དྲ་གྲོགས་རྣམས་ཀྱིས་མཁྱེན་གསལ་ལྟར།
ཁ་བརྡའི་ནང་ལ་ཁྱད་གསོད་བྱེད་པ་དང་ཀླན་ཀ་འཚོལ་བ། ཁུངས་མེད་ཀྱི་གཏམ་ཡན་འགོད་པ་སོགས་ཁ་བརྡ་ཚང་གིས་བཀག་དང་འགོག་བཞིན་ཡོད། ཡིན་ན་ཡང་དྲ་གྲོགས་འགའ་རེས་དེ་ལྟ་བུའི་མཆན་བུ་འགོག་མཁན་ནི་རབ་གསལ་ལགས་ལྟ་བུ་གང་ཟག་སྒེར་པ་ཞིག་གིས་རང་བློར་འབབ་མིན་ལ་བལྟས་ནས་འགོག་གི་ཡོད་པར་སྙམ་གྱི་ཡོད་པ་འདྲ། དངོས་གནས་བྱས་ན་དེ་ལྟར་མིན། དེ་ལྟར་འགོག་རྒྱུ་ཡིན་པ་ཐག་གཅོད་བྱེད་མཁན་དང་ཐག་གཅོད་དེ་ལག་ལེན་བྱེད་མཁན་ཚང་མ་ཁ་བརྡ་ཚང་སྟེ། ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ཡིན། ཁ་བརྡ་དྲ་ཤོག་དོ་དམ་བྱེད་རྒྱུ་ནི་ལས་ཞོར་ཡིན་སྟབས།ཁ་བརྡ་ཚང་ལ་རྩོམ་འབྱོར་ན་ཡང་དྲ་ཤོག་སྟེང་མགྱོགས་པོར་འཇོག་མ་ཐུབ་པ་ཡང་སྐབས་རེར་ཡོང་གི་ཡོད་པ་ལ་དགོངས་དྭངས་ཞུ་གི་ཡོད། ཁྱད་གསོད་ཅན་དང་ཀླན་ཀ་ཅན། གཏམ་ཡན་ཅན་གྱི་མཆན་བུ་འགོག་འགོ་ཚུགས་ནས་བཟུང་ཁ་བརྡའི་གླེང་མོལ་གྱི་སྤུས་ཀ་ཇེ་མཐོར་འགྲོ་བཞིན་ཡོད་ཅིང་། གླེང་མོལ་གནང་མཁན་དང་ལྟ་ཀློག་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསལ་པོ་རེད།འདིས་ང་ཚོར་མཆན་དེ་ལྟ་བུ་རྣམས་མུ་མཐུད་ནས་འགོག་དགོས་པའི་བློ་སྤོབས་སྦྱིན་པར་བྱས་པས་མུ་མཐུད་ནས་མཆན་དེ་རིགས་ལ་དོ་དམ་གང་ཐུབ་ཐུབ་ཀྱིས་ནན་མོ་བྱེད་ཡིན་པ་ཐུགས་འཇགས་འཚལ།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་།
info(at)khabdha.org
ཁ་བརྡ་ཚང་གིས་གཏམ་ཡན་ཁུངས་མེད་རྣམས་བཀག་ན་བཟང་གི སྔོན་མ་ཡིན་ན་གཏམ་ཁུངས་མེད་མང་པོ་གང་བྱུང་དུ་བཏང་བས་བློ་ཕམས་ཡང་བྱུང་།
very nice suggestion.
looking forward to hear you.
བྱ་ཐབས་འདི་བཟང་གི རྗེས་སུ་ཡི་རངས་ཡོད།
གོང་བཀོད་གསལ་བསྒྲགས་དེ་མཐོང་ནས་དགའ་སོང་། མ་འོང་བར་མི་སྒེར་སོ་སོའི་ཕྲག་སྟེང་ན་འགན་ལེན་ལྕི་མོ་རེ་ཡོད་པའི་སྨྲ་བརྗོད་རང་དབང་ཡང་དག་ཅིག་ཁ་བརྡ་དྲ་ཚིགས་ནས་མངོན་ཐུབ་པའི་རེ་བ་ཡོད། མདོར་དེད་ན་འུ་ཚོ་བྲོས་བྱོལ་བ་དག་ལ་རང་དབང་རང་ཐལ་གྱི་སྨྲེ་ལྕེ་བཙན་པོ་རེ་ཡོད་པ་ལས་གཞིས་སྲུང་བོད་མི་ན་གཅིག་གི་སྲོག་བར་ལ་འབུད་ཐུབ་པའི་ནུས་བ་ཙམ་ཡང་མེད་པ་རང་ལ་ཅི་ཡོད་སེམས་ལ་གསལ་བ་བཞིན། དྲ་ངོས་སུ་གནས་ཚུལ་དང་རྩོམ་ཡིག་འགོད་མཁན་གྱི་གསར་འགོད་པ་དང་། ཟིན་བྲིས་པ་སོགས་ཀྱིས་ཀྱང་གཞིས་སྲུང་བོད་མི་དག་གི་གནས་ཚུལ་དང་བརྙན་པར་སོགས་འགོད་སྐབས། རང་ཉིད་ཀྱི་ཚོར་བའི་མཆེད་སྟངས་དང་འུར་སྒྲོག་ཧོབ་ཞོགས་ཀྱི་ཚུལ་གྱིས་མི་འགོད་པར་ཕྱོགས་མང་པོར་བསམ་བློ་ཡང་ཡང་བཏང་སྟེ་འགོད་རོགས་ཞུ།
ཁ་བརྡ་ཚང་ལགས། ཁྱེད་རྣམ་པའི་ལས་ཀའི་སྐོར་ལ་དགའ་བསུ་ཞུ་བཞིན་ཡོད། ཁ་བརྡའི་དམིགས་ཡུལ། ཁ་བརྡའི་རེ་བསྐུལ་སོགས་ཀྱང་ལེགས། ཡིན་ནའང་འདི་ནས་རྩིས་པའི་ལོ་གཅིག་ལྷག་ཙམ་གྱི་གོང་ཚུལ་ཁྲིམས་མཐར་ཕྱིན་དང་སྟག་སྨྱོན་ཕྱོགས་གཉིས་ཀྱིས་དུག་རླངས་འཐུལ་འཐུལ་ཅན་གྱི་ཁ་བརྡ་རབས་དང་རིམ་པ་བྱས་སོང་བར་ཁྱེད་རྣམ་པའི་ངོས་ནས༼ སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།༽ ཅེས་པ་ལག་ལེན་བསྟར་འོས་ཀྱང་ཁྱེད་རྣམ་པས་གོ་ཚོར་མེད་པར་གཏང་སྙོམས་སུ་བཞག་པར་ཚད་མེད་པའི་བློ་ཕམ་ཡོད། དེ་ལས་གཞན་རྗེས་སུ་ཡི་རངས་མ་གཏོགས་གང་ཡང་ཞུ་རྒྱུ་མེད།
ཁ་བརྡའི་གཏམ་ལ་ཡིད་གུས་དང་། ཁ་བརྡའི་ཁྲིམས་ལ་དང་ལེན་ཞུ་དགོས་པ་ནི་ཁ་བརྡ་ཚང་ལ་ཕེབས་པའི་མགྲོན་པོ་ཡོངས་ཀྱི་འོས་འགན་ཡིན་པ་ཤོད་མ་དགོས་པ་རེད།
ཁ་བརྡ་ནི་བོད་མིའི་རྩ་དོན་ཐོག་གླེང་མོལ་ཁ་བརྡ་བྱེད་སའི་དྲ་ཁང་ཞིག་རེད། བོད་མིའི་རྩ་དོན་ལ་གནོད་གཞིའི་རིགས་སུ་མཆིས་བ་ཡོངས་སུ་གཏན་འགོག་བྱས་ན་གུས་པས་དགའ་བསུ་ཞུ་གི་ཡིན།
རྩ་དོན་གི་ཁོངས་སུ་རིག་གཞུང་གི་རྩ་དོན་དང་ཆབ་སྲིད་ཀི་རྩ་དོན་ཚུད་ཡོད་པ་མ་ཟད། ད་དུང་བོད་རིགས་སྤྱི་སྒེར་ཡོངས་ཀྱི་མཐུན་ལམ་གྱི་རྩ་དོན་ཡང་ཚུད་ཡོད།
ཁ་བརྡ་ཚང་གཅིག་པུ་མ་རེད། དྲ་གཉེར་བ་ཚང་མར་དཀའ་ངལ་འདི་རིགས་འཕྲད་ཀྱིན་ཡོད། དེར་བརྟེན་སྟངས་འཛིན་བྱེད་མཁན་ཞིག་དགོས་པ་རེད། ཡིན་ནའང་། སྟངས་འཛིན་བྱེད་སྟངས་ལའང་གཞི་འཛིན་ས་ཞིག་དགོས་པ་དང་གནད་དོན་ཚབས་ཆེན་མིན་ན་ཀུ་ཡངས་པོ་བྱེད་དགོས་པ་གལ་ཆེན་དུ་མཐོང་། ང་ལ་སྣང་ཚུལ་འདི་འདྲ་ཞིག་འདུག སྐབས་རེར་དྲ་གཉེར་བས་དགོངས་པ་བཞེས་ཕྱོགས་དང་མཆན་འདེབས་མཁན་གྱི་བསམ་ཚུལ་བཏོན་པ་གཉིས་ཀྱི་བར་དུ་མཐུན་སྣང་གི་བསམ་ཚུལ་མེད་སྐབས། མཆན་འདེབས་མཁན་གྱི་མཆན་ལ་བདག་པོ་མི་རྒྱག་པ་དང་ཡང་ན་སྟངས་འཛིན་བྱེད་པ་སོགས་ཀྱང་ཡོང་གི་ཡོད།
རྒྱ་ནག་ལྟ་བུར་མཚོན་ན་འདིའི་དཔེ་མཚོན་རྨ་མེད་པ་ཞིག་ཡིན་ཡང་། སྐབས་རེར་ང་ཚོའི་ཕྱོགས་ནས་ཀྱང་གནས་ཚུལ་འདིའི་རིགས་མངོན་ཡོང་། དེ་ནི་འདས་ཟིན་པའི་ཉམས་མྱོང་དངོས་ལས་བྱུང་བའི་མིག་མཐོང་ལག་ཟིན་གྱི་སྐད་ཆ་ཡིན། ཡིན་ནའང་། ཁ་བརྡ་ཚང་གིས་འདི་ལྟར་བྱེད་ཀྱིན་འདུག་ཟེར་གྱིན་མེད།
དེར་བརྟེན་ཁ་བརྡ་གཙོས་དྲ་གཉེར་བ་རྣམས་ཀྱིས་ཀྱང་དོན་དག་དངོས་ཀྱི་སྟེང་ནས་མི་གཞན་ལ་གཞི་མེད་སྐྱོན་འཛུགས་དང་། དྲ་གྲོགས་ནང་ཁུལ་དུ་ཕུ་དཀྲུགས་མདའ་དཀྲུགས། ཚིག་སྡུག་རུ་སྡུག་ཚུལ་བེད་སྤྱོད་གཏོང་བ་དང་གུས་ཞབས་དང་སྤུན་ཟླ་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོང་བླགས་གཏོང་བ་སོགས་སྟངས་འཛིན་བྱེད་འོས་ཀྱང་། རང་དང་མཐུན་སྣང་གི་བསམ་ཚུལ་མེད་མཁན་ལ་ཀུ་ཡངས་གནང་རོགས། རེ་སྐུལ་རང་ཡིན།
འདས་བའི་ཟླ་ངོ་གཅིག་གཉིས་ནས་བཟུང་ཁ་བརྡའི་སྒང་གི་མཆན་བུ་རྣམས་ལ་ཡར་རྒྱས་ཕྱིན་འདུག དེ་རིང་སང་ཉིན་བགྲོ་གླེང་བྱེད་སའི་བོད་ཡིག་གི་དྲ་བ་ཞིག་བཙལ་དགོས་ན། ཕལ་ཆེལ་ཁ་བརྡ་འདི་མིག་དཔེ་བལྟ་ས་འདྲ་ཞིག་ཆགས་འདུག མདོར་བསྡུས་ནས་བཤད་ན། ཁ་བརྡའི་སྒང་ན་རྡུང་རེས་རྒྱག་གི་མི་འདུག མཆན་བུའི་བརྒྱ་ཆ་དགུ་བཅུས་བགྲོ་གླེང་བྱེད་ཀྱི་འདུག
ཁ་བརྡའི་བྱ་བཞག་ཀུན་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུ།
ཁ་བརྡ་ལགས། ངས་ལྐུགས་གཏམ་མིན་ཏེ། དེང་དུས་ཁ་བརྡ་ལ་རྩོམ་སྤེལ་མཁན། མཆན་བུ་རྒྱག་མཁན། བལྟ་ཀློག་བྱེད་མཁནྲབཅས་ཉིན་རེ་ལ་ཆ་སྙོམས་ག་ཚོད་ཡོད་མེད་དང་། བལྟ་ཀློག་པ་མང་ཤོས་རྒྱ་བལ་སོགས་ས་གནས་གང་ནས་ཡིན། བོད་ནས་དྲ་རྒྱ་འདི་བལྟ་ཐུབ་མིན་སོགས་ཀྱི་སྐོར་ཤེས་ན་འདོད་པས་ཁྱེད་རྣམ་པས་གསལ་བཤད་ཅིག་གནང་ཨེ་ཐུབ།
སྙན་ཞུ་ཐུང་ཐུང་ཞིག
ཁ་བརྡ་ཚང་ལགས། ང་རང་དུས་ཅི་ལྕོགས་ཀྱིས་ཁ་བརྡའི་དྲ་སྒོ་ཕྱེ་དགོས་དོན་ནི། རང་ཉིད་སྒེར་དང་འབྲེལ་བ་གང་ཡང་མེད་མོད། ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྐྱོན་ཆ་གང་ནས་ལྷག་མིན་ལ་བློས་གཟུར་བོར་བྱས་ནས་དཔྱད་ཁུལ་བྱས་པ་ཡིན། དེ་མིན་སུ་ལའང་ཤ་འཁོན་བུ་ལོན་དང་ཕྲག་དོགས་འགྲན་སེམས་གང་ཡང་མེད། རང་ནི་ཤཀྱའི་དགེ་སློང་དཀྱུས་མ་ཞིག་ཡིན་པས། གང་ཐད་ནས་འདུག་བཟོ་མ་བདེ་བ་གང་ཡང་མེད། འོན་ཏང་བེ་རིའི་ནུབ་ཕྱོགས་དག་པའི་ཞིང་གི་མཐོང་ཐོས་ལ། གུས་ནས་ཀ་རྩོམ་ཐོག་མཆན་བུ་ཞིག་བཏགས་མ་ཐག་མི་མངོན་པ་དབྱིངས་སུ་ཐིམ་པ་ལ་བློ་ཕམ་ཡོད།
མི་མཐུན་ས་ཞིག་གླེང་སློང་བྱས་ན་ལྟ་གྲུབ་ཆ་ཡོད་ངེས་སྟབས་ཡིན་གཅིག ཕྱོགས་གཅིག་ཕམ་ནས་གཞན་ཞིག་རྒྱལ་དགོས་པ་མིན་པར་བསམ་ཚུལ་བརྗེ་རེས་ལས། ད་གཟོད་དགོས་ངེས་ཤིག་རྙེད་ཐུབ་ལ་རང་ཉིད་ཀྱི་བསམ་ཕྱོགས་དེའང་དོན་དངོས་ནས་སྲ་བརྟན་དང་ཕན་ཡོན་ཅན་དུ་འགྱུར་ཐུབ།
ཁ་བརྡ་ཚང་ལགས། ཁྱེད་ཅག་ལ་ངེད་ཀྱི་རྩོམ་ཐང་དེ་འབྱོར་བའི་ང་ལ་ཡིད་ཆེས་ཡོད། ཡན་ནའང་མཐོང་ཡ་མི་འདུག་པས་གང་ཡིན་ནམ།