གསེར་རྟ་ཆོས་དབྱིངས་ནས།
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར། ཕྱི་ལོ་ ༢༠༡༠ ཟླ་ ༥ པའི་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་རྒྱ་ནག་གི་ཆུ་ཚོད་ ༩ པའི་སྟེང་ཁམས་གསེར་རྟ་རྫོང་ཕུའུ་ཤང་ཐོག་ཏུ་གསེར་རྟ་ཁེ་སྐོར་ཤང་ཁེ་སྐོར་སྡེ་བ་ཡིན་པའི་སྐལ་ལྡན་དང་། བསོད་ནམས་སྟོབས་ལྡན་གཉིས་ཀྱིས་བོད་ལ་འགྲོ་བ་མི་ཡི་ཐོབ་ཐང་དགོས་པ་དང་༸རྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་གདན་འདྲེན་བྱེད་དགོས་པ་སོགས་འཁོད་པའི་ཡི་གེ་གཏོར་ཡོད་འདུག་ལ། དེ་རྗེས་ཁོང་གཉིས་ཀྱིས་ཡི་གེ་དེ་རྩིག་པའི་ངོས་སུ་སྦྱར་བཞིན་ཡོད་པའི་སྐབས་སུ་རྒྱ་མིས་འཛིན་བཟུང་བྱས་ཏེ་ད་སྐབས་ཁོང་གཉིས་གཏེར་རྟ་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་ཅིང་། འབྲེལ་ཡོད་ཁག་གཅིག་གསེར་རྟ་རྫོང་དུ་གཏུགས་བཤེར་བྱེད་པ་དང་ཁོང་གཉིས་ལ་ངོ་ཐུག་པའི་ཆེད་དུ་སོང་ཡོད་ན་ཡང་ཉེན་རྟོག་པས་ངོ་ཐུག་ས་ཙམ་ཡང་མེད་ཚུལ་བརྗོད་དེ་ཕྱིར་ལོག་བྱས་ཡོད་པའི་གནས་ཚུལ་འདུག
རྒྱ་ནག་གཞུང་གིས། གསེར་སོགས་དབོར་འདྲེན་དང་། རྟ་སོགས་བཙན་འཁྲིད་དམར་གསོད་བྱས་མཐར། ཞི་བའི་མི་སེར་འཇུས་ནས། ད་གང་བྱེད་རྩིས་ཡོད་དམ།
ཕུ་ཁང་གི་ཞི་ལི་དེ་གཉིས་ཤ་ཚ། སྙིང་རྗེ་བ་ད་དུང་ལྷག་ཤུལ་གྱི་ཉེ་འབྲེལ་ཚོའི་སེམས་སྡུག་རེད། ཨོཾ་བྷྲྰུྃ་སྭྰ་ཧྰ། །