གཅན་ཡུ་མོ།
ཤིང་སྡོང་གཅེར་བུར་འགྲེང་དུས།།
བྱེའུ་ཆུང་སྐྱོ་སོང་མ་ཟེར།།
དགུན་ཟླ་རིང་མོ་རྫོགས་དུས།།
འཚོ་བར་བདེ་བ་ཡོང་ངེས།།
བརྩེ་དུང་དྲི་མེད་ཚོར་མེད།།
སེམས་པར་འཚོ་སའི་གླིང་ཀ།
མིག་འོད་རྒྱང་དུ་མཆོད་ཡང་། །
ཡིད་རྟོན་བྱེད་ས་མ་རག།
རྒྱང་རིང་ཡུལ་གྱི་ཁྲུང་ཁྲུང་།།
མཚོ་མོར་འགྲམ་དར་ཆགས་དུས། །
དགར་རྩེན་འུར་ཟིང་ཁྲོད་ནས། །
བྱ་ཁྱུ་གང་དུ་འཕུར་འགྲོ།
ལྦ་མོའི་གདེང་ཚོད་བློ་སྤོབས། །
བསོད་ཅན་རྔོན་ཁ་མེད་ན། །
ཁྭ་ཏའི་སེམས་པ་བན་བུན། །
ཆོ་ག་བཤམས་སྲོལ་མེད་ཀི།
ཁ་བྱང་མེད་པ་དང་རྩོམ་པ་པོ་མེད་པའི་རྩོམ་འདི་འདྲ་་་་་
ད་དུང་གོ་རྒྱུ་ཚོར་རྒྱུའང་ཅང་མི་འདུག མེད་གསུམ་འཛོམས་པའི་སྙན་ངག་ཅིག
ཁ་བྱང་མེད་པའི་སྙན་ངག།
མིང་བྱང་མེད་པའི་སྙན་ངག།
གོ་རྒྱུ་མེད་པའི་སྙན་ངག།
ཡིག་ནོར་མང་བའི་སྙན་ངག།
གཅན་ཡུ་མོས་འཕྲུལ་གྱི་དྲ་ངོས་སུ།།
འགྲོས་དལ་མོའི་གོམ་སྟབས་སྒྱུར་གྱིན་འདུག།
ལས་ཁ་ནག་རྔོན་པ་སྡིག་ཅན་ངའི།།
མདའི་སོ་ཁ་མི་ཕོག་ངེས་པ་མེད།།
ཆུ་དྭངས་མོ་བསམ་ནས་ཡོང་བ་ན།།
ཐིགས་གཅིག་ཙམ་བཏུང་རྗེས་ཕེབས་རོགས་ཞུ།།
སྔོན་འདི་ན་ཕོ་ཧྲིང་རྐྱང་དག་ལས།།
མོ་ཁེར་འགྲོས་བྱེད་པའི་ལོ་རྒྱུས་མེད།།
ཡིད་རྟོན་བྱེད་ས་མེད་པའི་ཆུང་ལོ།།
ཡིད་ཆེས་བྱེད་པར་དཀའ་བའི་དགའ་ལོ།།
ཁ་བྱང་འདི་ཞེས་མེད་པའི་སྙན་ངག །
ང་ཡི་སེམས་སུ་གནས་པའི་སྙིང་ཡིན།།
གླིང་ཀ། མཆོད་ཡང་། །མེད་ཀི། ཟེར་ན་གང་རེད།
གཅན་ཡུ་མོའི་ཡིད་ཀྱི་ཚོར་འདུ། །
ཡུལ་འདི་རུ་བཞུར་ནས་ཐོན་དུས། །
ཁྱེད་ཁེར་འགྲོ་ཡུ་མོ་སྙིང་རྗེ། །
ས་འདི་ན་འབུ་སྲིན་མང་ག །
འགྲོ་གོམ་པའི་གདེང་འཇོག་བར་ན། །
སེམས་མི་བདེ་སུན་སྣང་ལྕི་བ། །
རྩོམ་འདི་ཡི་ཟུར་ནས་རྟོགས་པས། །
ཨ་ཤི་རེ་ཡུ་མོ་ཁེར་འགྲོ། །
ཆང་ཁར་ནས་ཐུག་པའི་གྲོགས་པོ། །
མཚན་གཅིག་གི་ཉལ་རོགས་བུ་མོ། །
མིང་ངེས་གཏན་མེད་པའི་རྩོམ་ཉོག །
འདི་གསུམ་ལ་འདྲེ་རྐང་སུན་ཡོད། །
དོལ་སྨྱོན་ལོ་ལོ་དྲིན་ཆེན་པོ།།
སྙན་ངག་འབྲི་བཞིན་ཡོད་ན་ཡང་།།
སྙན་ངག་མྱོང་ལ་ཞན་ས་རེད།།
སྙན་ངག་བྲོ་བ་མི་ཆེ་འམ།།
གཅན་གྱི་ཡུ་མོ་སྒེག་ལྡན་མ།།
སེམས་པ་སྐྱོ་སྐྱོ་མ་གནང་དང་།།
དཔྱིད་ཀྱི་ཉི་མ་ནམ་ཤར་ལ།།
མེ་ཏོག་ཅིག་གི་ལེགས་སྐྱེས་འབུལ།།
ཚེ་མདུན་མའི་རོགས་ལོ་རྒྱབ་ཏུ་བསྐྱུར་ཐལ།།
བྱིས་གཅེས་ཕྲུག་ཐང་ཆེན་ས་ལ་གཡུགས་ཐལ།།
དུས་དེང་སང་ཁེར་འགྲོ་སུན་སྣང་སླེབས་ཐལ།།
གཅན་ཡུ་མོའི་སྡུག་བསྔལ་ཁ་བརྡར་བཞུར་ཐལ།།
ཚོར་རླབས་དྲག་ཏུ་འཕྱུར་བའི་སེམས་ཀྱི་ཚོར་འདུ།།
ཡུ་མོ་ཁེར་རྐྱང་འདི་ཡིས་དྲག་ཏུ་འབོད་སྐབས།།
དགའ་སྐྱོའི་ཁང་ཆུང་ནས་གསེར་འབྲོང་བུ་ངའི།།
སྙིང་རྗེའི་ཏེང་འཛིན་ངང་ནས་དམིགས་རིམ་བཟུང་ཡོད།།
ཡུ་ཕོ་མེད་པའི་ཡུ་མོ།།
རྫི་རི་སྲིབ་རི་འགྲིམ་དུས།།
ཡིད་སེམས་སྟོང་བའི་དུད་འགྲོ།
འཆགས་ས་མེད་པ་སྐྱོ་བ།།
མི་འགའ་རེས་ནང་དོན་མེད་ཀི་ཟེར།
མི་འགའ་རེས་དམིགས་རིམ་བཟུང་ཡོད་ཟེར།
མི་འགའ་རེས་ལེགས་སྐྱེས་འབུལ་རྒྱུ་ཟེར།
མི་འགའ་རེས་ཁོག་གི་སྙིང་ཡིན་ཟེར།།
དོན་བརྗོད་བྱ་གཅིག་ལ་གོ་བ་སྟོང།
དོན་ངོ་མ་ཅི་ཞིག་ཡིན་མིན་དེ།
མོས་བྲིས་པའི་ནང་ན་གསལ་བོར་འདུག
སུ་ཞིག་ལ་བྲིས་པའི་འཁང་ར་རེད།།
སེམས་ཡ་ཆུང་ནང་ན་གནས་པའི་མི།
ས་ཐག་རིང་ཞིག་ན་ཡོད་པའམ།
ས་ཁ་ཐག་རིང་གི་དགའ་ལོ་ལ།
སེམས་སྙིང་གཏམ་ལེ་འདེད་ཟོལ་གྱིས་གསལ།།
སེམས་རྣམ་པར་དག་པའི་བརྩེ་བ་ཞིག
ཟུར་རེ་རེའི་ངོས་ན་གསལ་བ་འདིས།
གཅན་ཡུ་མོའི་གནས་སྟངས་མངོན་འདུག་པས།
སེམས་སྟོང་འདང་མ་རྒྱག་ཕོ་གསར་ཚོ།།
རང་ལ་མཆོད་རྫས་མེད་དུས།
མེ་ཏོག་གླིང་ཁ་མཆོད་ཅིག
ཡིད་སྤྲུལ་མཆོད་རྐྱང་མཆོད་ཀྱང་།
ཕན་ཡོན་མེད་པ་མ་རེད།