད། སྐྱོན་དངོས་དེ་ང་ཚོ་གླེང་བཞིན་པའི་བོད་མི་ཡ་ས་དྲུག་འམ་བོད་ཆོལ་ཁ གསུམ་དུ་འབོད་པའི་མི་བུའི་ནང་དུ་ཡིག་རྨོངས་མིན་པ་ལས་ཡིག་རྨོངས་གི་གྲངས་ཚད་མང་སོང་བའི་རྐྱེན་དང་། རང་ཉིད་ལ་ཡོད་པའི་ཆེས་རིན་ཐང་ལྡན་ལ་འོད་སྟོང་འབར་བའི་རིག་གནས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འགྲོ་ཐུབ་ལ་ཚན་རིག་དང་མཉམ་ཏུ་བགྲེང་ཐུབ་པ་འདི་བེད་སྤྱོད་ཡང་དག་པ་ཞིག་གཏོང་མ་ཤེས་པའི་ནོར་སོང་བ་རེད། གདོད་མིའི་དུས་གྲྭ་ས་ཁག་ཁ་ཤས་ཤིག་མ་གཏོགས་ད་དུང་ཡིན་ཡང་གྲྭ་ས་ཁག་དང་བོད་ཀྱི་ས་ཕྱོགས་གང་ལ་སོང་ནས་བལྟས་ཡང་ཐུབ་བསྟན་རིག་གནས་ནི་ཕྱག་བྱ་འམ་དད་པ་ཁོ་ན་བྱས་པའི་གནས་སུ་གྱུར་བ་དེ་རེད། གང་ཟག་གི་མ་ཤེས་ནི་རེད་མ་གཏོགས་སྲོལ་རྒྱུན་རིག་གནས་ཡག་པོ་མེད་པ་དེ་འདྲ་མ་རེད། གལ་སྲིད་སྲོལ་རྒྱུན་རིག་གནས་ཟེར་ན་ཡང་རེད། ཐུབ་བསྟན་རིག་གནས་ཟེར་ན་ཡང་། གལ་སྲིད་ང་ཚོ་རིག་གནས་འདི་ཡང་དག་པ་ཞིག་འམ་ཚད་ལྡན་ཞིག་མིན་པ་ཡིན་ན་ཅིའི་ཕྱིར་འཛམ་གླིང་འདིའི་སྒང་གི་ཆོས་ལུགས་འམ་སྲོལ་རྒྱུན་རིག་གནས་མང་པོ་ཞིག་གི་ནང་དུ་བོད་ཀྱི་ནང་པའི་ཆོས་འམ་སྲོལ་རྒྱུན་རིག་གནས་འདི་དེང་་གི་དུས་འདིར་གཙོ་བཟུང་བྱས་པ་ཡིན་ནམ། དེའི་རྐྱེན་ཀྱིས་ང་ཚོ་རིག་གནས་ཡིས་མ་འཇོན་པ་དེ་འདྲ་མ་རེད། རིག་གནས་དེ་སློབ་སྦྱོང་བྱེད་མཁན་དང་དེ་བདག་པོ་རྒྱག་མཁན་གི་གང་ཟག་གི་ནོར་བ་རེད་བསམ་གི། བསམ་བློ་ཡག་པོ་མཐོང་སྟངས་བོད་པའི་ཚོགས་སྤྱི་ནང་དུ་ནང་བསྟན་རིག་གནས་ལ་སྦྱོང་བ་བྱས་དེ་འཇིག་རྟེན་འདིའི་སྟེང་ཆེས་བཅས་ཐབས་དཀའ་བའི་ནང་སེམས་ལ་བསྒྱུར་བཅོས་གཏོང་ཐུབ་ཡོད་མཁན་ག་ཚོད་མང་པོ་ཞིག་བྱུང་ཡོད་པ་རེད། དེའི་རྐྱེན་ཀྱིས་ནང་སེམས་བསྒྱུར་བཅོས་གཏོང་ཐུབ་པའི་མི་རིགས་ཞིག་གི་དེང་དུས་ཀྱི་ནམ་གྲུ་སོགས་འཕྲུལ་ཆོས་རིགས་འདི་གཏོང་ཤེས་མི་ཤེས་ཟེར་བ་དང་དེང་དུས་རྗེས་སུ་བསྙེགས་མི་ཐུབ་ཡོད་པ་མ་རེད། གཅིག་ནས་ང་ཚོ་རང་དབང་བོར་བའི་སོང་དང་བོད་རང་གི་སྐད་ཡིག་སྒང་ལ་རྒྱ་མིའི་སྡུག་རྩུབ་སླེབས་སོང་བ། གཞན་པན་ཆེན་རིན་པ་ཆེ་སོགས་གི་བླ་ཆེན་དུ་མ་ཡོད་ཀྱང་རྒྱ་མིའི་གཡོ་སྒྱུ་ལས་མཐར་མ་ཐུབ་སོགས་གི་བར་ཆད་མང་པོ་ཞིག་བྱུང་ཡོད་པ། གཉིས་ནས་མིའི་ལོངས་པ་སླེབས་དུས་ཕྱོགས་གང་ཞིག་ཡིན་ཡང་མིའི་ལ་བསྟུན་དགོས་པ། གནས་སའི་ཚང་དང་ཟ་བའི་ལྟ་མེད་དུས་རང་བཞིན་ཀྱིས་རང་གི་སྐད་ཡིག་འཐུས་ཤོར་ལ་སླེབས་སོང་བའི་དབང་གི་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ཆགས་པ་རེད་མ་གཏོགས་ང་ཚོས་ལ་རིག་གནས་ཡག་པོ་ཞིག་མེད་པ་དང་རིག་གནས་དེའི་ང་ཚོ་མི་རིགས་འདི་རྗེས་ལུས་སུ་བསྒྱུར་བ་དེ་འདྲ་མ་རེད་བསམ་གི། མ་ཟད་རིག་གནས་དེའི་རིག་གནས་གཞན་དང་མཉམ་ཏུ་འགྲོ་མ་ཐུབ་པ་དེ་འདྲ་གཏན་ནས་མ་རེད། དཔེར་ན་ང་ཚོས་བཙན་པོ་ཚོས་དུས་སུ་ག་རེ་བྱས་ཡོད་མེད་ལ་བལྟས་དང་གསལ་བོ་རེད།
ངས་སམས་པ་བྱེད་ན་རྒྱལ་པོ་གླང་དར་ཁོང་ལ་འགན་དབང་ཡོད་ཙང་། ཆོས་དང་ཆོས་མིན་དབྱེ་བྱེད་གནང་ཙང་ལྷ་ལུང་དཔའ་རྡོ་རྗེས་མཚམས་པ་ཡག་པོ་ཞིག་ཡིན་ན་འུ་ཐུག་གི་མ་རེད་ལ་ཆ་གཞི་གང་ཡང་མེད་པའི་ཐོག་བོད་རྒྱལ་ཁབ་ཀྱི་རྒྱལ་པོ་སྐུ་བཀྲོངས་མི་སྲིད་ དེ་རིང་བོད་གངས་ཅན་ནང་གི་མདོ་དབུས་ཁམས་གསུམ་གྱི་དཔའ་དཔའ་མོ་སྐུ་ལུས་མེ་བསྲེགས་ཀྱི་དཀའ་སྡུག་འདིར་འདྲ་བར་ཉུང་མི་སྲིད། འབྲུག་རྒྱལ་ཁབ་ཆུང་ཆུང་ཡིན་ཀྱང་འཛམ་གླིང་སྟེང་ཁ་ཡོད་ལག་ཡོད་རྒྱལ་ཁབ་འདུག་ལ་ནང་ཆོས་ཡང་ཡོད་། ་་་་་ཟེར་ན།
ད་ལྟའི་མའོ་ཙེ་ཏུང་ལ་སྐྱབས་སུ་གྱིས། ༸གོང་ས་མཆོག་དང་པཎ་ཆན་རིན་པོ་སོགས་བློས་བཏང་ནས་སྐྱིད་ཤར་རེ་སྡོད། དེ་མིན་ནང་པའི་རྒྱལ་བློན་དང་། ནང་ཆོས་བླ་གྲྭ་ལ་དྲིན་ལེན་ལོག་འཇལ་དང་། བརྙས་བཅོས་ཞོག དགའ་སྐྱིད་ལགས།
ངས་གོང་དུ་དགེ་རྒན་གྱི་གླ་ཕོགས་དེ་ལས་བྱེད་སྤྱི་མཚུངས་ལས་མཐོ་ཙམ་སྤྲོད་ཐུབ་ན་དགེ་རྒན་སྤུས་དག་ཡོང་བའི་ཆ་རྐྱེན་གཅིག་རེད་ཟེར་དོན་འདི་ཡིན། དགེ་རྒན་འོས་སྦྱོང་སོགས་ལ་འགྲོ་སོང་མང་ཙམ་མ་བཏང་ན་དགེ་རྒན་སྤུས་དག་ཟེར་བ་གནམ་ནས་ཆར་བ་འབབ་འབབ་ཅིག་ཡོང་གི་མ་རེད། སྤྱིར་ན་དེང་དུས་སུ་བོད་ནས་འབྱོར་བའི་སློབ་ཕྲུག་ཇེ་ཉུང་དུ་ཕྱིན་པ་རེད། དེའི་ཚོད་ཀྱི་འགྲོ་སོང་གཏང་ས་ཉུང་དུ་སོང་བ་རེད། བཙན་བྱོལ་བ་ལ་ཆབ་སྲིད་འཐབ་རྩོད་ཀྱི་གོ་སྐབས་ཀྱང་ཉུང་ཉུང་རེད། དེ་ལ་འགྲོ་སོང་ཆེན་པོ་ཞིག་ག་འདྲ་བྱས་ནས་གཏོང་དགོས་ཀྱང་མི་ཤེས། འགྲོ་སོང་ངོ་མ་གཏང་ས་དེ་ཤེས་ཡོན་གྱི་ཕྱོགས་སུ་བྱས་ན་གོལ་ས་ནོར་ས་ཆེན་པོ་ཡོད་པ་མ་རེད། དེ་ཡིན་དུས་ཉི་ཧོན་གྱི་ཤེས་ཡོན་ལམ་ལུགས་ལ་དཔེ་བལྟས་ནས་དགེ་རྒན་ཚོར་གླ་ཆ་ཅུང་མཐོ་ཙམ་སྤྲོད་ཨེ་ཐུབ་ལྟ་བ་ལས་ལམ་ཁ་གཞན་ཞིག་མི་འདུག་སྙམ།
དགེ་རྒན་ལ་གླ་ཕོག་ཆེན་པོ་སྤྲོད་དགོས་དང་མི་དགོས་ནི་དགེ་རྒན་རང་ངོ་ལ་ཐུག་ཡོད་པ་ཞིག་རེད། དཔེར་ན། སྙན་ངག་དགེ་རྒན་ཞིག་ཡིན་ན། ཁོས་སྤྲད་པའི་སྙན་ངག་སློབ་ཚན་གྱིས་མ་འོངས་བར། སློབ་ཕྲུག་དེ་ལ་སྙན་ངག་ཤེས་བའི་དགེ་བ་རྒྱུ་མཚན་གྱིས་ཁོ་ལ་ཕྱག་ལས་ག་འདྲ་ཞིག་རེག་གི་ཡོད་པ་དང་། སྙན་ངག་པའི་རིགས་ལ་སྤྱི་ཚོགས་ནས་གླ་ཕོག་ག་ཚད་ཞིག་སྟེར་ཐུབ་པ་སོགས་ནི་དགེ་རྒན་དེ་ལ་གླ་ཕོག་ག་ཚོད་ཞིག་འབབ་མིན་གྱི་ཐག་གཅོད་བྱེད་ཐུབ་པ་རེད། སྤྱི་ཚོགས་ལ་ཞབས་ཞུ་ག་ཚོད་ཞིག་གནང་ཐུབ་མིན་དང་། སྤྱི་ཚོགས་ལ་ཡོན་ཏན་དེ། དགེ་མཁོ་ཅི་ཙམ་ཆེ་མིན་ལ་དཔོག་ནས་འགྲོ་བ་ཞིག་རེད། སྤྱི་སྒར་གཉིས་ཀྱི་མི་ཚེ་ལ་དེ་འདྲ་ཕན་རླབས་ཆེན་པོ་མེད་པའི་ཡུལ་སྲོལ་རིགས་གནས་ཙམ་ཞིག་གི་དགེ་རྒན་ལ་གླ་ཕོག་ཆེན་པོ་ཆེན་པོ་ཞིག་ལབ་བསྡད་ན་དག་ཙམ་ཧམ་པ་མིན་འགྲོ།
དགེ་རྒན་རང་ངོ་ནས་ཡང་རང་ལ་ཐོབ་པའི་ཡོན་ཏན་དེ་ལ་དཀའ་བ་གང་ཙམ་ཤིག་སྤྱད་ཡོད་པ་དང་རྒྱུ་དངོས་འབྱོར་གསུམ་གྱིས་འགྲོ་སོང་ག་ཚད་ཞིག་སྤྲད་ཡོད་པ་སོགས་ལ་བསམ་བློ་རེ་འཁོར་ན། རང་ལ་ཡང་རེག་ཆོག་པའི་རིན་པ་ཞིག་ཤེས་རྒྱུ་རེད།
སྤྱིར་དགེ་རྒན་ལ་དབྱེ་རིམ་མང་པོ་ཡོད། ཆེད་ལས་ཁྱད་མཁས་བའི་ནང་ན་ཡང་དབྱེ་རིམ་མང་པོ་ཡོད། དེ་ནི་དགེ་ལས་ཅག་གིས་སློབ་བཞིན་པའི་ཡོན་ཏན་དེས་ཁོང་ཅག་གི་སློབ་ཕྲུག་རྣམས་པའི་མ་འོངས་དང་ཁོང་ཚོའི་སྤྱི་ཚོགས་ཀྱི་འཁོར་ཡུག་ལ་དགེ་མདུན་ག་ཚོད་ཞིག་སྤྲོད་ཐུབ་མིན་དེ་རེད།
ཡུལ་སྲོལ་རིག་གནས་དང་ཡ་རབ་ཀུན་སྤྱོད། མི་དགེ་བཅུ་སྤོང་དང་འཚེ་མེད་ཞུ་བ་སོགས་བོད་མིའི་བཟང་སྤྱོད་སྦྱང་ནས་ཉིན་མ་ཕྱིན་ན་ཡག་པོ་ཡིན་འགྲོ། ཡིན་ན་ཡང་ད་ལྟ་ང་ཚོ་གངས་རིའི་ར་བའི་ནང་ན་མེད་པར། ཆེ་ཉུང་བའི་མི་རིགས་འདི། ཆེ་མང་བའི་མི་རིགས་ཀྱི་འཚང་ཁའི་ཁྲོད་ནས་སྲ་བརྟན་དུ་ལང་དགོས་ན། ཆེད་ལས་དགེ་རྒན་ཁྱད་མཁས་བ་དང་ཆེད་ལས་ཡིག་བསྒྱུར་ཁྱད་མཁས་བ་གཉིས་མེད་ན་བོད་འདིའི་བོད་ཡིག་གི་སྲོག་སྐྱོབས་མི་ཐུབ། གླ་ཆ་ཆེན་པོ་བཞིན་པས་མི་ཕན། ཁ་ནས་བཤད་པས་མི་ཕན། ལག་ནས་བྲིས་བས་མི་ཕན། ང་ཚོར་སྤྱི་ཚོགས་སྐོར་སྤྱད་ཀྱི་དེང་རབས་རིག་གནས་དགོས་བ་རེད། དེ་མེད་ན་བོད་ཡིག་སྦྱང་བ་ཙམ་ཀྱིས་མི་འགྲིག། དཔེར་ན། ཨ་ཁུ་དང་ཨ་ནི་ཚོ་ལ་ལྟོས་དང་ཤེས་གསལ་རེད།
གླ་ཕོགས་ལ་བཅོས་རོགས་ཞུ།
ཤེས་ཡོན་དང་ཀུན་སྤྱོད་གཉིས་ཆ་གལ་ཆེན་པོ་རེད། བཙན་བྱོལ་ནང་གློག་ཀླད་ཆེད་མཁས་པ་སེར་སྨད་སྨོན་ལམ་ལགས་ཀྱིས་བོད་ཡིག་གི་མཉེན་ཆས་གསར་གཏོད་བྱས་པ་དང་དུས་མཚུངས་སུ་བོད་ནང་གི་ཆེད་མཁས་པ་དུ་མས་བོད་ཡིག་གི་ལམ་ནས་དྲ་ལམ་སྣ་ཚོགས་ཤིག་བཟོས་པར་བརྟེན་བོད་རིགས་སྤུན་ཟླ་མང་པོར་ཕན་རླབས་བྱུང་བ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཡག་པོ་ཡོད་མཁན་ཤ་ཚ་ཡོད་མཁན་ཁོང་ཚོའི་བཀའ་དྲིན་རེད།
བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྙིང་པ་རྣམས་རྩ་བཟོས་ཤིང་སྤུ་རྒྱལ་བཙན་པོ་རྣམས་ཀྱི་བང་སོ་དང་དམག་དོན་བསྟན་བཅོས། སྤུ་རྒྱལ་བཙན་པོའི་སྲིད་འབྱོར་རིག་གསུམ་བཅས་གནའ་སྲོལ་གྱི་སྲོལ་རྒྱུན་རིག་གནས་རྩ་མེད་བཟོས་པ་རེད། བོད་རྒྱལ་གོང་མ་ཚོའི་ཕ་མོས་ཀྱི་ཆོས་དང་ཆབ་སྲིད་བཅས་པ་རྩ་མེད་བཟོས་པར་མ་ཟད་དར་མ་འུ་དུམ་བཙན་པོར་ལྐོག་མདའ་བརྒྱབ་ནས་རྒྱལ་རྒྱུད་བཅད་སོང་བ་རེད།
དར་མ་འུ་དུམ་བཙན་པོས་གྲྭ་པ་རེ་ལ་ཁྱིམ་ཚང་བདུན་གྱི་ཡོན་བདག་ཡོད་དགོས་པའི་བོད་གཞུང་གི་ལུགས་སྲོལ་ལ་འགྱུར་བ་བཏང་ནས་གྲྭ་པ་རྣམས་ལ་རྒྱུ་བདག་མི་དགོས་པ་བཟོས། བོད་གཞུང་གི་གྲྭ་པ་རྣམས་ལ་ཕོག་སྤྲད་པའི་ལུགས་སྲོལ་ཡང་མེད་པ་བཟོས། མདོ་ན་བོད་རྒྱལ་ཁབ་ཀྱི་དཔལ་འབྱོར་ཆོས་ལུགས་པའི་གྲྭ་བཙུན་རྣམས་འབུལ་མི་དགོས་པ་བོད་གཞུང་གི་དཔལ་འབྱོར་ཡར་རྒྱས་དང་བོད་དམག་གི་ཆེད་དུ་འགྲོ་སོང་གཏོང་དགོས་པའི་ལུགས་སྲོལ་བཟོས།
སྐབས་དེ་དུས་ཕུང་འདྲེ་ལྷ་ལུང་གིས་ཆོས་ལུགས་པའི་ལྟོ་གོས་ཀྱི་ཆེད་དུ་ལྷ་སྲས་འུ་དུམ་བཙན་པོ་བསད་མེད་ན་་་་བོད་རྒྱལ་ཁབ་སིལ་བུ་རུ་འཐོར་མི་འགྲོ་ལ་སོག་པོའི་རྒྱལ་པོ་ཇང་གེ་སི་ཁ་ཟེར་བའི་སྟོབས་ཆེན་རྒྱལ་པོ་ཞིག་འཛམ་གླིང་མཐོ་སྒང་གི་སྟེང་དུ་ཡོང་མི་ཐུབ། བཙན་པོ་སྲོང་བཙན་གྱི་སྐབས་ཀྱི་དམག་དང་དཔལ་འབྱོར་མི་འབོར་བཅས་ཉམས་ཆག་མ་སོང་བར་མུ་མཐུད་ནས་བསྡད་ཐུབ་ཡོད་པ་ཡིན་ན་འཛམ་གླིང་ཐོག་ཏུ་བོད་ཟེར་བའི་སྟོབས་ཆེན་རྒྱལ་ཁབ་ཤིག་དང་བོད་ཡིག་ཟེར་བའི་སྐད་གྲགས་ཆེ་བའི་སྐད་ཡིག་ཞིག་ཆགས་ནས་འཛམ་གླིང་གི་མི་དམངས་ཀྱིས་ཨེན་ཡིག་མི་བསླབ་པར་བོད་ཡིག་བསླབ་སྡོད་བཞིན་ཡོད་གྱི་རེད་བསམས་ཀྱི་འདུག བོད་རྒྱལ་ཁབ་འདི་འཛམ་གླིང་ཐོག་གི་ཨ་རི་ལྟ་བུ་ཆགས་བསྡད་ཡོད་རེད་བསམས་ཀྱི་འདུག
མདོ་ན་་་སྲོལ་རྒྱུན་རྙིང་པར་རྩ་མེད་བཟོ་མཁན་ནང་ཆོས་རིང་ལུགས་པས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཏུ་སྲོལ་རྒྱུན་རིག་གནས་མང་པོར་རྩ་མེད་བཟོས་པའི་རྒྱུ་མཚན་གྱིས་བོད་མི་རིགས་མཐའ་འདི་ལ་ལྷུང་བ་རེད་འདོད།
ཕུང་འདྲེ་ལྷ་ལུང་དང་མཚུངས་པའི་དཀོར་བདག་ཚོས་དེང་སང་ཡང་བོད་ཀྱི་ནང་ཆོས་འདིར་ཉམས་མ་སོང་ན་བོད་མི་རིགས་ཤི་ནའང་ཤི་ཟེར་མཁན་ཡོད་པ་རེད། མི་འདི་ཚོས་གྲལ་གྱིས་རྩ་བའི་རྩེ་བཞག་གྱི་ནང་ཆོས་ཡིན་པ་ལས་བོད་རྒྱལ་ཁབ་མིན། སྐྱེ་བ་ཕྱི་མར་ལྷ་རུ་སྐྱེས་ཆེད་དུ་ཡིན་པ་ལས་ཚེ་འདིའི་འགྲོ་བ་མི་ཡི་བདེ་སྐྱིད་འཐོབ་ཆེད་དུ་མིན། འཇིག་རྟེན་འཁོར་བ་གཏོར་ཇུས་ཡིན་པ་ལས་འཁོར་བའི་རྣམ་བཞག་ཡར་རྒྱས་གཏོང་ཆེད་དུ་མིན། གནའ་སྲོལ་གྱི་སྲོལ་རྒྱུན་རིག་གནས་རྩ་མེད་བཟོ་མཁན་ཆོས་ལུགས་པ་ཡིན་པར་ཤེས་པ་བྱོས།
བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྙིང་པ་རྣམས་རྩ་མེད་བཟོས་ཤིང་སྤུ་རྒྱལ་བཙན་པོ་རྣམས་ཀྱི་བང་སོ་དང་དམག་དོན་བསྟན་བཅོས།་ཅེས་བཅོས་རོགས་གནང་།
བཙན་པོ་འུ་དུམ་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་ནི་བོད་མི་རིགས་ཀྱི་བདེ་སྡུག་ལ་འགན་ཁུར་གྱི་འདུ་ཤེས་ཡོད་མེད་བཤད་ཚོད་མི་ཐུབ་གི །གང་དགའ་གང་སྐྱིད་དང་བོད་མིའི་འདོད་འདུན་ལ་མི་བསྟུན་པའི་ཕྱོགས་སུ་ལྷུང་བའི་བསམ་བློ་ཆད་མཐའ་བ་ཞེས་བྱའོ། །
བཙན་པོ་འུ་དུམ་ལ་མི་ཆོས་ཆབ་སྲིད་ཀྱི་ཐོགས་ནས་བལྟས་ན་ཁོང་གི་མཛད་སྤྱོད་དེ་འགྲིགས་པ་ཞིག་རེད་ཞུ་རྒྱུ་ཡིན།གང་ཡིན་ཞེ་ན་དེའི་སྐབས་ཀྱི་ཆོས་བྱེད་མི་སྣས་ཆོས་ཚུལ་བཞིན་དུ་མ་སྤྱད་པས་སོ།
ལེགས་བཤད་ལགས་་་་་་ཁྱེད་ལྟ་བུ་ལུས་ངག་ཡིད་གསུམ་རྒྱ་གར་བའི་ཤྭཀྱའི་ཆོས་ལུགས་ནང་དུ་འཐུབས་ནས་བསྡད་ཡོད་པའི་ནང་ཆོས་རིང་ལུགས་ཤིག་གིས་ངོས་ནས་བཤད་ན་ཐུགས་ཁག་རྩ་བ་ནས་མེད་ཞུ་རྒྱུར་དང་། བོད་ཁ་བ་རི་པའི་འཇིག་རྟེན་ཕ་ཆོས་རིང་ལུགས་པའི་ངོས་ནས་བལྟས་ན་དགྲ་འདུལ་གཉེན་སྐྱོང་ནི་རྩ་བའི་རྩ་དོན་ཡིན་པས་སྐད་ཆ་འདྲ་མི་བཤད་དཀའ་མེད་རེད།
དམ་པའི་ལྷ་ཆོས་དང་འཇིག་རྟེན་ཕ་ཆོས་བར་གྱི་འགལ་ཟླ་འདིས་ཆོས་ལུགས་པ་དང་ཁྱིམ་པ་མི་ནག་གཉིས་ཀྱི་བར་དུ་འགལ་བཟོ་བ་ནི་དངོས་ཡོད་གནས་ཚུལ་རེད། ད་ག་རེ་བྱ་དགོས་སམ། ཕྱོགས་གཉིས་ཀས་ཐུགས་བསམ་ཡག་པོ་བཞེས་ནས་གཉིས་ཀ་ཡར་རྒྱས་གཏོང་ཐུབ་པའི་ཐབས་ལམ་ཤིག་འཚོལ་ན་ག་འདྲ་འདུག་གམ། དེ་མིན་རང་རང་གི་ལྟ་གྲུབ་མཁྲེགས་འཛིན་བྱེད་ན་ཕྱོགས་གཉིས་ཀ་ལ་གནོད་ཀྱི་འདུག་བསམས་ཀྱི་འདུག་གོ
དམ་པའི་ལྷ་ཆོས་ཡར་རྒྱས་མེད་ནས་སངས་རྒྱས་ཐོབ་མཁན་མི་ལ་ཙམ།
འཇིག་རྟེན་ཕ་ཆོས་ཡར་རྒྱས་མེད་ནས་རང་ས་རང་ཡུལ་དགྲ་ལ་ཤོར།
ཕྱི་ཡི་དངོས་པོ་ཡར་རྒྱས་མེད་ནས་སྐྱག་པ་གཏོང་སའི་གསང་སྤྱོད་མེད།
ནང་གི་སེམས་པ་ཡར་རྒྱས་མེད་ནས་མི་རིགས་ཕྱེད་ཀ་ཡིག་རྨོངས་ཡིན།
ཅོ་རི་ཉི་མས་དངོས་གནས་སྐད་ཆ་དྲང་མོ་ཤོད་ཀྱི།
དམ་པའི་ལྷ་ཆོས་རྒྱུད་འཛིན་ཉམས་སུ་ལེན་གི་ཡོད་ཟེར་ནས་དགོན་པ་ཁྲ་ཁྲ་ཟིང་ཟིང་གིས་ཕན་ཚུན་འགྲན་བསྡུར་ལས། ནང་གི་སེམས་ལ་འགྱུར་བ་མེད་ནས་ད་ལྟ་འཇིག་རྟེན་འདིར་བྱང་ཆུབ་སེམས་དཔའ་གཅིག་ཀྱང་མཛུབ་མོ་བཙུགས་ཟེར་ན་སྔར་གྱི་བྱང་སེམས་ལྔ་སྟོང་ལས་སོགས་དགྲ་བཅོམ་པ་བརྒྱ་ཕྲག་དང་སྟོང་ཕྲག་ཡོད་པར་ཤོད་པ་ལས་ད་ལྟ་གཅིག་ཀྱང་སྟོན་རྒྱུ་མེད། དེས་གང་མཚོན་གྱི་ཡོད་ཟེར་ན་མི་ཡི་སེམས་རྒྱུ་མར་ཀོགས་སྐམ་པོ་ནང་ལྟར་བསྡད་པའི་རྒྱུ་མཚན་རེད། དེས་དམ་པའི་ཆོས་ཀྱིས་མ་བྱུང་བ་དང་ཉེས་པ་གང་ཡང་མིན། ད་ང་ཚོས་མི་རབས་རྗེས་མ་དང་མ་འོངས་བོད་མི་རིགས་ལ་བྱེད་བྱས་དང་ལག་རྟགས་སྤྲོད་རྒྱུ་གང་འདུག་ཟེར་ན་གང་ཡང་མེད། རྒྱལ་ཁབ་ནི་གཞན་ལག་ཏུ་ཤོར། ཕ་མེས་ཀྱི་རིག་གཞུང་ནི་ཇེ་ཉམས་ཇེ་ཉམས་སུ་འགྲོ། ཚན་རྩལ་གྱི་རིག་པའི་ཉམས་མྱོངས་ནི་མེད། ངོ་མ་ཕ་ནོར་བུ་ལ་རྩིས་སྤྲོད་རྒྱུ་ཞིག་མེད་ཀི། སེམས་པ་སྐྱོ་བོ་རེད།
རྒྱལ་ཁབ་དང་མི་རིགས་ཀྱི་མེས་པོ་གོང་མར་གུས་བཀུར་ཆེ་བསྟོད་དང་བཀའ་དྲིན་རྗེས་དྲན་ཞུ་མཁན་གྱི་རྒྱལ་ཁབ་དང་མི་རིགས་རྣམས་ནི་ཡར་རྒྱས་གོང་འཕེལ་དང་རྒྱུ་འབྱོར་མངའ་ཐང་དར་བའི་ཐོག་འཛམ་གླིང་གི་སྔོན་གྲལ་དུ་བསླེབས་བཞིན་པ་རེད། དེ་ལས་ལྡོག་དེ་རང་གི་མེས་པོ་གོང་མའི་བཀའ་དྲིན་ལ་སྐྱོན་མཚང་ངན་འདྲི་དང་འཁོན་སེམས་སྡང་འཛིན་བྱེད་པའི་མི་རིགས་ཅིག་ཡིན་ན་ནམ་ཡང་འཛམ་གླིང་གི་གྲལ་མཐའ་ལ་ལུས་འགྲོ་བ་དངོས་པོའི་ཆོས་ཉིད་དང་ངན་བྱས་འབྲས་བུ་ཡིན་པ་མ་ཟད། ཚན་རིག་གི་ལྟ་གྲུབ་དང་ལས་འབྲས་ཀྱི་རྣམ་བཞག་གཉིས་ཀར་མཐུན་པར་གྲུབ་པ་རེད།
ཤེས་ཡོན་དང་འབྲེལ་ཡོད་ལྷན་ཁང་ཁག་གིས་སྲིད་ཇུས་གཞན་དག་ག་ཚད་སྤེལ་ཡང་སློབ་གྲྭ་ཁག་གི་ཉིན་རེའི་སློབ་ཚན་སྦྱོང་གཞིའི་རྩ་འཛིན་གོ་སྒྲིག་ལེགས་པོ་ཞིག་མ་བྱུང་གི་བར་དུ་ཡར་རྒྱས་ཀྱི་གོམ་པ་མདུན་དུ་སྤོ་རྒྱུ་ཁ ག་ཙམ་གདའ། དཔེར་ན། འཛིན་གྲྭ་གཅིག་ལ་སྦྱོང་གཞི་སློབ་ཚན་རིགས་མི་གཅིག་པ་ཁག་དྲུག་ཡོད་པའི་དབང་དུ་བཏང་ན་སློབ་ཚན་ནང་གསེས་གཙོ་ཕལ་དབྱེ་མེད་དུ་རྟ་བོང་མཉམ་རྒྱུགས་བཏང་རྐྱེན་སློབ་ཚན་གང་ལའང་རྨང་གཞི་བརྟན་པོ་ཞིག་ཆགས་དཀའ་བ་རེད།
ཚན་རིག་གི་མ་རྐང་རྩིས་རིག་དང་། རྒྱལ་རབས་སོགས་སློབ་ཚན་གཞན་དག་ཡོད་ཚད་ཀི་མ་རྐང་སྐད་ཡིག་ལ་ཐུག་ཡོད་བརྟེན་མ་མཐར་ཡང་སློབ་ཚན་ཁག་ལ་ནང་གསེས་གཙོ་ཕལ་གྱི་དབྱེ་བ་ཞིག་དགོས་ངེས་ཡིན་། གཙོ་བོའི་རིགས་ལ་ཚོགས་ཐུན་སོགས་ཀྱི་དུས་ཚོད་ཀྱང་སློབ་ཚན་ཕལ་པ་དག་ལས་མང་ཙམ་དགོས་རྒྱུ་ནི་ཚན་རིག་གི་གཞུང་དང་མཐུན་པ་ཞིག་ཀྱང་ཡིན། དེ་སྔ་བོད་མིའི་སློབ་གྲྭ་ཁག་ལ་དེ་ལྟའི་གོ་རིམ་གཏན་འཁེལ་པ་ཞིག་མེད་པ་གསལ་པོ་རེད། སློབ་གྲྭའི་ཤེས་ཚད་ཡར་རྒྱས་གཏོང་གི་ཡིན་ན་མགོ་འཛུགས་ས་སློབ་ཚན་ཁྲིད་ཕྱོགས་ནས་འགོ་འཛུགས་དགོས།
བོད་ཆག་ཉེས་ཀྱི་མགོ་འུ་དུམ་བཙན་པོ་ནས་ཚུགས་པ་རེད།
སྙིང་ཉེ་ཞིང་། ཤ་རུས་ཁྲག་རྒྱུན་གཅིག་པའི་གདོང་དམར་གྱི་མི་བུ་རྣམ་པ། ཁྱེད་རྣམ་པས་གནས་སྐབས་ཉི་ཚེ་བའི་འཚོ་བ་ལ་མགོ་མི་འཁོར་བར་ངའི་ཕྱོགས་ལ་ཟུར་ཙམ་གསོན་དང་། དེང་སང་བོད་གཞིས་བྱེས་གཉིས་སུ་གྲྭ་བ་དང་། ཨ་ནེ་བཟོ་མཁན་ལོ་རེ་ནས་ལོ་རེར་ཉུང་དུ་འགྲོ་བཞིན་པ་རེད། དེ་ནི་བོད་མིའི་དགོས་འདུན་སྒྲུབ་པའི་ཆེད་དུ་མ་རེད་ལ། སེམས་ཅན་སྤྱིའི་བདེ་སྐྱིད་ཆེད་དུ་གྲྭ་བཙུན་མ་བྱས་པ་ནི་དེ་བས་ཀྱང་མ་རེད། འདི་དག་ནི་ཕུགས་ཀྱི་དགེ་མཚན་དང་། གཏན་གྱི་འདུན་མ་ལ་ཐུགས་བསམ་མེད་པར་གནས་སྐབས་ཚེ་འདིའི་འཚོ་གོས་ཙམ་དང་། དོན་སྙིང་དེ་ཙམ་མེད་པའི་ཁྲ་ཁྲ་ཟིང་ཟིང་སེམས་ཤོར་བ་ལས། དོན་དངོས་ཀྱི་ཆ་ནས་རང་གི་ལས་དབང་དང་ལམ་བུ་ལ་སེམས་ཁྲལ་རྩ་བ་ནས་མེད་མཁན་ཚོའི་བྱེད་སྟངས་ཤིག་རེད། དེ་ཕྱིར་འཛམ་གླིང་སྤྱི་དང་། བྱེ་བྲག་བོད་རང་ལ་བསམ་བློ་གཏོང་དགོས་པ་ཡིན་ན་རེད། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ཆོས་ཁྲིམས་སོགས་ལ་མཁས་ཤིང་། ད་དུང་མིག་རྒྱང་རིང་བའི་བསམ་བློ་བ་ཞིག་བྱ་འདོད་ན་བོད་མི་དུད་ཚང་རེའི་ནང་ནས་གྲྭ་བཙུན་གང་རུང་རེ་ངེས་པར་དུ་བཟོ་རོགས་ཞེས་ངའི་སྙིང་ཁོང་རུས་པའི་གཏིང་ནས་གསོལ་འདེབས་ཡིན།
སྤྱིར་བཏང་ནང་ཆོས་སྦྱང་བ་ལ་སྐྱ་སེར་གཉིས་ཀའི་རྟེན་ལ་ཁྱད་པར་མེད་ཀྱང་། སྦྱང་བའི་དུས་ཚོད་ཡོད་མེད་ཀྱི་ཁྱད་པར་ཆེན་པོ་ཞིག་ཡོད་པ་དང་། དུས་ཚོད་ག་ཚོད་མོད་ན་དེ་ཙམ་གྱིས་སྦྱང་འབྲས་ལེགས་པ། སྦྱང་འབྲས་ལེགས་པ་ནང་བཞིན་བསམ་བློ་གཏང་དུ་ཡོད་པ། བསམ་བློ་འཇུག་རིམ་བཞིན་ཆོས་འཇིག་རྟེན་གཉིས་ཀའི་ཕུགས་ཀྱི་གནད་གསང་མང་པོ་ཞིག་ཆོས་ལ་བརྟེན་ནས། ཐག་བཅད་ནུས་པས་ཆོས་ཟེར་བ་དེ་གཏིང་ཟབ་པོ་རེད་ཅེས་སྨྲ་བཞིན་པ་རེད། གྲྭ་བཙུན་གཉིས་ཀྱིས་ནང་ཆོས་སྦྱང་པ་ནང་བཞིན་སྐྱ་བོ་ཚོས་དུས་ཚོད་གཏོང་ཐུབ་པ་ཁག་པོ་རེད། དེ་ཕྱིར་དགོན་པ་ཞེས་ལོགས་སུ་འཛུགས་དགོས་པ་དང་། དགོན་པར་གནས་སྡོད་བྱེད་མཁན་རྣམས་ལ་གྲྭ་བཙུན་ཞེས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞེས་འབོད་བཞིན་པ་རེད། དེ་ཕྱིར་སྤྱིར་འཛམ་གླིང་བདེ་སྡུག་དང་། ཡང་དགོས་བོད་གངས་ཅན་པའི་ལས་དབང་། གང་ལ་བསམ་ན་ཡང་ནང་ཆོས་སྦྱང་དགོས་པ་ནི་ཁ་ཚ་དགོས་གཏུག་ཡིན་པས་ཚང་མས་ཤུགས་སྣོན་རྒྱག་རོགས་གནོངས།
དེང་སང་ནུབ་ཕྱོགས་པ་ཚོས་ཟེར་བ་ལྟར་ན། བོད་ལ་དངུལ་ལས་ཆོས་དགོས་ཀྱི་མེད་པ་རེད། དེ་ཕྱིར་ཆོས་ང་ཚོས་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་བཤད་བཞིན་པ་རེད། དོ་སྣང་མ་བྱེད་ན་དེ་ག་ནང་བཞིན་འགྱུར་ངེས་རེད། ཉིན་ཤས་གོང་ནུབ་ཕྱོགས་པ་ཞིག་གིས་ཟེར་བ་ལྟར་ན། བོད་པ་ཚོའི་མིག་ནང་དངུལ་ལས་ཆོས་མེད་པ་རེད། དེ་ཕྱིར་ནུབ་ཕྱོགས་གཙོས་པའི་རྒྱལ་ས་ཆེ་ས་རྐྱང་རྐྱང་ལ་འགྲོ་བསམ་པ་ལས། རང་གི་རིག་གཞུང་བདག་པོ་རྒྱག་འདོད་ཀྱི་འདུན་པ་རྩ་བ་ནས་མེད་པ་རེད། ཡིན་ན་ནུབ་ཕྱོགས་ཀྱི་ལུང་པ་གང་རུང་ཞིག་ལ་བསླེབ། དེ་གས་མིའི་བསམ་བློ་དང་། བདེ་སྡུག་དག་མཐོང་འོངས་དུས་གཟོད་བོད་རང་གི་རིག་གཞུང་གི་རིན་ཐང་དང་། ནང་ཆོས་ཀྱི་ཁྱད་པར་འཕགས་ཆོས་དག་མཐོང་ཡོང་གི་ཡོད་རེད་ཟེར། ནུབ་ཕྱོགས་པའི་མི་རིགས་ཟེར་བ་དེ་རིགས་པའི་རྗེས་འབྲངས་རེད། དེ་ཕྱིར་རིགས་པ་དང་། རྒྱུ་མཚན་རྣམ་དག་ཡོད་མེད་ལ་གཞིགས་ཏེ། དང་ལེན་བྱ་རྒྱུ་ལས། སྒོར་མོ་གཅིག་པུ་ལ་མགོ་འཁོར་སྡོད་མཁན་དེ་འདྲ་ཞིག་མ་རེད། དེ་ཕྱིར་བོད་པ་ཚོས་བསམ་ཤེས་ན་རང་གི་རིག་གཞུང་ཡིད་བཞིན་ནོར་བུ་ལྟ་བུ་འདི་ཉིད་བདག་པོ་རྒྱག་པའི་དུས་ལ་བབ་པ་རེད།
གལ་སྲིད་བོད་པ་གཙོར་བྱས་པའི་ཧི་མ་ལའི་རི་བརྒྱུད་ཀྱི་གྲོང་པ་ཚོས་ཕྲུ་གུ་རེ་རེ་གྲྭ་བཙུན་བྱས་འོངས་ན། དགོན་བདག་ཚོས་ཀྱང་འདོན་ཆོག་ཙམ་དང་། དགོན་པར་ཉི་མ་སྐྱེལ་བ་ཙམ་གྱིས་ཆོག་ཤེས་མི་བྱེད་པར། ཕྲུ་གུ་དེ་དག་གིས་མ་འོངས་པར་སྐྱེ་འགྲོ་སྤྱི་དང་བྱེ་བྲག་ཕན་ཐོགས་པ་ཞིག་ཏུ་བསྒྱུར་ཨེ་ཐུབ་ལྟ་རྒྱུ་དང་། དེ་ལྟར་མ་བྱུང་རུང་རང་གི་མི་ཚེ་སྐྱེལ་བ་ལ་དཀའ་ངལ་མེད་པ་ཞིག་ཏུ་བསྒྱུར་དགོས་ངེས་རེད། འདོན་ཆོག་ཟེར་བ་དེ་སྦྱིན་བདག་ཚོའི་འཕྲལ་གྱི་རྐྱེན་བགེགས་སེལ་བ་ཞིག་དང་། ཡང་ཆོས་པ་རང་གི་རྟོགས་པ་ན་འཕར་བའི་ཆེད་དུ་རྣམ་འབྱོར་ཕོ་མོ་གྲངས་ཚང་བས་ཚོམས་བུ་ཚོགས་སྒྲུབ་དང་། དབང་བསྐུར་འཕྲིན་ཆོག་སོགས་དུ་མ་ཡོད་པས། དེ་དག་མ་ནོར་བའི་ཐོགས་ནས་མཉམ་བཞེས་གནང་དགོས་པར་སེམས། དེ་མིན་གསང་སྔགས་ཟབ་མོའི་དཀྱིལ་འཁོར་དག་གང་བྱུང་དུ་སྟོན་པ་དང་། བསྒྲགས་པ་དེས་རང་གཞན་གཉིས་ཀ་ལ་གནོད་པ་ལས་ཕན་ཐོགས་ཡོད་པར་མི་སེམས་སོ། །
བོད་པའི་ཁྱིམ་དུད་རེ་ནས་གྲྭ་བཙུན་གང་རུང་བྱ་དགོས་པའི་དམིགས་ཡུལ་གང་ཡིན་ཞེ་ན། དེ་ནི་བོད་མི་རིགས་ཀྱི་ཡ་རབ་སྤྱོད་བཟང་། ཡུལ་སྲོལ་གོམ་གཤིས་འཇག་པའི་ཆེད་དང་། ནང་ཆོས་མི་ཉམ་པར་གནས་པའི་ཆེད་དུ་ཡིན། ནང་ཆོས་དང་བོད་ཀྱི་རིག་གཞུང་དང་འབྲེལ་བ་དང་། ནང་ཆོས་དང་འཇིག་རྟེན་གྱི་བདེ་སྐྱིད་འབྲེལ་བ་རེད། དེ་ཕྱིར་ངས་དུས་ནམ་ཡང་སྨྲ་དགོས་པའི་རྒྱུ་མཚན་དེ་ཡིན། ནང་ཆོས་འདི་ཉིད་རྒྱལ་སྤྱིའི་ཆོས་ལུགས་སུ་འགྱུར་བཞིན་པ་ལ་རམ་འདེགས་གནང་མཁན་དེ་མི་རབས་གཅིག་ཙམ་མ་ཡིན་པར། ཇི་སྲིད་འཁོར་བ་འདི་མ་སྟོང་བར་དུ་གནས་དགོས་ན་དེ་ལ་བརྒྱུད་འཛིན་ཡོད་དགོས་པ་དང་། བརྒྱུད་པ་འཛིན་པར་བྱེད་པ་ལ་ཆོས་ནས་བཤད་པ་བཞིན་ཉམས་ལེན་གནང་ཐུབ་དགོས་པ་རེད། ཆོས་དང་མ་མཐུན་པར་ཆོས་པ་ཡིན་ཟེར་བ་ཙམ་གྱིས་ཕན་ཐོགས་མེད་པར། ཆོས་དང་ཆོས་པ་གཉིས་སོ་སོར་དབྱེར་མི་ཐུབ་པ་ཞིག་དགོས་པ་རེད། ཆོས་དང་ཆོས་པ་གཉིས་རྒྱབ་འགལ་དུ་སོང་བའམ། ཡང་ན་རྒྱང་ཐག་རིང་ཙམ་ཆགས་སོང་ན། ཆོས་པས་མ་འཇོན་པ་རེད།
རང་ཉིད་གྲྭ་བ་གང་བྱས་ནས་ལོག་པ་ཡིན་ནམ། ད་དུང་མི་གཞན་ལ་གྲྭ་བ་བྱེད་དགོས་ཟེར་བ་དེ་ནི་ཧམ་པ་རང་རེད། གྲྭ་བ་བྱེད་པར་བཙན་གྱིས་གྲྭ་ཁྲལ་སྔར་བསྡུས་པ་རེད་ད་ལྟ་ནི་དུས་རབས་གསར་པ་རེད་འགྱུར་ཚར་བ་རེད། མ་གཞི་ནས་གྲྭ་བ་བྱེད་པར་འཁོར་བ་ལ་ངེས་འབྱུང་མ་སྐྱེས་ན་གྲ་ཆས་གོན་ཀྱང་་་་་གེས་་་་་་དམར་ཏོག་རང་རེད། བཙན་གྱིས་གྲྭ་བ་བྱེད་དགོས་ཟེར་བ་འདི་ནི་འདུལ་བའི་གཞུང་ལ་ཉམས་མྱོང་མེད་པའི་རྟགས་རེད།
ཤེས་ཡོན་ཡར་རྒྱས་དང་དེའི་གལ་གནད་ཀྱི་བརྗོད་གཞིའི་ཐོག་ལ་བསམ་ཚུལ་ཡིན་ཙང་དེའི་ནང་ལ་མི་རིགས་གཅིག་པའི་བོད་མ་གཏོགས་ཆོས་ལུགས་ཀྱི་སྐད་ཆ་མེད། ཤེས་ཡོན་ཞེས་པ་དེ་མི་ལ་རྒྱུས་ཀྱི་ཉམས་མྱོང་གང་མང་བསགས་པ་དེའི་ཚོད་ཀྱིས་ཤེས་ཡོན་རྒྱ་ཆེ་ཆུང་བརྩི་བ་ཡིན། འཕགས་བོད་ཀྱི་མཁས་པ་གོང་མ་རྣམས་ཀྱིས་རིག་པའི་གནས་བཅུ་སོགས་མང་པོ་ཞིག་ཕྱེས་ཡོད་པ་དག་ཀྱང་ཤེས་ཡོན་དུ་བརྗོད་ཆོག རིག་པའི་གནས་ཞེས་པ་དེ་མིང་ཁ་ཁ་མ་གཏོགས་ཤེས་ཡོན་ཟེར་བ་རེད། དེ་ལ་ཡང་ཐུན་མོང་བའི་ཤེས་ཡོན་ནམ་རིག་གནས་དང་། ཐུན་མོང་མ་ཡིན་པའི་ཤེས་ཡོན་ནམ་རིག་པའི་གནས་ཞེས་གང་བསླབ་ཀྱང་ཁྱད་པར་ཞིག་མ་མཐོང། མདོར་ན་ཤེས་པའི་ཡོན་ཏན་དང་།་རིག་པའི་གནས་གཉིས་དོན་གཅིག་ཟེར་ན་ཆོག་གམ། འཛམ་གླིང་ནང་གི་མཁས་པ་མང་པོ་ཞིག་ནས་ཤེས་ཡོན་གྱི་མཚན་ཉིད་དེ་མི་མཐུན་པ་མང་པོ་ཞིག་ཡོང་གི་འདུག
སྔ་མ་གང་བྱས་ད་ལྟའི་འབྲས་བུར་ལྟོས། །ཕྱི་མར་གང་ཡོང་ད་ལྟའི་རྒྱུ་ལ་ལྟོས། །ཁྱོད་དང་ང་ཞེས་ཐབ་པས་གྲུབ་མཐའ་མེད། །དེ་བས་ཁ་གཅིག་སེམས་གཅིག་གོམ་པར་བརྩོནད། །