འགྱུར་མེད་ཚེ་རིང་།
ཁ་དཀར་འཛུམ་གྱིས་བསུ་བའི་ཚེ།།
ཁ་དོག་དཀར་བའི་སེམས་ཤིག་དགོས།།
ཁ་ཁོག་མི་མཚུངས་བྱ་བྱེད་ནི།།
ཁ་ལ་ཞིམ་པའི་དུག་དང་འདྲ།།
ཁ་ཏོན་ཁ་ཡིས་འུར་འུར་སྒྲོག།
ཁ་ཙམ་སོང་ན་དོན་སྙིང་མེད།།
ཁ་ཐུག་སེམས་ལ་སྨན་པའི་དོན།།
ཁ་འདོན་དངོས་ལགས་གུད་ན་མེད།།
ཁ་རུ་ཁ་ཐུག་བཤད་ན་དགའ།།
ཁ་ཁུ་སིམ་སིམ་གྱོད་ཀྱི་གཞི།།
ཁ་ཁ་ཁ་ནས་བཤད་ན་ཡང་།།
ཁ་རྐུབ་གཉིས་ལ་འབྲེལ་བ་ཟབ།།
ཁ་བཏགས་དཀར་པོའི་རིག་གནས་དེ།།
ཁ་བ་ཅན་གྱི་ཡུལ་ནས་དར།།
ཁ་བ་རི་ཡི་སྐྱེ་འགྲོ་ཀུན།།
ཁ་བ་ཁ་བཏགས་དཀར་པོ་དང་།།
ཁ་སོ་ལྟ་བུའི་སེམས་དཀར་བྱོས།།
ཁ་ཕྱོགས་མེད་པའི་མི་རྣམས་ལ།།
ཁ་རྙོག་ལས་རྙོག་གཞན་ལས་མོད།།
ཁ་ལུད་མི་གཙང་དངོས་པོ་བཞིན།།
ཁ་ལ་མ་ཆུག་རིང་ལ་སྡོད།།
ཁ་ཡིས་རྫུན་ཚིག་མང་དྲགས་ན།།
ཁ་སྐྱེངས་ངོ་ཚ་བར་མི་ཆད།།
ཁ་ཡིས་རྟག་ཏུ་དྲང་གཏམ་ཤོད།།
ཁ་དབྱངས་ཆེ་བསྟོད་ཀུན་གྱིས་བྱེད།།
ཁ་མཆུ་ཞི་བའི་ཐབས་མཆོག་ནི།།
ཁ་ཉུང་ལས་ལ་ཧུར་བརྩོན་ཡིན།།
ཁ་བའི་དྲི་མ་ངན་སོང་ན།།
ཁ་ནང་སོ་ཡང་ཕྱི་ལ་དབྱུང་།།
ཁ་ལ་བཤད་རྒྱུའི་དོན་མང་ཡང་།།
ཁ་གང་ཙམ་ཡང་ལག་ལེན་མེད།།
ཁྭ་ཏས་སྐད་ངན་སྒྲོག་ནའང་།།
ཁ་ལུད་ཙམ་ལས་སྣང་ཆེན་མེད།།
ཁ་གཡེང་མིག་གཡེང་ཤེས་བྱའི་གཤེད་མ་ཡིན།།
ཁ་ཏར་བསམས་ནས་ཏིང་འཛིན་ཡང་ཡང་སྒོམས།།
ཁ་ཡོད་ལག་ཡོད་གཡུར་ཟའི་འབྲས་བཟང་ཞིག།།
ཁ་ཐུག་མཁོ་ན་རྣམ་གཡེང་བྱ་བ་འདོར།།
ཁ་བ་བུ་ཡུག་ལྡང་བའི་ཡུལ་ཕྱོགས་ལ།།
ཁ་བའི་མེ་ཏོག་འཚོ་བའི་སྐབས་མ་ལགས།།
ཁ་དཀར་བློ་དཀར་ཅན་གྱི་སེམས་བཟང་མི།།
ཁ་མང་འདུ་ལོང་ཡུལ་འདི་གནས་མ་ཡིན།།
ཁ་ཕོ་ཁེངས་དྲེགས་ཆེ་བའི་མི་དག་ལ།།
ཁ་ཕོར་གཉིས་ལས་སྤྱི་སེམས་རི་བོང་རྭ།།
ཁ་ཞེ་གཉིས་ལ་སྤྱི་སེམས་རྣལ་མ་ཞིག།
ཁ་ཉུང་གཞུང་དྲང་ཅན་གྱི་སྙིང་ཁར་འཁྱིལ།།
ཁ་ཤས་རང་ལ་འཇོན་ཐང་མེད་སོང་ནས།།
ཁ་ཡིས་གཞན་མཚང་འབྲུ་བའི་ལས་ལ་རེམ།།
ཁ་སྒོ་མ་སྲུང་ཅི་བྱུང་བཤད་དྲགས་ན།།
ཁ་མཆུ་ཁ་བ་ཇི་བཞིན་མང་མང་འབབ།།
ཁ་བ་ཅན་གྱི་བསྟན་སྲིད་ལ་ཁའི་ཉི་མ་འདྲ།།
ཁ་ཙམ་མིན་པར་ལྷག་བསམ་སྙིང་སྟོབས་ཆེར་བསྐྱེད་ནས།།
ཁ་བའི་སྲོག་ཤིང་མི་འགྱེལ་ཡུན་དུ་བརྟན་ལ་རེམ།།
ཁ་བའི་ལྗོངས་སུ་བསྟན་སྲིད་ཉི་མ་སླར་འཆར་ཉེ།།
༢༠༡༨/༠༡/༠༥ ལ་གནས་མཆོག་རྡོར་གདན་ནས།
༄༅། གནས་མཆོག་རྡོ་རྗེ་གདན་ནས་འགྱུར་མེད་ཚེ་རིང་ལགས་ཀྱིས་ཆེད་རྩོམ་
ཚིགས་བཅད་དེ་ཡིད་ལ་འགྲོ་བོ་བོད་ཀྱི་རིག་གནས་ཚད་ལྡན་ཡོད་པའི་བདེན་རྟགས་
ཞིག་འདུག་པ་གང་ལེགས་མ་ཚད་ཁྱེད་ལ་་་བཀྲིས་བདེ་ལེགས་ཞུ།།
ཁ་བའི་རི་པའི་སྤྲེལ་ཕྲུག་དྲུག །
ཁ་བའི་མི་རིགས་ཆོལ་གསུམ་གྱེས། །
ཁ་རི་ཁ་ཐུག་ཆིག་སྒྲིལ་གྱིས། །
ཁ་བ་ཅན་རྣམས་ཡར་ཐོན་གྱིས། །
ཁ་ཁར་བསྡ་ནས་ལ་རྒྱ་གྱིས། །
ཁ་རི་ཁ་ཐུག་དབུས་ལམ་རྩོད། །
ཁ་ནས་ཤོད་ཚད་དྲང་པོར་ཤོད། །
ཁ་ནས་ཤོད་ཚད་སྤྱི་དོན་ཤོད། །
ཁ་ཁག་མ་འགྲོ་ཆོལ་གསུམ་ཚོ། །
ཁ་ནས་མ་ཎི་འདོན་པ་བཞིན། །
ཁ་ནང་ས་དགེ་བཀའ་སྙིང་བོན། །
ཁ་ཙམ་མིན་པར་དག་སྣང་སྦྱོངས། །
ཁ་སང་འདས་པའི་ལོ་རྒྱུས་སོམས། །
ཁ་རི་ཁ་ཐུག་སྤྱི་དོན་གྱིས། །
ཁ་ཁག་མ་སྡོད་མཉམ་མཐུན་གྱིས། །
ཁ་ཚ་ཐུག་པའི་དོན་གཉིས་སྒྲུབས། །
ཤད་རྒྱབ་སྟངས་ནི་ཡིག་འཕྲེང་སྔ་མ་དང་། ཕྱི་མ་གཉིས་ཀྱི་བར་སོར་མོའི་ཚིགས་ལྟར་ཆགས་པ་ལ་ཚིགས་སུ་བཅད་པ། ཞེས་བྱའོ། དེས་ན། སྔོན་ཕྱི་ལོགས་པ་མཁས་པ་མང་པོས། ཚིགས་བཅད་ལ་ཤད་འདི་ལྟར་བརྒྱབས།
་
།ཁ་དཀར་འཛུམ་གྱིས་བསུ་བའི་ཚེ།
།ཁ་དོག་དཀར་བའི་སེམས་ཤིག་དགོས།
།ཁ་ཁོག་མི་མཚུངས་བྱ་བྱེད་ནི།
།ཁ་ལ་ཞིམ་པའི་དུག་དང་འདྲ།
་
གོང་གསལ་ཚིགས་བཅད་འབྲི་བ་པོ། འགྱུར་མེད་ཚེ་རིང་མཆོག་གི་ཚིགས་བཅད་དག་ལ་ཡང་། རྐང་པ་རྣམས་ཡིག་འཕྲེང་འོག་ཏུ་སྤོས་པས། ཚིགས་བཅད་ཀྱི་དོན་མེད་པར་མཐོང་ངོ་།
་
ཞར་བྱུང་། ཤད་ཅེས་པ་ཇི་ལྟར་བྱུང་ངམ། འཆད་ཤེས་ན། རྣམ་དཔྱོད་ཅན་ནོ།
ལ་དྭགས་འཇམ་དཔལ་ལགས། ཁྱེད་རང་གིས་ཅི་ཞིག་བཤད་ཀྱི་ཡོད་མེད་བདག་གིས་ཤེས་ཐུབ་མ་སོང་། ཕལ་ཆེར་དཔེ་གཟུགས་ནང་ཡོད་པའི་གཞུང་ལུགས་རྙིང་པའི་འབྲི་སྟངས་ལྟར་བྱ་དགོས་པ་གསུངས་ཀྱི་ཡོད་པ་འདྲ། དེ་ནི་བདག་གིས་བསམ་ན་མཁྲེགས་འཛིན་དང་། དགོས་མེད་ལ་ཤི་འཐམ་རོ་འཐམ་བྱེད་པ་ཞིག་མ་ཡིན་ནམ། སྔར་དང་ད་ལྟ་བར་དུས་དང་མིའི་བསམ་བློ། དེ་བཞིན་མཐུན་རྐྱེན་སོགས་གང་ལ་བལྟས་ཀྱང་གནམ་ས་ལྟ་བུའི་ཁྱད་པར་ཕྱིན་ཟིན་པ་འགྲེལ་བཤད་དགོས་པ་ཆགས་ཀྱི་མི་འདུག ལར་ནས་ཁྱོད་རང་གི་མཚན་གྱི་མཐའ་མར་ཤད་གཉིས་བསྐྱོན་ཡོད་པ་དེ་དགོས་པ་དམིགས་བསལ་འདྲ་མེད་ན། དང་ཐོག་དེ་ཕར་ཕྱིས་རོགས་ཞུས། དགོས་པ་ལྷག་པོ་འདྲ་ཡོད་ན་ཤོད་ཅིག བདག་སོགས་ཀུན་ལ་བློ་སྐྱེད་འདྲ་ཡོང་སྲིད།
ལ་དྭགས་པ་འཇམ་དཔལ་ལགས། ཁྱེད་རང་གི་ཚིགས་བཅད་ཀྱི་གོ་དོན་འདི་རང་གི་བློ་དང་འཚམས་པ་ཞིག་གསར་བཟོ་བྱེད་ཅིག་ཡིན་ནམ། ཡང་ན། གཞན་ཞིག་གིས་བཤད་ཟིན་པ་འདི་ལུང་ཙམ་འདྲེན་པ་ཡིན།
ལ་དྭགས་པ་འཇམ་དཔལ་ལགས། ཁྱེད་རང་གི་ཚིགས་བཅད་ཀྱི་གོ་དོན་འདི་རང་གི་བློ་དང་འཚམས་པ་ཞིག་གསར་བཟོ་བྱེད་པ་ཡིན་ནམ། ཡང་ན། གཞན་ཞིག་གིས་བཤད་ཟིན་པ་འདི་ལུང་ཙམ་འདྲེན་པ་ཡིན།
Abhar jigwang ཟེར་ན་གང་རེད་ བོད་མིང་རེད་ རྒྱ་མིང་རེད་ Jig
Wang མི་ཁྱོད་ལ་ལུང་མཚན་གང་ཙམ་འདུག་ འོ་ན་ཁྱོད་གསར་དུ་འབྱོར་ནས་ གདན་ས་ཆེན་མོ་ཁུངས་མཁྱོལ་་ ཡང་ན་སྡ་སའི་གཡས་གཡོན་དུ་གནས་ དེ་མིན་ཕྱི་རྒྱལ་ཁབས་ནང་རྒྱ་རོོའི་ཐབས་གཡོག་རྒྱུག་མཁན་ཞིག་ཡིན་ནམ། འོ་ན་དེ་མང་ཙམ་བྲིས་རོགས་གནང་༄།༄།༄།༄། སྐུ་རེ་ཞུས།
ལ་དྭགས་འཇམ་དཔལ་ལགས། ཁྱེད་རང་གིས་ཅི་ཞིག་བཤད་ཀྱི་ཡོད་མེད་བདག་གིས་ཤེས་ཐུབ་མ་སོང་། ཕལ་ཆེར་དཔེ་གཟུགས་ནང་ཡོད་པའི་གཞུང་ལུགས་རྙིང་པའི་འབྲི་སྟངས་ལྟར་བྱ་དགོས་པ་གསུངས་ཀྱི་ཡོད་པ་འདྲ། དེ་ནི་བདག་གིས་བསམ་ན་མཁྲེགས་འཛིན་དང་། དགོས་མེད་ལ་ཤི་འཐམ་རོ་འཐམ་བྱེད་པ་ཞིག་མ་ཡིན་ནམ། སྔར་དང་ད་ལྟ་བར་དུས་དང་མིའི་བསམ་བློ། དེ་བཞིན་མཐུན་རྐྱེན་སོགས་གང་ལ་བལྟས་ཀྱང་གནམ་ས་ལྟ་བུའི་ཁྱད་པར་ཕྱིན་ཟིན་པ་འགྲེལ་བཤད་དགོས་པ་ཆགས་ཀྱི་མི་འདུག ལར་ནས་ཁྱོད་རང་གི་མཚན་གྱི་མཐའ་མར་ཤད་གཉིས་བསྐྱོན་ཡོད་པ་དེ་དགོས་པ་དམིགས་བསལ་འདྲ་མེད་ན། དང་ཐོག་དེ་ཕར་ཕྱིས་རོགས་ཞུས། དགོས་པ་ལྷག་པོ་འདྲ་ཡོད་ན་ཤོད་ཅིག བདག་སོགས་ཀུན་ལ་བློ་སྐྱེད་འདྲ་ཡོང་སྲིད།
ལར་ནས་ཁྱོད་ཀྱིས་ཚིགས་བཅད་ཀྱི་གོ་དོན་དེ་གང་ཞིག་ནས་བཀོག་པའམ་ལུང་འདྲེན་བྱེད་པ་ཞིག་ཡིན་ནམ། ཡང་ན་རང་གི་བློ་དང་གང་འཚམ་འཚམ་ཞིག་བཅོས་སྒྲིག་བྱེད་པ་ཞིག་ཡིན། བདག་གིས་ད་ལ་ཐུག་གི་བར་འདི་འདྲ་ཞིག་རྩ་ནས་མ་རིག གསལ་བོ་ཞིག་ཤོད་དང་།
ཁ་ཏོན་ཁ་ཡིས་འུར་འུར་སྒྲོག
ཅེས་པར་ས་ཡི་ཡང་འཇུག་དགོས།
ཁ་སྐད་ལུང་སྐད་བྲིས་པ་དེ།
མཁས་པའི་བྲིས་པ་དང་མི་མཐུན།།
ཁ་ཏོན་ཁ་ཡིས་འུར་འུར་སྒྲོག
སྒོག་ལ་ས་ཡི་ཡང་འཇུག་དགོས།
ཁ་སྐད་ལུང་སྐད་བྲིས་པ་དེ།
མཁས་པའི་བྲིས་པ་དང་མི་མཐུན།།
ལ་དྭགས་འཇམ་དཔལ་ལགས། ཁྱེད་རང་གིས་ཅི་ཞིག་བཤད་ཀྱི་ཡོད་མེད་བདག་གིས་ཤེས་ཐུབ་མ་སོང་། ཕལ་ཆེར་དཔེ་གཟུགས་ནང་ཡོད་པའི་གཞུང་ལུགས་རྙིང་པའི་འབྲི་སྟངས་ལྟར་བྱ་དགོས་པ་གསུངས་ཀྱི་ཡོད་པ་འདྲ། དེ་ནི་བདག་གིས་བསམ་ན་མཁྲེགས་འཛིན་དང་། དགོས་མེད་ལ་ཤི་འཐམ་རོ་འཐམ་བྱེད་པ་ཞིག་མ་ཡིན་ནམ། སྔར་དང་ད་ལྟ་བར་དུས་དང་མིའི་བསམ་བློ། དེ་བཞིན་མཐུན་རྐྱེན་སོགས་གང་ལ་བལྟས་ཀྱང་གནམ་ས་ལྟ་བུའི་ཁྱད་པར་ཕྱིན་ཟིན་པ་འགྲེལ་བཤད་དགོས་པ་ཆགས་ཀྱི་མི་འདུག ལར་ནས་ཁྱོད་རང་གི་མཚན་གྱི་མཐའ་མར་ཤད་གཉིས་བསྐྱོན་ཡོད་པ་དེ་དགོས་པ་དམིགས་བསལ་འདྲ་མེད་ན། དང་ཐོག་དེ་ཕར་ཕྱིས་རོགས་ཞུས། དགོས་པ་ལྷག་པོ་འདྲ་ཡོད་ན་ཤོད་ཅིག བདག་སོགས་ཀུན་ལ་བློ་སྐྱེད་འདྲ་ཡོང་སྲིད།
ལར་ནས་ཁྱོད་ཀྱིས་ཚིགས་བཅད་ཀྱི་གོ་དོན་དེ་གང་ཞིག་ནས་བཀོག་པའམ་ལུང་འདྲེན་བྱེད་པ་ཞིག་ཡིན་ནམ། ཡང་ན་རང་གི་བློ་དང་གང་འཚམ་འཚམ་ཞིག་བཅོས་སྒྲིག་བྱེད་པ་ཞིག་ཡིན། བདག་གིས་ད་ལ་ཐུག་གི་བར་འདི་འདྲ་ཞིག་རྩ་ནས་མ་རིག གསལ་བོ་ཞིག་ཤོད་དང་།
ཁོ་བོའི་ཆེས་དམན་པའི་རྣམ་དཔྱོད་ནང་ཤད་ཅེས་པའི་ཡིག་ཤད་བྱུང་སྟངས་འདི་ཤར་བ་ནི༏ ལུང་པ་མང་པོའི་ནང། སོ་མངས། ཞེས་དང་། བོད་དབུས་སུ། སྐྲ་ཤད། ཅེས་བྱ། སོ་མངས་དང་། སྐྲ་ཤད་ཀྱི་སོ་རེ་རེ་བཞིན་ཕྱིར་བཏོན་ནས། བལྟས་ན། ཡིག་ཤད་དང་འདྲ་བས། འདྲ་བ་རྒྱ་མཚན་གྱིས། ཡིག་ཤད་ལ་ཡང་། ཤད། ཆེས་ཟེར་སྲོལ་ཆགས་སོ།
སྐྲ་ཤད་ལས། ཤད་དང་། དེ་གཉིས་ལས་རྒྱུག་ཤད་ཅེས་མིང་ཆགས་པ་ཡིན་ནམ། ལགས།
ཤད།
སྐྲ་ཤད། རྒྱུག་ཤད་མིང་གི་རྣམ་གྲངས། ཆིག་ཤད། ཉིས་ཤད་གོ་དོན་གཅིག་མཚུངས།
བོད་ཡིག་དབུ་ཅན་གྱི། ཚེག ཤད། ཆིག་ཤད། གཉིས་ཤད། བཞི་ཤད། རིན་ཆེན་སྤུང་ཤད་དང་། དེའི་ཐོག་ལ་གཏེར་ཚེག་དང་། ལེགས་སྦྱར་གྱི་རྣམ་བཅད་སོགས་འབྲི་སྟངས་མང་ང་ོ།།