གསར་འགྱུར་མཁོ་འདོན་པ་གསེར་རྟ་ཆོས་དབྱིངས།
བོད་ནས་ཁ་པར་བརྒྱུད་ཁུང་ལྡན་གནས་ཚུལ་འབྱོར་བ་ལྟར་ན། དཀར་མཛེས་རང་སྐྱོང་ཁུལ་གྱི་ནང་ཚན་ཁམས་གསེར་རྟ་རྫོང་ཐོག་ཏུ་སྔ་ཕྱིར་ཞི་བའི་ངོ་རྒོལ་སྐད་འབོད་བྱུང་བའི་གནས་ཚུལ་རྣམས་ལས། ཁམས་ཡུ་ཤུལ་རྫ་སྟོད་རྫོང་ནས་ཡིན་པའི་བསེར་རྟ་བླ་རུང་ཆོས་སྒར་དུ་བཀའ་བརྒྱུད་འཛིན་གྲྭའི་ནང་སློབ་སྦྱོང་གནང་བཞིན་པའི་རྫ་སྟོད་གནས་མདོ་དགོན་པའི་གྲྭ་བསྟན་འཛིན་རྒྱ་མཚོ་རང་ལོ་ ༡༦ ཡིན་པ་དང་། རྫ་སྟོད་རྫོང་རྗེ་དྲུང་དགོན་པའི་གྲྭ་མགར་བ་དབང་ཆེན་སྟོབས་རྒྱལ་རང་ལོ་ ༡༥ ཡིན་པ་གཉིས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༣༠ ཉིན་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་རྒྱ་མིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག
ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༣༡ ཉིན་གསེར་རྟ་མཆོག་ཚང་སྡེ་བའི་གེ་འཕན་འཇིགས་ཐུབ་ཀྱི་བུ་ཨོ་རྒྱན་རྣམ་རྒྱལ་གྱིས་༸རྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་གདན་འདྲེན་དགོས་པ་དང་། བོད་ལ་ཆོས་དད་རང་དབང་དང་འགྲོ་བ་མི་ཡི་ཐོབ་ཐང་དགོས་པ་སོགས་སྐད་འབོད་བྱས་ཏེ་རྒྱས་མིས་ཉེན་རྟོག་འཛིན་བཟུང་བྱས།
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢ གཉིས་ཉིན་ གསེར་རྟ་མཆོག་ཚང་སྡེ་བ་ཡིན་པའི་རང་ལོ་ ༡༩ ལོན་པ་སྤྲུལ་སྐུ་རྣམ་རྒྱལ་གྱིས་གསེར་རྟ་རྫོང་ཐོག་ཏུ་ཡི་གེ་གཏོར་ཡོད་པ་དང་། དེ་འཕྲལ་རྒྱ་ནག་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པ་རེད། ཡི་གེའི་ནང་དུ་བོད་ལ་རང་དབང་དགོས་སྐོར་སོགས་བྲིས་ཡོད་པ་ཙམ་མ་གཏོགས་ཡི་གེ་དངོས་སུ་མཐོང་མ་སོེང་ཞེས་འབྲེལ་བརྗོད་གནང་སོང་། ཡི་གེ་ཚང་མ་ཁོ་རང་ཉིད་ཀྱིས་ལག་བྲིས་བྱས་ཡོད་པ་དང་། དེ་གའི་ཉེན་རྟོག་པའི་ཁ་ནས་གནས་ཚུལ་བྱུང་བ་ལྟར་ན་ཡི་གེ་དེ་ཚོ་ཁོས་ཉིན་གཉིས་གསུམ་གྱི་དུས་ཚོད་བཏང་ནས་བྲིས་ཡོད་སྐོར་འབྲེལ་བརྗོད་བྱས་སོང་། ཁོང་ལ་སྤྲུལ་སྐུའི་མཚན་ཡོད་པར་མ་ཟད་ཁོ་རང་་ཚོའི་དགོན་ནང་དུ་སློབ་གྲྭ་ཞིག་ཡོད་པའི་དགེ་རྒན་ཡང་གནང་མྱོང་ཡོད་པ་རེད།
དེ་མཚུངས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢ ཉིན་གསེར་རྟ་སྟག་རྩེ་དགོན་པའི་གྲྭ་གཉིས་ཀྱིས་གསེར་རྟ་རྫོང་དུ་སྐད་འབོད་བྱས་ཡོད་དང་ཕྱི་ཟླ་ ༤ ཚེས་ ༣ ཉིན་མི་སྐྱ་གཅིག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་ཀྱང་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མི་འདུག
ཡང་ ༢༠༡༠ ཟླ་ ༤ ཚེས་ ༥ ཉིན་གྱི་ཉིན་གུང་དུས་ཚོད་ ༡༢ སྟེང་གསེར་རྟ་རྫོང་མཆོག་ཚང་སྡེ་བ་ནས་ཡིན་པ་རང་ལོ་ ༢༠ ལོན་པའི་མི་སྐྱ་ཐག་མཆོག་ཟེར་བ་ཞིག་གིས་གསེར་རྟ་རྫོང་ཐོག་ཏུ་བོད་ཀྱི་རྒྱལ་དར་ཐོགས་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དེ་དང་མཉམ་དུ་ཡི་གེ་ཡང་གཏོར་ཡོད་ཀྱང། དེ་འཕྲལ་རྒྱ་ནག་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།
ཡང་བསྐྱར་གསེར་རྟ་རྫོང་ཐོག་ཏུ་ཕྱི་ ༢༠༡༠ ཟླ་ ༤ ཚེས ་ ༧ ཉིན་ སྔ་དྲོ་ ༩ དང་ཕྱི་དྲོ་དུས་ཚོད་ ༢ གཉིས་ཀྱི་ཐོག་ཙམ་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་ན་ཡང་ད་ལྟ་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་དང་། དེང་སྐབས་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གིས་ཧ་ཅང་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཁུངས་ལྡན་བོད་ནས་ཁ་པར་བརྒྱུད་འབྱོར་ཡོད་པ་རེད།
གཞིས་ལུས་བོད་མིའི་ཉམས་མེད་ཀྱི་སྙིང་སྟོབས་ལ་གུས་བརྩི་དང་ཡི་རངས་ཡོད།
གཞི་ལུས་བོད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་སྙིང་སྟོབས་ལ་བསྔགས་བརྗོད་དང་གུས་བརྩི་ཞུ་
བཙན་བྱོལ་བ་ཚོ་ཞི་བདེ་ལྷིང་འཇག་གི་འཚོ་བ་རོལ་ནས་ད་དུང་གཉིད་སད་མི་འདུག་ད་
འཇང་གཡུ་ལྷ་ཐོགས་འགྱུར་ལགས།
བཙན་བྱོལ་བ་མང་པོ་ཞིག་གཉིད་ལས་སད་མི་འདུག་ལབ་ན་འདྲ་ཆགས་པོ་ཞིག་འདུག ཚང་མ་དེ་འདྲ་ཞིག་ཡིན་ནམ། གང་ལྟར་ཁྱེད་ཀྱིས་བྲིས་པ་དེ་ཡང་བསྐྱར་ཐེངས་གཅིག་ཀློག་དང་། ཡིག་ནོར་འདུག་ལ་ཨི་ལྡན་གྱི་ཕྲད་ཀྱང་ནོར་འདུག་པས་གོ་རྒྱུ་ཞིག་མི་འདུག
སྙིང་རྗེ། ད་ཡང་ལོ་མང་པོར་མུན་ནག་ཀྱི་བཙོན་དུང་དུ་མནར་གཅོད་མྱོང་བཞིན་འདུག་དགོས་ནི་རེད།
གསེར་རྟ་ཆོས་དབྱིངས་ལགས།
ཉིད་ཀྱིས་བསྐྱར་གཏོང་གནང་བ་བཞིན། འདིར་ཡང་དེ་རྩིས་བརྗེ་འགོད་ཞུས་ཟིན་ལགས།
རྡོར་དབང་ལགས། ཐུགས་རྗེ་ཆེ།
ཧ་ཧ་ལྟོས་དང་གསེར་ཆོས་གཙོས་པའི་གསེར་རྟ་རྣམས་ཀྱིས་མཛད་སྤྱོད་ལ་གཟིགས་དང་། དགའ་སྐྱིད་ལ་རོལ་ཞིང་བཞིན་མཆིས།
ཨོ་རེད་ཡ་རྒྱ་མིའི་འགོ་ལོག་གསེར་རྟ་ལ་དམ་སྦྲག་བྱེད་བཞིན་པ་ལ་རང་དབང་ལུང་པ་ན་ཡོད་པའི་གསེར་རྟ་རྣམས་ཀྱིས་དགའ་སྤྲོ་ངང་གནས་མུས་ལགས་ན། བྱ་སྤྱོད་ཡ་མ་ཟུང་དེ་ངོ་མཚར་ཆེ་གི་ཡ།