སྦྲ་ནག་དོན་འགྲུབ་ཚེ་རིང་།
བོད་རང་དབང་སློབ་ཕྲུག་ཚོགས་པ་ལགས
ཁྱོད་ཀྱི་ད་ལྟ་བར་དུ་བོད་དོན་ལ་ནུས་ཤུགས་ཆེན་བཏོན་ཡོད་། བོད་ཀྱི་ལོ་རྒྱུས་ནང་ཟིན་ཐོ་བཀོད་ཡོད་། ཤེས་གསལ་ལ་ཁྱོད་ཀྱི་ཚོགས་མི་མང་ཆེས་ཤེས་ཕྱི་རྒྱལ་པ་ཡིན་པར་ཡང་གོ་མྱོང་། དེས་རྐྱེན་པས་ཡིན་ན་ནི་མི་ཤེས། འོན་ཀྱང་བོད་ཀྱི་སྐད་ཡིག་གི་ཐད་ལ་ཁྱོད་ཀྱི་ཚོགས་པ་དེ་ནི་ངོ་གནོང་བ་ཞིག་རེད་། ད་ལྟའི་སྐབས་འདིར་བོད་མི་སྒེར་བ་ཁག་གིས་དྲ་རྒྱ་དང་གསལ་བསྒྲགགས་དག་ཕར་ཞོག་། མཐའ་ན་མི་བུ་སྒེར་བའི་གཉེན་སྟོན་ཙམ་ཡིན་ཡང་བོད་རང་ཉིདཀྱི་སྐད་ཡིག་དེ་བེད་སྤྱད་གང་ཐུབ་ཐུབ་བྱས་ཡོད་། བོད་རང་དབང་སློབ་ཕྲུག་ཚོགས་པས་དྲ་རྒྱ་དང་གསལ་བསྒྲགས་དག་ནང་བོད་ཡིག་གི་ཚེ་སྲོག་རྗོགས་ཡོད་པ་དེར་བློ་ཕམ་པོ་བྱུང་། ད་དུང་ཁ་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཟེར་བ་དང་ལག་ལེན་དུ་བོད་ཡིག་ཚིག་རྐང་གཅིག་ཀྱང་བཀོད་སྤྱོད་མི་བྱེད་པ་འདི་ནི་”ཁ་བཤད་དོན་ལ་མི་གནས་”ཞེས་བ་དེ་མ་རེད་དམ།
སྦྲ་ནག་དོན་འགྲུབ་ཚེ་རིང་།
ངར་ངར་མ་བྱེད། ཚོགས་པ་འདིའི་ལོ་རྒྱུས་ཨེ་ཤེས། ཚོགས་པ་འདི་ཕྱི་རྒྱལ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ནང་ལ་ཡོད་པའི་ཕྱི་རྒྱལ་གྱི་སློབ་ཕྲུག་རྣམས་རྡོག་རྩ་སྒྲིལ་ནས་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་ལ་བོད་དོན་ཤོད་ཀྱི་ཡོད། ཚོགས་པའི་དམིགས་ཡུལ་དེ་བོད་མིར་བོད་དོན་ཤོད་རྒྱུ་དེ་མ་རེད། ཁོང་ཚོར་མཁོ་བ་དེ་རྒྱལ་སྤྱིའི་སྐད་ཡིག་རྣམས་རེད།
ཁོང་ཚོས་ལས་ཀ་མང་པོ་ཞིག་བྱེད་བཞིན་པའི་སྒང་དེར། འདི་འགྲིག་གི་མིན་འདུག དེ་འགྲིག་གི་མིན་འདུག་མ་ལབ། ༢༠༠༨ལ་ཨ་རི་དང་་ཡུ་རོབ་ནང་བོད་དོན་དྲིལ་བསྒྲགས་ཤུགས་ཆེ་སྤེལ་མཁན་གྱི་ཚོགས་པ་འདི་རེད།
རྒྱ་རི་རིན་པོ་ཆེ་དང་རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་། དེ་བཞིན་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱིས་ཚོགས་པ་འདི་ལ་དཀའ་ངལ་མང་པོ་སྤྲད་པ་རེད། གཙོ་བོ་ཚོགས་པ་འདིས་ཐད་ཀར་རྒྱ་ནག་ལ་སྐྱོན་བརྗོད་དང་རྒྱའི་སྤྱོད་ངན་རྣམས་འཐེར་འདོན་བྱས་སྟབས། རྒྱ་གཞུང་གིས་ཚོགས་པ་འདི་དང་འབྲེལ་བ་བྱེད་མ་ཕྱོགས་པའི་བཀའ་རྒྱ་ཡོད་པ་རེད།
ཚོགས་པ་འདིས་ཨོ་ལིམ་ཕི་ཁའི་སྐབས་ལ། རྒྱ་ནག་ནང་ལ་མི་བརྒྱད་བཅུ་ཉེ་བ་བཏང་ནས་རྒྱའི་རྒྱལ་ས་ནས་ངོ་རྒོལ་བྱས་ཡོད། ད་ལྟ་ཚོགས་པ་འདིའི་ནང་ལ་ལས་ཀ་བྱེད་མཁན་གྱི་ན་གཞོན་སེམས་ཤུགས་ཅན་རྣམས་ལ་རྒྱལ་བ་རིན་པོ་ཆེའི་མཇལ་ཁ་གཏོང་གི་མེད། གཙོ་བོ་རྒྱ་ནག་ལ་བཞེད་ནས་བསྡད་ཡོད། ཁྱོད་ཡིད་མ་ཆེས་ན་སྐུ་སྒེར་ཡིག་ཚང་ལ་འདྲིས་དང་།
ཚོགས་པ་འདིའི་མགོ་པ་ལྷག་སྒྲོན་བཀྲས་མཐོང་འདི་རྒྱ་ནག་ལ་འཛིན་བཟུང་བྱས་པ་རེད། རྗེས་སུ་ཁོ་མོ་ཚོགས་པ་འདི་ནས་རྩ་དགོངས་བཞུས་པ་རེད། རྒྱུ་མཚན་ནི་དཀའ་ལས་འདི་ཙམ་བརྒྱབ་པར་རོགས་སྐྱོར་མེད་པར། བོད་པའི་ཆབ་སྲིད་པ་ཚོས་དགྲ་ལྟར་སྡང་པོ་བྱས་སྟབས། འུ་ཐུག་པ་རེད།
ད་རུང་ང་ཚོས་འདི་འགྲིག་གི་མིན་འདུག་དེ་འགྲིག་གི་མིན་འདུག་ཟེར་ན། ཉིན་གཅིག་སྒོ་རྒྱག་གི་རེད། ཕུགས་ཀྱིས་ང་ཚོར་གནོད་ཀྱི་རེད།
ང་ཚོ་བོད་པ་ཚོས་སྐྱོན་བརྗོད་གཅིག་པུ་མ་བྱས་པར། རང་གི་སྐྱོན་བརྗོད་མཉམ་དུ་ཐབས་ཤེས་དང་རོགས་པ་ཡང་སྤྲད་ཐུབ་ན་ལེགས། དེས་ན་སྦྲ་ནག་ཚང་གིས་ཁོང་ཚོ་ལ་འབྲེལ་བ་བྱས་ནས། ཁྱེད་ཚོའི་དྲ་རྒྱའི་ཐོག་ལ་བོད་ཡིག་དགོས་ནས་ངས་རོགས་པ་བྱེད་འོང་ཟེར་ན་ལེགས་མོད།
འདིར་ཕེབས་མཁན་གྱི་སྐད་ཡིག་གཉིས་མཁྱེན་མཁན་ཚོས་སློབ་ཕྲུག་ཚོགས་པ་ལ་ཡིག་སྒྱུར་བྱས་ནས་ཁོང་ཚོའི་དྲ་རྒྱའི་ཐོག་ལ་བོད་ཡིག་བཀོལ་བར་རོགས་ཐུབ་ན། ཁྱེད་ཀྱི་གློག་འཕྲིན་གྱི་ཁ་བྱང་འདིར་འཇོག་རོགས། ངས་ཁོང་ཚོར་འབྲེལ་བ་བྱེད་ཐུབ།
ངེད་ཀྱི་གོ་ཐོས་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་རྒྱ་དེ་བོད་ཡིག་ཏུ་བསྒྱུར་བཞིན་ཡོད་རེད་ཟེར།
མི་རིང་བར་བོད་ཡིག་ཐོག་ཡོང་གི་རེད་ཟེར།
བོད་ཡིག་བོད་སྐད་ཤེས་མཁན་ཚོས་བོད་ཡིག་བོད་སྐད་སྦྱངས་བཤད་བྱས་ནས་བོད་དོན་སྒྲུབས། དེ་མིན་དབྱིན་ཡིག་ཤེས་མཁན་ཚོས་དབྱིན་སྐད་སྒང་ནས་ཤུགས་རྒྱོབས། དེ་བཞིན་ཆོས་ཤེས་མཁན་དང་གླུ་གཞས་ལེན་མཁན། རྩོམ་འབྲི་མཁན་ཚོས་ཀྱང་རང་རང་གང་ལ་གང་འཇོན་གྱིས་བོད་དོན་ལ་སེམས་ཤུགས་བསྐྱེད་རྒྱུ་གལ་ཆེན་ནང་གི་གལ་ཆེན་རེད་མ་གཏོགས་བོད་སྐད་ཡིག་མི་ཤེས་མཁན་ཚོས་བོད་དོན་བཤད་ན་ཆོ་མེད་རེད་འདོད་ན་བླུན་རྟགས་མིན་ན་གང་རེད།
ཚངས་དབྱངས་གི་སྐད་ཆ་ལ་བརྒྱ་ཆ་བརྒྱ་དང་ལྔ་བཅུ་རྒྱབ་སྐྱོར་ཡོད། ད་སྒྲ་ནག་དོན་གྲུབ་ཚེ་རིང་ནི་སྐད་གཉིས་ཀ་ལ་བྱང་ཆུབ་པ་དང་། དེའི་སྟེང་དུ་སེམས་་ཤུགས་ཀྱང་ཡོད་བཟོ་འདུག་པས་ངེས་པར་དུ་རོགས་བྱེད་ངེས། རེད་ད་དོན་ཚེ། གཅིག་གཅིག་ལ་སྐྱོན་བརྗོད་བྱེད་ཀྱི་དེ་གལ་ཆེན་པོ་མ་རེད། དེ་ལས་ཕྱག་ལས་གནང་དགོས་པ་རེད། ནང་ཕན་ཚུན་རོགས་རམ་བྱས། སྐྱོན་བཙལ་དགོས་ན་ཕར་ཕྱོགས་ཀྱི་སྐྱོན་བཙལ་ནས་བཀོད་ཐུབ་ན་ཡག་པ་རེད།
འཚང་དབྱང་ལེགས་། ཁ་ཡག་ངོ་གཏམ་བཤད་ན་མྱི་དགའ། རྣམས་ས་སྣང་བརྒྱད་བཀློགས་ན་ལྷ་དགའ་། འཇིག་བརྟེན་རྒན་པོའི་ཁ་དཔེ་རེད་། འོན་ཀྱང་ངོ་གཏན་བཤད་གི་མེད་ལ་། ངར་ངར་ཀྱང་བྱེད་གིན་མེད་། ཚོགས་པ་འདི་ལས་བོད་དོན་གི་ཐད་དུ་རླབས་ཆེ་ཚུལ་གོང་ནས་ཞུས་ཚར་། ན་ནིང་གི་སྐད་ཆ་བཤད་ན་ངས་ཀྱང་ཁ་སྣོན་ཞིག་རྒྱག་། ང་མི་ཆུང་ཆུང་ལ་ནུས་བ་ཆུང་ལས་མེད་ཀྱང་ན་ནིང་ཚོགས་པ་འདི་གཙོ་བྱས་བོད་དོན་གྱི་ལས་དོན་གང་བྱུང་བ་དག་ངས་youtube བསྒྲིགས་སྦྱོར་དང་ཕྱོགས་བསྡོམས་བྱས་ཡོད་། དེ་ནི་ང་ལ་མཚོན་ན་ལྟད་མོར་ལྟས་ནས་བསྡད་མེད་ཞེས་བཤད་ཆོག་། youtubeནང་དུ་Danaktsangཞེས་འཚོལ་དང་། དེ་ན་ཚོགས་པ་འདི་བཀཽད་བསྒྲིགས་ཀྱི་ལས་དོན་མང་ཆེ་བ་ངས་བསྒྲིགས་སྤྱོར་བྱས་ནས་བཀོད་ཡོད་ཞེས་བཤད་ན་འགྲིག་གི་ཡོད་།
བཙན་པོའི་གཉོམ་གཏམ་བཤད་ན་སྡིགས་ར་ཡིན། ཕྱུགས་པོའི་མེད་གཏམ་བཤད་ན་ངོམ་སོ་ཡིན། གཞོན་ནུ་ངས་བོད་ཡིག་གི་གནས་སྟངས་ལ་ལྟོས་ནསབཞད་གད་ཞིག་བྲིས་འདུག་།
ང་རང་སྐད་གཉིས་པ་སྨ་བ་ཞིག་མིན། སྐད་གཉིས་སྨར་བ་ཕར་ཞོག་ན་མཐའ་ན་བོད་ཡིག་གི་གནས་ཚུལ་ཀྱང་སྐྱོ་བོ་ཡིན། འོན་ཀྱང་དེ་ཙམ་གྱི་སྤྱི་དོན་ལ་ཁ་གྲགས་མ་ཆོག་ན་། ག་ལ་འགྲིག་། རང་ཉིད་བོད་མི་ཞིག་ཡིན་ཙམ་གྱི་བོད་མི་རིགས་ཀྱི་བདེ་སྡུག་གླེང་བ་ཐོབ་ཐང་ཡོད་པ་རེད་།
ཡིག་བསྒྱུར་གྱི་འཇོན་ཐང་མེད་། དེ་མིན་ལས་དོན་གང་འཇོན་པ་དེ་ད་རག་བར་དུ་སྒྲུབས་ནས་ཡོང་བ་ཡིན།
ལྷག་སྒྲོན་བཀྲས་མཐོང་འདི་རྒྱ་ནག་ལ་འཛིན་བཟུང་བྱས་པ་། Dwight དང་Loran སོགས་རྒྱ་ནག་ལྕགས་རི་ལ་ཡིག་ཆེན་བཀྲན་ནས་ཚུར་འབྱོར་དགོང་མོ་དེར་གནམ་ཐེང་ནས་འདིར་བསུ་བ་དང་དེ་དགོངམོར་དེར་བཅར་འདྲི་འདྲ་བོ་ཞིག་བཀོད་བསྒྲིག་བྱས་བ་ཚང་མ་ངའིYoutub་ན་ཡོད་།
བོད་རང་དབང་སློབ་ཕྲུག་ཚོགས་པས་བོད་ཡིག་བེད་སྤྱོད་མ་བྱས་ན་འགྲིག་གི་ཡོད་ན། ཧོར་རྒྱའི་བླ་མའི་ཕྱགས་ལ། དམོད་རྒྱ་ཕྲད་དུ་བཞུག་འདུག།
http://www.youtube.com/user/Danaktsang#p/u/42/Ct9USeMJJHo
ངའི་བསམ་ཚུལ་ཐུང་ཐུང་དེ་ནོར་ཡོད་ན་། གཡུགས་ཞོག་། བདུན་མཇུག་སྐྱིད་པོ་ཞིག་ཐོང་།
ཡ་ཡ། སྦྲ་ནག་ཚང་གི་བཀོད་སྒྲིག་བྱས་པའི་གློག་བརྙན་འདི་ཚོ་བལྟས་པ་ཡིན། ཚངས་དབྱངས་ཀྱི་བསམ་འཆར་བཀླགས་པ་ཡིན། ཁྱེད་གཉིས་ཀ་ལ་བདེན་པ་འདུག གཉིས་ཀས་གནད་འགག་ཆེན་པོ་ཞིག་བཟུང་ནས་ཤོད་ཀྱི་འདུག སྤྱི་འཐུས་ནང་ཁམས་པའི་མགོ་དང་ཨ་མདོའི་རྣ་ཟེར་བ་ལྟ་བུ་མ་རེད། དགའ་པོ་བྱུང་། བོད་མི་ལོ་རབས་གསར་པ་ཚོ་བསམ་བློ་གོང་འཕེལ་ཡག་པོ་ཕྱིན་འདུག འགྲིག་ཀ།
བོད་རྩམ་ཟན་མགོ་ནག་ལ་བུ་སྐྱེས་འདུག ད་རྒྱོབ་ས་འདི་བོད་དགྲ་ཁ་ནག་འདིའི་སྟེང་ལ་ག་ལེར་ཕར་འགྲོ་དགོས་འདུག ནང་འཁྲུག་དེ་ག་ལེར་ཁ་ཕར་ལ་བཅུས་ཐུབ་ན་གང་འདྲས་འདུག
བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཟུར་བ་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་བོད་ཡིག་དང་བོད་སྐད་ཤེས་ཀྱི་མི་འདུགདེ་སྐྱོན་མི་འདུགམོ་བོད་དོན་ཆེད་སེམས་ཤུགས་ཅན་ཞིག་དང་ལངས་ཕྱོགས་ཡོད་མཁན་ཞིག་ཡིན་པ་འདྲ།ད་ལྟའི་ཚོགས་གཙོ་བསྟན་རྡོར་ལགས་བོད་སྐད་འགྲིག་འདུག་ལ་བོད་ཡིག་ལ་འང་དོ་སྣང་ཅན་ཞིག་རེད་ལ།དེར་བརྟེན་ཕྲན་བུ་འགྱུར་བ་འགྲོ་སྲིད་ལ།བོད་ཡིག་ཕྱོགས་ལ་ཁ་ཕྲན་བུ་འཁོར་མི་ཡོང་ངམ་སྙམ།མིན་ཚོགས་པའི་ལས་ཀ་བྱེད་སྟངས་ཀྱི་ངོ་བོ་བལྟས་ཏེ་བོད་ཡིག་གི་དྲ་རྒྱ་སོགས་དགོས་མི་བལྟ་རྒྱུ་ཞིག་ཡོད་འགྲོ།དེ་ཙམ་ཡིན།
རྒྱ་རིགས་སྐུ་ཞབས་ཁྲེན་ཝུས་ཅན་གྱི་དགོད་བྲོ་བའི་མཚར་གཏམ་ཞིག་གསུངས་འདུག། དེ་ནི་ངང་ལག་གི་མི་ཞེས་པ་དེ་རེད། ངས་བསམ་བློ་ལྟར་བྱས་ན། རྐང་ལག་བྲལ་བའི་ངང་ལག་གི་གཟུགས་ཅན་ཞིག་ནམ་ཡང་འགྲེངས་ཚུགས་སུ་གནས་མི་ཐུབ་པ་ལྟར། བོད་མི་བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་པ། ངང་ལག་གི་མི་མང་པོ་གསོ་སྐྱོང་བྱེད་ཀྱི་འདུག་པ་ཁོང་གིས་མཚར་གཏམ་དང་སྦྲགས་ནས་ཉེན་བརྡ་བཏང་བ་རེད། སེམས་ཀྱི་ཚོར་ཤེས་དང་ཡང་ན་ཤ་ཁྲག་གི་རྒྱུན་ཙམ་ལ་བརྟེན་དགོས་པའི་མི་རིགས་ཤིག་དང་མི་རབས་ཤིག་བྱུང་དུས། མི་རིགས་དེ་འཇིགས་ཟིན་པར་བསྒྲགས་མི་ཆོག་པ་གང་ཡང་མེད།
ཁོ་བོས་བལྟས་ན་རྒྱལ་ནང་གི་རྩོམ་པ་པོ་འོད་ཟེར་དང། ཨ་རིའི་ནང་གི་ལྕམ་སྐུ་ལྷ་སྒྲོན་གཉིས་ནི་བོད་མི་རིགས་ཀྱི་ཤ་ཞེན་གྱིས་ཁེངས་པའི་བུད་མེད་དཔའ་བོ་ཡིན། ངོ་མ་ང་ཚོས་བསྟོད་ར་གཏང་སའི་ཡུལ་ཡིན། བོད་ཡིག་དང་བོད་སྐད་མི་ཤེས་པ་ཙམ་གྱིས་སྡུག་ཅག་མ་ཡིན་སྙམ། བོད་མི་རིགས་ཀྱི་གྲས་སུ་ཡོད་ན་ཡང་བོད་ལ་ལར་ཞེན་དྲི་ཙམ་ཡང་མེད་པ་མ་ཟད། བོད་བཙོང་མཁན་རྣམས་ནི་སྡུག་ཅག་ཡིན།
མེ་ཏོག་མ་ལགས།
ཁྱོས་རྩ་བ་ནས་ནོར་འདུགརྒྱ་རིགས་རྩོམ་པ་པོ་ཁྲིན་ཝེས་ཅན་གྱིས་འདབ་ཆགས་ངང་བ་ལབ་ཀྱི་ཡོད་པ་མ་རེད།ཤིང་ཏོག་གི་རིགས་ཤིག་སྟེ་དབྱིན་ཡིག་ཏུ་bananaཟེར་བ་དེ་བོད་སྐད་དུ་ཤིང་ཏོག་ངང་ལག་འབོད་ཀྱིན་འདུགགནད་དོན་དེ་ཐུགས་ལ་ངེས་པའི་ཐོག་ནས་ད་བཟོད་དཔེ་དོན་སྦྱོར་ཚུལ་ལ་བསམ་བློ་གཏོང་དགོས་པ་རེད་ལགས།
ཤིང་ཏོག་གི་རིགས་ཤིག་སྟེ་དབྱིན་ཡིག་ཏུ་bananaཟེར་བ་དེ་བོད་སྐད་དུ་ཤིང་ཏོག་ངང་ལག་འབོད་ཀྱིན་འདུག
Hahahahahah
Tendor and Lhadon Tethong is half tibetan.
སྦྲ་ནག་དོན་འགྲུབ་ཚེ་རིང་ལགས་ ཀྱི་ བསམ་ཚུལ་ ལ་ ཐུགས་རྗེ་ཆེ། ད་སྟ་ སློབ་ཕྲུག་ཚོགས་པའི་ དྲ་གནས་ བོད་ཡིག་ ནང་ སྒྱུར་བཞིན་པ་ རེད། མགྱོགས་པོ་ བོད་ཡིག་ ཐོག་ བལྟ་ ཐུབ་ཀྱི་ རེད། སྔོན་མ་ སློབ་ཕྲུག་ཚོགས་པའི་ ལས་བྱེད་ དང་ ཚོགས་མི་ མང་ཆེ་བ་ ཕྱི་རྒྱལ་བ་ ཡིན་དུས་ དྲ་གནས་ ཆ་ཚང་ དབྱིན་ཡིག་ ལ་ བཀོད་ཡོད། དེང་སང་ ཚོགས་མི་ བོད་པ་ མང་པོ་ ཡོད་པའི་ སྟེང་། བོད་ དང་ རྒྱ་ནག་ ནས་ དོ་སྣང་ བྱེད་མཁན་ མང་ དུ་ འགྲོ་གི་ ཡོད་ཙང་ ད་སྟ་ དྲ་གནས་ བོད་ཡིག་ ནང་ གང་མགྱོགས་ བལྟ་ ཐུབ་པ་ བཟོ་བཞིན་ ཡོད། བསམ་འཆར་ འདོན་མཁན་ ཚང་མ་ ལ་ རྗེས་སུ་ཡི་རངས་ ཡོད། བསམ་འཆར་ བརྒྱུད་ནས་ ང་ཚོའི་ སྤྱི་ཚོགས་ ཡར་རྒྱས་ འགྲོ་གི་ རེད།
བསྟན་རྡོར་ལགས། ཁྱེད་ཀྱིས་དེ་ལྟར་གསལ་བཤད་གནང་བ་ལེགས་བྱུང། བྱ་བ་ལེགས་གྲུབ་ཡོང་བའི་སྨོན་འདུན་ཡོད།
བསྟན་རྡོར་ལགས།
ཐུགས་རྗེ་ཆེ། སྙིང་ཐག་པ་ནས་སློབ་ཕྲུག་ཚོགས་པའི་ལས་འགུལ་ལ་ཡི་རངས་དང་རྒྱབ་སྐྱོར་ཡོད། ད་དུང་སློབ་ཕྲུག་ཚོགས་པའི་ལས་འགུལ་ཁྱབ་བསྒྲགས་དེ་ཚོ་བོད་ཡིག་ནང་ཁ་བརྡ་སོགས་བརྒྱུད་ནས་སྤེལ་ན། འདིས་བོད་པའི་སློབ་ཕྲུག་རྣམས་ཚོགས་བཞུགས་བྱེད་པར་ཕན། སློབ་ཕྲུག་ཚོགས་པར་རྒྱ་ནག་གཞུང་ཤིན་དུ་བསྐྲག་བཞིན་འདུག
དཔེར་ན། ལྷ་སར་ཡོད་པའི་ངའི་གྲོགས་པོ་ཞིག་ཉེ་ཆར་ཨ་རིར་བསླེབས་སོང་། ཁོང་གི་ཨ་ཕ་འདི་རྒྱའི་འགོ་ཁྲིད་མཐོ་གྲས་ཤིག་རེད། ཁོང་ཨ་རིར་མ་ཡོང་གོང་ཨ་ཕ་དེས་གཞུང་ལ་སྙན་གསེང་བཞུས་ནས་རང་གི་བུ་དེ་ཨ་རིར་སློབ་གྲྭར་གཏོང་གི་ཡོད་པ་བཤད་འདུག རྒྱ་གཞུང་ནས་མར་སློབ་སྟོན་མི་ཉུང་བ་ཞིག་བྱས་ཡོད་པའི་ནང་ནས་བཤད་རྒྱུ་གཙོ་བོ་གཅིག་ནི། ཨ་རིའི་སློབ་ཆེན་མང་ཆེ་བའི་ནང་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་ཁུངས་ཡོད་པ་དང་། ངེས་པར་དུ་ཁོ་པའི་བུ་དེ་ཚོགས་པ་དེ་དང་འབྲེལ་བ་མེད་པ་བྱེད་དགོས་གཅིག་མངགས་འདུག
འདིས་གང་མཚོན་ནམ་ཞེས་ན། རྒྱའི་སྲིད་གཞུང་སྟེང་འོག་ཚང་མ་ཚོགས་པ་འདིའི་ནུས་ཤུགས་ལ་སྐྲག་གི་ཡོད།
བཀྲིས་བདེ་ལེགས།