ནག་ཆུ་ཀུན་དགའ།
ཁ་ཅིག་ཁ་དེ་བུ་རམ་ཁ།།
ཁ་ཅིག་ཁ་དེ་ཏིག་ཏ་ཁ།།
ཁ་ཅིག་ཁ་དེ་ལེགས་བཤད་ཁ།།
ཁ་ཅིག་ཁ་དེ་ཉེས་བཤད་ཁ།།
ཁ་ཅིག་ཁ་དེ་བདེན་པའི་ཁ།།
ཁ་ཅིག་ཁ་དེ་བསླུ་བྲིད་ཁ།།
ཁ་ཅིག་ཁ་དེ་བེད་མེད་ཁ།།
ཁ་ཅིག་ཁ་དེ་བདག་མེད་ཁ།།
ཁ་ཅིག་ཁ་འཇམ་ཁོག་བཟང་ཁ།།
ཁ་ཅིག་ཁ་ངན་ཁོག་ངན་ཁ།།
ཁ་ཅིག་ཁ་ངན་ཁོག་བཟང་ཁ།།
ཁ་ཅིག་ཁ་བཟང་ཁོག་ངན་ཁ།།
ཁ་ཅིག་ཁ་རི་ཁ་ཐུག་ཁ།།
ཁ་ཅིག་ཀ་རེ་ཀོར་རེའི་ཁ།།
ཁ་ཅིག་ཚུལ་འཆོས་ཟོག་པོའི་ཁ།།
ཁ་ཅིག་མ་བཅོས་ལྷུག་བརྗོད་ཁ།།
ཁ་ཅིག་ཀུན་ཕན་རང་ཕན་ཁ།།
ཁ་ཅིག་ཀུན་གནོད་རང་གནོད་ཁ།།
ཁ་ཅིག་གཞན་ཕན་རང་གནོད་ཁ།།
ཁ་ཅིག་རང་ཕན་གཞན་གནོད་ཁ།།
ཁ་ཅིག་གྱོད་ཀྱི་སྣ་འདྲེན་ཁ།།
ཁ་ཅིག་བྱ་གཞག་དོན་སྒྲུབ་ཁ།།
ཁ་ཅིག་ཞྭ་མོ་གཡོག་པའི་ཁ།།
ཁ་ཅིག་དཀར་ནག་དབྱེ་འབྱེད་ཁ།།
ཁ་ཅིག་ཕུ་ནུ་དཀྲུག་པའི་ཁ།།
ཁ་ཅིག་ལ་རྒྱ་སྒྲོག་པའི་ཁ།།
ཁ་ཅིག་ལོ་རྒྱུས་བཤད་པའི་ཁ།།
ཁ་ཅིག་ཁུངས་མེད་ཧོལ་རྒྱུག་ཁ།།
ཁ་ཅིག་གནས་ལུགས་འཆད་པའི་ཁ།།
ཁ་ཅིག་མུན་ནག་འདོམ་འཇལ་ཁ།།
ཁ་ཅིག་རིག་གནས་སྨྲ་བའི་ཁ།།
ཁ་ཅིག་ཅོལ་ཆུང་འཆལ་གཏམ་ཁ།།
ཁ་ཅིག་རྩེད་མཚར་དགོད་སྒྲའི་ཁ།།
ཁ་ཅིག་འོ་དོད་སྨྲེ་ངག་ཁ།།
ཁ་ཅིག་ཁེངས་སྐྱུང་གཤིས་བཟང་ཁ།།
ཁ་ཅིག་མངོན་རློམ་ང་རྒྱལ་ཁ།།
ཁ་ཅིག་ཚོད་ཚོད་མོ་མའི་ཁ།།
ཁ་ཅིག་འཕྱུག་མེད་དཔྱད་པའི་ཁ།།
ཁ་ཅིག་ཁ་གསལ་གོ་བདེའི་ཁ།།
ཁ་ཅིག་ཉོག་གཏམ་མི་གསལ་ཁ།།
ཁ་ཅིག་ཉུང་ངུ་དོན་བསྡུས་ཁ།།
ཁ་ཅིག་ཚིག་མང་དོན་སྟོང་ཁ།།
ཁ་ཅིག་སྡེབ་ལེགས་སྙན་ངག་ཁ།།
ཁ་ཅིག་བཙན་བསྒྲིགས་སྦྲག་སྐད་ཁ།།
ཁ་ཅིག་རང་ཟོན་ངོ་བསྟོད་ཁ།།
ཁ་ཅིག་འཛེམས་མེད་ཕོག་ཐུག་ཁ།།
ཁ་ཅིག་དགའ་མ་འགུག་པའི་ཁ།།
ཁ་ཅིག་བཟའ་ཚང་གཏོར་བའི་ཁ།།
ཁ་ཅིག་ཆང་རག་དུ་བའི་ཁ།།
ཁ་ཅིག་ཕྱེ་མར་འོ་མའི་ཁ།།
ཁ་ཅིག་སྙིང་པོ་དོན་ལྡན་ཁ།།
ཁ་ཅིག་སྟོང་གཏམ་དབུ་བའི་ཁ།།
ཁ་ཅིག་ཀུན་ལ་དགོས་པའི་ཁ།།
ཁ་ཅིག་ཀུན་གྱིས་འདོར་འོས་ཁ།།
ཁ་འདི་་ལེགས་ཉེས་གཉིས་ཀའི་ཁ།།
ཁྱོད་ཀྱི་ཁ་དེ་ཅི་ཡི་ཁ་
ང་ཡི་ཁ་འདི་གང་གི་ཁ།།
ད་དུང་གྲོགས་པོ་གྲོགས་མོའི་ཁ།། ?
ཁྱོད་ཀྱི་ཁ་འདི་ཁ་དཀར་རམ། ཡང་ན་ཁ་ནག་གང་ཡིན་ཚོད་མ་ཐིགས
ལ་ལས་ཁ་དེ་གཏམ་གྱི་ཁ། ལ་ལས་ཁ་དེ་ཟས་ཀྱི་ཁ། ལ་ལས་ཁ་དེ་གྱོད་ཀྱི་ཁ། ལ་ལས་ཁ་དེ་ཕུང་བའི་ཁ། ལ་ལས་ཁ་དེ་འབྱོར་བའི་ཁ། ལ་ལས་ཁ་དེ་སྟུ་ཁ་རེད། ལ་ལས་ཁ་དེ་གླིག་ཁ་རེད། ཁྱོད་ཀྱི་ཁ་དེ་གང་ལ་གཏོགས།
ཁྱེད་གྱི་ཁ་དེ་ཕོ་རོག་ཁ། ཁ་ཅིག་ཁ་སྐྱ་ག་ཁ།