ཆབ་མདོ་ངག་ཕུན་གྱིས།
༄༅། །སྔོན་སྐྱིད་མོ་ལུང་ཟེར་བའི་ལུང་པ་ཞིག་ཡོད་ཅིང་། ལུང་པ་དེར་གནས་སྡོད་བྱེད་མཁན་མི་ཚང་བཅོ་ལྔ་ཙམ་ལས་མེད་པ་རེད། ལུང་པ་དེར་གནས་པའི་མི་རྣམས་དཀར་པོའི་དགེ་བའི་ལས་ལ་བརྩོན་པ་དང་། ནག་པོའི་སྡིག་ལ་གང་ཐུབ་འཛེམས་པའི་ལུགས་སྲོལ་ཧ་ཅང་གི་བཟང་པོ་ཞིག་ཡོད། དེ་བཞིན་མི་རྒན་པ་རྣམས་ལ་གུས་ཞབས་དང་། ཆུང་བ་རྣམས་ལ་བྱམས་སྐྱོང་གནང་བའི་གོམས་སྲོལ་ཡང་ཅང་གི་ཡ་རབས་བཟང་སྤྱོད་ཁོ་ནར་འབད་བརྩོན་མཁན་གྱི་ལུང་པ་ཞིག་ཡིན་པ་རེད།
དེ་འདྲའི་ལུང་པ་དེར་ཉག་རྡོ་ཚང་ཟེར་བའི་ཁྱིམ་ཚང་ཞིག་ཡོད་པ་དང་། ཁྱིམ་ཚང་དེའི་ཕ་རྒན་ལ་ཕུན་རྡོ་ཟེར་ཞིང་། ཕུན་རྡོ་ནི་ཆུང་དུས་ཕ་མ་གཉིས་ཀྱིས་འདོད་མོས་ལྟར་གྲྭ་པ་བྱས་ཀྱང་རྐྱེན་ངན་བར་ཆད་དབང་གིས་ཆོས་མགོ་མ་ཐོན། དེ་ནས་རིམ་གྱིས་ཕ་མ་གཉིས་ཀྱིས་ཀ་གླིང་ཚང་གི་བུ་མོ་ཀ་མཚོ་དང་མནའ་མ་བསུས་ཏེ་གཉེན་སྒྲིག་བྱས་ཏེ་ཁྱིམ་ཚང་འཛིན་ནས་ཚོར་བ་རོལ་ནས་སྡོད་ཀྱི་ཡོད། ལུང་པ་དེའི་ཁྲིས་ལ་དགོན་པ་མེད་ཅིང་། གྲོང་མི་ཚོའི་ཞབས་བརྟན་འདྲ་བྱེད་དགོས་ཚེ་ཐག་རིང་ནས་གྲྭ་པ་གདན་འདྲེན་ཞུ་དགོས་མ་གཏོགས་ལུང་པ་དེར་གྲྭ་པ་མེད་ཅིང་། གློ་བུར་དུ་གྲྭ་པ་གདན་འདྲེན་ཞུ་དགོས་བྱུང་ན་དཀའ་ངལ་འཕྲད་ཀྱི་ཡོད།
དེ་ནས་དུས་ཡུན་རིང་པོ་མ་སོང་བའི་ཀ་མཚོ་ལ་མངའ་ཆགས་ནས་ཟླ་དུས་ཚང་རྗེས་བུ་མོ་ཞིག་བཙས། ཕུན་རྡོའི་སེམས་ནང་ལ་ཧ་ཅང་གི་དགའ་སྣང་དཔག་མེད་དུ་སྐྱེས་ནས་དུས་དེ་ནས་བཟུང་སྟེ་ཕུན་རྡོསབུ་མོ་གཉའ་བའི་སྒང་ལ་འཁུར་ནས་བྱམས་བརྩེའི་ངང་ནས་ལྟ་སྐྱོང་བྱེད་ཀྱི་ཡོད།
ཉིན་ཞིག་ཞོགས་པ་སྔ་པོ་ཕུན་རྡོ་ཉལ་ས་ནས་ལངས་ཏེ་རྟ་ལ་སྒ་ཆས་གཡོག་ནས་བླ་མ་མཇལ་བར་ཕྱིན། ཉིན་ཕྱེད་ཙམ་ལ་བླ་མ་བཞུགས་གནས་ལ་འབྱོར་བ་དང་། རྟ་ཕྱི་རོལ་གྱི་ཤིང་གདོང་ལ་བཏགས་ནས་བླ་མ་མཁྱེན་རབ་རྒྱ་མཚོ་མཇལ་དུ་ཕྱིན། བླ་མ་མཁྱེན་རབ་རྒྱ་མཚོས་ཕུན་རྡོ་མཐོང་བ་དང་། བླ་མས་ཞབས་ཕྱི་སྐད་བཏང་སྟེ་”ཕུན་རྡོ་ལ་ཇ་བླུགས་”ཞེས་བཀའ་གནང་། ཕུན་རྡོས་བླ་མའི་མདུན་དུ་ཕྱག་གསུམ་འཚལ།
དེ་ནས་བླ་མ་མཁྱེན་རབ་རྒྱ་མཚོས་”ཡ་ཡ་ཕུན་རྡོ་ལ་བདེ་མོ་ཨེ་ཡིན་”ཞེས་བཀའ་འདྲི་གནང་བ་དང་། ཕུན་རྡོས་གུས་ཞབས་དང་བཅས་ཏེ”བླ་མ་རིན་པོ་ཆེ་ལགས། བདག་གཙོས་ནང་མི་བདེ་པོ་ཡིན་ལགས། བདག་གི་བཟའ་ཟླ་ལ་བུ་མོ་ཞིག་སྐྱེས་སོང་ཞིང་། དེར་བརྟེན་བུ་མོ་ལ་མིང་ཞིག་གནང་རོགས་”ཞེས་ཞུ་བར་བཅར་བ་ཡིན་ཚུལ་ཞུས་རྗེས། བླ་མ་མཁྱེན་རབ་རྒྱ་མཚོས་”ཡ་ཡ་”ཞེས་གསུང་ནས་ཕྱག་ཏུ་སྟོང་སྐུད་དམར་པོ་ཞིག་ཏུ་མདུད་པ་གསུམ་བརྒྱབ་སྟེ་”འདི་བུ་མོའི་སྐེད་ལ་ཐོགས་དང་རྐྱེན་ངན་བར་ཆད་སེལ་བར་ཕན། བུ་མོའི་མིང་ལ་”སྒྲོན་མཚོ་ལྷ་མོ་”ཐོགས་་”ཞེས་གསུང་བ་དང་། ཕུན་རྡོས་”བདག་གི་བླ་མ་རིན་པོ་ཆེ་བཀའ་དྲིན་ཆེ་ལགས་”ཞེས་ཞུས་ནས་ཐོན་ཕྱག་འཚལ་ནས་ཕྱི་ལོག་ནས་རྟ་བཞོན་ནས་ནང་ལ་ལོག་ཡོང་ཞིང་།
དུས་དེ་ནས་བཟུང་སྟེ་བུ་མོའི་མིང་ལ་”སྒྲོན་མཚོ་ལྷ་མོ་”ཞེས་ཐོགས་པ་རེད། ཕུན་རྡོ་ནི་དེ་སྔོན་གྲྭ་པ་བྱེད་མྱོང་བ་སོང་ཙམ་འདོན་ཀློག་ལ་ཧ་ཅང་གི་ཡག་པོ་ཡོད་པས། སྐབས་རེ་གྲོང་མི་ཚོས་བརྒྱད་སྟོང་པ་དང་། གཟུངས་བསྡུས། མདོ་སྡེ་བསྐལ་བཟང་སོགས་ཀློག་པར་སྐད་བཏང་གི་ཡོད་པ་རེད། ཕུན་རྡོས་ངས་ཀློག་ཐུབ་ཀྱི་མ་རེད་ག་ཚད་ལབ་ཀྱང་གྲོང་མི་རྣམས་ཀྱིས་ཨུ་ཚུགས་རྒྱབ་ཀྱི་ཡོད་པའི་དབང་གིས་ཆོས་ཀློག་ལ་འགྲོ་དགོས་ཐུག་གི་ཡོད། ཕུན་རྡོ་ཆོས་ཀློག་དུས་སྤུས་དག་པོ་བཀླགས་ཀྱི་ཡོད་པས། རིམ་གྱིས་ལུང་པའི་སྟོད་སྨད་ལ་ཕུན་རྡོའི་འདོན་ཀློག་ལ་སྐད་གྲགས་ཡོད་པར་གྱུར།
ཉིན་ཞིག་ཕུན་རྡོའི་ནང་མི་གསུམ་ས་གནས་གཞན་ལ་གནས་མཇལ་ལ་ཡོང་ཞིང་། དེར་ཙོང་ཁ་པའི་སྐུ་བརྙན་ཆེན་པོ་སྦྱིན་ཅན་ཞིག་བཞེངས་ཡོད་ཅིང་། དེ་མཇལ་བར་ས་ཐག་རིང་པོ་ནས་མི་མང་པོ་ཞིག་ངལ་བ་ལྷོད་མེད་ཀྱི་ཡོང་གི་ཡོད། སྐུ་བརྙན་དེའི་གཤམ་ལ་”ཤར་ཙོང་ཁ་པ་ཆེན་པོ་”ཞེས་བྲིས་ཡོད་ཅིང་། ལུང་པ་གཞན་ནས་ཡོང་བའི་ཕོ་གཞོན་དར་མ་ཞིག་དེའི་ཁྲིས་ལ་ལངས་ནས་”དེ་འདྲའི་ཡིག་གཟུགས་སྤུས་དག་པ་ལ་ཨང་”ཞེས་ཡིད་སྨོན་སྐྱེས་ཏེ་དེ་ལྟར་སྨྲས། ཁོས་མཉམ་དུ་མི་མང་པོ་ཡོད་པ་དང་། ཕོ་གཞོན་དེའི་མིང་ལ་ལྷག་བསམ་ཟེར་ཞིང་། ཁོ་ཚོའི་ནང་ནས་ཡི་གེ་ཀློག་འདོན་ཡག་ཤོས་ཤིག་ལ་བརྩི་འཇོག་བྱེད་ཀྱི་ཡོད།
ལྷག་བསམ་མཉམ་དུ་ཡོད་པའི་རོགས་པ་དེས་སྐུ་བརྙན་གཤམ་གྱི་ཡི་གེ་དེ་ཀློག་ཨེ་ཐུབ་ཐེངས་འགའ་ཤས་བྱས་ཀྱང་གཏན་ནས་ཡག་པོ་ཞིག་ཀློག་མ་ཐུབ་པས། མཐར་ལྷག་བསམ་གྱི་ཁྲིས་ལ་ཡོང་ནས་སྐུ་བརྙན་འདིའི་གཤམ་གྱི་ཡི་གེར་གང་བྲིས་འདུག་ཅེས་ལབ་པ་དང་། ལྷག་བསམ་གྱིས་སྣང་མེད་ཀྱིས་ཚུལ་དུ་”ཤར་ཙོང་”ཞེས་ཆ་དང་། “ཁ་པ་ཆེན་པོ་”ཞེས་ཆ་ཆ་བྱས་ནས་བཀླགས། སྐབས་དེར་དེའི་ཁྲིས་ལ་ཕུན་རྡོ་ཡོད་ཅིང་། མི་དེས་ཀློག་སྟངས་ཕུན་རྡོས་གོ་བ་དང་རང་དབང་མེད་པར་དགད་མོ་ཤོར་བས། མི་དེས་”ཡ་ཨ་རོགས་ངས་ཀློག་སྟངས་མ་འགྲིགས་པ་གང་ཞིག་བྱུང་སོང་”ཞེས་བྲིས། ཕུན་རྡོས་”ཀློག་སྟངས་དེ་འདྲ་མ་རེད། དེ་འདྲ་བྱས་ནས་བཀླགས་ན་ཅི་ཡང་གོ་རྒྱུ་མེད། “ཤར་”ཞེས་ཡ་དང་། “ཙོང་ཁ་པ་”ཞེས་ཆ་དང་ཡ། “ཆེན་པོ་”ཞེས་ཆ་བྱས་ནས་”ཤར་ཙོང་ཁ་པ་ཆེན་པོ་”ཞེས་བཀླགས་དགོས་པ་རེད་ཅེས་ལབ་པ་དང་། གཞི་ནས་ལྷག་བསམ་གྱི་ཀློག་སྟངས་ནོར་བ་ཤེས་རྗེས་དུས་དེ་ནས་བཟུང་སྟེ་གང་འདྲ་ཞིག་ཡིན་ན་སྣང་ཆུང་གཏན་ནས་བྱེད་རྒྱུ་མི་འདུག་སྙམ་པའི་བསླབ་བྱ་བཟང་པོ་ཞིག་སེམས་རྒྱུད་ལ་རགས་པ་རེད་དོ། །
མཆན། གོང་གི་ཁ་མཚར་འདི་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༩ ཉིན་གྱི་ཆོ་འཕྲུལ་སྨོན་ལམ་དུས་ཆེན་ཉིན་རང་ཤག་ཏུ་བྲིས་པ་ཞིག་ཀྱང་ཡིན་ནོ།
ཤར་ ཙང་ཁ་ ཆེན་པོ།
དེ་རིང་ཁ་བརྡའི་ནང་ལ།
ཆབ་མདོ་ངག་ཕུན་ལགས་ཀྱིས།
ཤར་ཙོང་ ཁང་པ་ ཆེན་པོའི།
དུད་ཀློག་ནོར་སྟངས་བསྟན་འདུག
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གཏོང་ཡིག་ནང་།
་
༡༽ང་ན་ཚྭ་མེད་གཡག་རྔ་དཀར་ཤི
་
བར་སྟོང་གིས་ཀློག་ནོར་སེལ་སྟངས།
་
༢༽ང་ ན་ཚྭ་མེད་ གཡག་ རྔ༼རྔ་མ་དཀར་པོ་༽ཀར་ ཤི
་
ཀློག་ནོར།
༣༽ང་ན་ ཚྭ་མེད་ གཡག་ རྔ་ཀར་ཤི
་
བྲིས་ནོར།
༤༽ང་ན་ ཚྭ་མེད་ གཡག་ ལྔ་ཀར་ ཤི
་
སྔར་བུས་གཡག་གཅིག་རྔ་མ་དཀར་པོ་ཡོད་པའི་ཁྱོན་སྡོམ་གཡག་ལྔ་འཁྲིད་ནས་བྱང་དུ་ཚྭ་ལེན་ས་ནས།བཏང་བའི་བོད་ཡིག་གཏོང་མཁན་གྱིས་འབྲི་སྟངས་ནོར་བའམ། ཀློག་མཁན་གྱིས་ཀློག་སྟངས་ནོར་སྲིད་པའི་སྒྲུང་དེ་དྲན་བྱུང་།
ཤར་ཙོང་ཁ་ཆེན་པོ།
ལ།
ཤར་ ཙོང་ཁ་ ཆེན་པོ།
དང་།
ཕོ་བྲང་ཆེན་པོ་པོ་ཏ་ལ།
ལ།
ཕོ་ བྲང་ཆེན་ པོ་པོ་ ཏ་ལ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བར་བཞག་ན་ནོར་མི་སྲིད་སྟངསགནི།
ཕོ་བྲང་ ཆེན་པོ་ པོ་ཏ་ལ།
ཧ་ཧ། ཨེ་མ་ཧོ། བར་སྟོང་ལ་སྐྱབས་སུ་མཆིའོ།། །།
ཤར་ཙོང་ཁ་པ་ཆེན་པོ།
ལ།
ཤར་ཙོང་ ཁ་པ་ ཆེན་པོ།
་
ཤར་ཙོང་ ཁང་པ་ཆེན་པོ།
་
ང་མེད་པས་་་་་་་
དགོངས་དག དོན་དག་ཧ་གོ་མ་སོང་།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་སྙན་སྒྲོན་པ་ཞིག་གིས་རྒྱུན་ཏུ་ རྗེ་ཙོང་ ཁ་པ་ ཆེན་པོ། ཞེས་ཀློག་གིན་འདུག ཧ་ཧ་ཧ
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་མི་ཞིག་གིས་བོད་སྐད་ལ་་”བོད་ཞེས་ཡར་ལ་བཅད་”སྐད་ཞེས་མར་ལ་བཅད་ནས་ཀློག་གི་འདུག་
ཀློག་ལས་དཀའ་བ།
ཡེ་གེ་ཀློག་སྟངས་ནོར་བ།
ཀློག་ ལས་ སླ་ཝ།
ཡེ་གེ་ ཀློག་སྟངས་ ནོར་བ།
རྩེ..ཕོ་་བྲང་ཆེན་་་པོ་པོ་་ཏ་ལ།
རྩེ་ཕོ་་་བྲང་ཆེན་་་པོ་པོ་་་ཏ་ལ།
རྩེ་ཕོ་བྲང་་་ཆེན་པོ་་་པོ་ཏ་ལ།
ལྷག་བསམ”ཧེ་ཧེ་ཧེ། པ་བྲིས་འདུག་ཀ ཙོང་ཁ་ཞེས་བཀློག་དགོས་ན། དེའི་སྟེང་ལ་བདག་སྒྲ་བསྣན་ན་ཡ་ཡིན་པས་བ་འབྲི་མི་དགོས་སམ། གང་ཡན་ཟེར་ན། བདག་སྒྲ་ཡར་གྱུར་བ་དང་ནི།།ཆ་ལ་པ་ཉིད་སྦྱོར་བ་ལེགས།།ཞེས་གསུང་ཡོད་པ་མ་ཡིན་ནམ།”ཞེས་ལབ་པར། ཕུན་རྡོ་ན་རེད།