ཁྲོ་གཏུམ།
ཨོ་གླིང་གི་བོད་དང་བོད་ཡིག བཙན་པོའི་གདུང་རྒྱུད་ས་མཐར་ཆས་པའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་སྟངས་སྟབས།
ཉིན་དཀར་ཉི་ཐིག་འཕྲོ་ས། མཚན་མོར་ཟླ་འོད་ཕོག་ས། གཉིད་རན་པའི་བྱིས་པ་དག་གི་ཕ་མས་ཁ་ཚུབ་ལས་མཐོང་བའི་ སྐར་མ་རྩི་ཞིང་། སྐར་མ་སྐེ་འཁྱོག སྨིན་དྲུག སྐར་མ་སྨེ་བདུན། སྐར་མ་ཨ་བརྟན་སོགས་དང་འབྲེལ་སྟེ་གནའ་སྒྲུང་གི་ཞིང་ལ་འཁྲིད་ས།
སྦྲ་ནག་ནི་ཁང་སྐྱ་ལེབ་མ་དར་བའི་གོང་གི་མེས་པོའི་བློ་རྩལ་ལས་ཐོན་པའི་བོད་ཀྱི་ཆེས་ཐོག་མའི་གཞིས་ཁྱིམ་གྲུབ་ས་དང་། ཁྱིམ་གཞིས་འདིའི་གོ་ཁ་ནས་བོད་སྐད་ཀྱི་རྨང་གཞི་འཕེལ་ཞིང་། ཕ་མ་གཉིས་ཀྱིས་ལས་ཀའི་བྲེལ་འཚུབ་བར་ནས་རང་གི་བུ་ཕྲུག་རྣམས་ལ་ལྷ་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་འཆད་པའི་གོ་སྐབས་ཡག་ཤོས་ནི། དགོང་ཚ་འཐུང་ཚར་རྗེས་བྱིས་པར་གཉིད་འགུག་ཞོར་མཚར་སྒྲུང་གང་མང་ཞིག་གིས་གཉིད་ཀྱི་ཞིང་ཁམས་སུ་འཁྲིད་ཆེད། སྐབས་རེར་ཁ་ཚུབ་ལས་མཐོང་བའི་ནམ་མཁའི་དབྱིངས་སུ་སྐར་མ་ཁྲ་ལམ་མེར་ཡོད་པའི་གྲས་སུ་གང་ཞིག་ནི་སྐར་མའི་རྒྱལ་བོ་ཡིན་པ། ཡང་ན་སྐར་མདའ་རྒྱུགས་པའི་ཤུད་ལམ། ཟླ་བའི་ཚེས་རིས་རྭ་ཅོ་འདྲ་བ། ཟླ་འཛིན་གྱི་གཏམ་རྒྱུད། བཅོ་ལྔའི་ཟླ་བའི་ལང་ཚོ་དང་དེའི་ནང་གི་རི་བོང་། གནམ་གྱི་དགུ་ཚིགས། ཁ་ཚུབ་ལས་མཐོང་བའི་ཤེས་བྱ་གང་མང་ཞིག་ཁྱོད་ཀྱི་ཕ་མའི་ངག་རྒྱུན་ལས་བྱུང་བའི་བོད་སྐད་ཀྱི་གཞི་གྲུབ་ས་དང་བསམ་བློའི་གོ་རིམ། བསམ་གཞིགས་ཀྱི་འདུ་ཤེས། བློ་གྲོས་ཀྱི་ཐེའུ་འཛུམ་པའི་སྦྲང་ཆར་བསིལ་མ་ཞིག་ཡིན།
ཁྲོན་པའི་ནང་གི་རུས་སྦལ་ངས་ ༼ཁ་ཚུབ༽་ཟེར་བའི་ཐ་སྙད་འདི་ད་བར་དུ་གོ་མ་མྱོང་ལ། མཐོང་ཡང་མྱོང་མི་འདུག
ཁྲོ་གཏུམ་ལགས
༼ཁ་ཚུབ༽་ཀྱི་ནང་དོན་མི་གོ་ཡང་། ཁ་ཚུབ་ཚགས་པར་ཐོན་པར་བཀྲ་ཤིས་བདེ་ལེགས་ཞུ།
ཁ་སང་ཤེད་བུ་ལགས་ཀྱིས་ཀྱང་ཚགས་པར་ཡིན་ན། དུས་དེབ་ཡིན་ན་ཅིག་འདོན་ཀྱིན་ཡོད། རིན་མེད་མིན། ཚོང་འགྲེམས་བྱེད་ཀི་ཡོད་ཟེར།
ཁྱེད་ཅག་ན་རོ་གླིང་གི་བོད་པ་ཚོ་སེར་སྣ་ཆེ་བ་ལ། ངེད་ཅག་ཨ་རི་བོད་པའི་༼ཁ་བརྡ་༽ལ་ཁ་མིག་ཡར་བལྟ་བྱས་ནས་ ཁ་དྲོ་༼ཁ་ཚུབ༽་ཀྱང་དྲ་རྒྱའི་དུས་རབས་འདིར་དྲ་ལམ་ནས་བཏོན ་ན་མི་ཆོག་གམ།
༄། བཀྲ་ཤིས་བདེ་ལེགས་ཁྲི་འབུམ་ཞུ།
སྦྲ་ཡི་དུ་བ་འགྲོ་སའི་དཀར་ཁུང་གཡོག་བྱེད་ལ་༼ཁ་ཚུབ༽ ཟེར་ཞིང་། མཚན་མོ་ཉལ་ས་ནས་ཁ་ཚུབ་ལས་མཐོང་བའི་སྐར་མར་བལྟས་ཕ་མ་ཚོས་བུ་གུ་སྒྲུང་ཤོད་སྲོལ་འབྲོག་པ་ཚོ་མང་ནི་རེད།