སྤྲུལ་སྐུ་དབང་ཆེན།
ཀ་མ་ལ་འདྲའི་ལུས་ཟུངས་རབ་བཅོམ་ཁ་ལ་ཐ་མ་མི་མཆོད་ཞུ།
ཁ་དོག་མཛེས་པའི་པགས་པའི་མདོག་བསྒྱུར་ཁ་ལ་ཐ་མ་མི་མཆོད་ཞུ།
ག་ས་གང་དུ་དྲི་ངན་རབ་འཐུལ་ཁ་ལ་ཐ་མ་མི་མཆོད་ཞུ།
ང་དང་ཁྱོད་མེད་བརྟེན་ན་སྲོག་འཕྲོག་ཁ་ལ་ཐ་མ་མི་མཆོད་ཞུ།
ཅ་དངོས་ཟས་གོས་སེམས་ནས་བརྗེད་འགྲོ་ཁ་ལ་ཐ་མ་མི་མཆོད་ཞུ།
ཆ་ལུགས་མི་མཉམ་དྲན་པ་རབ་ལྡིབ་ཁ་ལ་ཐ་མ་མི་མཆོད་ཞུ།
ཇ་ཆང་བྲོ་མེད་ཚོར་ཤུགས་རྒུད་བྱེད་ཁ་ལ་ཐ་མ་མི་མཆོད་ཞུ།
ཉ་རྒྱུས་རྩ་ཕྲན་རྩ་སྐྱ་བཞིན་སྐམ་ཁ་ལ་ཐ་མ་མི་མཆོད་ཞུ།།
ཏ་ཧུང་འཚིགས་བཞིན་རང་ལུས་བསྲེག་བྱེད་ཁ་ལ་ཐ་མ་མི་མཆོད་ཞུ།
ཐ་མལ་ལུས་པོ་དུད་ཁུང་བཞིན་ཆགས་ཁ་ལ་ཐ་མ་མི་མཆོད་ཞུ།
ད་ལྟ་རང་ཚོད་རང་ཚུགས་མ་ཤོར་ཁ་ལ་ཐ་མ་མི་མཆོད་ཞུ།
ན་ཆུང་གཞོན་པའི་ཚེ་སྲོག་སྐྱོབ་ཕྱིར་ཁ་ལ་ཐ་མ་མི་མཆོད་ཞུ།།
པ་སངས་དམག་བཞིན་ལུས་སྟོབས་རྐུན་པོ་ཁ་ལ་ཐ་མ་མི་མཆོད་ཞུ།
ཕ་ཁྱིམ་མི་ཟིན་གྲོང་མཐར་ལྷུང་བྱེད་ཁ་ལ་ཐ་མ་མི་མཆོད་ཞུ།
བ་ཕྱུགས་ཀུན་བཙོང་ཕྱུགས་ཟག་སྟོང་འགྲོ་ཁ་ལ་ཐ་མ་མི་མཆོད་ཞུ།
མ་རབ་སྣ་དགུ་སྣ་འདྲེན་ཡིན་པས་ཁ་ལ་ཐ་མ་མི་མཆོད་ཞུ།།
ཙ་ཙོར་ནང་ཁྲོལ་ཐལ་སྐྱར་བསྲེག་བྱེད་ཁ་ལ་ཐ་མ་མི་མཆོད་ཞུ།
ཚ་དུག་ཚིལ་ཁུ་གཞོབ་དྲིར་ཚིགས་འགྲོ་ཁ་ལ་ཐ་མ་མི་མཆོད་ཞུ།
ཛ་དྲག་གནས་སྟངས་བྱུང་དུས་འགྱོད་ཡོང་ཁ་ལ་ཐ་མ་མི་མཆོད་ཞུ།
ཝ་སྤོགས་ནང་བཞིན་རང་སྤོགས་མ་བསྲེགས་ཁ་ལ་ཐ་མ་མི་མཆོད་ཞུ།།
ཞ་ལོང་རྣར་འོན་དབང་པོ་ཉམས་འགྲོ་ཁ་ལ་ཐ་མ་མི་མཆོད་ཞུ།
ཟ་བཏུང་ལོངས་སྤྱོད་ཡི་གར་ཆད་འགྲོ་ཁ་ལ་ཐ་མ་མི་མཆོད་ཞུ།
འ་ཅག་སྐྱིད་ན་ཐུགས་སྤྲོ་དེ་མིན་ཁ་ལ་ཐ་མ་མི་མཆོད་ཞུ།
ཡ་མཚན་ཁ་ནང་མེ་སྤར་མིན་ནོ་ཁ་ལ་ཐ་མ་མི་མཆོད་ཞུ།།
ར་མ་ལུག་འདྲའི་ནང་འཁྱོན་གཏེ་བོ་ཁ་ལ་ཐ་མ་མི་མཆོད་ཞུ།
ལ་ལུང་ནག་རི་མེ་ལ་བསྲེག་འདྲ་ཁ་ལ་ཐ་མ་མི་མཆོད་ཞུ།
ཤ་ཚས་གཏམ་ཞིག་སྙིང་ནས་བསྐུལ་ཡིན་ཁ་ལ་ཐ་མ་མི་མཆོད་ཞུ།
ས་སྟེང་མི་ཀུན་སྐྲག་ས་འདི་ཡིན་ཁ་ལ་ཐ་མ་མི་མཆོད་ཞུ།།
ཧ་ལས་ཧོན་འཐོར་འཆི་བདག་མཐོང་བཞིན་ཁ་ལ་ཐ་མ་མི་མཆོད་ཞུ།
ཧ་ཅང་རིང་ན་བཅོས་ཐབས་དཀའ་འདུག་ཁ་ལ་ཐ་མ་མི་མཆོད་ཞུ།
ཨ་ཙི་རང་གིས་རང་ཉིད་མ་བརླགས་ཁ་ལ་ཐ་མ་མི་མཆོད་ཞུ།
ཨ་རིའི་ཡུལ་ནས་འབོད་བསྐུལ་ཙམ་ཡིན་ཁ་ལ་ཐ་མ་མི་མཆོད་ཞུ།།
ཅེས་ཟླ་༦ཚེས༦སྤྱི་ལོ༢༠༡༢ གྲོང་ཁྱེར་ཕོ་ལོང་དབྱུག་གསར་ནས་བྲིས་སོ།།
ཨ་ཙི་སྤྲུལ་སྐུ་དབང་ཆེན་འདི། །ཁ་ཕྱོགས་བཟང་པོར་འཁོར་བ་འདྲ། །ཁ་སང་ཤོ་རྒྱན་མ་འཛུགས་ཟེར། །དེ་རིང་དུ་བ་མ་འཐེན་ཟེར། །སང་ཉིན་སྤྲུལ་རྫུན་མ་འཁྲབ་ཞེས། །ཀ་རྩོམ་གསར་པ་ཡོད་ངེས་རེད། །
ད་རེས་སྤྲུལ་དབང་ཆེན་ཟེར་མི་དེས་ཡག་པོ་བྲིས་འདུག དེ་མིན་རྣམ་རྒྱུན་༧གོང་ས་མཆོག་དང་བོད་གཞུང་སོགས་ལ་ཁ་བཏང་མི་ཚར་ནས་བསྡད་ཀྱི་རེད།
བོད་ལ་ཞེན་ནས་བདེན་པ་བཤད་སོང་། ཡིན་ན་ཡང་ད་ཡར་རྒྱས་ཀྱི་རྣམ་པ་འདུག རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཞུ་གི་ཡིན་ད།
སྤྲུལ་སྐུའི་གསུངས་ལ་ཉན་ཚེ་སྦྱིན་བདག་མ་གཏོགས་དགོས་ཡ་མང་དུ་མེད་ཡ། རྩེད་མོ་ཡིན། ཡག་པོ་འདུག
དོ་མ་འཐེན་བླ་མས་གསུང་གི་།
དེ་གསུང་ན་བླ་མ་བདེན་གི་ར་།
དོ་དུད་མར་ཁ་ཡ་ཞིམ་ནི་རེད་།
རྭ་སྨུགའུ་ལག་འ་ལོབ་ནི་རེད་།
གཅིག་མ་འཐེན་ཐབས་ཟིག་མེད་གི་། ཧ་ཧ་ཧ་།
སྣ་ལ་སྤོས་དུད་ཙམ་ལས། །
ཁ་ལ་ཐ་མག་མ་འཐེན། །
ཁ་ལ་ཐ་མག་འཐེན་ན་། །
གློ་བར་ནག་ཐིག་ཐེབས་ཡོང་། །