རས་པ།
ས་ཡི་རྡུལ་ནི་རླུང་གི་གཤོག་པར་བཞོན།།
འོད་ཀྱི་འགྲུལ་བཞུད་མཚན་ནག་སྟོབས་ཀྱིས་བཀག།
ས་སྲོད་ནུབ་རིར་ངུས་པའི་གདུང་བ་ཡིས།
དཔྱིད་རླུང་སྨྲེ་ངག་འདྲེ་ཡི་ཁ་ནས་ཐོན།།
གངས་རི་འགར་བའི་རྒད་པོ་བསམ་མེད་ཅིག།།
ཁྲག་གི་མཚོ་ལ་ཐོ་བའི་ཀོ་གྲུ་གཏོང་།།
སྡིག་པའི་སྲིན་པོ་མི་ཡི་དུང་སོ་ཅན།།
འཛུམ་པའི་མཚོན་ལ་རོ་ཡི་རྦ་རླབས་གཡོ།།
རྩྭ་ཐང་བཞུས་པའི་མེ་རླབས་མཁའ་རུ་འཕྱོ།།
རྟ་མཆོག་བང་ཁ་སྤྲིན་པའི་དབྱིབས་སུ་བསྒྱུར།།
ལས་ཀྱི་དྲན་ཤིང་ལྷགས་པའི་ས་འབུ་རེ།།
སྐྱོ་གདུང་སྙིང་གཟེར་དབུགས་ཀྱི་ཟས་ལ་བརྟེན།།
མཚན་ནུབ་འུག་པའི་ཧབ་དགོད་ཐོས་སམ་ཀྱེ།།
སྨུག་ལོང་གསའ་ཡི་འཇབ་སྒུག་ཚོར་རམ་ཀྱེ།།
སྙིང་དང་ཀླད་པ་སེམས་ཚོར་ཤོར་ཀྱང་རུང་།།
ང་ཡི་རྒྱལ་ཁམས་གངས་ཅན་ལྗོངས་སུ་ཡོད།།
༢༠༡༦།༤།༢༩ ཉིན་བྲིས།
གངས་རི་འགར་བའི་རྒད་པོ་བསམ་མེད་ཅིག།།
ཁྲག་གི་མཚོ་ལ་ཐོ་བའི་གོ་གྲུ་གཏོང་།།
ཟེར་བའི་དོན་གང་ཡིན་ནམ།
གངས་རི་འགར་བའི་རྒད་པོ་བསམ་མེད་ཅིག།།
ཁྲག་གི་མཚོ་ལ་ཐོ་བའི་གོ་གྲུ་གཏོང་།།
ཚོད་དཔག་བྱས་ན།
གངས་རི་༼ ལ་འགར་བའི་ ༼ སྟེ་ང་རྒྱལ་ཅན་གྱི་༽ རྒད་པོ་བསམ་མེད་ཅིག།། ༼ གིས ༽ ཁྲག་གི་མཚོ་ལ་ཐོ་ ༼ ཀོ་༽ བའི་གོ་༼ ཀོ་ ༽ གྲུ་གཏོང་།། ཡིན་དགོས་པ་ལྟ་བུ་ལ། གོ་དོན་མི་གསལ་བའམ། མི་ཤེས།
ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་ཞུ་དག་གནང་བར་བཀའ་དྲིན་ཆེ་ཞུ།
གངས་རི་བརྒལ་བའི་དང་། ཀོ་གྲུ་ཞེས་ཞུ་དག་གཏོང་ན་ལས་་་་་་་་་
རས་པ་ར་བཟི་སྟེ་བྲིས་པ་མིན་ན། གོ་རྒྱུ་ཞིག་གཏོང་གི་ཡོད་པ་འདྲ། འགྲེལ་བཤད་ཀྱང་རྒྱག་ཕོད་ཀི་མེད་ཀི།
གསང་བ་ཞིག་ཡིན་ཁོ་ཐག་ཆོད། སུ་ཞིག་ལ་ནམ་ཞིག་ཤོད་ཕོད་མིན་མི་ཤེས།
འདིའི་དགོངས་པ་ཀརྨ་རྡོ་རྗེས་ཀྱང་འགྲེལ་མི་ནུས་པས་གཞན་གྱིས་ལྟ་ཅི་སྨོས།
མཐོ་བ་གངས་རི་དང་། ང་རྒྱལ་དང་། རྒད་པོ་དང་། བསམ་མེད་ཅིག་འདི་བཞི་དང་། དམའ་བ་མཚོ་དང་། མཚོ་ཡང་ཁྲག་གི་དང་། ཁྲག་དང་ཀོ་བ་འབྲེལ་ཆེ་བ། དེའི་སྟེང་དུ་ཀོ་བའི་གྲུ་བཏང་སྟངས་ལ་མཚོན་ན། མཐོ་བའམ་ཆེན་པོས། ཆུང་བའམ་ཉམས་ཆུང་ལ་བརྙས་བཅོས་བྱས་པ་ལྟ་བུར་གོ་ཡང་། གསུང་པོ་པོའི་བརྗོད་འདོད་གཞུང་གོང་འོག་སྒྲིག་ནས་ཤེས་དགོས།