ཆང་སྐྱེས།
མི་གཙང་ཁ་དབུགས་རུལ་བའི་དུས་ཚིགས་འདི་ལ།།
བསླུ་བྲིད་རླུང་བུ་ནག་པོ་ཕྱོགས་སུ་ལྡང་སྟེ།།
མི་སེམས་རློན་པ་བདུད་ཀྱིས་དབང་དུ་བསྒྱུར་བས།།
ཡོད་ཚད་ཡིད་དུ་འོང་བའི་ཟོལ་གྱིས་ཁེངས་འདུག།
བདེན་ལུགས་རང་གི་ཕྱོགས་སུ་གཏུག་པའི་ཐབས་སུ།།
རྫུན་གྱི་ཞྭ་མོ་གཞན་གྱི་མགོ་ལ་གཡོག་སོང་།།
སེམས་ཀྱི་དབང་རྩ་འཁྲུག་པའི་མི་བུ་ཁ་ཁེར།།
སྒྱུ་མའི་གར་སྟེགས་སྟེང་ན་འཛུམ་གྱིས་ཕྱུག་འདུག།
སྣང་བ་རླུང་ལ་བཅིབས་པའི་ན་ཆུང་བུ་མོས།།
ཡིད་འཕྲོག་ལྷ་མོའི་ཡིད་སེམས་སྟོན་ཁུལ་བྱེད་ཞོར།།
བརྩེ་བའི་དུངས་བ་གཏོད་ས་མི་དམངས་ཤོག་སྒོར།།
བྲང་གི་སེམས་པ་གླན་ས་རྡོ་འཁྱག་སྐམ་པོ།།
དབུ་སྐྲ་ཕྲག་ཁར་དཔྱངས་པའི་སྟག་ཤར་གཞོན་ནུ།།
ཨུ་ཚུགས་ལྕགས་ལ་འཐིམ་པའི་གཡག་ཀོ་གྱོང་བོ།།
ཕྲག་དོག་ཁྲག་གིས་སྙལ་བའི་བཟི་ཁའི་བར་ན།།
སེམས་ཀྱི་བུ་ཆུང་ལང་ཤོར་ཐོལ་གྱིས་རྒས་འདུག།
སྙན་མོ་འགྱུར་ཁུགས་གསར་བའི་དབྱངས་རྟ་དབེན་ཞིང་།།
ཟབ་མོ་ཚིག་དོན་སོ་མའི་སྡེབ་སྦྱོར་མེད་པའི།།
རྡོ་ཆག་བཙན་བསྒྲིགས་ལྟ་བུའི་ཚིག་བཅད་འདི་ཉིད།།
ཝུ་ཆང་འཐུང་ཞོར་བར་ནས་ངང་གིས་ཤོར་ཐལ།།
བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > འཚམས་འདྲིའི་ཡི་གེ་རྫུན་མ་རེད་ཅེས་གསལ་བསྒྲགས་གནང་།
འཚམས་འདྲིའི་ཡི་གེ་རྫུན་མ་རེད་ཅེས་གསལ་བསྒྲགས་གནང་།
http://tibettimes.net/2019/04/24/177037/
་
https://www.facebook.com/da.tse.10/videos/10157305317713223/UzpfSTY5NjIwODIyMjoxMDE1NzMwNTMyMzM0MzIyMw/