སྐྱོ་བྲག་དགའ་དབང་།
ཁྱུང་པོ་བདེན་འཚོལ་མཆོག་གིས། ཁ་ཚ་དགོས་གཏུགས་ཀྱི་དྲི་བ།
དད་ལྡན་གྱི་མི་དམངས་ཚོས། འདི་ཕྱིའི་སྡུག་བསྔལ་ལས་གྲོལ་བར་འདོད་དེ། འདི་བདེ་ཕྱི་སྐྱིད་ཀྱི་རེ་བ་བཅོལ་ཏེ། ཁྲག་དང་དངུལ་ཆུ་ལས་གྲུབ་པའི་སྒོར་རྡོག་རེ་རེ། ཕྱོགས་འཐེན་ཆགས་སྡང་གི་ལོ་རེ་བཞིན། སྙོག་འཛིང་ཆེ་བའི་ཟླ་རེ་བཞིན། འཐབ་རྩོད་འབར་བའི་ཉིན་རེ་བཞིན། ཕྱི་མཛེས་ནང་རུལ་གྱི་འུ་ཅག་ལ་ཕུལ་ཡང་། མགོ་རིལ་ང་ལ་ནི། གཞན་བདེ་ལ་འགོད་པའི་ནུས་མཐུ་གཏན་ནས་མེད་པས། མགོ་སྐོར་ལས་མ་འདས། བསམ་ཞིང་བསམ་ན་སྙིང་རླུང་གི་གཞི་མ་རེད་འདུག གྲོགས་པོ་ཚོ་ལམ་སྟོན་ཞིག་གནོངས་དང་། གྱོན་པ་དམར་པོའི་ཐུ་འོག་ནས། རང་ཁ་རང་གསོ་ཡི་ལམ་ཁ་ལ་འགྲོ་དགོས་ན། གཙང་མ་གཙང་རྐྱང་གི་འཚོ་བ་ཞིག་རོལ་དགོས་ན། ཐབས་ལམ་གང་འདྲ་ཞིག་ལ་བརྟེན་དགོས་་་་་་་་་་།
ཞེས་གནང་འདུག་པའི་ལན། སྤྱིར་ཁོང་ནི་བླ་མའི་བཀའ་ལུང་གི་ལ་ཉེ་ལ་བརྟེན་ནས་དགོན་སྡེའི་ཚོགས་དབུས་ཀྱི་ཁྲི་ལ་བསླེབས་ཏེ་བོད་ཀྱི་གཞུང་རིག་ལ་སྦྱངས་པ་མི་དམན་པ་བྱས་པས་ལེགས་ཉེས་དབྱེ་འབྱེད་ཀྱི་བློ་མིག་ཐོབ་པའི་ན་གཞོན་ཞིག་ཡིན། ཁོང་གིས་གཞན་པའི་དམིགས་རེ་དང་། རང་གི་གནས་བབ་ལ་དཔྱད་གཞིག་གིས་ཉེས་པ་མེད་པའི་ལམ་བཟང་ཞིག་ཏུ་བསྐྱོད་འདོད་པ་ནི་ཡར་རྒྱས་ཀྱི་འགག་རྩ་ཟིན་པ་ཡིན་པས་རྗེས་སུ་ཡི་རང་ཞུ་འོས།
དད་ལྡན་མི་དམངས་རྣམས་ཀྱིས་འདི་ཕྱིའི་བདེ་སྐྱིད་འཐོབ་ཆེད་བཀུར་བསྟི་རིམ་གྲོ་བྱེད་པ་བདེན་ནའང་། རེ་བ་བྱས་པ་ཆ་ཚང་ཞིག་འགྲུབ་ཏུ་མེད་པ་ནི། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང༌། །འགྲོ་བའི་གནོད་པ་ཕྱག་གིས་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ནུས། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་པའི་ལུང་འདིས་ཀྱང་གསལ་ཡོད།
འོན་ཏེ་དད་ལྡན་མི་དམངས་ཚོའི་རང་སྲོག་ལས་གཅེས་པའི་ཆོས་རིག་རྒྱུན་སྐྱོང་ཐུབ་ཐབས་ལ་ལུགས་དང་མཐུན་པའི་སྒོ་ནས་འབད་ན། དོན་དངོས་ཀྱི་ཨ་མའི་ནུ་རིན་དང་། མི་དམངས་ཀྱི་དཀོར་རིན་འཇལ་བ་ཡིན་པ་ཤེས་དགོས་ཏེ། ཁོ་ཚོས་ཆེ་ཐང་དུ་བཀུར་བའི་དམིགས་ཡུལ་གཙོ་བོ་ནི་དེ་ཡིན་པས་སོ། །
གལ་ཏེ་ལེགས་ཉེས་ཀྱི་གནད་འགག་གཙོ་བོའི་ཉམས་མྱོང་དག་མ་ཐོབ་པའི་བློ་སྣས་ལམ་གཞན་ཞིག་ཏུ་ངེས་པར་དུ་བསྐྱོད་འདོད་ཡོད་ན་སློབ་གྲྭའི་དགེ་རྒན་དུ་ཁ་ཕྱོགས་བསྒྱུར་ན་ལེགས། གཞན་ལ་ཕན་ཐོགས་ཤིང་རང་གི་ལྟོ་གོས་འཛོམས་ཡོང་ལ། ཆོས་རིག་རྒྱུན་གནས་ལ་ཡང་ཕན་གྱི་ཡོད་དེ། གནམ་བདག་ཆོས་ལུགས་པ་དང་། བོད་པའི་གྲྭ་བཙུན་ལས་ཟུར་མང་པོས་དགེ་རྒན་གྱི་ལས་ཀས་བྱ་བ་རླབས་ཆེན་བསྒྲུབས་པ་དག་ལ་གཟིགས་ན། རང་ཁ་རང་གསོ་དང་གཙང་མ་གཙང་རྐྱང་གི་འཚོ་བའི་ལམ་ཞིག་སྟོན་བཞིན་ཡོད། མདོར་ན་རང་ཁ་རང་གསོ་དང་གཙང་མ་གཙང་རྐྱང་གི་འཚོ་བའི་ལམ་ཡང་དག་ཆེས་མང་བས་གང་འདོད་གདམ་ང་ཆོག་པ་ལས་ཉམ་ཉེས་པའི་གཡང་ས་ཞིག་ཏུ་སྨྱོ་མཆོང་དགོས་པ་མེད་དོ། །
དཀོར་ཟས་ལ་སྐྲག་ན་ཚུལ་མཐུན་གྱིས་ལས་ལ་ཞུགས་ཏེ་རང་ཁ་གསོ། དེ་མིན་ཁྱོད་ལ་དཀོར་ཟས་ཟ་བའི་ནུས་པ་མེད་ཀྱང་ཐམས་ཅད་ཁྱོད་ལྟར་གང་ལ་ཡིན་དགོས། མ་མཐོང་ཕྱིར་ན་མེད་པ་མིན། །གསུང་པ་ལྟར་གཞན་སྐྱེས་ཆེན་དམ་པ་མང་པོ་ཡོད་སྲིད་པ་རེད།
དཀོར་ཟས་ཀྱི་དོན་ཅི་ཡིན་ནམ།
ཟས་ཐམས་ཅད་དཀོར་ཟས་སུ་མི་འགྱུར།
དེ་ཡང་དཀོར་སྦྱང་བྱེད་སྲོལ་ཡོད།
མ་གཞི་མི་རང་ཉིད་ཀྱི་རྒྱུད་ལ་བསླབ་སྡོམ་གཙང་མ་ཞིག་དགོས་ངེས་ཡིན། དེ་མེད་ན་དཀོར་ནག་འདི་སྦྱངས་དཀའ། རྐུན་པོའི་ཚུལ་གྱི་གནས་པ་ཡིན་ན་དཔེ་མི་སྲིད་པའི་སྐྱོ་བོ་རེད། ཁྱད་པར་དུ་དགེ་འདུན་གྱི་དཀོར་རྫས་ལ་ལོངས་སྤྱད་ན་ག་ལ་རུང་། དེ་མིན་ན་མནབ་བཟའ་ཡག་པོ་ཞིག་གྱོན་པས་ཀྱང་ཉིན་རེའི་དཀོར་སྦྱང་བྱེད་ཐུབ་པར་མཁས་པ་སྔ་མ་དག་གི་གསུངས་རྒྱུན་ཡོད། དཀོར་ལ་ལོངས་སྤྱོད་སྟངས་ལ་གཞུང་ན་མི་འདྲ་འགའ་ཤེས་ཡོད་པས་མཁྱེད་ཡོད་ངེས་རེད། ལྷ་ལ་དམིགས་པ་དང་སྦྱིན་བསྲེགས་ཀྱི་ཚུལ་གྱིས་མཆོད་ཀྱང་འོས། སྤྱིར་ན་གཞན་གྱིས་རྫས་ཕུལ་བ་ཐམས་ཅད་དཀོར་ག་ལ་ཡིན། དཔེར་ན་མི་ཞིག་གིས་སྒྲོལ་མ་འདོན་རོགས་ཟེར་ནས་སྒོར་བརྒྱ་ཕུལ་བ་ཡིན་ན་རང་གིས་ཀྱང་སྦྱིན་བདག་གིས་ལབ་པ་བཞིན་སྒྲོལ་མ་ཏག་ཏག་འདོན་དགོས་པ་དེ་གལ་ཆེན་པོ་རེད། དེ་ལྟར་བཏོན་པ་ཡིན་ན་རང་ལ་ཉེས་པ་གང་ཡང་འབྱུང་མི་སྲིད། གང་ཡིན་ཟེར་ན་ཚོང་ཅིག་ཡིན་པའི་དབང་དུ་བཏང་ཡང་ཏག་ཏག་འགྲིག་ཡོད་རེད། བདག་གཞན་གཉིས་ཕན་རེད། གྲྭ་བའི་ལས་ཀ་ནི་ཡོན་སྦྱང་བ་དེ་རེད། དེ་འདྲ་ལ་བརྟེན་ནས་སྦྱིན་བདག་གི་ཚོགས་བསོག་ཏུ་འཇུག་རྒྱུ་དེ་རེད། དེ་འདྲ་མིན་པར་རང་ཉིད་གཅིག་པུས་ག་གེ་མོ་ཞིག་ཏུ་སོང་ནས་དངུལ་བསགས་ཀྱང་གཅིག་པ་རེད། ཞིང་ལས་ནི་མི་བྱེད། ཕྱུག་ལས་ཀྱང་མི་བྱེད། བྱས་ཀྱང་ཉེས་པ་ཀུན་གྱི་སྒོ་རེད། མ་མཐའ་ཡང་གཞན་གྱི་གདན་ཐོག་ནས་བདག་གིས་སྒྲིབ་པ་སྦྱང་བ་ལ་ངེས་པར་དུ་འབད་དགོས་སྙམ། རང་རྒྱུད་ན་ཚུལ་ཁྲིམས་གཙང་མ་ཞིག་ཡོད་ན་དཀོན་ཟས་ཙམ་གྱིས་ཅི་ཡང་མི་གནོད་པ་འདི་ཡང་ཤེས་དགོས། རྐུན་འཕྲོག་མ་ཡིན་པའི་ཟས་ན་ལོངས་སྤྱོད་ལ་ཡུལ་དུས་གནས་སྐབས་ཀུན་དང་མཐུན་ལ་གཞན་གང་ལ་ཡང་གནོད་མི་སྲིད་སྙམ། དེ་འདྲ་མ་བྱས་ན་དེང་སང་གི་གྲྭ་བ་འགའ་ཤས་ལ་ཚོང་བ་ཆེན་པོའི་སྦྱིན་བདག་རེག་ན་མ་གཏོངས་མི་ཚང་ཉམ་ཆུང་གི་ཞབས་བརྟན་དང་མི་ཤི་སོགས་ལ་སྨོན་ལམ་སོགས་ལ་འགྲོ་མི་འདོད་པ་འདྲ། དེ་འདྲ་བྱས་ན་གྲྭ་བས་མི་དམངས་ལ་ཕན་མ་ཐོག་པ་རེད། ཕན་མི་ཐོག་པའི་གྲྭ་བ་དེ་ཚོ་ག་ལེ་ག་ལེ་སྤྱི་ཚོགས་ཀྱི་མིག་ནང་ནས་ཡལ་འགྲོ་བའི་ཉེན་ཁ་ཡོད། བོད་ལ་གཏམ་དཔེ་ཞིག་ཡོད། དགོན་པ་དགོན་ནས་བསྡད་ཀྱང་གསོལ་སྙོམས་གྲོང་ནས་ལེན་ཟེར། དེ་མ་འགྲིག་པ་གང་ཡང་ཡོད་མ་རེད། དེས་གཞན་ལ་ཕན་ཐོག་ཡོད་རེད། གྲོང་བ་ཚོར་གྲྭ་བ་དགོས་པ་ནང་བཞིན་གྲྭ་བ་ཚོས་ཡང་གྲོང་བ་དགོས་པ་འདི་ཤེས་དགོས། དེ་འདྲ་ཡིན་ན་གཅིག་ལ་གཅིག་གྲོགས་ཀྱིས་ཚུལ་གྱིས་མཉམ་གནས་བྱེད་པ་འདི་གལ་ཆེན་པོ་རེད། རི་མགོ་ཞིག་ལ་སོང་ནས་ཟོག་ནང་བཞིན་རྩྭ་་ཟོས་ལྕི་བ་བཏང་ནས་འདུག་མི་ཐུབ་ལ། ཐུབ་ཀྱང་ཕན་མི་ཐོག་་་དེ་ནི་རང་དོན་ཡིད་བྱེད་ཙམ་ཞིག་རེད། ཆོས་བ་ཞིག་གིས་ངོས་ནས་བཤད་ན་ཅོལ་ཆུང་རེད། བྱབ་ཆུང་ཡང་རེད།
དཀོར་ཧ་ལའི་དུག་གི་སྡོང་པོ་འདི། །
བག་མེད་དུ་ཟ་བའི་དྲེད་པོ་ཁྱོད། །
ལོ་བྱེ་བ་འབུམ་ཕྲག་སྟོང་གི་བར། །
ཟངས་ཞུན་གྱི་ཁུ་བ་འཐུང་ནུས་སམ། །
ཆུང་དུས་ངའི་དགེ་རྒན་ཚང་གིས་ཡང་ཡང་སྐྱོར་བའི་ཚིག རྗེས་སུ་དེ་གུང་ཐང་ཚང་གིས་གསུངས་པ་མཐོང་།
བག་མེད་དུ་ཟ་བའི་དྲེད་པོ་ཁྱོད།
ཟེར
མདོ་ལས་ལོག་པས་ལོག་པར་འཆོ་བར་མི་བྱ།
གསུངས་སོ།
འཚོ་
བཅོས
དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟ་ཆེ་ན་ཐར་པའི་སྲོག་རྩ་གཅོད། སེམས་པ་རྣམ་དག་ནས་ཐུགས་སྨོན་དང་བསྔོ་སྨོན་རང་གིས་ཁ་འདོན་གང་མང་གནང་ནས་བསྔོ་ན་མི་འགྲིགས་སམ།
དཀོར་ནག་པོ་གྲྭ་པས་མ་ཟས་ན།།
དེ་ཟ་བའི་ཐོབ་ཐང་སུ་ལ་ཡོད།།
སེམས་དག་པའི་བསྔོ་སྨོན་རྣལ་མ་ཞིག།
དེ་འདོན་ན་གཤིན་རྗེར་སྐྲགས་དགོས་མེད།།