བློ་གྲོས་རབ་བརྟན།
—-ནེའུ་ཡོག་རང་བཙན་ཚོགས་འདུ་ཟེར་བར་རྩེད་མཚར་དུ་བསྲིངས་པ།
ཁ་ཡོད་ལག་མེད་ཚོ། རང་བཙན་སྒྲོག་རོགས། རང་བཙན་རྩོད་མཁན་མེད་ནའང་སྒྲོག་ནི་རེ་ཡོད་ན་ལོས་ཆོག རྩོད་མི་ཐུབ་ནའང་སྒྲོག་ལོས་ཐུབ། ཚོགས་འདུ་རེ་ཡང་འཚོགས་ལོས་ཐུབ། དགྲ་མེད་ས་དང་ཁ་གཏད་མེད་ས་ན་ཁ་ལ་ཤོང་ཚད་ཤོད་དང་། ཁུ་ཚུར་བསྡམས་ནས་ཤོད་དང་། མིག་ལོག་ཅེར་ནས། བརྣག་སེམས་གནོད་སེམས་ཀྱིས་རང་བཙན་སྒྲོག་དང་། ཅི་ཞིག་ལ་དམིགས་ཡོད། གང་ཞིག་གི་ཆེད་ཡིན་པ་སྒྲོག་མཁན་ཚོ་ལས་སྟོན་ཡོང་གིན་འདུག
འདས་པའི་མི་ཆེན་ཚོ་ཡང་ཁྲིད་ཤོག ཅི་ཡིན་འདི་ཡིན་མེད་པར་ཁྲིད་ཤོག རང་གི་འདོད་འདུན་ཞིག་གི་ཆེད་དུ་ཁྲིད་ཤོག ས་གཞི་སྒུལ་བའི་སྐྱེས་ཆེན་ཞིག་གི་ཁ་གཏད་དུ་ཁྲིད་ཤོག མི་རིགས་ཤིག་གི་བདེ་སྡུག་ལ་འགན་ལེན་པའི་སྒྲིག་འཛུགས་ཤིག་གི་གཤེད་དུ་ཁྲིད་ཤོག ད་ལྟ་བས་མིག་ལམ་ན་ཁྱོད་ཅག་མེད་ན། འདས་པ་འགའ་ཁྲིད་དེ་ངོམ་རོགས། འདས་བོ་འགའ་གནམ་ལ་བཏེགས་ཏེ་ད་ལྟའི་སྐྱེས་བུ་ཁོང་ལ་ཕྲན་བུ་ཟུར་ཟ་རེ་དང་དམའ་འབེབས་རེའི་དོད་དུ་བཙན་གྱིས་ཁྲིད་ཤོག
སེམས་ལ་དཀར་ཐིགས་ཤིག་མེད་ན། མི་རིགས་ལ་མདང་བརྩེ་མེད་ན། གཞིས་ཀྱི་སྤུན་ཟླ་ཚོའི་བདེ་སྡུག་ལ་བསམ་བློ་མི་གཏོང་ན། ད་དུང་གཞིས་ཀྱི་དཔའ་རྒོད་ཚོའི་ཚེ་སྲོག་གི་མཆོད་མེ་ཡང་། རང་གི་དགོས་མཁོ་ཞིག་གི་ཆེད་དུ། ལངས་ཕྱོགས་མིན་པའི་རང་ལངས་ཕྱོགས་ཤིག་གི་མཐུན་གྲོགས་སུ་ཨུ་ཚུགས་ཀྱིས་སྦྱར་བཞིན། འགྲེལ་ལོག་ཁ་ལ་འགྲེལ་ལོག་གི་ཁ་སྣོན་འབྲི་བཞིན། རང་བཙན་རྩོད་ལ་ལྷག་བསམ་དང་སྙིང་གི་སྟོབས་ཞན་ཡང་། རང་བཙན་ཞེས་འབྲུ་གཉིས་པོ་སྒྲོག་ལ་ཁ་ཤེད་ཆེ་ཞིང་ཁུ་ཚུར་དམ། ཁུ་ཚུར་གྱིས་སུའི་མགོ་ལ་བརྡུང་རྩིས་ཡིན།
བལྟས་ཀྱིན་བལྟས་ཀྱིན་སྤྱི་ཚོགས་དཀྲུགས་པ་ལ་ང་ཡིན་ཁྱོད་ཡིན་ཚོ་འཛོམས་པའི་ཟོལ་འདྲ་བོ། བསམས་བཞིན་བསམས་ན་མདོ་སྟོད་ཀྱི་མི་བུ་ཁ་ཐུར་འཁོར་ཚོ་འདུས་པའི་ཟོལ་འདྲ་བོ། དཔྱད་ཀྱང་དཔྱད་ན་བོད་པའི་སྤྱི་ཚོགས་སུ་ཁ་ལས་མ་དགེ་བ་ཚོ་ཚོགས་བསྡད་པའི་ཟོལ་འདྲ་བོ། དེ་མིན་ན་འགན་ཁྲིད་མེད་ཀྱང་ལས་དོན་མི་འཁྱོངས་པ་ཚོ་འུར་འཛོམས་བྱས་པའི་ཟོལ་འདྲ་བོ།
གསུང་མི་རྩིས་ཤིང་བཀའ་ལ་མི་ཉན་པ་ཁ་གསལ་གཏིང་གསལ་ཡིན་ན། ད་དུང་གོང་ས་རྒྱལ་དབང་མཆོག་གི་སྐུ་པར་ཆེན་པོ་ཞིག་བཀལ་་དོན་ཅི་ཡིན། ཁོང་གི་ལམ་སྟོན་ལ་མི་ཉན་ན་པར་བཤམས་ནས་ཅི་ཞིག་བྱེད། ཁྱོད་ཚོའི་ཁ་རྒྱག་པའི་ཚོགས་འདུ་ལ་གོང་ས་མཆོག་འབྲེལ་བ་མི་འདུག ཅི་ཞིག་གི་ཆེད་དུ་བཤམས་ཡིན། མི་ལ་མགོ་སྐོར་གཏོང་ཕྱིར་རམ། ཡང་ན་གོང་ས་མཆོག་ལ་དད་གུས་ཡོད་མདོག་སྟོན་ཆེད་ཡིན། བཀའ་ལ་མི་བརྩི་ཞིང་གསུང་ལ་མི་ཉན་ན་དད་གུས་ཤིག་ཡོང་ས་མི་འགྲོ གོང་ས་མཆོག་ཁྱོད་ཚོ་ལ་རིན་ཐང་མེད་ཀྱང་དགོས་མཁོ་ཞིག་ཡོད་ས་རེད་པ།
གོང་ས་རྒྱལ་དབང་མཆོག་རང་སར་འཇོག་རོགས། ད་ནས་རེ་བ་ནན་ཏན་ཞུ་བཞིན་ཡོད། ཁྱོད་ཚོས་རང་བཙན་སྒྲོག་པའི་སྐབས་དང་ཚོགས་འདུ་འཚོག་པའི་སྐབས་སུ། གོང་ས་མཆོག་གི་སྐུ་པར་བེད་སྤྱོད་མ་གནང་རོགས། འདི་ལ་རྒྱུ་མཚན་ཡོད། བོད་ལ་དགའ་ལྡན་ཕོ་བྲང་གིས་ཆོས་སྲིད་དབང་བསྒྱུར་གྱི་དུས་རབས་རྫོགས་ཚར་བ་རེད་ལ། ད་ལྟའི་ཆར་སྲིད་ཕྱོགས་ནས་གོང་ས་མཆོག་ལ་འབྲེལ་བ་གང་ཡང་མེད། དེར་བརྟེན་ཁྱོད་ཅག་གིས་ཆབ་སྲིད་ཀྱི་འབག་གྱོན་ཏེ་རང་བཙན་སྒྲོག་དུས། གོང་ས་མཆོག་ཁྲིད་མ་ཡོང་རོགས། ཁྱོད་རང་ཚོ་རང་མགོ་ཐོན་དགོས་པ་རེད་ལ། ས་མཚམས་ཆུ་མཚམས་གཙང་མ་ཡོད་ན་ནང་ཁུལ་རྙོག་འཛིང་མ་ཐེབས་པར་ཕན་ཐོགས་འདུག
ཁ་འགུལ་དང་རང་བཙན་གནམ་ནས་དབབ་ཡོང་། ལག་མ་འགུལ་མ་གཏོགས་རང་བཙན་མདུན་ནས་བྲོས་ཡོང་། ལག་ལ་རུམ་ལ་འཇུག་རོགས། ཁ་རྒྱག་པ་མང་དུ་ཤོད་རོགས། རང་བཙན་མང་དུ་འདོན་རོགས། གྲངས་ཀ་ས་ཡ་གཅིག་གསོག་དགོས།
ཨ་ཁ་ལྟས་ངན་པའི་མི། ལས་མེད་པའི་མི། དོན་མེད་པའི་མི། ཤ་ཞེན་མེད་པའི་མི། ཀླད་པ་མེད་པའི་མི། རྒྱ་དམར་པོའི་མི་འདིས་གང་ཟེར་ལ་ལྟོས་དང་། ༧གོང་ས་སྐྱབས་མགོན་ཆེན་པོའི་མཚན་གནས་བེད་སྤྱོད་གཏོང་མཁན་རང་བཙན་བ་རྣམས་ཡིན་སྐད་ཀྱི་སྙོན་འཛུགས་བྱེད་སྟངས། དམ་པ་ཁོང་གི་མཚན་དངོས་ཤུགས་བརྒྱུད་གསུམ་ནས་བེད་སྤྱོད་ཆ་ཚང་བཏང་དང་གཏོང་མཁན་ནི་རང་བཙན་ལས་གཞན་པའི་དབུ་མའི་ཚོགས་པ་ཟེར་བ་དེ་རེད། དཔེར་ན་བཙན་བྱོལ་སྒྲིག་འཛུགས་ཀྱིས་ང་ཚོས་ལོ་ལྟར་བསྡུས་པའི་རང་བཙན་དཔྱ་ཁྲལ་དེ་དབུ་མའི་ལམ་གྱི་གསལ་བཤད་ཆེད་སློབ་གྲྭ་དང་། སྤྱི་སྒེར་སོགས་ཀྱི་ནང་དྲིལ་བསྒྲགས་ཆེད་འགྲོ་གྲོ་ཕང་མེད་བཏང་དང་གཏོང་བཞིན་པ་རེད། ད་དུང་མི་དཀར་ལ་ཞྭ་ནག་གཡོགས་ནས། སྔར་སྐུ་དྲག་ཚོས་རྒྱ་ནག་པོ་ལ་ལུང་པ་ཤོར། དེང་སང་གི་བཙན་བྱོལ་གྱི་འགོ་ཁྲིད་ཚོས་རྒྱ་ནག་པོ་ལ་ལུང་པ་སྤྲད། དེ་གཉིས་ལ་ཁྱད་པར་ཅི་འདུག་ལྟོས་དང་སེམས་ལྡན་གྱི་མི་ཡིན་ན་ཤེས་རྟོགས་ཐུབ་ངེས།
ཁ་བསྣོན། རང་བཙན་དགྲ་ལ་མི་རྩོད་པར་གཉེན་ལ་རྩོད་མཁན་ཟོལ་འདྲ་བོ། སྐྱིད་དྲགས་ཏེ་འཕག་ཚགས་རྒྱག་པའི་ཟོལ་འདྲ་བོ། སྡུག་དྲགས་ཏེ་སྙིང་ནད་ཡོད་པའི་ཟོལ་འདྲ་བོ། ཉེ་བ་ནང་ཁུལ་སྐྱིད་དུ་མི་འཇུག་པའི་ཟོལ་འདྲ་བོ། བྱེད་རྒྱུ་རྫོགས་ཏེ་དམྱལ་ཡུལ་འཚོལ་བའི་ཟོལ་འདྲ་བོ། མི་འཇོན་འཇོན་མདོག་གནམ་ས་བླ་འོག་སྒྱུར་མཁན་ཟོལ་འདྲ་བོ། ཆུ་དཀྲོགས་ཏེ་མར་འདོན་མཁན་ཟོལ་འདྲ་བོ། བྱེ་མ་བཙིར་ཏེ་སྣུམ་འདོན་མཁན་ཟོལ་འདྲ་བོ། ཆིག་སྒྲིལ་གཏོར་ཏེ་ལྟོ་འཚོལ་མཁན་ཟོལ་འདྲ་བོ།
རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་བྱུང་བབས་འགྲོ་ས་དངོས།
༼སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་རྩིས་ལོ་ ༢༠༡༦ དང་ ༢༠༡༧ ལོའི་སྔོན་རྩིས་ནང་དབུ་མའི་ལམ་གྱི་ཐབས་ལམ་སྐོར་ཕྱི་ནང་མང་ཚོགས་ལ་ངོ་སྤྲོད་ལས་འགུལ་མུ་མཐུད་སྤེལ་ཆེད་སྒོར་༤༠༣༨༠༠༠༠༠ བཀའ་ཁྲོལ་ཞུས་ཡོད་པ་དང་། ས་ཡ་བཞི་བརྒྱ་གསུམ་ཟེར་བ་དེ་ཧ་ཅང་མང་པོ་རེད་ལ། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་ཐོག་ནས་དེ་ལས་ཀྱང་མང་པོ་ཡིན་པས། ལས་དོན་དེ་གཙོ་བོ་ག་རེ་ག་རེ་ཡིན་པ་དང་། བོད་རྒྱ་འབྲེལ་མོལ་དང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་ཆེ་ཤོས་དེ་བོད་པས་དབུ་མའི་ལམ་མ་ཤེས་པའི་དཀའ་ངལ་གྱིས་བྱུང་བ་རེད་དམ། ཡང་ན་རྒྱ་གཞུང་ལ་གོ་བརྡ་མ་འཕྲོད་པས་བྱུང་བ་རེད། ད་ལྟའི་གནང་སྟངས་གནང་ལུགས་མང་པོ་ཞིག་ལ་བལྟས་ཡོང་ན་ཕལ་ཆེར་བོད་པས་དབུ་མའི་ལམ་མ་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་མིན་འགྲོ་བསམ་པའི་ཚོར་སྣང་ཡོང་གི་ཡོད་གི་འདུག་ཟེར།
རྒྱ་མིའི་བོད་པ་ལ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམ་མི་མཆོག་ཟེར། བོད་པས་བོད་པ་ལ་ཁོང་གི་སྐུ་པར་མ་བཤམ་རོག་ཟེར། ཧཧ་ད་ཡིན་ན་ལྟོད་མོ་འདུག་གོ། མ་གཞི་ཁྱོད་དང་ཁྱོད་འདྲ་བ་ཚོས་ཉིན་ཞག་དུས་དྲུག་དུ་རྒྱལ་བ་རིན་པོ་ཆེ་ཁ་ལ་ཁྱེར་ནས་ཁྱོད་མེད་ན་ང་ཚོ་ལ་གང་ཡང་མེད་རབས་བཤད་མཁན་དག་དང་འདྲ་པར་འདིའི་ནང་གི་མི་འདི་ཚོ་གཉིས་བསྡུར་ས་ཞིག་ཡོད་ན་དད་པ་སུ་ཆེ་བཤད་ཁག་པོ་རེད། ཁྱོད་ཚོས་ཀྱང་༧རྒྱལ་བ་རིན་པོ་ཆེ་མདུན་ལ་འབུད་རྒྱག་གཏོང་བ་ཙམ་ལས་རང་སོ་སོས་བསམ་བློ་གཏོང་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཅི་ཞིག་འཇོན་ཡོད་ཤོད་དང་། ད་ལྟ་༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་ལ་དབུ་མའི་ལམ་ལས་གྲུབ་འབྲས་ཞིག་མ་བྱུང་བའི་ཉིན་མོ་དེ་ནས་ཁྱོད་ཚོའི་རྩ་དོན་བརླག་ཚར་ཡིན་པ། ཁྱོད་ཚོ་ལ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་མདུན་ལ་ཐོན་པའི་གྲ་སྒྲིག་གམ་འཆར་གཞིར་བསམ་བློ་དང་བློ་ཁོག་གང་ཡང་མེད་པ། ཁྱོད་ཚོས་ད་བར་དུ་དོན་མེད་མི་ལ་ཞ་ནག་གཡོག་པ་ཙམ་ལས་ཆོས་དང་ཆབ་སྲིད་གཉིས་དབྱེར་འབྱེད་ཤེས་ཀྱི་མེད་པ། ལག་པ་ཕྱི་ནང་ཙམ་ཡང་མི་ཤེས་ན་བཤད་རྒྱུ་ཉུང་ཙམ་བྱས་ན་མི་བཟང་ངམ་།
རང་བཙན་དང་དབུ་མ་གང་རྩོད་ཀྱང་གནས་སྐབས་ཕན་ཐོགས་མེད་པར་ཕར་བལྟས་ཚུར་གསལ་རེད། ཕུགས་སུས་ཕན་ཅི་ཤེས་ཏེ། གོང་ས་མཆོག་གི་ལམ་སྟོན་ལྟར་ཤར་བསྐྱོད་བྱས་ན་ནང་ཁུལ་རྩོད་རྙོག་མེད་པར་ཕན་ཐོགས་ཆེན་པོ་ཡོད། གོང་ས་མཆོག་གིས་མ་འོངས་སྔོན་གཟིགས་ཀྱིས་ཡིན་ནམ་མིན་ཞུ་ཚོད་དཀའ་ཡང་། བླ་མ་ཞིག་གི་གསུང་ལ་གཉིས་ཕན་དབུ་མའི་ལམ་ལས་གཞན་གསུངས་ཐབས་མེད། བོད་རིགས་རྣམས་ནི་བླ་མའི་བཀའ་ལ་གཙོ་བོར་བརྩི་མཁན་ཞིག་དང་། མ་གྱུར་སེམས་ཅན་ཐམས་ཅད་ཕན་པར་ཤོག་ཅེས་ཐེག་ཆེན་པ་ཞིག་ཡིན་པའི་ཆ་ནས་དེ་ལྷག་པའི་རྩོད་ཐབས་མེད། དངོས་ཡོད་གནས་ཚུལ་ལའང་འཛམ་གླིང་སྤྱི་དང་ཕར་ཕྱོགས་ནས་ཀྱང་ཅི་ཟེར་མེད་པས། སྲིད་དོན་རྩོད་ན་དབུ་མ་ལས་ལྷག་པ་བོད་ལ་མེད། འོན་ཀྱང་ཁ་ཡོད་ལག་ཡོད་དང་འཕྲལ་ཕུགས་ཐམས་ཅད་ལ་ཕན་པའི་ཐབས་ལམ་གཞན་པ་ཞིག་ཡོད། དེ་གང་ཡིན་ཞེ་ན། གནས་སྐབས་དབུ་རང་སོགས་སྲིད་དོན་སྐད་ཆ་ཐམས་ཅད་བཞག་ནས། བོད་ཕྱི་ནང་གཉིས་ཀས་ཆོས་རིག་སྐད་ཡིག་ཁོ་ན་སྲུང་སྐྱོབ་བྱས་ན་དགེ་མཚན་ཧ་ཅང་ཆེ་བར་སྙམ།
ཀྭ་ཡེ་བོད་རིགས་སྤུན་ཟླ་ཕོ་མོ་རྣམས།།
ཁ་ཤག་རྩོད་པས་ནང་ཟིང་མི་སློང་བར།།
ག་དུས་ཡིན་ཡང་ཆོས་རིག་སྲུང་སྐྱོབ་ལ།།
ང་ཚོ་དཔུང་པ་གཅིག་ཏུ་མི་བསྒྲིགས་སམ།།
གཏམ་བརྗོད་རང་དབང་ལ་འགན་འཁུར་མཁན་གྱི་དྲ་གྲོགས་
ཚོའི་བསམ་ཚུལ་གྱི་དཔྱད་རྩོམ་དང་མཆན་དེ་དག་ལ་བརྩི་བཀུར་
ཡོད་འོན་ཀྱང་རྒྱབ་སྐྱོར་མེད་ང་ཚོའི་བཅའ་ཁྲིམས་ནང་བོད་དོན་བདེན་
མཐའ་གསལ་ཐབས་ཟེར་བ་ལས་རང་བཙན་དང་དབུ་མ་གང་ཡང་
བཅའ་ཁྲིམས་ནང་གསལ་མེད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་ང་ཚོའི་མཐར་ཐུག་གི་བླ་གནས་སའི་ཁྲིམས་དེ་ཡིན་ན་བཅའ་ཁྲིམས་ནང་མ་གསལ་བའི་ཚིག་རང་བཙན་དང་དབུ་མ་ཟེར་བའི་ཐ་སྙད་འདི་གཉིས་གནམ་ས་ཡོངས་སུ་ཁྱབ་པའི་སྐད་འབོད་དང་ལས་འགུལ་
ཚོགས་འདུ་དང་ཟབ་སྦྱོང་སོགས་ལ་འགྲོ་སོང་ཨ་སྒོར་འཐེར་འབུམ་
མང་པོ་བཏང་ནས་ལས་འགུལ་ཇི་ཙམ་སྤེལ་ཡང་ཆུ་སྟེང་རྒྱུག་པ་
ཞུས་པ་ལྟར་ལས་འོག་གི་ཉ་ལ་པཕོག་ཐུག་མི་འགྲོ་བ་ལྟར་རང་
བཙན་དང་དབུ་མ་གང་ལ་ང་ཚོ་ཁ་ཕྱོགས་དགོས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གསལ་ཐུབ་པའི་འགན་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ཞེས་དགོས་པ་དེ་མང་གཙོའི་བརྒྱུད་ལམ་གལ་ཆེ་ཤོས་དེ་ཡིན་པའི་ངོ་སྤྲོད་ཡང་ཞུ་འདོད་བྱུང་།
དབུ་མ་རང་བཙན་རྩོད་མཁན་དྲྭ་འབུ་ཚོ་དང་བླུན་པོ་གཉིས་ཀྱིས་གསེར་ཊམ་གསུམ་རགས་ན་སྒོ་སྐལ་རྩོད་བཏང་དང་སྒོ་ཀུན་ནས་མཚུངས་སོ།
ང་ཚོས་རང་བཙན་དང་དབུ་མའི་ལམ་གཉིས་ལ་རྩོད་པ་བྱས་ནས་སྡོད་དང་། རྒྱ་དམར་ཚང་གིས་སྔ་འགྱུར་རྙིང་མའི་དགོན་ཆེན་གསེར་རྟ་བླ་རུང་གི་གྲྭ་ཤག་མང་བོ་ཞིག་ཟླ་འདིའི་ཟླ་མཇུག་ཙམ་ལ་རྩ་མེད་དུ་གཏོང་བཞིན་ཡོད་སྐད་རེད། འདི་ནི་ཤིན་ཏུ་ནས་ཡིད་སྐྱོ་བའི་གནས་ཤིག་ཡིན་པ་སྨོས་རེད། ཡིན་ནའང་དྲ་ཐོག་ནས་གླེང་སློང་ཤུགས་ཆེན་བྱེད་ཀྱིན་མེད་པ་འདི་རྒྱུ་མཚན་ཇི་ལྟར་ཡིན། གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་མང་བོ་ཞིག་མེད་པ་བཟོ་བཞིན་པ་འདི་ས་གནས་ཀྱི་འགོ་ཁྲིད་ཙམ་གྱི་འཆར་གཞི་མ་ཡིན་པར་ཀྲུང་དབྱངས་གཞུང་གིས་ཐག་བཅད་པ་ཞིག་རེད་འདུག དེས་སྟབས་ཀྱི་ཞུ་གཏུག་བྱེད་ས་ཞིག་ཡོད་ས་མ་རེད། ད་ཅི་དྲག དཀོན་མཆོག་མཁྱེན་ཟེར་བ་ལས་གཞན་ཅང་ཡོད་ས་མ་རེད། གུ་རུ་སྣང་སྲིད་ཟིལ་གནོན་གང་ན་བཞུགས་ཡོད་དམ། །
གོང་ས་མཆོག་གིས་སྲིད་འགན་རྩིས་སྤྲད་ཟིན་པ་མ་རེད་དམ། ག་རེ་གསུང་བརྩི་མི་བརྩི་ལབ་ཡ་ཡོག་རེད། གོང་ས་མཆོག་གིས་སྲིད་འགན་སླར་ཡང་བཞེས་བསམ་ན་ཐེངས་རྗེས་མར་སྲིད་སྐྱོང་ལ་འོས་འདེམས་བྱ་ཆོག་གི་རེད།
ངས་ཀྱང་། ཁ་ཡོད་ལག་མེད་ཚོ། ཕན་མེད་གནོད་སྐྱེལ་ཚོ་པ་ཅིག་ཏུ་འདོད།
ང་ཚོས་གཞན་གྱི་དཀའ་དྲིན་ལ་བསམ་ཤེས་མེད་པ་དང་དྲིན་ལན་ལོག་མཇལ་ནམ་ཡང་བྱེད་རྒྱུ་མེད་་བྱས་ཙང་བསམ་ཚུལ་གང་ཡང་གསུང་ཆོག་གི་རེད་་་་ཡིན་ནའང་ཀརྨ་བློ་གསལ་ལགས་ཏོག་ཙམ་ངོ་ཚ་ཁྲེལ་ཡོད་དང་ལས་འབྲས་སྤང་དུ་བཙུགས་ནས་བཀའ་མོལ་གནང་ན་མི་ལེགས་བསམ་
ཀརྨ་བློ་གསལ་ཅན་གྱི་ཁ་དེར་བདག་པོ་རྒྱག་རན་འདུག་བསམ། ངོ་ཚ་ཁྲེལ་གཞུང་ཅུང་ཟད་ཡོད་ན་མི་ལེགས་སམ།
སྔ་འགྱུར་རྙིང་མ་ལ་དད་པ་དང་ཤ་ཞེན་ཡོད་ན། གསེར་རྟ་བླ་རུང་ལ་ཕན་རྒྱུ་མེད་པའི་སྐད་འབོད་སོགས་ཅི་ཡང་མི་དགོས། ཁ་རོག་ཁ་བཙུམ་ནས་འདུག་རོགས། ཁ་དང་ལག་པ་བཟུང་རྒྱུ་མེད་པའི་དབང་གིས་དབུས་ཀྱི་གདན་ས་སེ་འབྲས་དགའ་གསུམ་ཅི་རེད་སོང་། ད་ལྟ་ཅུང་ཟད་བསྟན་པ་དར་བཅུག་པ་འདིའང་ཤིན་ཏུ་སྐལ་བ་བཟང་པོ་རེད། ཡང་རིག་གནས་གསར་བརྗེ་ལྟ་བུས་དམ་དྲག་བྱེད་དགོས་པ་འདུག་གམ། གཞན་སེམས་མ་དཀྲུགས། རང་ཚུགས་མ་ཤོར་ཞེས་ཞལ་གདམས་ཟབ་མོ་ཡིད་ལ་བཞག་རོགས། ཞལ་གདམས་འདི་གསེར་རྟ་ཆོས་སྒར་ཙམ་མིན་པར་བོད་ཡོངས་ནས་ལག་ལེན་བསྟར་དགོས་པ་ཞིག་དང་། ཕན་ཐོགས་ཡོད་པ་ཞིག་རེད།
པར་ལ་བལྟ་ན་རང་བཙན་རྩོད་མཁན་ནང་ལ་མང་ཆེ་བ་གྲྭ་ལོག་རེད་འདུག དེའི་ནང་ནས་བཀའ་བརྒྱུད་རྙིང་མ་ས་སྐྱ་དང་བོན་པོ་། སེ་རའི་གྲྭ་ལོག་ཚོ་རེད་འདུག འདི་ཚོ་འཇམ་དབྱངས་ནོར་བུའི་མགོ་བསྐོར་འོག་ལ་ཚུད་པ་འདྲ། འཇམ་ནོར་ལ་འདས་པའི་ལོ་རྒྱུས་ལས་མ་འོངས་པའི་འཆར་གཞི་ཡོད་མ་རེད།
བོད་མིའི་འཆམ་མཐུན་ལ་གཏོར་གཤིགས་གཏོང་མཁན་དང་ནག་ཁུང་ནང་ཡིབ་ནས་ཁ་རྦོབ་བཤད་མཁན་འདི་ཚོ་ཧཧཧཧཧཧཧ་་་་་་་་ད་ཡིན་རང་བཙན་ཡིན་པ་བཤད་ན་མའོ་ལས་སྡུག་པ་བཟོ་ཐག་ཆོད་རེད་འདུག་་་་་་་དཀོན་མཆོག་མཁྱེན་་་་་་
རང་བཙན་དབུ་མ་གང་གླེང་ཀྱང་།
དམར་པོ་རྒྱ་ཡིའི་མགོ་བོ་མི་སྒུར་འདའ་།
དེ་ལས་རང་གི་ཆོས་རིག་སྲུང་ཐུབ་ན་།
བོད་མིའི་ངོ་བོ་འཛམ་གླིང་སྟེང་དུ་གནས་།
རང་བཙན་རྩོད་ན་རྩོད། ཡིན་ནའང་༧རྒྱལ་བ་རིན་པོ་ཆེས་མ་འགྲིག་མདོག་མདོག་བཤད་མ་ཡོང་། གཉིས་ནས། བཙན་བྱོལ་བོད་པར་༧ རྒྱལ་བ་རིན་པོ་ཆེ་ལས་བཀའ་དྲིན་ཆེ་བ་ཡོད་མ་རེད།
ཆོས་ཀྱི་སྣང་བ་ལགས་ཀྱུས་གསུངས་པ་ལྟར་རེད། ཕན་རྒྱུ་མེད་པའི་སྐད་འབོད་མ་བཟོ་ན་ཡག ཚང་མས་ལྷག་བསམ་ཡོད་ན་བླ་རུང་སྒར་གྱི་དིན་ལ་སྐད་འབོད་དང་། ཚགས་ཤོག་སོགས་ལ་སྦྱར་མ་ཡོང་ན་དགའ། ཁིང་ཚང་གི་དབུ་བཞུགས་ཚོས་གསུངས་པ་ལྟར་ཚང་མ་འཇམ་ཐེང་ངེར་བཞུགས་རོག་གསུངས་འདུག བས། ཐུགས་ལ་འཇིག་རོག ལ་ལས་ཆབ་སྲིད་ཀྱོ་གར་མ་ཁྲབ་ན་བཟང་།
ནུབ་ཕྱོགས་གང་ཕྲུག་གསུངས་པ་ལ་ངོས་ལེན་ཡོད། ༧ གོང་ས་མཆོག་ལས་བཀའ་དྲིན་ཆེ་བ་སུ་ཡོད། ཉེ་ཆར་གོ་ས་མཆོག་ནས་ང་ཚོས་ཡ་རབ་བཟང་སྤྱོད་ཐོག་ལས་ཀ་བྱེད་སྟངས་ཤེས་ན་གསུངས་པ་རེད། དེང་རྒྱ་ནག་ནང་ལའང་ནང་མང་པོ་དར་བཥིན་ཡོད། གསུངས་ཡག་བྱས་དུས་གནས་དོན་གང་ཡིན་ན་ཐམས་ཅད་ཆབ་སྲིད་ནང་ལ་ཡོང་དགོས་ཡིད་མ་རེད་། དེང་སང་བོད་སྐད་ཙམ་མི་ཤེས་ཞི་བུ་ཞིག་དཔུར་ངར་རྒྱབ་འདོག་བྱས་ནས་SFT ཚོགས་པ་དེ་ཚོ་ཡ་མཚན་འངྲ་འདུག
༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་ལ་གསུངས་བ།
ང་ཚོས་བོད་ནི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་བཞིན་པ་མ་ཟད། བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་ནི་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་ང་ཚོས་ད་དུང་རང་བཙན་རྩོད་ལེན་བྱེད་ཀྱི་མེད། ང་ཚོར་རྒྱབ་སྐྱོར་མུ་མཐུད་གནང་རོགས། ང་ཚོར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བཀའ་སློབ་སྩལ་གནང་བྱུང་བས་དོན་དམ་རང་བཙན་ནི་གང་འདྲ་ཞིག་་ཡིན་མིན་གསལ་པོ་གནང་འདུག
་་་་་་་་་རང་བཙན་རྩོད་ལེན་བྱེད་ཀྱི་མེད། ང་ཚོར་རྒྱབ་སྐྱོར་མུ་མཐུད་གནང་རོགས། ་་་་་་་་་
ཨ་རི་ནས་ཨག་སྐད་བཏོན་པ་ཙམ་གྱིས།།
བོད་དོན་ལ་སྔོ་ཞིག་ཐོག་གི་ཡོད་ན།།
རང་གཞུང་ལ་ཁ་གཏད་འཇལ་བ་ཙམ་གྱིས།།
དགྱ་གཞུང་ལ་གནོད་ཅིག་ཐུབ་ཀི་ཡོད་ན།།
རང་དོན་དང་རང་ཁེར་འབད་པ་ཙམ་གྱིས།།
སྤྱི་དོན་ལ་ཕན་ཞིག་ཐོག་གི་ཡོད་ན།།
ཁ་བཤད་དང་ལག་ལེན་འགལ་བའི་བར་ནས།།
གཟི་བརྗིད་ཀྱི་ལམ་ཞིག་རྙེད་རྒྱུ་བྱུང་ན།།
རྒྱང་རིང་གི་སྐད་ཆ་སྐམ་པོ་འགའ་ཡིས།།
ཕ་ཡུལ་གྱི་ཕུ་ནུའི་གདུང་བ་སེལ་ན།།
ད་ལྟའི་དུས་སྐབས་སུ་རང་བཙན་དང་དབུ་མའི་ལངས་ཕྱོགས་དང་འབྲེལ་བའི་དོན་སྙིང་འདི་ལ་སོམས་དང་།།
As of current trends let us think on MW and RZ this way:
ལམ་དབུ་མ་ནི་སྲིད་བྱུས་བཟང་ལ་ལོ་རྒྱུས་ངན།།
MW is a good diplomacy but bad history.
རང་བཙན་ནི་ལོ་རྒྱུས་བཟང་ལ་སྲིས་བྱུས་ངན།།
RZ is a good history but bad diplomacy.
རེག་རྒྱུ་གཅིག་ཡོད་ནའང་གཉིས་ཀ་འདོད།།
If either is achievable I want both.
རེག་རྒྱུ་གཅིག་མེད་ནའང་གཉིས་ཀ་འདོད།།
If either is unachievable still I want both.
WHAT WE CANNOT SEE IS THE REAL HISTORY OF TIBET.
ང་ཚོས་གང་མཐོང་མི་ཐུབ་པ་ཞིག་ནི་བོད་ཀྱི་ལོ་རྒྱུས་དངོས་གནས་དེ་རེད།།
WHAT WE CANNOT SEE IS ALSO A TAX LEVIED BY OUR OWN HISTORY.
ང་ཚོས་གང་མཐོང་མི་ཐུབ་པ་ཞིག་ནི་ང་ཚོ་ང་རང་ཚོའི་ལོ་རྒྱུས་ཀྱིས་བཅད་པའི་ཁྲལ་དེ་ཡང་རེད།།
དངོས་འབྲེལ་ཡིན་ངའི་མོ་ལུང་ནང་འདི་ལྟར་ཐོན་སོང་། ཀརྨ་བློ་གསལ་ཟེར་བ་དེ་ཡག་རྟགས་རང་མི་འདུག དྲྭ་རོགས་ཚོ་རྒྱང་རིང་ཙམ་གནང་ན་བཟང་བ་འདུག་གཱ།