ཨོ་རྒྱན་ཉི་མ།
ཁ་བརྡའི་དྲ་གྲོགས་དག་ལ་ཕྱག་འཚལ་ཏེ།།
ཁ་བརྡར་ཞུགས་པ་དག་ལ་གྲོས་ཤིག་འདེབས།།
ཁ་བརྡའི་ནང་དུ་ཅིར་ཡང་བཤད་ཆོག་ལ།།
ཁ་བརྡའི་གང་དུ་གང་ཡང་གོ་ངེས་པས།།
ཁ་བརྡར་ཞུགས་པའི་སྐྱེ་བོ་མཆོག་དམན་རྣམས།།
ཁ་བརྡར་མ་ཁྲོ་ཐུགས་ཀྱི་རྒྱན་དུ་ཟུངས།།
ཁ་བརྡ་ནང་ན་ལུགས་གཉིས་མཐོང་དུ་ཡོད།།
ཁ་བརྡ་ནང་ནས་དཔལ་འབྱོར་འདུ་འགོད་ཤེས།།
ཁ་བརྡའི་བར་ནས་ཆབ་སྲིད་གོ་རྟོགས་འཕེལ།།
ཁ་བརྡར་མཁས་ན་ཆོས་ཀྱི་གནད་གསང་རྟོགས།།
ཁ་བརྡར་ཉུལ་ན་སྲོལ་རྒྱུན་རིག་གཞུང་ཤེས།།
ཁ་བརྡར་འཇུག་ན་དེང་གི་རིག་གནས་ཤེས།།
ཁ་བརྡར་ཤོག་དང་ཕོ་མོའི་བརྩེ་དུང་རྟོགས།།
ཁ་བརྡ་ནང་དུ་མི་ཡི་རང་གཤིས་རྟོགས།།
ཁ་བརྡའི་གོང་དུ་སྨྱོ་བཤད་གཟའ་བཤད་ཡོད།།
ཁ་བརྡའི་ཚིག་ལ་མདོ་སྔགས་གཞུང་ལུགས་ཡོད།།
ཁ་བརྡ་མ་ལུས་ཁོང་དུ་ཆུད་སོང་ན།།
ཁ་བརྡ་མཁས་པའི་གོ་སར་སྙེགས་ངེས་པས།།
ཁ་བརྡར་འཇུག་པའི་དུང་བ་ཟབ་པར་གྱིས།།
ཁ་ནག་བལྟས་ངན་ལོ་འདབ་རྒྱས།།
ཁ་བདེ་བཤད་ནས་སྤྱི་ཚོགས་དཀྲུག །
ཨ་ཞང་ཚང་གི་ཁ་བརྡ་མནའ་མོ་ལ། །
སྤྲུལ་སྐུ་ཚང་གི་ངོ་བསྟོད་ཆེ་ལུགས་ལ། །
སྤྲུལ་སྐུ་མནའ་མོ་གཉི་གའི་ཞབས་ཟུང་ལ། །
ཁ་མཚར་ཁ་རྒོད་མ་འདིས་གསོལ་བ་འདེབས། །
ཀ་བུམ་རྩོད་དེ་མཁས་པར་བྱ་འདོད་ན། །
ཁ་བརྡ་མང་དགོས་ཁ་རོགས་མི་འདུག་པར། །
ག་ས་གང་དུ་འཆད་རྩོད་རྩོམ་གསུམ་གྱིས། །
ང་ཚོའི་རང་གཤིས་ངོ་མ་མཐོང་ནས་འོངས། །
ཀ་རྩོམ་མཇེ་སྟུ་གླེང་ས་ཁ་བརྡ་བཟང་། །
ཁ་ལོག་ཚིག་ལོག་ཉོ་ས་ཁ་བརྡ་བཟང་། །
ག་ལེར་ཁ་རྩོད་རྒྱག་ས་ཁ་བརྡ་བཟང་། །
ང་ཁྱོད་འཐེན་ཁྱེར་ཡེད་ས་ཁ་བརྡ་བཟང་། །
ཁྭ་ཏ་སྐྱ་ཀ་མང་བའི་དྲ་བ་འདིར།།
ཁ་བརྡ་འདྲ་མིན་གོ་རྒྱུ་རིག་རྒྱུ་མང་།།
ཁ་ལས་མེད་པའི་ཁྭ་ཏ་ཁ་ཤས་ལ།།
ཁ་ལོག་ཚིག་ལོག་རྒྱག་ནིའི་སྐྱ་ཀ་མང་།།
ཁ་ནས་ཐོན་ཚད་འབྲི་བའི་ཁ་རྒོད་ཡོད།
ཁ་སེམས་དྲང་ན་མེད་པའི་འཁྱོག་རུ་ཡོད།
ཁ་བའི་བདེ་སྡུག་གླེང་ནིའི་སེམས་དཀར་ཡོད།
ཁ་མ་མེད་ནིའི་ཁ་གནག་སེམས་གནག་ཡོད།
ཁ་ཚིག་གཙང་མ་འབྲི་ས་ཁ་བརྡ་ཡིན།
ཁ་ཆོས་རྫུན་མ་བཤད་ས་ཁ་བརྡ་ཡིན།
ཁ་ཚོད་འདྲ་མིན་གཅོད་ས་ཁ་བརྡ་ཡིན།
ཁ་རྒྱལ་མགོ་རྒྱལ་འབུད་ས་ཁ་བརྡ་ཡིན།
ཁ་བརྡར་འགྲིམ་པའི་མཆན་པ་རྩོམ་པ་ཚོ།།
ཁ་བརྡར་ཡིག་གཅིན་ཡིག་སྐྱག་མང་ཙམ་ཐོངས།།
ཁ་བརྡར་ཆོས་སྐད་ཁ་སྐད་མང་ཙམ་ཕྲིས།།
ཁ་བརྡ་སྐུ་ཚེ་རྟེན་པའི་རྩ་བ་ཡིན།
སྤྲུལ་ལོག་བཙུན་ལོག་འཛོམས་ས་ཁ་བརྡ་ཡིན།
སྤྲུལ་ལོག་རྫུན་རྐུབ་བརྡོལ་ས་ཁ་བརྡ་ཡིན།
ཁ་ནས་མཐུན་འབྲེལ་ཤོད་ས་ཁ་བརྡ་ཡིན།
ཁ་ནས་སྐུར་འདེབས་བྱེད་ས་ཁ་བརྡ་ཡིན།
ཁ་བརྡ་ཀློགས།
ཁ་རུབ་ནང་རུབ་ཉན་ན་ཁ་བརྡ་ཀློགས། །
ཁ་ཁག་ཆོལ་གསུམ་བསྒྲིལ་ན་ཁ་བརྡ་ཀློགས། །
ཁ་སྐད་ཡིག་ཐོག་དགོས་ན་ཁ་བརྡ་ཀློགས། །
ཁ་བདེ་ལག་རྩལ་དགོས་ན་ཁ་བརྡ་ཀློགས། །
ཁ་སྐད་བོད་སྐད་སྦྱོངས་ན་ཁ་བརྡ་ཀློགས། །
ཁ་མཁས་ཆོས་དད་ཡོད་ན་ཁ་བརྡ་ཀློགས། །
ཁ་བཤད་སྦུ་བས་དཀྲུགས་ན་ཁ་བརྡ་ཀློགས། །
ཁ་གཏམ་སྙིང་གཏམ་ཀློག་ན་ཁ་བརྡ་ཀློགས། །
ཁ་བརྡར་བྲིས།
བོད་ཡིག་ཅུང་ཟད་ཤེས་ན་ཁ་བརྡར་བྲིས། །
བོད་ཡིག་ཡར་རྒྱས་དགོས་ན་ཁ་བརྡར་བྲིས། །
བོད་ལ་ལ་རྒྱ་ཡོད་ན་ཁ་བརྡར་བྲིས། །
བོད་ལ་མཁོ་ཚད་བྲིས་ན་ཁ་བརྡར་བྲིས། །
ཁ་བརྡར་རིས་མེད་ཉུང།
ཁ་བརྡར་རིས་ཅན་མང།
ཁ་བརྡར་དཔྱོད་ལྡན་ཉུང།
ཁ་བརྡར་ཡིག་རྨོངས་མང།
ཁ་བརྡར་དངོས་སྤྲུལ་ཉུང།
ཁ་བརྡར་སྤྲུལ་རྫུན་མང།
ཁ་བརྡར་དངོས་མིང་ཉུང།
ཁ་བརྡར་མིང་རྫུན་མང།
ཁ་བརྡར་གཟུར་གནས་ཉུང།
ཁ་བརྡར་གཡོ་ཅན་མང།
ཁ་བརྡར་མཁས་པ་ཉུང།
ཁ་བརྡར་བླུན་པོ་མང
ཁ་བ་ཅན་གྱི་སྐད་ཡིག་སྦྱང་འདོད་ན།།
ཁ་བརྡའི་ནང་དུ་ཁ་ལྕེ་བརྡར་དུ་ཤོག།
ཁ་ཁོག་མཚུངས་པའི་གཏམ་བཤད་སྤེལ་འདོད་ན།།
ཁ་བརྡ་དྲ་བ་མ་བརྗེད་ཡིད་ལ་ཟུངས།།
ཁ་བརྡ་བཤད་མཁན་ཁ་བདེ་མང་པོ་ཞིག།
ཁ་ནས་བཤད་ཚད་དོན་དང་མཐུན་པ་ཞིག།
ཁ་ལ་སྒོ་མེད་ལྕེ་ལ་སྒྲོག་མེད་པས།།
ཁ་ནས་ཐོན་ཚད་ཡིག་འཇོག་ཡོད་པ་གྱིས།།
ཁ་སྒོ་མང་བའི་ཁ་བརྡ་ཚང་ལ།།
ཁ་ལྕེ་བདེ་བའི་ཁ་མཁས་ཅན་པོ།།
ཁ་བརྡ་བྱེད་པར་མྱུར་དུ་ཤོག་དང་།།
ཁ་བའི་སྐྱིད་སྡུག་ག་ལེར་གླེང་ཆོག།
ཁ་བའི་ལྗོངས་ལ་ཤ་ཚ་ན་ཁ་བརྡ་ཀློགས་དང་ལ་རྒྱ་འཕེལ། །
ཁ་བ་ཅན་ལ་སྙིང་ཉེ་ན་ཁ་བརྡ་ཀློགས་དང་རིགས་ཞེན་རྒྱས། །
ཁ་ཁོག་མེད་པའི་ཚིག་དགོས་ན་ཁ་བརྡ་ཀློགས་དང་སྤྲོ་བ་འཕེལ། །
ཁ་རི་ཁ་ཐུག་འབྲི་འདོད་ན་ཁ་བརྡ་ཀློགས་དང་ཅི་འདོད་ཡོད། །
ཁ་བརྡ་ཚང་གི་དྲྭ་ཚུགས་གྲུ་བཞིའི་ནང་།།
ཁ་བ་ཅན་གྱི་སྤུན་ཟླ་ལྷན་འཛོམས་ནས།།
ཁ་བའི་སྲོག་ཤིང་ཀ་མད་རིག་བརྒྱའི་གཞུང་།།
ཁ་དོན་མཚུངས་པའི་བགྲོ་གླེང་བྱེད་འདིས་སྤྲོ།།
ཁ་བརྡ་ཚང་གི་དྲྭ་ཚུགས་གྲུ་བཞིའི་ནང་།།
ཁ་བ་ཅན་གྱི་དགྲ་གཉེན་ལྷན་འཛོམས་ནས།།
ཁ་བའི་སྲོག་ཤིང་མཐུན་འབྲེལ་ལམ་གྱི་གཞུང་།
ཁ་དོན་མཚུངས་མེད་བགྲོ་གླེང་བྱེད་འདིས་སྐྱོ།།
ཡ་མཚན་ལྟད་མོ་འདི་ན་གདའ།
ཁ་བ་ཅན་ལ་སེམས་པ་དཀར་སྲིད་ན། །
ཁ་བའི་བརྡ་སྤྲོད་བེད་ཆོད་མང་ཙམ་ཐོངས། །
ཁ་རོག་འདུག་ན་ཁ་ཡི་དགོས་པ་སྟོར་ངེས་པས། །
ཁ་དེ་རྒྱུན་དུ་རྡོར་ལ་ཁ་བརྡ་གྱིས། །