བསོད་ནམས་ནོར་བུ།
སེམས་པ་རི་ལ་ཁུར་བའི་བདག སྒྲ་སྙན་ཐོགས་བཞིན
རྡོག་སྒྲ་རླུང་ལ་བསྐུར་ཞོར་སོང་སོང་མཐར
སྡོང་ལོ་འབབ་པའི ནགས་གསེབ་ཀྱི་ཁང་པ་ཞིག་རྩར་སླེབས
མིག་གིས་ཅི་འདྲ་བལྟས་ཀྱང
ལག་པས་གང་དུ་རེག་ཀྱང
ཁང་པ་དེ་ལ སྒོ་དང་སྒེའུ་ཁུང་ཞིག་གཏན་ནས་མ་རྙེེད
འོན་ཏེ ངས་ཅི་ཡང་བྱས་ལ
གང་ཡང་བརྩམས་ཀྱང་ནང་ལ་ཐར་ཐབས་ཡེ་མ་ཐོན
ཡག་ཉེས་ཁང་པ་དེར་འཛུལ་ཐབས་གཞན་ཞིག་ཡོད་དམ
རེད་དེ ཉན་ཉན་དུས
ཁང་སྦུག་ནས་རོལ་དབྱངས་སྙན་པོ་ཞིག་དཀྲོལ་གྱིན་འདུག
ཁང་འགྲམ་དེར་འགྲེང་བཞིན བསམ་བློ་གང་འདྲ་བསྐོར་ཡང
བདག་གི་མེས་པོ་དག གང་ནས་སོང་བ་མི་ཤེས་ལ
ཡང་ན ནང་དུ་སོང་རྗེས་ཕྱིར་ཐོན་འདོད་མེད་པ་འདྲ
གཏན་ནས་ལོག་ཡོང་རྒྱུ་མི་འདུག
ཡང་སྙིང བདག་གི་མེས་པོ་ཚོ
ཁང་པ་དེའི་ནང་རོལ་དབྱངས་དཀྲོལ་གྱིན་བཞུགས་ཡོད་དམ
༡༦/ ༨/ ༢༠༡༣/