འདས་པའི་ཉིན་ ༡༠ རིང་ཁ་བརྡའི་མཆན་ཡོངས་རྫོགས་ལ་ལྟ་རྟོག་དང་བཅས་དག་མཆན་སྤྲད་པ་རེད། དེ་རིང་སླར་ཡང་ཁ་བརྡར་མཆན་འགོད་པ་རྣམས་ཀྱི་མཆན་ཐོག་མ་དེ་ལ་དག་མཆན་ཐོབ་རྗེས། མཆན་ཕྱི་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་ཤར་འགྲོ་བ་དེ་བཟོས་ཡོད། འོན་ཀྱང་གཤམ་གསལ་གྱི་ཚིག་འདི་དག་ལ་མཆན་བུ་བ་ཚང་མས་ཐུགས་སྣང་གནང་རོགས། གལ་སྲིད་སྔར་བཞིན་སྐྱེ་བོ་སྒེར་ལ་གཞི་མེད་སྐྱོན་བརྗོད་དང་། བོད་མི་རིགས་ཀྱི་སེམས་ལ་དོ་ཕོག་གཏོང་བའི་གླེང་མོལ་རིགས་སྤེལ་ཚེ། མཆན་བུ་དེ་རྣམས་འགོག་པ་ཙམ་མ་ཡིན་པར། མཆན་ཡོད་དོ་ཅོག་དག་མཆན་ལ་སྒུག་དགོས་པའི་ལམ་ཁ་བསྟེན་ངེས་ཡིན།
- ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
- ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་འགོག་བྱེད་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན།
- ཁྱེད་ཀྱིས་མིང་དང་གློག་འཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་གྱིས་དྲ་དེབ་ཏུ་འཁོད་འགྲོ་བ་ཡིན།
- ཁ་བརྡ་གཟིགས་མཁན་རྣམས་ཀྱིས་ཀྱང་ཁ་བརྡའི་མཆན་བུ་དང་རྩོམ་ཡིག་ལ་གོང་གསལ་སྒྲིག་གཞི་ལག་ལེན་ལ་བསྟར་གྱིན་ཡོད་མེད་ལྟ་རྟོག་གི་རོགས་རམ་གནང་རོགས། གལ་སྲིད་མཆན་བུ་གང་ཞིག་དང་རྩོམ་གང་ཞིག་སྒྲིག་འགལ་དུ་གཟིགས་ཚེ། འཕྲལ་དུ་ཁ་བརྡ་རྩོམ་སྒྲིག་པར་འབྲེལ་བ་གནང་རོགས། གློག་འཕྲིན་ཁ་བྱང་ནི། Khabdha(at)gmail.com
ཁ་བརྡའི་འཛིན་སྐྱོང་གིས་ཕུལ།
བོད་མི་རིགས་ཀྱི་སེམས་ལ་དོ་ཕོག་གཏོང་བའི་གླེང་མོལ་ཞེས་པ་ནི། ༧གོང་ས་མཆོག་ལ་མཚན་སྨད་དང་ཟུར་ཟ་བྱེད་པ་དེ་ཚོ་ལ་ཟེར་རྒྱུ་ཡིན་ན་དགའ་བསུ་ཡོད། ད་ནས་ཁ་བརྡ་དྲ་བའི་ཁ་ཕྱོགས་མི་ནོར་བའི་རེ་བ་ཡང་རྒྱབ་ཆོག་པར་འདྲ།
ཐུན་མོང་ཐོག་བདེན་པའི་ཕྱོགས་སུ་བསྐྱོད་རྒྱུ་ནི་མིའི་རིགས་ཀྱི་ཡ་རབས་བཟང་སྤྱོད་ཞིག་ཡིན་པས་ཁ་བརྡ་དྲྭ་བའི་རྩ་འཛིན་གཞིར་བཟུང་ཤར་བསྐྱོད་ཡོང་བར་དགའ་བསུ་ཞུ།
ཁ་བརྡའི་རྩོམ་རིགས་པའི་ཞུས་དོན་བཞིན་གང་ཟག་སྒེར་པ་ལ་དམོད་ཚིག་འཐབ་འཛིང་སོགས་བྱེད་པ་དང༌། དོན་མེད་སྐྱེ་བོ་སྒེར་པའི་བྱ་སྤྱོད་ལ་བརྟེན་ནས་ཆོས་ལུགས་མི་འདྲ་བ་ཁག་ལ་སྒྲོ་སྐུར་ཞུ་རྒྱུ་ནི་ཤིན་ཏུ་ནས་ཀྱང་མི་པ་ཞིག་ཡིན་པར་སྙམ།
ཧྲ་གེ་ཧྲ་གེ ཁ་བརྡ་དགའ།།
རྒོད་པོ་ཁྲིད་ན་མཐུར་མདའ་རིང་དགོས། དཔོན་པོ་བྱེད་ན་ཁོག་རྒྱ་ཆེ་དགོས། ཧྲ་གེ་ཧྲ་གེ
བཀུར་འོས་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ལགས།
གུས་པས་ཁ་བརྡ་ཚང་གི་བསྒྲགས་ཡིག་ཆེ་ཆུང་གང་ལའང་སྔ་ཕྱིར་བར་གསུམ་དུ་དུས་ནམ་ཡང་ཡི་རང་རྒྱབ་སྐྱོར་ཞུས་ཐོག་དེ་སྔའི་སྨྱུག་མིང་༼ འདོད་ལྷ་ཁམས་པ་ ༽ དེ་རིང་ནས་བཟུང་ ༼ ཐུ་བ་རྒྱ་མཚོ་ ༽་ལ་མིང་བསྒྱུར་བྱས་པ་ཡིན་པས་དེ་དོན་ཐུགས་འཇགས་ཡོད་པ་ཞུ།
ཁ་བརྡའི་མཆན་སྒོ་ཕྱེ་ནས། ང་ཚོར་གུ་ཡངས་ཐོབ་སོང་།།
རང་དབང་རྩོམ་རྩལ་འགྲན་ན་འདི་རུ་ཤོག།
རང་དབང་གླེང་མོལ་བྱེད་ན་འདི་རུ་ཤོག།
སྒོ་ཕྱེ་དག་པ་འདྲ་བོ། དབྱེ་འབྱེད་ཕྱེས་དག་པ་འདྲ་བོར་མཐོང་། ཡིན་ན་ཡང་། བཙལ་འཚོལ་ཞིབ་པ་བྱེད་མ་ཐུབ་པས་བརྟག་གོ
ལགས་སོ་བཀའ་དྲིན་ཆེ། སྤྱི་བཏང་འཛམ་གླིང་གང་སར་སྤྱི་ཚོགས་དང་འབྲེལ་བ་ཡོད་པས་སྤྱོད་སྤྱོད་དྲྭ་རྒྱ་ཞིག་ཡིན་ན་བསམ་བློ་གུ་དོག་པོ་བྱས་ནས་བཀག་འགོག་ཆེར་མེད་ན་བཟང་། དེ་མིན་མི་བུ་སྒེར་གྱི་དྲྭ་རྒྱ་ཞིག་ཡིན་ན་ནི་རང་འདོད་ལྟར་མ་བྱུང་བཀག་ན་བསམ་འཆར་ཡོད་མ་རེད། ཁ་བརྡ་དྲྭ་རྒྱ་འདི་ཕྱི་སྡོད་བོད་མི་མང་ཆེ་བས་དགའ་བསུ་དང་བཅས་བེད་སྤྱོད་བྱེད་མཁན་མང་ཤོས་དེ་ཆགས་འདུག །ལར་བསམ་བློ་ལ་གཏོང་འཛིན་བྱེད་པ་ནི་སྒེར་གཅོད་པས་ལྟ་བ་ཞིག་ལས་རང་དབང་ཡོད་ཟེར་བཞིན་པ་ཞིག་ལ་དེ་ཙམ་མཛའ་ཚོད་མི་སྣང་། དམངས་ཀྱི་བསམ་འཆར་བསྡུ་རུམ་དང་དམངས་ཀྱི་དཀའ་ངལ་ཤེས་རྟོགས་མེད་ན་གོང་བཞུགས་ཀྱི་འགོ་གཙོ་ཚོས་ཀྱང་ལས་དོན་མང་པོ་ཞིག་གི་ཐད་ལ་གྲོས་གཞིའི་ནང་དོན་རང་ཐག་རང་གཅོད་ལྟ་བུ་ཞིག་བྱེད་དགོས་ཆགས་ཀྱི་རེད། དེ་མིན་མི་རེ་རེས་རེ་འདོད་ལྟར་དུ་དྲྭ་རྒྱ་ཞིག་དེ་རིང་སྒོ་བརྒྱབ་ནས་ཡང་སང་ཉིན་སྒོ་ཕྱེས་པ་དང་གཅིག་གིས་ཁར་ཉན་ཏེ་གཅིག་གིས་བསམ་བློ་བཀག་དགོས་ན་དཀའ་མོ་རེད། བསམ་འཆར་ཙམ་ཡིན་ཞུ་ཉེས་བྱུང་ན་དགོངས་ཡངས་ཞུ།།
བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་ཀློག་པ་པོ་ཁྲི་སྟོང་མང་པོས་ཁ་བརྡ་དྲ་བར་དགའ་བསུའི་ཐལ་མོ་དྲག་ཏུ་རྡེབ་ཀྱིན་འདུག
བཀའ་དྲིན་ཆེ། དུས་རྒྱུན་རང་ངོས་ནས་མཆན་འབྲི་དུས་ཀྱང་གང་གཟབ་གཟབ་བྱེད་བཞིན་ཡོད་ལ་ཕྱིན་ཆད་ཀྱང་དེ་བཞིན་ཡིན།
ཁ་བརྡ་དྲ་བའི་སྐུ་ཚེ་བརྟན་གྱུར་ཅིག།
དྲ་དཔོན་རྣམ་པའི་ཐུགས་བཞེད་འགྲུབ་གྱུར་ཅིག།
སྔ་དྲོ་ཡི་དྲྭ་སྒོར་འཛུལ་དུས།།
ཁ་བརྡ་ཡི་མཆན་སྒོ་ཕྱེ་འདུག།
དྲྭ་བདག་གི་བསྒྲགས་ཡིག་སྔོག་དུས།།
ཁ་སང་གི་ལམ་ག་དེ་རང་།།
ངས་བདེན་པ་ཡིན། མི་ངན་ཁ་ཁས་ཤས་ཀྱིས་༧གོང་ས་མཆོག་དང་བཙན་བྱོའི་སྒྲིགས་འཛུག་ལ་ག་དུས་ཡིན་རུང་གཞིར་མེད་སྐྱོད་བརྗོད་ཁོ་ན་བཟོ་གྱིན་ཡོད་པའི་མི་ངན་དེ་ཚོའི་རིགས་ལ་ངས་ཐབ་གཅིག་ཏུ་ངན་སྨས་དང་སྐྱོན་བརྗོད་བཟོ་ངེས་ཡིན་རྒྱུ་མཚན་དེའི་དབང་གི་ཁ་བརྡའི་དྲྭ་བདག་གིས་གནས་དབྱུངས་གཏོང་རུང་་་ང་མི་འཇིགས་ངོ་མ་ཡིན།
ལགས་སོ་ལགས་སོ་ཤིན་ཏུ་ནས་ལགས་སོ།
ཕྱེས་སོང་ཕྱེས་སོང་ཁ་བརྡ་ཕྱེ་སོང་། །
ཁ་བརྡའི་སྒོ་དེ་སླར་ཡང་ཕྱེས་སོང་། །
ཁ་བརྡའི་འཛིན་སྐྱོང་སླར་ཡང་ངར་སོང་། །
ཁ་བརྡའི་མཆན་སྒུག་སླར་ཡང་ཕྱེས་འདུག །
རྩོམ་རིག་སྒྱུ་རྩལ་སྔར་ལྷག་སྟོན་ཤོག །
མཆན་འདེབས་སྒྲིག་ལམ་སྔར་ལྷག་འཁུར་ཤོག །
“གཞན་ལ་བརྙས་པ་ནི་རང་དབང་དམངས་གཙོ་ཞིག་གི་ཁྱད་རྟགས་ཡིན་ནམ། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན་འཇིགས་སྐུལ་བ་དང་རྐུ་མ་ཆོམ་པོ་དག་གི་བཅའ་ཚུལ་ལས་ཚུལ་དེ་ཡང་ཁྲིམས་མཐུན་མིན་པའི་ངེས་པ་མེད་ཅིང་།སྨད་འཚོང་མ་དང་སྨད་འཚོང་མཁན།ནང་རོལ་བ་དང་ངོ་ལོག་པ་དག་ཀྱང་ཁྲིམས་དང་མི་མཐུན་པ་ཞིག་ཏུ་འགྱུར་ཚོད་མེད།ཁོ་ཚོ་སུ་ཡིན་རུང་རང་གི་མོས་པ་དང་རང་གི་འདོད་པ་དག་གཞན་ལ་རེག་མ་ལས་པའི་སྒོ་ནས་སྒྲུབ་པ་དེ་རེད།"ཟེར།
ཁ་བརྡ་ཚང་ལ་འཚམས་འདྲི་དང་འབྲེལ་སླར་ཡང་ཁ་བརྡ་དྲ་བར་སྨྱུག་ཐོག་པ་རྣམས་ལ་སྤྱི་ཚོགས་དང་འབྲེལ་བའི་བསམ་ཚུལ་འདོན་སའི་གླེང་སྟེགས་ལ་དོ་ཕོག་མེད་པར་བསྐྱར་གསོ་ཐུབ་པར་དགའ་བསུ་ཞུ་རྒྱུ། ལྷག་པར་དུ་༧གོང་ས་མཆོག་ལ་མཚན་སྨད་དང་ སྐུར་འདེབས་བྱེད་མཁན་རིགས་ལ་བཀག་འགོག་དང་ལྷག་པར་རྩམ་བྲིས་དང་མཆན་མཚན་འཁོད་དང་ངོ་སྤྲོད་གསལ་བོ་མེད་པའི་རིགས་ལ་དོ་དམ་བཀག་བསྐྱིལ་ནན་པོ་ཡོང་བ་དང་། དེ་མིན་དངོས་ར་འཕྲོད་པའི་མཆན་དང་རྩོམ་ཡིག་ཅི་རིགས་སྔར་ལམ་ལྟར་བྱུང་ན་དགེ་མཚན་ཆེ་བར་མཐོང་། གང་ལགས་ཞུ་ན་མི་སོ་སོའི་བསམ་ཚུལ་ཇི་ཡིན་བརྗོད་ཆོག་པ་དང་དེ་མ་འགྲིག་པ་དང་ཚུལ་མཐུན་མ་བྱུང་ན་སྤྱི་སྒེར་སུ་ཡིན་ཡང་ཁྲིམས་ཐོག་ནས་བདེན་ར་སྤྲོད་བྱེད་པའི་ཆ་རྐྱེན་ཡོད་པས་ཁ་བརྡ་དྲ་བར་དམིགས་བསལ་འགན་འཁྲི་ཡོད་པར་མ་མཐོང་བས་དེ་དོན་དགོངས་འཇགས་ཡོང་བ་ཞུ།
ཡ་་་ད་ཅང་བཤད་ཤེས་མ་སོང་སྟེ་ཁ་བརྡ་ཚང་གིས་དོལ་ཚོགས་དང་རྒྱ་ཁྱི་སོགས་བོད་པའི་སྤྱི་ཚོགས་སྐྲུག་མཁན་དང་གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རིགས་ལ་གོ་སྐབས་མི་སྤྲད་རྒྱུའི་རེ་བ་ཤིན་ཏུ་ཆེ།
སྤྱི་བཏང་འགྲོ་ལུགས་ལྟར་ན་ མཆན་ལ་ཞིབ་གཤེར་བྱས་ནས་ཁ་བརྡ་ཐོག་ཏུ་བཀོད་རྒྱུ་ཧ་ཅང་སྐྱོ་པོ་རེད་ལ ཁ་བརྡ་ཐོག་ཏུ་ཡོང་མཁན་རེ་ཟུང་གིས་ཁ་བརྡའི་དྲ་བ་ལ་ཆེ་མཐོང་མེད་པར་གང་བྱུང་གི་མིང་རྫུན་བཀོལ་ནས་གང་ཟག་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་འདུག དངོས་ནས་ མི་རིགས་ཤིག་དང་རྒྱལ་ཁབ་དེ་མིན་གནད་དོན་གང་ཞིག་གི་ཐད་ལ་དངོས་ཡོད་ཀྱི་སྐད་ཆ་བཤད་མཁན་ཞིག་ཡིན་ན་ རང་ཉིད་ཀྱི་དངོས་མིང་བཀོལ་ནས་སྐད་ཆ་བཤད་རྒྱུ་ཧ་ཅང་གལ་ཆེན་རེད། འདིར་བདག་གིས་ཁ་བརྡ་དྲ་ཁང་ལ་རེ་བསྐུལ་ཞུ་རྒྱུ་ཞིག་ཡོད་པ་ནི་མི་གང་ཞིག་གིས་མཆན་བཀོད་ན་དེ་ལ་ཆོག་མཆན་ཡོད་མེད་ལ་མ་བལྟོས་པར་དངོས་མིང་མེད་ན་ཁ་བརྡ་དྲ་ཁང་དུ་ཡོང་མི་ཆོག་པར་བྱས་ན་བཟང་གི་སྙམ།
ལེགས་སོ། ཁ་བརྡའི་ལམ་ལ་བརྟེན་ནས། བདག་སོགས་ཀྱིས་བཀའ་བསྟན་གསུང་འབུམ་བོད་སྤྱིའི་སྐད་ཀྱི་དག་ཆ་རྣམས་འཆི་བར་བྱེད་པ་ལས་སྐྱོབ་པའི་ཕྱིར་དུ། ཇི་སྲིད་ལུས་ལ་སྟོབས་ཡོད་པ་དེ་སྲིད་དུ་ཞབས་ཏོག་ཞུ་བ་ལ་བརྩོན་ནོ།།
ཁ་བརྡ་ལགས།
ཁྱེད་ཀྱིས་དྲ་ངོས་འདིར་ཡོང་མཁན་གྱི་རྩོམ་པ་པོ་དང་། མཆན་འདེབས་པ་པོ། ཀློག་པ་པོ་རྣམས་ལ་ཡིག་རྒྱུགས་ཆེན་པོ་ཞིག་བཏང་རྗེས། དེ་རིང་འདི་ལྟར་དགོས་པ་རྒྱུ་མཚན་དུ་མར་དམིགས་ཏེ་སྔར་རྒྱུན་གྱི་ལམ་བུ་དེར་ཤར་བསྐྱོད་བྱས་ཆོག་པའི་ཆོག་མཆན་བསྩལ།
ཁྱེད་འབྲེལ་ཡོད་རྣམས་ལ་བཀའ་དྲིན་ཆེ་ཞུ།
འོན་ཀྱང་། དྲ་བ་སྟངས་འཛིན་ཡག་པོ་ཞིག་མ་གནང་ཚེ། དྲ་ཐོག་གི་དམག་འཁྲུག་མང་དྲགས་ན། ནམ་ཞིག་དྲ་བདག་སོ་སོ་རང་ཉིད་ཀྱང་ནམ་ཞིག་ཉེས་པའི་ཞྭ་ནག་གཡོགས་ཏེ། ནམ་ཡང་མགོ་བོ་འདེགས་མི་ཐུབ་པའི་གནས་སུ་སྐྱེལ་ཉེན་ཡང་ཆེ་བས་དེ་དོན་ཡིད་འཇགས་ཡོད་པ་ཞུ།
ད་དུང་། ༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས། བོད་མི་སྤྱི་སྒེར་བར་གྱི་མཐུན་ལམ་ལ་གཏོར་བཤིག་བཏང་སྟེ། ཡུལ་གྱར་བོད་མི་ཁ་ཐོར་དུ་གཏོང་ཐབས་ཀྱི་བྱུས་ངན་ནི་དགྲ་ཕྱོགས་ཀྱི་དམིགས་འབེན་གཅིག་ཀྱང་ཡིན་སྟབས། དེ་འབྲེལ་གྱི་ལས་དོན་སྒྲུབ་མཁན་གཟིག་པགས་གཡོགས་པའི་བོང་བུ་ལྟ་བུ་ཡང་ཐབས་ལམ་འདྲ་མིན་བརྒྱུད་དེ་གནས་འདིར་ཡང་ཡོང་ངེས་ལ་བརྟེན། དེ་དོན་ཁེ་ཆུང་གྱོང་ཆེ། དགྲ་དགའ་གཉེན་སྡུག རང་མགོ་ཆུ་འདྲེན་ལྟ་བུ་ཡོང་ཉེན་ཆེ་བས་ཅི་ནས་ཀྱང་གཟབ་པར་འཚལ།།
ཁ་བརྡ་ཚང་ནི་བོད་ཕྱི་ནང་གཉིས་ཀྱི་ཧ་ལམ་དྲ་ལམ་གུ་ཡངས་ཤོས་དང་གནས་ཚུལ་སྣ་ཁ་འཛོམས་ཤོས།ཡུལ་གྲུ་གང་སའི་བོད་མི་ཀློག་པ་པོ་མང་ཤོས།བཙན་བྱོལ་ཁྲོད་ཀྱི་རྩོམ་ཡིག་ཚ་ཤོས་ཁག་འཐོན་སའི་དྲ་བ་གཅིག་པུ་དེ་ཡིན་པས།ཁ་བརྡ་དྲ་བས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་སྟེང་བྱས་རྗེས་རླབས་ཆེན་བཞག་པར་དགའ་གུས་བསྔགས་བརྗོད་ཆེན་པོ་དང་རྩོམ་སྒྲིག་པ་རྣམ་པར་ཐུགས་རྗེ་ཆེ་ཞུ་བ་ལགས།
ཁ་བརྡ་ཚང་གི་སྒྲིག་གཞི་དག་ལ་ངེས་ལེན་ཡོད། དངོས་གནས་ཡག་པོ་འདུག། མི་རིགས་གི་རྩ་དོན་དང་གོང་ས་མཆོག་ལ་མཚན་སྨད་བཤད་པའི་རིགས་ལ་ད་དུང་ཡིན་ཡང་དོག་ཟོན་བྱེད་པར་ཐུགས་རྗེ་ཆེ་ཞུ། ལྷག་པར་ཏུ་བཙན་བྱོལ་ནང་གི་བུད་མེད་སྨྱུག་ཐོག་པ་དག་གི་རྩོམ་གང་མང་དྲ་རྒྱའི་ནང་དུ་སླེབས་ཐུབ་ན་དགེ་མཚན་ཆེན་པོ་འདུག་བསམ་སོང་། ཐུགས་རྗེ་ཆེ
ཁ་བརྡ་ཚང་གིས་མཆན་གྱི་སྒོ་བསྐྱར་འབྱེད་ལ་དགའ་བོ་བྱུང་། དེ་མིན་ན་མཆན་འདེབས་སྙིང་མི་བྲོ་བའི་དྲ་རྒྱ་ཞིག་ཏུ་ཆགས་ཐལ།
ཁ་བརྡ་ཚང་གིས་སྐྱར་དུ་མཆན་སྒོ་ཕྱེས་པར་དགའ་ཡོད། བར་སྐབས་འཇིགས་བསྐུལ་རིང་ལུགས་པའི་བཀོད་འདོམ་འོག་གནས་ཡོད་ཙང་མཆན་དུས་ཐོག་ཏུ་མ་བསྟོན་པ་སོགས་ཀྱི་རྐྱེན་བྱས་ཏེས་མཆན་འདེབས་པར་ཡང་གཏམ་བདེན་པར་སྨྲ་བའི་སྤོབས་པ་མེད་པ་ལྟ་བུས་ཉོབ་སྣང་འདྲ་བྱུང་སོང་། ད་ཆ་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་གྱི་མི་ངན་ཐེར་འདོན་བྱེད་ཐུབ་པ་རེད་ལ་ཁ་བརྡ་ཚང་ཡང་སྔར་བཞིན་གནས་པར་དགའ་བསུ་ཡོད།
ཡ་ཡ་ཡ་ཁ་བརྡ་ཚང་གི་ཁ་ལོས་ཉན།
ད་དུང་ཡང་འཇིག་བསྐུལ་རིང་ལུགས་པ་འཇམ་གཅེས་སླེབས་འདུག་ལ། ཁོས་ཁ་བརྡའི་བཅའ་ཁྲིམས་ལ་ཡང་བརྩི་བསྲུང་དང་ལེན་མི་ཞུ་རྒྱུའི་དམ་བཅའ་བརྟན་པོར་བཟུངས་འདུག། ཁོ་པས་ནམ་རྒྱུན་ཁ་རྩེར་༧གོང་ས་མཆོག་དང་དབུས་སྒྲིག་འཛུགས་ཞེས་བརྗོད་ཀྱང་དོན་ངོ་མར་རང་ཉིད་ཀྱི་ལྟ་གྲུབ་ལམ་དབུ་མ་དང་མི་མཐུན་པའི་གཞོན་ནུ་དང་རང་བཙན་ལྟ་གྲུབ་པ་ཐམས་ཅད་རྩ་མེད་བཟོ་རྒྱུའི་དམིགས་འབེན་བཟུངས་ཡོད་པ་རེད། རྒྱུ་མཚན་ཁ་སྔོན་བཀྲ་ཤིས་མིང་ཅན་གྱིས་༧གོང་ས་མཆོག་ལ་བློ་ཡུལ་ལས་འདས་པའི་མཚན་སྨོད་ཞུས་སོང་ཡང་ཁོ་པས་དགག་བཞག་གི་རིག་པ་སྣ་གཅིག་ཀྱང་བཏོན་རྒྱུ་མི་འདུག་ལ་རྫིག་གཏམ་དང་ངན་སྨྲས་སྨོད་ངན་སོགས་ཅི་ཡང་བོར་རྒྱུ་མི་འདུག། ལམ་དབུ་མའི་ལྟ་གྲུབ་དང་འགལ་བའི་ལྟ་གྲུབ་གཞན་ཞིག་གླེང་ན་ལམ་སེང་ལག་ན་ཚོན་ཆ་སོགས་མེད་པ་མ་གཏོག་གསོད་རྐྱང་རེད། མི་འདི་འདྲ་བར་དབང་ཆ་གཏོག་ཙམ་རགས་ན་བཀས་བཀོད་རྒྱུན་འཛིན་ལམ་ལུགས་དང་ཞིང་བྲན་ལམ་ལུགས་སླར་གསོ་བྱེད་རྒྱུར་ཐེ་ཚོམས་མི་འདུག། སྟབས་ཉེས་པར་རང་ཉིད་ལ་ས་སྦར་མོ་གང་ཙམ་ཡང་དབང་རྒྱུ་མེད་པ་དེ་རེད། བྱས་ཙང་ངས་ཚོད་དཔག་ནོར་མེད་ན་འཚོ་གོས་དབུ་མའི་ལས་འགུལ་ཁང་ལ་བརྟེན་བསྡད་པའི་ཤར་ཁུག་གི་ཨབ་ཕྲུག་ཡིན་པ་འདྲ། ཡང་གཅིག་མིན་ན་འཚོ་བརྟེན་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་བརྟེན་བསྡད་པ་མིན་ན་རང་བཙན་ལྟ་གྲུབ་པར་རྒྱ་མི་གུང་ཁྲན་ལས་སྡང་བ་བྱེད་དགོས་དོན་ཅི་རེད།
ཁ་བརྡ་དྲ་བས་ཡང་བསྐྱར་དག་མཆན་ལ་བསྒུག་མ་དགོས་པར་མཆན་ཐོག་མར་དག་མཆན་ཐོབ་པའི་རྗེས་ནས་གཞུག་མ་རྣམས་དུས་ལྟར་བཏོན་ཐུབ་པའི་སྒོ་དབྱེ་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡང་སྐབས་ལན་རེར་དོན་མེད་བསྙོན་འཛུགས་དང་གཞི་མེད་སྐྱོན་བརྗོད་རིགས་འབྱུང་བའི་ཁ་ཐུག་ལ་ཁྲིམས་ཀྱིས་བསྡམ་ཙམ་གནང་ན་གཞུག་ཕྱོགས་ཁ་བརྡའི་དྲ་བའི་ཚེ་སྲོག་གི་བར་ཆད་དུ་མི་འགྲོ་བའི་དགེ་མཚན་ཅི་བས་ཀྱང་ཆེ་སྙམ་ནས་རེ་ཞུ་ཕུལ་བ་ཡིན།་་་
ལེགས་སོ།།
གསེར་འབྲུག་སྡེ་ལྔ་་ཁྱོད་འབྲུག་འུ་སྒྲ་ཆེ་བ་སྟོང་སྒྲ་ཟེར་བ་ལྟར་ལས་གཞན་གང་ཡང་མི་འདུག །ཁྱོད་ཀྱིས་ང་ལ་འཇིགས་སྐུལ་རིང་ལུགས་པར་ནང་བཞིན་ནུས་ཤུག་ལྡན་པའི་སྐྱེ་བོ་ཞིག་ལ་ངོས་འཛིན་ན་དེ་ནི་ངའི་གཟི་བརྗིད་ལོས་ཡིན། ཡིན་ན་ཡང་ང་ནི་དེ་ལས་ལྡོག་སྟེ་མི་བུ་ཆེས་ཉམ་ཆུང་ཞིག་ཡིན་པ་ལས་འཛམ་གླིང་ལ་གྲགས་པའི་ཕོ་རྒོད་དེ་འདྲ་གང་ཡང་མིན། ཁ་བརྡའི་བཅའ་ཁྲིམས་ལ་ཡང་བརྩི་བསྲུང་དང་ལེན་མི་ཞུ་རྒྱུའི་དམ་བཅའ་བརྟན་པོར་བཟུངས་འདུག་ཟེར། དེ་ཁྱོད་བདེན་པ་རེད་ལ་ངས་ཀྱང་བདེན་པ་བཤད་པ་ཡིན། ཁྱོད་དང་ཁྱོད་ཀྱིས་མཐུན་ཕྱོགས་ཆེས་ཉུང་ཤས་ནས་བོད་རང་བཙན་ཁ་ལ་འཁྱེར་ཏེ་བྱས་ཉེས་ཚབ་ཆེན་གང་འདྲ་བསགས་མ་སོང་། ༧གོང་ས་ཡིད་བཞིན་ནོར་བུའི་ཐུགས་ཕམས་བཀའ་སློབ་སྔར་རྗེས་ཕེབས་དོན་ཡང་འབྱུང་རྩ་ངོ་མ་གང་དུ་ཐུགས་ཡོད་མེད་ཤེས་དགོས། ད་དུང་བོད་ནང་གི་དཔའ་བོ་དཔའ་མོ་ཚོས་རང་ལུས་མེར་བསྲེགས་བཏང་བ་མ་ཚད་ཞལ་ཆེན་ཡིག་གེ་ཡང་མི་ཉུང་བ་ཞིག་ཡོད་བཞིན་དུ་ཁྱོད་ཚོས་འཁྱོག་བཤད་དང་རྫུན་གཏམ་དྲི་ངན་འཐུལ་བ་མང་པོ་བཤད་སོང་། ལྷར་ཡང་ཁ་བརྡའི་དྲྭ་བདག་ལ་གསལ་བཤད་ཞུ་རྒྱུར། ངས་ཁྱོད་ཚོས་བཅའ་ཁྲིམས་ནང་འཁོད་ཚད་བརྩི་བསྲུང་ཞུ་མི་ཐུབ་པའི་རྒྱུ་མཚན་གང་དུ་ཞུས་བཞིན་ཁྱེད་ཚོས་ངེས་པར་དུ་ཤེས་དགོས། གསེར་འབྲུག་གཙོས་པའི་མི་ངན་ཁ་ཤས་ཀྱིས་བཤད་ཚད་ངས་བཟོད་སྒོམ་མི་ཐུབ་ངོ་མ་ཡིན། དེ་མིན་ང་ལ་རང་བཙན་མི་དགའ་མཁན་དང་། འཇིགས་སྐུལ་རིང་ལུགས་པ་དང་། འཚོ་གོས་དབུ་མའི་ལས་འགུལ་ཁང་ལ་བརྟེན་བསྡད་པའི་ཤར་ཁུག་གི་ཨབ་ཕྲུག་ཡིན་པ་འདྲ། ཡང་གཅིག་མིན་ན་འཚོ་བརྟེན་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་བརྟེན་བསྡད་པ་མིན་ན་རང་བཙན་ལྟ་གྲུབ་པར་རྒྱ་མི་གུང་ཁྲན་ལས་སྡང་བ་བྱེད་དགོས་དོན་སོགས་ཉོག་གཏམ་མང་པོ་ཞིག་བཤད་འདུག་རུང་ཆབས་ཁང་མངོག་ན་སྐྱག་དྲི་ཁ་བ་ལས་དགེ་མཚན་མི་ལྡན་པས་རེ་ཞིག་སྟོང་སྙམས་སུ་བཞག་ན་དངོས་སྡིག་ཆུང་བ་སེམས་སོ། མདོར་བསྡུས་ནས་བཤད་ན་དོལ་རྒྱ་ཚོགས་དང་དངོས་ཤུག་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་མི་ཞིག་ཡིན་ན་ངས་དེ་ལ་བཟང་ལན་ངན་ལན་གང་ཤོད་རྒྱུ་མིན། གང་ལགས་ཞེ་ན་ཁོང་ཚོ་དང་ལྷན་དུ་ཁ་བརྡ་ཙམ་ཡང་མི་བཟོ་བས་དམ་བཅས་ཟིན་པ་ཡིན།
འོ་རེད་་་་་་་་་་་་་་་འཇམ་གཅེས་ཞེས་པ་འདི་ནི་ངའི་དངོས་མིང་ཡིན་པ་ལས་སྨྱུག་མིང་མིན་པར་མཁྱེན་དགོས། ད་དུང་བཀྲ་ཤིས་མིང་ཅན་ནས་༧གོང་ས་མཆོག་ལ་ངས་སྨས་བཟོས་བཞག་་་ཁྱོད་ཀྱིས་གང་ཡང་བཤད་མ་སོང་ཟེར། ང་ཉིན་ཤས་སྔོན་ནས་དྲྭ་ནང་དུ་ལྟ་ཁོམས་མ་བྱུང་ལ་ས་གནས་གཅིག་བརྒྱུད་ཏེ་འགྲོ་དགོས་པའི་དབང་གིས་དྲྭ་ལམ་གྱི་བཀའ་ངལ་མི་ཉུང་བ་ཞིག་འཕྲད་སོང་།
ཧ་ཧ། ངས་བྱས་ཉེས་ག་རེ་བསགས་སོང་། ངས་རང་བཙན་ཡིན་ལབ་ན་༧གོང་ས་མཆོག་ཐུགས་འཕམ་མཛད་དོན་གང་ཡང་མེད། དེ་ནི་ངའི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་ཡིན་པས་སོ། ཁོང་ཐུགས་འཕམ་མཛད་དགོས་ངོ་མ་དེ་ཁྱོད་དང་ཁྱོད་འདྲ་བ་ཚོས་ཁོང་གི་གསུང་ཁ་རྩེར་འཁྱེར་ནས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་འཇིགས་བསྐུལ་གྱི་བསྒྲག་གཏམ་སྤེལ་ནས་ཚང་མ་གནས་བཟོད་མི་བདེ་བ་བཟོས་པ་དེས་ཁོང་ཐུགས་འཕམ་ཚོད་ཡིན། མ་གཞི་ནས་ཁོང་སྐུ་ངོ་མས་གསུང་གསལ་ལ་༧རྒྱལ་བ་རིན་པོ་ཆེས་བོད་གཞུང་བསྡུ་གསོག་རྒྱབ་སོང་ཟེར་བ་དེས་ཁོང་ཐུགས་འཕམ་ཚུལ་གསུང་བ་མ་གཏོག་དམངས་གཙོའི་སྤྱི་ཚོགས་ནང་ལམ་དབུ་མའི་ལྟ་གྲུབ་འགལ་བའི་ལྟ་གྲུབ་གཞན་ལ་ཁོང་ཐུགས་འཕམ་ཚུལ་ནམ་ཡང་གསུང་གི་མི་འདུག། བྱས་ཙང་ངས་བོད་གཞུང་བསྡུ་གསོག་རྒྱབ་སོང་ཞེས་སྐད་ཅོར་རྒྱབ་མེད། ད་དུང་ཞར་བ་དང་ལོང་བ་མིན་ན་གཞིས་ལུས་དཔའ་བོ་དང་དཔའ་མོ་ཚོས་མེ་ལྕེའི་ནང་གི་འབོད་སྒྲ་ཁྱབ་ཆེ་ཤོས་དེ་བོད་རང་བཙན་ཡིན། བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་དང་བོད་མི་རིགས་ཀྱི་དོན་གྱི་བདག་པོ་ཡིན་ཙང་བོད་ལ་གདན་དྲངས་དགོས་ཞེས་པ་ལས་ལོགས་སུ་གྱུར་པའི་ཏང་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་འདུག་འདོད་ཡོད། རང་སྐྱོང་དགོས་ཟེར་བ་ནམ་ཡང་གོ་མ་སོང་། དེས་ན་དཔའ་བོ་དང་དཔའ་མོ་ཚོའི་མེ་ལྕེའི་ནང་གི་འབོད་སྒྲ་ལ་འགྲེལ་ལོག་དང་འཁྱོག་བཤད་རྫུབ་བཟོ་བྱེད་མཁན་དེ་ང་རེད་ཁྱོད་རེད། མ་གཞི་ནས་གཞིས་ལུས་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་སྐུ་ལུས་བོད་དང་བོད་མི་རིགས་ལྷག་པར་དུ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཆེད་མེ་མཆོད་ཕུལ་བ་དེར་ཏང་གི་འཇིག་བསྐུལ་བའི་ཞྭ་ནག་གཡོག། མེ་འབར་གྱིན་འབར་གྱིན་རྡུང་བརྡེག་ཚད་མེད་བཏང་དང་གཏོང་བཞིན་པར་ཁོང་ཐུགས་འཕམ་ཚོད་ཡིན།
ད་དུང་བཀྲ་ཤིས་མིང་ཅན་གྱིས་༧གོང་ས་མཆོག་ལ་ཚད་འགལ་གྱི་མཚན་སྨོད་ཞུ་དུས་ཁྱོད་ཕྱོགས་བསྐྱོད་སྐབས་དང་འཁེལ་རབས་བཤད་འདུག་ཀྱང་། སྐབས་དེ་དུས་ཁྱོད་དྲ་ནང་དུ་ཡོད་ཡོད་པ་རེད་ལ་ཁྱོད་མིག་ཡ་གཅིག་བཙུམས་ནས་ང་དང་མངའ་རིས་འཕྲིན་ལས་སོགས་ཀྱིས་རང་དབང་ལྷ་མོ་གླེང་བཞིན་པར་སྡིག་སྨོད་བྱེད་པའི་སྒང་རེད། བྱས་ཙང་ཁྱོད་ཀྱི་དགག་བཞག་གི་རིག་པ་སྐྱག་རྐུབ་ནང་ལ་གཏད་བསྡད་ཙང་བྱས་པ་རེད།
ད་དུང་ལྷ་འདྲེ་གདོན་བགེགས་དང་རྒྱ་མྱུལ་ཡིན་རབས་བཤད་ཀྱང་ངས་གསལ་གསལ་ཐིང་ལབ་རྒྱུར། ངས་ནམ་ཡང་ལྷ་འདྲེ་གདོན་བགེགས་ཡོད་པ་ཡིད་ཆེས་ནམ་ཡང་བྱེད་ཀྱི་མེད་ལ། མ་ཟད་ངས་མགོན་པོ་ཀླུ་གྲུབ་ཡབ་སྲས་ཀྱི་རྟེན་འབྲེལ་ལྟ་གྲུབ་དང་དངོས་དངོས་ཐོག་བདེན་འཚོལ་ལ་ཡིད་ཆེས་པ་མ་གཏོག་ལྷ་སྒྲུང་ལ་ནམ་ཡང་ཡིད་ཆེས་བྱེད་མཁན་ཞིག་རྩ་བ་ནས་མིན། རྒྱ་མྱུལ་ཡིན་མིན་ངས་བཏབ་པའི་མཆན་ལ་བལྟོས་དང་ཚེ་བརྟན་སྒྲོལ་མའི་གཞས་ཚིག་ནང་ལྟར་རྒྱ་རིགས་བོད་རིགས་ཕ་མ་གཅིག་གི་སྤུན་ཡིན་ཟེར་བ་གང་དུ་ཡང་མ་སྨྲས་སོ། ངས་ག་དུས་ཡིན་ཡང་རྒྱ་བོད་གཉིས་ཆབ་དཔལ་རིག་གསུམ་དང་འགྲོ་འདུག་སྤྱོད་གསུམ་གང་གི་ཆ་ནས་ཐམས་ཅད་ལོགས་སུ་གྱུར་པ་ཡིན་པ་ཞིག་བཤད་ཀྱིན་ཡོད། དེས་ང་རྒྱ་མྱུལ་གང་འདྲ་སེ་ཆགས་པ་རེད། བྱས་ཙང་ཟེར་རྒྱུས་ཕོངས་ན་བུད་མེད་ཕན་ཚུན་འཐབ་པ་ནང་བཞིན་ཁ་ནས་ཅི་ཐོན་འདི་ཐོན་མེད་པ་རེད། ཧ་ཧ་ཧ་ཧ།
ང་ཡང་ཁ་བརྡར་སླར་སླེབས་ཡོད། ཁ་བརྡའི་མཆན་སྒོ་ཕྱེ་བ་དང་རང་ཉིད་སླར་ཡོང་བ་སྟབས་བསྟུན་བྱུང་བས་རྟེན་འབྲེལ་ཡག་བྱུང་། ཁ་བརྡའི་འཛིན་སྐྱོང་པ་དང་སྐུ་མགྲོན་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
མཆན་ཞབས་༨པ་སྤྲུལ་སྐུ་དབང་ཆེན་མིང་ཅན་ལ་ཞུ་རྒྱུ།
ལར་བསམ་བློ་ལ་གཏོང་འཛིན་བྱེད་པ་ནི་སྒེར་གཅོད་པས་ལྟ་བ་ཞིག་ལས་རང་དབང་ཡོད་ཟེར་བཞིན་པ་ཞིག་ལ་དེ་ཙམ་མཛའ་ཚོད་མི་སྣང་། ཞེས་བ་འདི་ཉིད་ཀྱིས་ལབ་པ་རེད། རང་དབང་ཟེར་བ་དེ་ཅི་ཞིག་རེད་རང་དབང་ལ་རྩ་ཁྲིམས་དང་སྒྲིག་ཁྲིམས་ཡོད་དམ། གལ་ཏེ་ཡོད་ན་མཁྱེན་པར་མཛོད།
ང་རང་ལ་ཥཚོན་ན་ད་བར་དུ་བཀུར་འོས་བའི་རང་གཞུང་ཕར་ཞོག་མི་
ཁ་བརྡ་ཚང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད། ང་རང་ལ་མཚོན་ན་ད་བར་དུ་བཀུར་འོས་བའི་རང་གཞུང་ཕར་ཞོག་མི་སྒེར་ཅིག་ལའང་མ་རུང་བའི་ཚིག་གཅིག་ཀྱང་བཤད་པ་དྲན་གྱིན་མི་འདུག གསལ་བཤད་ཅིག་ཞུ་རྒྱུར་(རུ་ཤུལ་)ནི་ངའི་རུས་མིང་དང་ཁྱིམ་མིང་གཉིས་ཀ་ཡིན་པས་ངའི་དྲ་ཚིགས་གཞན་དུའང་མིང་འདི་ཡིན་པ་ལས་དོན་གཞན་དང་དམིགས་ཡུལ་གཞན་ཅི་ཡང་མེད། གང་ལྟར་ཁ་བརྡ་ཚང་གིས་མཆན་སྒོ་ཕྱེས་པ་ལ་བཀའ་དྲིན་ཞུ།
ཁ་བརྡ་ཚང་ཁ་བྲོ། ང་ཨ་རོགས་ཁམས་པ་ཡང་ཁ་བརྡའི་མཆན་བུ་བ་རྣམས་ཀྱི་གྲལ་མཐར་ཨུ་ཚུགས་ཀྱིས་འཚངས་འདུན་འདུག
ཡ་ཡ་་་མི་ངན་གསེར་འབྲུག་ཁྱོད་ཀྱིས་ཉོག་གཏམ་དེ་དག་ནང་གི་ནང་དུ་བོད་སྤྱི་ལ་ཕན་ཐོག་ཡོད་ཡོད་པའི་གཏམ་ཟུར་གཅིག་ཀྱང་མེད་ཁར། ༧གོང་ས་མཆོག་གི་དགོངས་གཞིར་དང་འགལ་བ་ཁོ་ན་སྨས་མི་འདུག་གམ། ངོ་མ་མི་ངན་ཁྱོད་འདྲ་བོ་དེ་ཚོ་གནས་བབ་གང་གི་ཐོག་ཏུ་བཞག་མིན་བཤད་ཚོད་ཐོག་ཁག་པོ་རེད། ད་དུང་ཁྱོད་ཀྱིས་འདི་ལྟར་་ཟེར། ངས་ནམ་ཡང་ལྷ་འདྲེ་གདོན་བགེགས་ཡོད་པ་ཡིད་ཆེས་ནམ་ཡང་བྱེད་ཀྱི་མེད་ལ། མ་ཟད་ངས་མགོན་པོ་ཀླུ་གྲུབ་ཡབ་སྲས་ཀྱི་རྟེན་འབྲེལ་ལྟ་གྲུབ་དང་དངོས་དངོས་ཐོག་བདེན་འཚོལ་ལ་ཡིད་ཆེས་པ་མ་གཏོག་ལྷ་སྒྲུང་ལ་ནམ་ཡང་ཡིད་ཆེས་བྱེད་མཁན་ཞིག་རྩ་བ་ནས་མིན་ཟེར། འདི་དོན་དངོས་ཁྱོད་ཀྱིས་སུ་ལ་ཟེར་གྱི་ཡོད་དམ། ༧གོང་ས་མཆོག་ནས་དོལ་རྒྱལ་དགག་པ་དེ་ཡང་ནོར་བ་ཡིན་ནམ། རང་སྣང་རི་རབས་ལས་ཀྱང་མཐོ་བས་མི་ངན་ཁྱོད་ངོ་མ་ཤ་ཚ་སྙིང་རྗེ་་་༧གོང་ས་ཡིད་བཞིན་ནོར་བུའི་མ་མཁྱེན་པ་དང་མ་གཟིགས་པ་ཞིག་ཁྱོད་ཀྱིས་གང་ཡང་མི་ཤེས་སྐྱག་ཁ་ཚུམས་ཤིག །ད་དུང་རང་ལུས་མེ་བསྲེགས་བཏང་མཁན་དག་གི་བོད་རང་ཙན་ཤུག་ཆེར་བོས་པ་རེད་ཟེར། འོ་ན་དཔའ་བོ་དཔའ་བཅུ་ཕྲག་ལྔ་ལྷག་ནང་ནས་སུའི་བོད་རང་བཙན་ཡིན་ཟེར་བོས་པ་རེད་དམ། མི་ག་ཚོད་ཀྱི་བོས་པ་རེད་་་་རེ་རེ་ནས་མཚན་སྨོས་དང་། གསར་འགྱུར་བརྒྱུད་ལམ་གང་དུ་ཐོན་སོང་། ཧ་ཅང་ཉེན་ཁ་ཆེའི་སྐྱག་རྫུན་འདིའི་རིགས་དྲྭ་བདག་ནས་ཞིབ་འཇུག་དགོས་པ་མི་འདུག་གམ།
དགའ་བསུ་ཞུ།
མི་བཟང་འཇམ་གཅེས་ལགས། ༧གོང་ས་མཆོག་ཁྱོད་ཀྱིས་འཕྱིས་རས་བྱ་ཡུལ་རྩ་བ་ཉིད་ནས་མ་རེད་ལ་ངས་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ངའི་མཆན་གྱི་ཁ་ལོ་ག་པར་བསྒྱུར་རྩིས་ཡོད། རེ་ངན་ག་རེ་བཅངས་ཡོད། གསལ་པོ་མ་བཟོས་ན་ནམ་ཡང་འགྲིག་གི་མེད། ཁྱོད་ཀྱིས་ང་དོལ་ཚོགས་ཡིན་ཚུལ་ཅིའི་ཕྱིར་བཤད་པ་རེད། ངས་ལྷ་འདྲེ་གདོན་བགེགས་ལ་ཡིད་ཆེས་མེད་པ་མ་ཟད་ལྷ་ཆོས་རིང་ལུགས་ཀྱི་སྒྲུང་གཏམ་ལ་ཡང་ཡིད་ཆེས་མེད་པ་དངོས་ཡོད་ཡིན། བྱས་ཙང་ང་ལྷ་འདྲེ་གདོན་ཚོགས་ཡིན་པ་དཔང་རྟགས་ག་རེ་ཡོད། ད་དུང་མེ་ལྕེའི་ནང་གི་འབོད་སྒྲ་རང་བཙན་ཤུགས་ཆེར་བོད་པ་རེད་ཟེར་ངས་གང་དུ་སྨྲས་འདུག། ངའི་མཆན་ཚང་མར་སྡུག་མིག་བགྲད་ནས་བལྟོས་ཨ། གསར་འགྱུར་བརྒྱུད་ལམ་ནང་གི་མེ་ལྕེ་ལྷམ་ལྷམ་དུ་འབར་བཞིན་པའི་ནང་གི་བོད་རང་བཙན་ཡིན། བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་དྲངས་དགོས་ཞེས་པ་ནི་དྲ་རྒྱ་ཁག་ནང་གཟུགས་མཐོང་སྙན་འཕྲིན་ནང་གསལ་གསལ་ཐིང་ཐིང་འདུག་ན། ཁྱོད་མིག་ཡ་གཅིག་མ་བཙུམས་པར་མིག་གཉིས་ཀ་བགྲད་ནས་བལྟོས་ཨ། དེ་ནི་གཟུ་གནས་བློ་ལྡན་རྣམས་ཀྱིས་གསལ་གསལ་ཐིང་ཐིང་མཁྱེན་ཚོད་ལ་ཁྱོད་ཏང་གི་སྐྱག་དོང་ནང་གི་ཏང་ཕྲུག་གཅིག་གིས་གཡོ་ཁྲམ་ག་ཚོད་བཤད་ཀྱང་ལམ་དུ་རྒྱུགས་རྒྱུ་མ་རེད།
གསེར་འབྲུག་ལོག་སྤྱོད་པ་ཁྱོད་མིག་ཞ་ར་མིན་ན་གང་གི་མཆན་༣༢པ་དེ་ཁྱོད་ཀྱིས་མ་བྲིས་སམ། མིག་བགྲད་ཡ་ཡོད་ན་བགྲད་ནས་ལྟོས་ཤིག
ཤེས་སོང་། ཐུགས་རྗེ་ཆེ། བདག་གི་རེ་བ་ལ། འདི་ན་ང་ཚོས་མཁས་རྟགས་སྟོན་མི་ཤེས་ནའང་། བླུན་རྟགས་མི་སྟོན་རོགས་ཞེས་ཀྱང་ཞུའོ། དེ་ནི་མི་རིགས་ཀྱི་གཞན་གྱི་མདུན་ནས་ང་ཚོས་སོ་སོ་གཉའ་ཆག་དགོས་པ་དང་། ངོ་ཚ་དགོས་པ་བཟོས་པ་ལས་གཞན་ཅི་ཡང་མེད།
གྲོགས་པོ་ཤེས་རབ་ལགས། ཁྱེད་ཀྱིས་སུ་ལ་ཟེར་གྱི་ཡོད་དམ་་་ག་རེ་ལབ་ཀྱི་ཡོད་་་་་ཁ་གསལ་པོ་གསུང་ན་ཡག་པོ་འདུག་མ་གཏོགས་དོན་མེད་གོ་བ་ནོར་ན་ཡག་པོ་མི་འདུག །
སྐུ་ཞབས་ཁ་བརྡ་ལགས། ཁྱེད་ཚོའི་ད་རེབ་ཀྱི་གསལ་བསྒྲགས་འདི་རྒྱུད་ནས་དྲ་ཚིག་ལ་དོ་སྣང་ཡོད་མཁན་ག་ཚོད་ཡོད་པ་ཤེས་གསལ་ལགས།
རེ་ཡ། གསེར་འབྲུག་ལོག་སྤྱོད་པར་ཏང་གིས་སྐྱག་དོང་ནང་གི་ཏང་ཕྲུག་སྐྱག་ཟན་དམར་བསྲུང་དམག་དཔོན་འཇམ་གཅེས་ཀྱིས་འཐབ་འཛིང་གཏོང་སྟངས་ལ་ལྟོས་དང་། ཧ་ཧ། རྒྱ་དམར་གུང་ཁྲན་བོད་ནས་མར་རྒྱུགས། བོད་རང་བཙན་གཙང་མ་ཡིན། ཏང་ཕྲུག་སྐྱག་ཟན་ཕར་རྒྱུགས་མར་རྒྱུགས། མེས་རྒྱལ་གྱི་པང་དུ་ལོག་རྒྱུགས། བཙན་བྱོལ་ན་འདུག་དོན་མེད། ཡུལ་གྱར་བྱེད་དོན་མེད། ཀྭི་ཀྭི་སཱོ་སཱོ་ལྷ་རྒྱལ་ལོ། རྗེ་ཡི་འགོ་ལྷ་བཅུ་གསུམ་དང་། འབངས་ཀྱི་སྲོག་ལྷ་བཅུ་གཉིས་ཀྱིས་གདོང་གྲོགས་མཛོད་ཅིག། བོད་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ།
དྲ་སྒོ་ཕྱེ་བ་ནི་དགའ་འོས་བའི་དོན་བཟང་ཞིག་རེད། བོད་ཀྱི་སྤྱི་ཚོགས་ནང་སྨྲ་བརྗོད་རང་དབང་ལ་གུས་བཀུར་བྱེད་མཁན་གྱི་ཁ་བརྡ་ལྟ་བུ་ཡོད་པ་བོད་ཀྱི་བསོད་ནམས་རེད། ཐུགས་རྗེ་ཆེ།
ཐུགས་རྗེ་ཆེ།
ཁ་བརྡ་དྲ་རྒྱ་འདིའི་ནང་དུ་༧གོང་ས་མཆོག་དང་བོད་གཞུང་ལ་ཟུར་ཟ་དང་དམའ་འབེབས་མཚན་སྨད་ཞུ་མཁན་མང་རབ་འདུག་པ་དེ་དག་ལ་བདག་གིས་རིགས་ལམ་འགྲོ་ས་ནས་རིགས་ལམ་དང་། རིགས་ལམ་དང་རྒྱུ་མཚན་མི་འགྲོ་ས་ལ་བདག་གིས་ཚིག་ངན་གྱི་ལམ་ནས་ཚར་བཅད་པ་ལས། དེ་མིན་སྤྱི་ཚོགས་ནང་དཀྲུག་གཞིར་འགྲོ་བའི་ཚིག་རྐང་གཅིག་ཀྱང་བྲིས་མྱོང་མེད་མོད། བདག་གི་མཆན་ལམ་བཀག་འདུག མ་གཞི་ནས་ང་ལས་མེད་འཁྱམ་པོ་ཚོ་ནང་བཞིན་ཁ་བརྡའི་ཐོག་ལ་མཆན་མ་བཏབ་ན་རང་མགོ་མི་འཕེར་བ་དེ་འདྲ་གཏན་ནས་མིན་པས། སྐུ་མཁྱེན་ཐུགས་མཁྱེན་ཟེར་དགོས་དོན་མི་འདུག
ཁ་བརྡ་ཚང་གིས་མཆན་སྒོ་གློད་མ་ཐག་ཡང་འཐབ་འཁྲུགས་ཤིག་གི་འགོ་རྩམ་སོང་། རང་བཟང་རབས་དང་རོགས་ངན་རབས་སོགས་ཅི་བཤད་ལ་ཚད་མེད་ཚོད་རེད།
སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། ཟེར་བ་འདི་ལ་གསལ་ཁ་དགོས་པ་འདྲ། འཐབ་འཛིང་ཟེར་ན་ལག་འཛིང་ཐུག་པ་འདྲ་པོ་ཞིག་གོ་ཡོང་གི་འདུག སྐྱེ་བོ་སྒེར་ལ་དམོད་ཚིག་ཟེར་ན་ག་རེ་རེད། རྒྱ་ནག་ནང་ཧུ་ཇན་ཐོ་ལ་དམོད་མི་ཆོག་དང་འདྲ་པོ་ཡིན་ནམ། ༧སྐྱབས་མགོན་རིན་པོ་ཆེས་དཔོན་རིགས་ཚོས་དྲང་བདེན་མ་ཡིན་པ་དང་མ་རུང་བ་བྱས་ན་ཐེར་འདོན་དགོས་པ་དེ་གསར་འགོད་པའི་ལས་འགན་རེད་ཅེས་ཡང་ཡང་གསུངས་ཡོད། དེ་གཉིས་བར་ལ་དབྱེ་གསེས་ཞིག་མེད་ན་མགོ་ཐོབ་ཡོང་གི་འདུག དཔེར་ན་ངས་གོང་དུ་བོད་མིའི་སྤྱི་འཐུས་དབང་ཆེན་ལགས་གྲོས་ཚོགས་སར་མ་ཡོང་བར་མེ་ལྕེ་ཁུར་ནས་ཡོ་རོབ་ན་བཞུགས་འདུག་ཅེས་བཤད་པ་ཡིན། དེ་སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ་ཆགས་ཀྱི་ཡོད་དམ།
ཁ་བརྡ་དྲྭ་བའི་གླེང་སྟེགས་འཕེལ་གྱུར་ཅིག
ཧ་ཧ་དེང་སང་གི་དྲ་འབུ་ཁ་ཤས་ལ་ཟེར་གྱི་ཡོད། མ་ཤེས་ན་ཡང་ཤེས་མདོག་མ་བཟོ་ཤིག །སྲིད་བཤད་ན་ཆོས་ཤེས་མདོག །ཆོས་བཤད་ན་སྲིད་ཤེས་མདོག་བཟོ་བ་འདི་ནི་དེང་སང་དྲ་འབུ་དག་གི་གཤིས་སུ་གྲུབ་འདུག་ལབ་ན་མི་ཆོག་པ་མེད་པར་མངོན། སེམས་གཙོ་དང་དངོས་གཙོའི་སྐད་ཆ་འབྲེལ་མེད་དོན་གཞན་ཞིག་ངའི་དུས་ནང་ཡང་བཤད་མི་འདོད། རང་དང་ལྟ་གྲུབ་མི་མཐུན་པའི་མི་བུ་དག་གི་སྤྱོད་ཚུལ་ལ་་སྡུག་སྐད་རྒྱུན་མི་ཆད་པ་ངའི་དུས་ནམ་ཡང་འདོན་མི་འདོད། རང་གི་ནག་ཉེས་ཐེར་འདོན་བཟོ་མཁན་དག་ལ་དགྲ་བོའི་འདུས་ཤེས་ངའི་དུས་ནང་ཡང་འཛིན་མི་འདོད། རང་ལ་བྱས་པ་རྡུལ་ཙམ་མེད་པར་མི་ལ་སློབ་སྟོན་ངའི་དུས་ནམ་ཡང་བཟོ་་མི་འདོད། རང་ལ་ཤེས་ཡོན་རང་མགོ་ཐོན་ངེས་ཞིག་མེད་བཞིན་དུ་གཞན་གྱི་སྔོན་ནས་མཁས་དབང་ཡིན་མདོག་མདོག་གིས་བཅོས་མའི་རྣམ་འགྱུར་ངའི་དུས་ནམ་ཡང་སྟོན་མི་འདོད། རང་ལ་འཇོན་ཐང་ཏིལ་འབྲུལ་ཙམ་མེད་བཞིན་དུ་གཞན་གྱི་སྔོན་དུ་ཆེ་མདོག་དང་འཇོན་ཐང་ཅན་ཞིག་ཡིན་མདོག་གྱི་སྤོབས་པ་ངའི་དུས་ནམ་ཡང་ཁུར་མི་འདོད། རང་ལ་ནུས་པ་ཁབ་རྩེ་ཙམ་ཞིག་མེད་བཞིན་དུ་མིང་རྗུན་འོག་ནས་ཁ་ཕོར་འབྲུག་སྒྲ་ལྟ་བུར་ངའི་དུས་ནམ་ཡང་བསྒྲོགས་མི་འདོད། རང་ལ་སྤྱིར་སེམས་ནས་འབྲུ་ཙམ་ཞིག་མེད་ན་ཡང་གཞན་གྱི་སྔོན་ནས་ལ་རྒྱའི་གླུ་དབྱངས་གཞན་གྱི་ཨ་མཆོག་ཚ་ཚ་བར་དུ་ངའི་དུས་ནམ་ཡང་འཐེན་མི་འདོད། རང་ལ་བློ་ཁོག་ཐལ་རྡུལ་ཙམ་ཞིག་མེད་ན་ཡང་དཔའ་བོ་ཡིན་རབས་ཀྱི་སྟོང་གཏམ་ལུང་པའི་ནང་དུ་མི་ཤོང་བ་རེ་ངའི་དུས་ནམ་ཡང་བཤད་མི་འདོད། འདི་དག་ནི་ངའི་རང་གཤིས་སོ། །