འཇིགས་མེད་ནུབ་པ།
ངེད་ཀྱིས་བཀླགས་པའི་བོད་ཀྱི་ལོ་རྒྱུས་དེབ་ “Tibet: A History” (བོད་། ལོ་རྒྱུས་ཤིག)ཟེར་བ་དེ་གཞིར་བཞག་ན། བསམ་ཡས་ངག་གི་དབང་པོས་(1308-1363)ཀ་རྩོམ་འདི་མཛད་པའི་ལོ་ནི་ཕྱི་ལོ་1334ལོ་རེད་འདུག དེ་དུས་ཁོང་དགུང་ལོ་ཉེར་བདུན་ལ་སོན་འདུག་པ་མ་ཟད་གསང་ཕུ་དགོན་པའི་གྲྭ་བ་ཡང་རེད་། གསང་ཕུ་དགོན་པའི་མིང་དངོས་ལ་གསང་ཕུ་ནེའུ་ཐོག་དགོན་ཟེར་ཞིང་དགོན་པ་དེ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱི་ལོ་1073ལོར་ཕྱག་བཏབ་འདུག
བསམ་ཡས་ངག་གི་དབང་པོ་གསང་ཕུ་དགོན་པ་དང་ཁ་བྲལ་དུས་ཀ་རྩོམ་འདི་བྲིས་འདུག ཀ་རྩོམ་འདི་དགོན་པའི་གྲྭ་བ་ཞིག་གིས་གསང་ཕུ་དགོན་པའི་བཞུགས་ཁྲི་གཙོ་བོའི་མདུན་ལ་སྦྱར་བ་རེད་ཟེར་བ་དང་ཡང་བསམ་ཡས་ངག་གི་དབང་པོས་གསང་ཕུ་དགོན་པའི་སྒོ་ཆེན་སྟེང་དུ་སྦྱར་བ་རེད་ཞེས་བཤད་ཚུལ་མི་འདྲ་བ་གཉིས་འདུག ཁོང་གསང་ཕུ་དགོན་པ་དང་ཁ་བྲལ་དོན་ནི། ཁམས་པའི་སློབ་གཉེར་བ་ཚོའི་ཕྲག་དོག་དང་བརྙས་བཅོས་གཉིས་ཀ་བཟོད་མ་ཐུབ་ནས་དགོན་པ་དང་ཁ་བྲལ་བ་རེད་ཞེས་བཀོད་འདུག གསང་ཕུ་དགོན་པ་སྟོད་ལུང་ཕྱོགས་སུ་ཡོད་ན་ཡང་སྐབས་དེ་དུས་དགོན་པའི་སློབ་གཉེར་མང་ཆེ་བ་བོད་ཁམས་ཕྱོགས་ནས་རེད་འདུག ཀ་རྩོམ་འདི་འབྲི་མཁན་གྱི་བསམ་ཡས་ངག་གི་དབང་པོ་ནི། མཚན་གཞན་ལ་བོད་ཡིག་ཀློག་མཁན་ཕལ་ཆེ་བས་གོ་ཐོས་ཡོད་པའི་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ལགས་རེད།
བསམ་ཡས་པ་ངག་གི་དབང་པོའི་ཀ་རྩོམ།
ཀ་ལིང་ཡུལ་དུ་སྲིན་པོ་རྒྱུ་བ་བཞིན།།
ཁ་བ་ཅན་དུ་ཆོམ་རྐུན་ཁམས་པའི་རིགས།།
ག་རུ་གནས་ཀྱང་གྲོང་རྡལ་འཇོམས་བྱེད་པའི།།
ང་རྒྱལ་ཆགས་སྡང་རྒྱུ་བ་གཟིགས་ལགས་སམ།།
ཅ་ཅོའི་རང་བཞིན་ཉོན་མོངས་ཁམས་པའི་ཚོགས།།
ཆ་འོ་བཞིན་དུ་ཕྱོགས་བཅུར་རྒྱུ་བྱེད་ཅིང་།།
ཇ་ཆང་འཐུང་ཞིང་སྲོག་ཆགས་གསོད་བྱེད་པ།།
ཉ་པ་བཞིན་དུ་གནས་པ་གཟིགས་ལགས་སམ།།
ཏ་ལའི་ཚལ་དུ་སྟག་གཟིག་རྒྱུ་བ་བཞིན།།
ཐ་ཆད་ཆང་འཚོང་རྐུན་པོའི་གནས་རྣམས་སུ།།
ད་བྱིད་ཟོས་བཞིན་འདོད་ཆགས་མེས་གདུངས་པས།།
ན་ཆུང་འཚོལ་ཕྱིར་རྒྱུག་པ་གཟིགས་ལགས་སམ།།
པ་ནས་གང་བའི་ལྡུམ་ར་ངན་པའམ།།
ཕ་རོལ་ཆང་དང་སྒོག་བཙོང་དྲིས་སུན་འབྱིན།།
བ་ལང་བཞིན་དུ་གཙང་བཙོག་མི་ཤེས་པས།།
མ་རབས་དུད་འགྲོའི་ཁམས་པ་གཟིགས་ལགས་སམ།།
ཙ་ནས་རང་ལ་རྒོལ་བ་བྱུང་བའི་ཚེ།།
ཚ་ཟེར་བྱེད་ལ་མུན་པའི་སྐྱེས་བུའམ།།
ཛ་ར་སྡང་རའི་རྒྱལ་ཕྲན་ཇི་བཞིན་དུ་།།
ལྦ་སྐྱེས་བཞིན་དུ་འབྲོས་བ་གཟིགས་ལགས་སམ།།
ཞྭ་རྨོག་གྱོན་ཅིང་ཉེས་མེད་ཡུལ་རྣམས་སུ།།
ཟ་མའི་ཆེད་དུ་མི་རྣམས་རྡུང་བྱེད་ཅིང་།།
འ་ཅག་ཁྲེལ་མེད་ཡིན་ཞེས་སྨྲ་བ་ཡི།།
ཡ་རབས་ཚུལ་ཆད་ཁམས་པ་གཟིགས་ལགས་སམ།།
ར་ལུག་བ་ལང་ལ་སོགས་གསོད་པའི་ཕྱིར་།།
ལ་ཆུ་འཕྲང་གསུམ་བརྒལ་ནས་གྲོང་རྡལ་འཛོམས།།
ཤ་ཟ་ཆང་འཐུང་བུད་མེད་བསྟེན་པ་ཡི།།
ས་སྟེང་བསྟན་པའི་ཆོམ་རྐུན་གཟིགས་ལགས་སམ།།
ཧ་ཅང་ཐལ་བའི་བྱེད་ཚུལ་ངན་པ་འདི་།།
ཨ་ཁུ་ཁམས་པའི་ཐོས་བསམ་སྒོམ་གསུམ་ཡིན།།
ཡི་གེ་སུམ་བཅུའི་ཚིགས་སུ་བཅད་པ་འདི་།།
གནས་ནས་ཕུད་ཚེ་ལམ་ཀའི་བཞི་མདོར་སྦྱར།།
ཅེས་པ་འདི་བསམ་ཡས་པ་ངག་གི་དབང་པོས་གསང་ཕུ་ནེའུ་ཐོག་ཏུ་སྦྱར་བ་འདིས་དགེ་ལེགས་འཕེལ་བའི་རྒྱུར་གྱུར་ཅིག།
ཞོར་འཕྲོས།
སྡེ་དགེ་དཔར་ཁང་ཆེན་མོའི་དཔེ་ཐོ་གཞིར་བཞག་ན། ཀློང་ཆེན་རབ་འབྱམས་པའི་བརྩམས་ཆོས་གཙོ་བོའི་རིགས་ནི་མཛོད་བདུན་དང་། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། མུན་སེལ་སྐོར་གསུམ། སྙིང་ཐིག་ཡ་བཞི། ཡང་ཏིག་སྐོར་གསུམ་སོགས་རེད་འདུག མཁས་པ་ཁོང་ལ་མཚན་ཡང་མི་འདྲ་བ་བཅུ་ལྷག་འདུག དེ་ཚོ་ནི་ངག་གི་དབང་པོ་དང་ཀློང་ཆེན་རབ་འབྱམས་པ། ཚུལ་ཁྲིམས་བློ་གྲོས། ཀློང་གསལ་དྲི་མེད་། རྡོ་རྗེ་གཟི་བརྗིད་། རྡོ་རྗེ་སེམས་དཔའ། དྲི་མེད་འོད་ཟེར། བློ་གྲོས་མཆོག་ལྡན། པདྨ་རང་གྲོལ། སྣ་ཚོགས་རང་གྲོལ། བསམ་ཡས་པ་སོགས་རེད་། ཁོང་ནི་བོད་ཀྱི་མཁས་པའི་ཁྲོད་ཀྱི་མཚན་མང་ཤོས་གྲས་ཀྱི་གཅིག་ཀྱང་རེད་།
ངེད་ཀྱི་ངོ་ཤེས་གྲོགས་པོ་དགེ་འདུན་རབ་གསལ་གྱིས་ཀ་རྩོམ་འདི་བཙལ་རོགས་གནང་བར་སྙིང་ནས་བཀའ་དྲིན་ཆེ།
དུས་རབས་བཅུ་བཞི་བའི་གཡས་གཡོན་དུ་དབུས་གཙང་ཁུལ་གྱི་དགོན་པ་ཁག་ཏུ་ཁམས་དང་ཨ་མདོའི་གྲྭ་བ་སློབ་གཉེར་བ་མང་པོ་ཡོང་དགོས་དོན་སྐོར་གྱི་ཞིབ་འཇུག་རྒྱུ་ཆ་དང་དཔྱད་རྩོམ། བསམ་ཚུལ་སོགས་ཡོད་ཚེ་གུས་བར་མཁོ་སྤྲོད་གནང་རོགས་མཁྱེན། དེ་ལ་ཐུགས་རྗེ་ཆེ་སྔོན་སོང་དུ་ཞུ་གིན་ཡོད་ལགས།
གསལ་བཤད་།
ཁམས་དང་མདོ་ཁམས། མདོ་སྟོད་། མདོ་སྨད་སོགས་ཀྱི་ཐ་སྙད་འདི་དག་ལ་དུས་རབས་མི་འདྲ་བར་བེད་སྤྱོད་ཀྱི་ཁྱབ་ཁོངས་ཀྱང་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་ཙང་། གཅིག་བྱས་ན་འདིའི་སྐབས་སུ་ཁམས་པ་ཟེར་བ་འདི་མདོ་སྟོད་དང་མདོ་སྨད་གཉིས་ཀར་གོ་གི་ཡོད་སྲིད་།
(འཇིགས་མེད་ནུབ་པས་དཔེ་ཀློག་གི་བར་གསེང་ནས་སྤེལ།)
བཀྲ་ཤིས་བདེ་ལེགས་ཞུ།
ཆོས་དང་ཆབ་སྲིད་འདུས་མང་འདུ་ས་ན།
རལ་གྲི་དགྲ་སྟ་ཅན་གྱི་ཆོམ་རྐུན་ཚོ།།
ཀ་བཤད་ངན་སྤྱོད་གསལ་བའི་ངོ་མཚང་ལྟར།།
གཟིགས་ལགས་གཟིགས་ལགས་ད་ལྟ་རྡ་སར་གཟིགས།།
ཀློང་ཆེན་རབ་འབྱམས་པའི་ཡང་སྲིད་ཀྱིས། ཧ་ཧ་ཧ།
མཁས་པ་ཀློང་ཆེན་རབ་འབྱམས། མཁས་པ་ཀུན་དགའ་རྒྱལ་མཚན། མཁས་པ་བློ་བཟང་གྲགས་པ་གསུམ་ལ་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་ཞེས་གྲགས།
ཡོངས་གྲགས་ལ་ཁོང་གསུམ་གྱི་མཚན་གྱི་བབ་དང་བསྟུན་ན་”ལགས”ཞེས་པའི་ཚིག་འདི་ཁོང་གསུམ་གྱི་མཚམ་བཤམ་དུ་བཏགས་ན་མ་འགྲིག ད་དུང་”མཁས་པ”ཞེས་པའི་མིང་བྱང་ཡང་ཁོང་གསུམ་གྱི་མཚན་གོང་དུ་མི་མཛེས། སྤྱིར་དེང་སང་སྨྲ་བརྗོད་རང་དབང་སོགས་ཀྱི་ནང་འཚར་ཞིང་ཀུན་དང་མི་མཐུན་ཙམ་བྱས་ན་འཇོན་ཐང་དུ་མཐོང་བའི་དུས་སུ་འདི་དང་འདི་ཞེས་བརྗོད་ན་རྗོད་པ་པོ་རང་ཉིད་ངལ་བ་ཙམ་ལས་གཞན་མེད་པས་གནས་སྐབས་དེ་ཙམ་མོ།།
ཡང་མཁས་པ་ལ་མཁས་པ་ཞེས་འབོད་ན་ཅི་ཡོད་སྙམ་ན་འོ་ན་མི་ཡིན་པས་མི་ཀློང་ཆེན་རབ་འབྱམས་དང་མི་ཀུན་དགའ་རྒྱལ་མཚན་ཞེས་བརྗོད་དགོས་པ་ལ་དེ་ལྟར་བརྗོད་ན་མི་བདེ་བའི་ཕྱིར་རོ།།
མེ་དཀར་ལགས། ངའི་གྲོགས་པོ་ཞིག་གི བོད་ཀྱི་འཇམ་དབྱངས་རྣམ་གསུམ་ལ་བཀའ་བརྒྱུད་པ་མི་འའདུག་ཟེར་གྱི་འདུག་ད།
འཇམ་དབྱངས་རྣམ་གསུམ་གྲས་ཀློང་ཆེན་ཀློང་ཆེན་པའི་གསུང་འབུམ་ན་ཡོད་པ་བདག་གིས་ཀོ་ལམྦི་ཡའི་དཔེ་མཛད་ན་ལོ་མང་སྔོན་དུ་མཇལ་ཀྱང་། འཇིགས་མེད་ནུབ་པ་མཆོག་གིས་ཚོལ་སྒྲུབ་མཛད་པས་ལོ་རྒྱུས་མང་པོ་ཞིག་རྟོགས། འདི་ལྟར་མཛད་པར་ཐུགས་རྗེ་ཆེ།
མིང་ཚིག་འགར་ཡིག་ནོར་དང་མ་གོ་བ་དག་ལ་དཔྱད་པ་ནི།
་
ཆུའོ་བཞིན་དུ་ཕྱོགས་བཅུར་རྒྱུ་བྱེད་ཅིང་།། ཆུ་བོ་ཞེས་དགོས་སམ་སྙམ།
་
དཔྱིད་ཟོས་བཞིན་འདོད་ཆགས་མེས་གདུངས་པས།། སྒྲ་བརྒྱད་ལས་མེད་པས་གཅིག་ཆད། དཔྱིད་ཟོས་ཀྱི་དོན་ཅི་ཡིན་ནམ།
པ་ནས་གང་བའི་ལྡུམ་ར་ངན་པའམ།། པ་་ནས་ཞེས་པའི་དོན་གང་ཡིན་ནམ།
་
ལྦ་སྐྱེས་བཞིན་དུ་འབྲོས་བ་གཟིགས་ལགས་སམ།། འདིར་འབྲོས་བ་ཞེས་ཕལ་སྐད་ཤོར་ཏམ་སྙམ། མ་དཔེར་དེ་འདྲ་ཡོད་དམ།
ལ་ཆུ་འཕྲང་གསུམ་བརྒལ་ནས་གྲོང་རྡལ་འཛོམས།། འདིར་འཇོམས། ཞེས་པ་མ་ཡིན་ནམ།
་
བོད་ཀྱི་མཁས་པ་ཆེན་པོའི་རྩོམ་ཡིག་ལ་བརྟག་དཔྱད་བྱེད་པར་ལོང་བྱུང་དང་འབྱུང་བས་རང་ཅག་རྣམས་སྐལ་བ་དང་ལྡན་པར་སེམས་སོ།
དགོངས་དག་གོང་གི་ལན་བརྒྱབ་ཡུལ་ནོར་འདུག ལན་འདི་ནུབ་ཕྱོགས་གངས་ཕྲུག་ལགས་སུ་ཡིན།
རྒན་ལ་དྭགས་པ་འདི་རུ་ཕེབས་ནས་བསམ་ཚུལ་གསུངས་བ་དགའ།
ངེད་ཀྱིས་ཀློང་ཆེན་པའི་ཀ་རྩོམ་དེའི་ཡིག་ནོར་དང་བཏགས་ནོར་རིགས་མ་བཅོས་པར་རང་སོར་བཞག་ཡོད་། གོང་དུ་དཔེ་ཆའི་འདྲ་པར་ཡང་མཉམ་དུ་བཞག་ཡོད་། དེ་ལ་གཟིགས་རོགས།
འཇིགས་མེད་ནུབ་པས།
དཔྱིད་ཟོས་བཞིན་འདོད་ཆགས་མེས་གདུངས་པས།།
འདི།
ད་བྱིད་ཟོས་བཞིན་འདོད་ཆགས་མེས་གདུངས་པས། །
པ་ནས་གང་བའི་ལྡུམ་ར་ངན་པའམ།།
པ་ནས་གང་བའི་ལྡུམ་ར་ནི། ལྡུམ་ར་ཞིག་གི་མིང་ཙམ་ཡིན་པ་འདྲ།
ལ་ཆུ་འཕྲང་གསུམ་བརྒལ་ནས་གྲོང་རྡལ་འཛོམས།།
འཛོམས་འདི་འཇོམས་ཡིན་དགོས་ཏེ།
ཁམས་པ་ཇག་པ་ཚོས་འཁྲོག་བཅོམ་སྐབས་གྲོང་རྡལ་འཇོམས་པ་ལ་གོ་དགོས་འདུག་སྙམ་ལགས།
འཇིགས་མེད་ནུབ་པ་ལགས། འཇམ་དབྱངས་རྣམ་གསུམ་ནང་བཀའ་བརྒྱུད་པ་ཡོད་མེད་རྩོད་སོང་ན་དུས་ཚོད་མང་ཙམ་འགོར་འགྲོ སྤྱིར་འཇམ་དབྱངས་ཞེས་ཡོངས་གྲགས་ལས་ཆོས་བརྒྱུད་སྤྱི་འཐུས་མ་རེད་ལགས།
དེ་ཡིན་དུས་མཁས་གྲུབ་སོ་སོའི་མཚན་གྱི་ཆེ་བ་བརྗོད་ཚུལ་ཡོངས་གྲགས་ཀྱི་ཚུལ་དུ་ཡོད་པ་དེ་ངས་བཤད་གི་ཡོད།
གཞན་༧གོང་ས་མཆོག་ལ་སྐུ་ཞོ་བསྟན་འཛིན་རྒྱ་མཚོ་ལགས་འདྲ་ཟེར་ན་ཡོངས་གྲགས་ལ་སྙན་མི་སྙན་ལས་རིགས་པས་གནོད་པ་ཅང་མེད་པས་སོ།།
དེ་ཙམ་ཡིན། སྤྲོས་པས་ཆོག་གོ །
བཀའ་བརྒྱུད་པ་ལཐོས་བསམ་མང་དྲགས་ན་སྒྲུབ་པའམ་སྒོམ་ཉམས་ལེན་ལ་གནོད་སྟངས་ཅིག ཤོད་ཚུལ་ཅིག་ཀྱང་ཡོད་འདུག གལ་སྲིད་བཀའ་བརྒྱུད་པ་ལ་ཡང་འཇམ་དབྱངས་ཅིག ཡིནགཅིག་མིན་གཅིག་དགོས་ན། ལྷ་རྗེ་སྒམ་པོ་པ་དེ། འཇམ་དབྱངས་ཀྱི་སྤྲུལ་པར་ངོས་འཛིན་དགོས། ཧ་ཧཧ། ཨེ་མཧོ།། །།
དགོངས་དག་ངས་ཀྱང་ནོར་འདུག ནུབ་ཕྱོགས་གངས་ཕྲུག་ལ་ལན་ཡིན་ནོ།།
༼བདག་གིས་ཀོ་ལམྦི་ཡའི་དཔེ་མཛད་ན་ལོ་མང་སྔོན༽
དགོངས་དག་ཞུ་དག་མཁན་པོར་ཞུ་དག་བྱེད་དགོས་བྱུང་སོང། ༼དཔེ་མཛོད་ན༽ ཞེས་གོ་བ་འདྲ།
ཞུ་དག་མཁན་པོའི་མཁན་པོས་ཚེག་གཅིག་ཆད་འདུག ༼བྱུང་སོང།༽བྱུང་སོང་།
བཀའ་བརྒྱུད་ལ་འཇམ་པའི་དབྱངས་ཤིག་དགོས་ན་རྗེ་བཙུན་མི་ལ་འོས་སོ།
ཧ་ཧ་མེ་དཀར་ག་བར་ཆད་འདུག
བཀའ་བརྒྱུད་པའི་འཇམ་དབྱངས་་གང་ཞིག་འཇོག་དགོས་མིན་ཐག་ཆོད་མི་ཐུབ་དང་པོ་བླ་ཆེན་སུ་ཡིན་ཐག་ཆོད་དགོས་དེ་ནས་ལྟ་རྒྱུ་ཡོད་དྲོ།
ཁམ་པ་ཟེར་བ་དེ་ལས་ཀ་དེ་རང་ཡིན་པ་འདྲ་རོ་འབྱར་རང་རེད་
ད་དུང་་་འཇིག་རྟེན་གྱི་གཏམ་དཔེ་འདི་འདྲ་ཞིག་ཡོད་ཁུ་མོྲ
ཙི་ཙི་ལ་ངན་བཟོ་ནས་ཁང་ཁྱིམ་མེ་ལ་བསྲེགས་་་ཅེས་པའི་གཏམ་དཔེ་ཞིག་ཡོད་ཁུ་མོ།
བསམ་ཡས་མཁན་པོ་ལྷ་ལུས་ཕུང་འདྲེ་ཁོས་བོད་ཀྱི་རྒྱལ་མཆོག་དར་མ་སྐུ་བཀྲོངས་པ་ནས་བཟུང་བོད་ཁམས་ཇག་པས་ཁེངས་བའི་ཡུལ་ལུང་ཞིག་ལ་བསྒྱུར་སོང་བ་ལོ་རྒྱུས་དངོས་ཀྱི་ཐོག་ཏུ་ཁ་གསལ་པོ་ཡོད། བོད་སིལ་བུ་ཐོར་ནས་སྟོད་པས་སྨད་པ་ལ་ཇག་བརྒྱབས། གྲོང་བས་འབྲོག་ལ་ཇག་བརྒྱབས། བོད་ཁམས་ཡོངས་རྫོགས་མྱི་ངན་ཇག་པས་ཁེངས་བའི་ཡུལ་ལུང་ཞིག་འགྱུར་སོང་བ་འདི་བསམ་ཡས་མཁན་པོས་བྱས་རྗེས་རེད་མོད།
ཁ་ཏྭ་མི་གཙང་ཟས་པའི་མཆུ། གཙང་ས་གཞན་དུ་འགྲོ་ནས་ཕྱེ་་་་ཞེས་པ་ལྟར་་་་བསམ་ཡས་ཚང་གི་བླ་ཆེན་ཀློང་ཆེན་ཟེར་བ་དེས་བོད་ཡུལ་ཇག་ཚང་བཟོ་མཁན་བསམ་ཡས་ཚང་གི་མཁན་པོ་ཕུང་འདྲེ་ཁོ་ཡིན་བཞིན་དུ་ཁམས་པའི་ཐོག་ཏུ་ཉེས་པ་བཀལ་གྱི་ཡོད་པ་འདི་ཅི་འདྲ་དགོད་བྲོ་བ་ཤིག་རེད།་་་ཧཧཧ
ཨ་རོགས་ཁམས་པའི་ཕོ་རྒོད་དར་མ་ཚོ།
མཛེས་མ་མོ་བརྒྱ་སེམས་པ་ཤོར་ས་རེད།
སྡར་མ་ཕོ་བརྒྱ་སྙིང་རླུང་ལངས་ས་རེད།
འདི་ནི་ཚེ་སྔོན་ལས་ཀྱིས་སྐོས་ཐང་རེད།་་་་ཧཧཧ
ཁམ་པ་ཇག་པ་དང་རོ་འབྱར་རེད་ཟེར་བ་གོ་མྱོང་
༄།། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་གསང་ཕུའི་གྲྭ་པ་རེད་ལབ་ན་མི་ཆོག་པ་མེད་ཀྱང་ཁོང་ཐོག་མར་ཆོས་བཞུགས་གནང་ས་ནི་ཀ་རྩོམ་འདིའི་མཛད་བྱང་དུ་བསམ་ཡས་པ་ངག་གི་དབང་པོས་ཞེས་འཁོད་པ་ལྟར་བསམ་ཡས་ཡིན། དུས་རབས་བཅུ་བཞིའི་གཡས་གཡོན་དུ་མདོ་ཁམས་ནས་དབུས་གཙང་དུ་སློབ་གཉེར་བ་མང་པོ་ཡོང་དགོས་དོན་གཙོ་བོ་ནི་དགོངས་མངའ་ལྟར་བསྟན་པ་བྱང་ནས་བྱང་དུ་དར་བར་ལུང་བསྟན་པ་བཞིན་སྐབས་དེར་དབུས་གཙང་ཕྱོགས་སུ་བསྟན་པ་དར་ཆེ་བའི་དུས་ཡིན། དབུས་གཙང་ཆོས་ཀྱི་ཆོལ་ཁ་ཞེས་པས་ཀྱང་དེའི་དགོས་དོན་བསྟན་འདུག ཞིབ་ཕྲ་སྐབས་དེའི་མཁས་གྲུབ་སྤྱི་དང་མདོ་ཁམས་ནས་བྱོན་པའི་མཁས་གྲུབ་ཚོའི་རྣམ་ཐར་ལས་མཁྱེན།
ཨ་རོགས་་ཁམས་པའི་ཁམས་སྐད་མི་ཤེས་།
ཨ་ཁུ་འབྲོག་པའི་འབྲོོག་སྐད་མི་ཤེས་།
ཨ་མདོའི་མི་གི་ཨམ་སྐད་མི་ཤེས་།
དབུས་གཙང་མི་གི་དབུས་སྐད་མི་ཤེས་།
ཧ་ཧ་ཧ་ཡོངས་རྫོགས་སྐད་གསར་བེད་སྤྱོད་ཧ་ཧ་ངོ་ཚ་བོད་པ་ཚང་ཡ་ང་་།
གཞན་རྒྱུ་བཙན་འཕྲོག་བྱེད་མཁན་ཇག་པ་ལ།
རྒྱ་སྟག་དམར་པོ་འདྲ་བའི་སྙིང་ཞིག་དགོས།
གླག་རྒོད་དར་མ་འདྲ་བའི་རྩལ་ཞིག་དགོས།
དེ་འདྲ་མིན་ན་ཇག་ལམ་ཆོད་ནི་མིན།
བླུན་པོ་ཀློང་ཆེན་ཟེར་བའི་ཤེས་མེད་ཁོས།
ལྦ་སྐྱེས་བཞིན་དུ་ཁམས་པ་བྲོས་སོང་ཟེར།
རྒྱ་སྟག་བཞིན་དུ་ཁམས་པས་བཅོམ་སོང་ཟེར།
རང་ཚིག་སྔར་ཕྱི་འགལ་བ་ཡིད་རེ་སྐྱོ།
གཞན་ནོར་འཕྲོག་བཅོམ་བྱས་པ་བདེན་ངེས་ན།
ཝ་སྐྱེས་བཞིན་དུ་བྲོས་སྟངས་ཅི་འདྲ་རེད།
སྡར་མ་ཝ་མོ་ལྟ་བུའི་ཇག་པ་ཞིག
ས་སྟེང་འདི་རུ་མེད་པའི་ཤེས་བྱ་རེད།
ཀློང་ཆེན་རྫུན་བཤད་ལ་གོམས་འདུག་པས།
ཀ་བཤད་རང་ཚིག་སྔ་ཕྱི་འགལ་ནས་འདུག
ཁས་ལེན་དངོས་ཤུགས་གཉིས་ཀྱང་འགལ་ནས་འདུག
དམ་པའི་ཆོས་དང་ཡང་རྒྱབ་འགལ་རེད།།
ཀློང་ཆེན་རྫུན་ཆེན་བཤད་ལ་གོམས་འདུག་པས།
ཀ་བཤད་རང་ཚིག་སྔ་ཕྱི་འགལ་ནས་འདུག
ཁས་ལེན་དངོས་ཤུགས་གཉིས་ཀྱང་འགལ་ནས་འདུག
དམ་པའི་ལྷ་ཆོས་དང་ཡང་རྒྱབ་འགལ་རེད།།
ཁམས་པ་ཡོངས་རྫོགས་ཇག་པ་ཟེར་ན་རྫུན།།
ཅོ་རི་གཤིས་འདི་ཁམས་པའི་ཡིན་ཟེར་ན།།
ཁམས་པ་ཇག་པ་དོན་གཅིག་ངས་ཀྱང་འདོད།།
ཨ་རོགས་ཁམས་པས་རོ་རྒྱོབ་མི་དགོས།
ཁྱོད་ཀྱི་དགའ་རོགས་ག་དུས་རྒྱོབ་རྒྱོབ།
སྐུ་ངོ་ཆེན་པོའི་ལྷ་ལྕམ་ཡིན་ཀྱང།
ཨ་རོགས་ཁམས་པས་ག་དུས་རྒྱོབ་རྒྱོབ།
ཨ་རོགས་ཁམས་པས་ཕོ་ཉམས་མཐོང་དུས།
ལྷ་ལྕམ་སྐུ་ཞབས་ཁྱི་མོ་རྒྱུགས་རྒྱུགས།
ཨ་རོགས་ཁམས་པའི་མཇེ་རྒོད་མཐོང་དུས།
སྲས་མོ་སྐུ་ཞབས་་ཡུ་མོ་ངུ་ངུ།་་་་ཧཧཧ
ཡ་རབས་ཕྱག་དང་ཞེ་སའི་དྲི་མ་མེད། །
རྒན་རབས་བཀུར་བའི་སྙིང་ཁམས་དེ་བས་མེད། །
མི་དགོས་ཡོད་ཚད་གང་པོར་ཁ་གཏོང་བའི། །
ཅོ་རི་ཁ་འདི་་་་་་་་་་་་་་རློན་པས་ཆོད། །
ཁམས་པ་ལ་སྟོད་པ་ཡག་པོ་ཞིག་འདུག། ད་བྱེད་ན་ཀློང་ཆེན་པ་ཁམས་པས་བཟོ་བལྟ་སྤྲད་ཡོད་པ་གདའ་ཧ་ཧ་ཧ་ཧ་ཧ་།
མྱི་ངན་ཀློང་ཆེན་ཁོས་་་ཁམས་པ་ཇག་པ་རེད་་་་་ཁམས་པ་ཝ་སྐྱེས་རེད། ཁམས་པ་ཆོམ་རྐུན་རེད། ཁམས་པ་ཆང་འཐུང་རེད། ཁམས་པ་མ་རམས་དུད་འགྲོ་རེད་་་་ཟེར་དུས་་་་་ཁྱོད་ཚོས་དགའ་བསུའི་བྱེད་བཞིན་འདུག་མོད། ངེད་མདོ་ཁམས་པའི་མི་རིགས་ལ་ཚིག་ངན་འདི་ལས་ལྷག་ཞིག་ཅང་ལབ་ཀྱི་ལྷག་ཡོད་དམ།་་་་་མེ་དཀར་ལགས། སྐད་ཆ་འདི་འདྲ་བཤད་དགོས་ན་ཤཀྱའི་རྒྱལ་པོ་སྐུ་དངོས་སུ་ཕེབས་ནའང་ཁས་ལེན་གྱི་མིན་ནོ།
ཁམས་པ་ཚོས་ཡག་ས་ནས་ཞུས་དཔལ་་དང་སྡུག་ས་ནས་ཞུས་གླེན་རྟག་།དཔལ་དང་གླེན་དབང་གིས་སོ་སོས་གང་བསམ་པ་དང་གང་བྱེད་འདོད་པ་རྣམས་བྱེད་སྲིད་པ་ཞིག་རེད།འདི་ཁམས་པ་གཅི་པོ་མ་རེད་འཛམ་གླིང་སྐད་གྲགས་ལྡན་པའི་༼རང་མ་མི་རིགས་༽རྣམས་ཀྱིས་ནོར་འཁྲུལ་མང་པོ་ཡོད། མི་ལ་དཔལ་མེད་ན་ནོར་འཁྲུལ་ནོར་བཟོ་མི་ནུས་སེམས་ནང་དྲན་ཡང་ཁ་ནང་ཤོད་མི་ནུས།
ཡང་རྡུང་རེས་བྱེད་ཀོ་ནས། དེ་ཡང་ཧྲ་གི འཚམ་འཚམ་ལ་རྡུང་རེས་འདྲ་བྱས་ན་ཡང་ཕན་ཚུན་མཛའ་མཐུན་ཡོང་ནི་འདྲ་ཞིག་རེད།
མ་བུ་མོའི་ཁོག་ལ་བུ་ཆུད་ས་ན། སྟག་ཅོ་ཁམས་ཁོག་ལ་ཚིག་ཆུད་ཀི་མེད་ཀི་ཡ། ཧ་ཧ་ཧ། ཧ་ཧ་ཧ།
དེ་རིང་ཅོ་རི་ཁོ་ཁམས་པ་ཡིན་མདོགམདོག་བྱེད་བགྱིད་འདུག གང་ཡིན་ནམ།
ཁམས་པ་སྤྲོ་ཐུང་འཕྲོག་བཅོམ་རྐུན་ཇག་ཆེ། །
ཨ་མདོ་ཤེས་རིག་བཀྲ་ཡང་སྨྱོ་ཧམ་ཆེ། །
དབུས་གཙང་ཆོས་དད་ཡོད་ཀྱང་གཡོ་སྒྱུས་ཆེ། །
ཆེ་གསུམ་ཆོལ་གསུམ་རྒྱ་དམར་འོག་ཏུ་ཤོར། །
སྙན་པོ་འདུག་་ད་དུང་མང་ཙམ་གླེང་དང་དགའ་བསུ་་ཡོད་།
སྐྱོན་མེད་པའི་མི་གཅིག་ཀྱང་ཡོད་པ་མ་རེད་།
ཁམས་པ་དབུས་པ་ཨ་མདོ་སུ་ཡིན་ཀྱང་སྐྱོན་ངང་ཡོན་ཏན་གཉིས་ཀ་ཚང་ཡོད་
རེད་ཁྱེད་ཚོའི་སྐད་ཆ་སྙན་འདའ་་མང་ཙམ་གླེང་རོགས་ལས་་མེད་ཚོ་ཁ་དྲོ་།
མགོ་ན་བཀུར་སའི་བླ་མ་དཔོན་པོ་མེད།།
བར་ན་འདྲེས་པའི་མཛའ་བཤེས་ཉེ་དུ་མེད།།
འོག་ན་སྐྱོང་རྒྱུའི་འཁོར་གཡོག་ཉེ་འབྲེལ་མེད། །
མེད་པ་གསུམ་འཛོམ་ངོར་ན་ཡོད་ཚད་དགྲ །
འཇིགས་མེད་ནུབ་པ་མཆོག་ལ་ཞུ་རྒྱུར་ཁྱེད་ཀྱིས་ཀུན་མཁྱེན་ཀློང་ཆེན་པའི་ཀ་བཤད་འདིར་བཀོད་པའི་དམིགས་ཡུལ་ངོ་མ་དེ་གང་ཡིན་ནམ། དུས་རབས་བཅུ་བཞི་པའི་གཡས་གཡོན་དུ་ཨ་མདོ་དང་ཁམས་ནས་གྲྭ་པ་མང་པོ་དབུས་གཙང་དུ་སློབ་གཉེར་ལ་ཡོང་དགོས་དོན་གྱི་ཞིབ་འཇུག་རྒྱུ་ཆ་དང་། དཔྱད་རྩོམ་བསམ་ཚུལ་སོགས་ཁྱེད་ལ་རགས་ཀྱི་འདུག་གམ། ཕྲན་ནི་ཁྱེད་ཀྱི་ངོས་སྦྱོར་གནང་བ་དེའི་ཁ་བྱང་མཐོང་བ་ཙམ་གྱིས་ཁ་བརྡར་སའི་སྟེགས་བུ་ཞིག་མཁོ་འདོན་བྱས་འདུག་དྲན་སོང་།
དགྲ་རྒྱ་མི་ཐུག་་དུས་ཁམས་པས་་འཇོན་མ་སོང་།
དགྲ་རྒྱ་མི་ཐུག་དུས་ཨ་མདོའི་འཇོན་མ་སོང་།
དགྲ་རྒྱ་མི་ཐུག་དུས་དབུས་པས་འཇོན་མ་སོང་།
དགྲ་རྒྱ་མི་ཐུག་དུས་ཁྱི་རྔ་མགོ་ལ་གྱོན་ནས་བྲོས་མཁན་གཅིག་པ་རེད་འདུག་།
མི་ཡུལ་དུ་འབྱོར་སྐབས་ངས་བཏང་ཁོའིཏང་ཧ་ཧ་ཧ་་་་་་་་་་་་་་་ རྒད་་མོ་ཤོར་བདའ་་།
ངེད་ཀྱི་ངོ་དེབ་སྟེང་དུ་། འཇར་མན་ཧམ་སྦར་སྒི་གཙུག་ལག་སློབ་ཁང་(University of Hamburg)གི་དགེ་རྒན་ཆེན་མོ་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་མཆན་བུ་འདི་འདྲ་ཞིག་བཏབ་འདུག མང་མང་ལ་ཤེས་རྒྱ་བསྐྱེད་པའི་སླད་དུ་འདི་རུ་བཀོད་པ་ཡིན་ལགས།
དགེ་རྒན་ཆེན་མོ་རྡོ་རྗེ་དབང་ཕྱུག་གི་མཆན།
༡༽
ཀློང་ཆེན་པའི་གསུང་ཕལ་ཆེ་བ་ལ་མཛད་པའི་ལོ་བཀོད་མེད་ཀྱང་གཞུང་གཅིག་གི་ནང་དུ་གཞུང་གཞན་ལ་ཞལ་འཕངས་པ་གང་འཚམས་ཡོད་པ་རེད། དེ་ལ་བརྟེན་ནས་ངས་ཀྱང་ཁོང་གི་གསུང་རྩོམ་རྣམས་ཀྱི་ལྟོས་འཇོག་གི་གོ་རིམ་(relative chronology) ཞིག་སྒྲིག་ཐུབ་མི་ཐུབ་བལྟས་པ་ཡིན་(Wangchuk 2008)། ཡིན་ནའང་དེར་དམིགས་བསལ་ཀ་རྩོམ་འདིའི་སྐོར་གང་ཡང་བཤད་ཐུབ་མ་སོང་།
༢༽
མཁས་པ་གཞན་གྱིས་གོང་དུ་གསུངས་ཟིན་པ་ནང་བཞིན་སློབ་སྦྱོང་ཡག་པོ་ག་བ་ཡོད་སར་ཕྱོགས་མཐའ་ཁག་ནས་སློབ་གཉེར་བ་མང་པོ་འཁོར་ཡོད་པ་འདྲ་འདུག་ག། གཞན་ཡང་དཔེར་ན་ཀུན་མཁྱེན་གོ་རམ་པ་ནི་ཁམས་པ། ཀུན་མཁྱེན་པད་མ་དཀར་པོ་ནི་ཀོང་པོ་བ། རྗེ་ཙོང་ཁ་པ་ནི་ཨ་མདོ་བ་མ་རེད་བས།
༣༽
གསུང་རྩོམ་འདི་དང་འདི་འདྲ་བ་རྣམས་ནི་གཞུང་ཆེན་པོ་མ་ཡིན་ནའང་། ཞིབ་འཇུག་པ་རྣམས་ཀྱིས་སྒོ་དུ་མས་འབད་སྤྱོད་བྱེད་ཆོག་པ་ནི་སྨོས་ཅི་དགོས།
༤༽
ནང་དོན་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་ནི་གཞན་ལ་དམའ་འབེབས་བྱེད་པའི་ཀློང་ཆེན་པའི་ཆེད་རྩོམ་འདི་རྗོད་བྱེད་དང་བརྗོད་བྱ་གཉིས་ཀའི་ཐོག་ནས་ཆོས་དང་མ་མཐུན་པ་ཞིག་ཆགས་ཀྱི་མ་རེད་བས་ཞེས་དགོངས་སྲིད་པ་ཞིག་རེད། འདིའི་ཐད་ཁོང་གི་རྣམ་ཐར་ན་ཁོང་གི་གྲོགས་པོ་གཅིག་གིས་བསྐུལ་ནས་ཀུ་རེའི་ཚུལ་དུ་བརྩམས་པ་ཡིན་ཞེས་བཤད་པ་དེ་ཤེས་ན་བསམ་ཚུལ་འགྱུར་འགྲོ་གི་འདུག།
༥༽
སྤྱི་ཚོགས་རིག་པའི་ངོས་ནས་བལྟས་ནས་དེ་དུས་ཀྱི་གྲྭ་པའི་སྤྱི་ཚོགས་ནང་དུ་བརྙས་བཅོས་རིང་ལུགས་(bullyism)ཞེས་པ་དེ་ཡོད་པ་རྟོགས་ཐུབ་ཀྱི་འདུག་ག། བརྙས་བཅོས་བྱས་ཐག་ཆོད་ནས་སྡོད་ས་ཚར་བདུན་ཙམ་སྤོ་དགོས་བྱུང་ཞེས་་བཤད་འདུག། གཟིགས་རྟོག་གནང་མཁན་ནམ་དགོན་པའི་ལས་བྱེད་མཁན་སློབ་རྣམས་ཀྱིས་ཀྱང་གང་ཡང་མ་བྱས་པའམ་བྱས་མ་ཐུབ་པ་འདྲ།
༦༽
ཡང་དེང་དུས་ཀྱི་ངོས་ནས་བལྟས་ན་ཀློང་ཆེན་པ་དེ་མི་རིགས་ཀྱི་ཕྱོགས་རིས་ཅན་(racist)ཞིག་ཡིན་པ་འདྲ་ཞེས་བསམ་སྲིད་པ་ཞིག་རེད། ཡང་འདིའི་ཐད་རྣམ་ཐར་དུ་ཁམས་པ་སྤྱིར་བཏང་མ་ཡིན་པ་ཁམས་ཀྱི་གྲྭ་པ་བློ་གཟུ་བོར་མི་གནས་པ་འགའ་ཞིག་ཅེས་བཤད་པ་དེ་ལ་དགོངས་པ་བཞེད་དགོས་པ་ཞིག་རེད།
༧༽
སྙན་རྩོམ་རིག་པའི་(literature)ངོས་ནས་བཤད་ན་བོད་གངས་ཅན་ལྗོངས་ཀྱི་ཀ་རྩོམ་གྱི་རྩོམ་རིགས་(literary genre)འདི་འདྲ་བ་ཐོག་མ་ག་དུས་བྱུང་བ་ཡིན་ནམ། བོད་ཀྱི་ཀ་རྩོམ་ལ་སྔ་བ་དེ་སུའི་ཡིན་ནམ། རྒྱ་གར་ལ་ཡང་དེ་འདྲ་ཡོད་མེད་དགོངས་པ་བཞེད་དགོས་པ་འདུག། ཕྱོགས་གཅིག་ནས་འདི་ནི་ངོ་རྒོལ་གྱི་འབྱམས་ཡིག་ཟེར་བཏགས་ན་ཆོག་གི་ཨ་ཡོད།
ཁམས་པ་སྤྲོ་ཐུང་འཕྲོག་བཅོམ་རྐུན་ཇག་ཆེ། །
ཨ་མདོ་ཤེས་རིག་བཀྲ་ཡང་སྨྱོ་ཧམ་ཆེ། །
དབུས་གཙང་ཆོས་དད་ཡོད་ཀྱང་གཡོ་སྒྱུས་ཆེ། །
ཆེ་གསུམ་ཆོལ་གསུམ་རྒྱ་དམར་འོག་ཏུ་ཤོར། །
འདིར་ཁམས་པ་ཚོར་སྨད་ལས་བསྟོད་པ་དེ་ཆད་འདུག་པས། འདི་འདི་ལྟར་བཅོས་ཡོད།
ཁམས་པ་དཔའ་རྒོད་ཆེ་ཡང་འཕྲོག་བཅོམ་ཆེ། །
ཨ་མདོ་ཤེས་རིག་བཀྲ་ཡང་སྨྱོ་ཧམ་ཆེ། །
དབུས་གཙང་ཆོས་དད་ཆེ་ཡང་གཡོ་སྒྱུ་ཆེ། །
ཆོལ་གསུམ་ཆེ་གསུམ་ཆེ་ཡང་དམར་འོག་ལུས། །
ད་ཁྱེད་ཚོའི་འཇམ་དབྱངས་རྣམ་གསུམ་ལ་ཡོད་ཀི་ཨ་རོགས། འཇམ་དབྱངས་ས་པན་ཁོང་གིས་སུ་ཏག་ཏག་བཟོས་ཡོད་དམ ?
ཀློང་ཆེན་དགོང་པ་རི་རྒྱལ་ལྷུན་པོ་འངྲ་་།
དྲ་འབུ་ལས་མེད་ང་རྒྱལ་གསོན་འདྲེ་འདྲ་།
ཀློང་ཆེན་དགོང་པ་རྒྱ་མཚོའི་གཏིང་ལས་་ཟབ་།
དྲ་འབུ་ལས་མེད་ཕྲག་དོག་དུག་སྦྲུལ་འདྲ་།
རྒན་རྡོ་རྗེ་དབང་ཕྱུག་གི་དགོངས་ཚུལ་ལེགས། ཀློང་ཆེན་གསང་ཕུར་བཞུབས་སྐབས་བསམ་ཡས་ལུང་མང་པ་ཞེས་དཔེ་ཆ་ལེགས་པའི་གྲས་ཞིག་ཡིན། ཁམས་པས་བཞུགས་བཟོད་བདེ་རུ་མ་བཅུག་པ་ནི་ཀ་བཤད་ཙམ་མ་ཟད་རྣམ་ཐར་དུ་གསལ། འོན་ཀྱང་འདི་སྐབས་ཁམས་པ་ནི་སྤྱི་ལ་མི་གོ་བར་སློབ་གཉེར་ཚུལ་བཞིན་མི་ནུས་པའམ་གཟུར་བོར་མི་གནས་པའི་གྲྭ་པ་འགས་གནས་བཟོད་བདེ་རུ་མ་བཅུགས་པས་བྱེ་བྲག་ལ་གོ་བ་ནི་ཟུར་བལྟས་ལེབ་མཐོང་ཡིན།
ཁམས་པ་དཔའ་རྒོད་ཆེ་ཡང་འཕྲོག་བཅོམ་མང་།
ཨ་མདོ་བརྩོན་འགྲུས་ཆེ་ཡང་ཡིག་རྒྱུགས་མ་འཕྲོད་།
དབུས་གཙང་ཆོས་དད་ཆེ་ཡང་གཡོ་རྒྱུ་མང་།
ཆོལ་ཁ་ཆོས་ལུགས་མང་ཀྱང་རྒྱ་དང་ཕམ་།
ཟེར་
གོང་གི་ཀ་རྩོམ་དེ་ལ་བལྟས་ན་ཁམས་པ་སྤྱི་ཡོངས་ལ་ལབ་པ་འདྲ་པོ་འདུག་ད། །
མྱི་ངན་ཀློང་ཆེན་ཟེར་བ་དེས་ཀ་བཤད་རྩ་མ་ཚང་བ་དེར་བཀླགས་ཤེས་ཙམ་ཡོད། ཁམས་པ་ཝ་སྐྱེས་རེད་ཅེས་བྲིས་འདུག་མ་གཏོགས་བློ་གཟུ་བོར་མི་གནས་པའི་གྲྭ་པ་འགའ་ཞིག་ཝ་སྐྱེས་རེད་ཅེས་བྲིས་མི་འདུག་ག ཁམས་པ་ཇག་པ་རེད་ཅེས་བྲིས་འདུག་པ་མ་གཏོགས་གྲྭ་པ་ཁ་ཅིག་ཇག་པ་རེད་ཅེས་བྲིས་མི་འདུག་ག
ཀློང་ཆེན་ཟེར་བའི་བླུན་པོ་དེ་ལ་མིང་ཚིག་གིས་མ་འདང་བ་ཨེ་རེད། ཆོས་འཇིག་རྟེན་གང་གི་ཡོད་ཏན་མེད་པའི་མྱི་ངན་ཁོས་བྲིས་པའི་ཀ་བཤད་ལ་ཁྱོད་ཚོས་དགའ་བསུའི་ལག་པ་བལྡབས་དགོས་དོན་ཅི་ཡིན་ནམ། ཁྱོད་ཚོའི་རྒྱུ་ནོར་དང་ཕ་ས་འཕྲོག་མཁན་ཁམས་པ་ཨེ་རེད།
ཁྱོད་ཚོས་ཞིབ་འཇུག་བྱོས། ཡིན་དང་ཡིན། ཁམས་པའི་སྐྱོན་ཁབ་ཀྱིས་འཚོལ་རོགས་བྱོས།
གྲོགས་ཅོ་རི་ལགས་ཕེབས་པར་བཟང། ཉིན་ཤས་རིང་མཐོང་ཐོས་མ་བྱུང་བས་དེ་རིང་འདིར་སླར་ཡང་ཕེབས་པར་དགའ་བསུ་ཞུ། ཁྱེད་ལ་སོ་ནམ་པའི་ལོ་གསར་པར་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་ཚེ་རིང་ནད་མེད་བྱ་བ་ལམ་ལྷོང་ཡོང་བའི་སྨོན་ལམ་ཡོད་ད།
དྲ་འབུ་དང་དྲ་འབུ་ཟེར་མཁན་ཚོས་ཉོན། ཁྱོད་ཚོ་ག་རེ་རེད་དམ། དྲ་སྟག་དང་དྲ་སེང་ཨེ་རེད། ཁྱོད་ཚོ་སྟག་དང་སེང་གེ་ཡིན་ན་དངོས་མིང་ཙམ་ཡང་འབྲི་མི་ཕོད་དོན་ཅི་རེད་དམ། ངས་བལྟས་ན་དྲ་འབུ་དངོས་གནས་ཁྱོད་རང་ཚོ་རེད། མིང་ལྷག་ཞིག་གི་འོག་ནས་གཞན་ལ་མཐོང་ཆུང་དང་ཁྱད་གསོད་འདྲ་ཞིག་བྱེད་མདོག་མདོག ཆོལ་ཁ་ཆོས་ལུགས་ཀྱི་བར་དུ་དཀྲུགས་གཏམ་འདྲ་ཞིག་བཤད་མདོག་མདོག འབུ་མིན་ན་དངོས་མིང་བྲིས་ནས་ཚུར་བཏོན་ཤོག འབུ་ས་འོག་འཛུལ་འཛུལ་བྱས་མཁན་ཁྱོད་ཚོ་ཅི་རེད་དམ། ལྐོག་ཟ་རུལ་སུངས་ཨེ་རེད། རྒྱལ་བཙོང་བ་ཨེ་རེད། དེ་མིན་ན་འབུ་ས་འོག་འཛུལ་འཛུལ་བྱས་དགོས་དོན་་ཅི་རེད་དམ།
ཁམས་མོ་གཟུགས་རིང་སྟུ་དོག་ཀྱང་།
གཙང་མོ་འདྲ་བའི་འོག་གྱོ་མེད་།
ཨམ་མོ་ཤ་དཀར་ངོ་མཛེས་ཀྱང་་ཕྲེལ་ངོ་རྟགས་དེ་ལ་མེད་།
སྙིང་ཉེ་བའི་དྲ་གྲོགས་ཁྱུང་སེ་ལགས། ཉིད་ཀྱིས་འཚམས་འདྲི་གནངས་བར་དགའ་པོ་བྱུང་། ཉིན་ཤས་རིང་མཆན་བུ་འདྲ་མ་བྲིས་པར་སེམས་པ་སྐྱིད་སྐྱིད་དང་གུ་ཡངས་ཡངས་བྱས་ནས་བསྡད་ཡོད། ལུས་རྩལ་འདྲ་རྩེད། གངས་རྩེད་འདྲ་བྱས། སྣང་བ་སྐྱིད་པོ་བྱས་ནས་བསྡད་ཡོད་སྐབས་་་འདི་ཚོས་ཁམས་པ་ཝ་སྐྱེས་རེད་དང་ཇག་པ་རེད་ཟེར་ནས་བསྡད་བཅུག་མ་སོང་། དེ་རིང་འདི་ཡོང་དགོས་བྱུང་། འཇིག་རྟེན་འཁོར་བ་ཟེར་ཡ་འདི་ཐབས་སྡུག་ཞིག་རེད་འདུག
འོ་གྲོགས་ཅོ་རི་ལགས་ཁྱེད་ཐུགས་དག མི་ཚོས་ནང་ཁུལ་ལ་ཅིག་བྱེད་དུས་ཁོ་ངར་ང་ངར་བྱེད་དེ་སླེབས་ཀྱི་རེད་་དགྲ་བོ་རྒྱ་དམར་གྱི་མདུན་ནས་ཕྱི་མིག་མི་བལྟ་བར་ཝ་མོ་བྲོས་བྲོས་བྱེད་དེ་བྲོས་མཁན་རྐྱང་རེད།
ཁྱུང་མིང་ཅན་དེས་ཅོ་རི་སླེབས་པར་རྐང་འཁྲབ་ལག་འཁྲབ་་བྱས་ཏེ་དགའ་དགའ་བྱས་འདུག ཡིན་རྒྱུ་འདི་ན་ཁམས་པ་ཅིག་ཅིག་ཟེང་ན་ཁོ་ངུ་ཟུག་དེར་རེ་སླེབས་ཡོང་གི་རེད། དེས་ན་ཁོ་སླེབས་པ་ལ་ཧ་ཅང་དགའ་མདོག་མ་བྱེད་ཅིག
བོད་མིན་བོད་དུ་བརྫུས་པ་དེ་བོང་ཀུའི་ནང་ཆ་ཁྲོམས་ལ་བསྟན་པ་རང་རེད། ཁམས་ཀྱི་མི་རྣམས་བསོད་ནམས་ཆེ་་་་་ཟེར་བ་རེད
གཞན་པས་ཕྲག་དོག་ལངས་ཀྱང་དེ་ག་རང་རེད།
སྔོན་མ་ཡངཁམས་པས་དགོན་པ་ཁག་ལ་བཙན་པོ་དབང་ཡོས་གཏང་ནས་ཀློང་ཆེན་ཡང་སྐད་ངན་ཤོར་དེང་གདན་ས་ཁག་ཏུ་ཡང་ཁམས་པ་དབང་ཆེ་
ཁམས་ཀྱི་མི་དག་བསོད་ནམས་ཆེ།།
ཁམ་གང་རྩ་ཆེད་ཕུ་ནུ་གསོད།།
མེ་དཀར་་་་ཕུ་ནུའི་ལ་རྒྱ་མེད་པར་བོད་མི་སྐྱབས་བཅོལ་མཁན་ཚོའི་རྐུབ་ལ་ཚ་ལྕགས་བརྒྱབས་མཁན་ཁྱོད་རང་ཚོ་རེད་ད། སོ་སོའི་རྒྱལ་པོའི་རྐུབ་ལ་གོས་ཐུང་གོན་གྱི་མེད་པར་གཞན་གྱི་རྐུབ་ལ་འཆལ་དམོད་བྱེད་ན་ཅང་འགྲིག་ཨེ་ཡོང་ངམ།
ད་དུང་་་ཁྱོད་ཚོས་བོད་མི་སྐྱབས་བཅོལ་བ་ལ་འོས་བསྡུ་ཡང་བྱས་བཅུག་གི་མེད་པ། མི་རིགས་གཅིག་པའི་ལ་རྒྱ་རེད་དམ་ཕུ་ནུའི་ལ་རྒྱ་རེད། འོན་ན་་་ཆོས་ལུགས་གཅིག་པའི་ལ་རྒྱ་ཨེ་རེད། ཁྱོད་ཚོས་བརྙས་བཅོས་བྱེད་སྟངས་དེ་གླེང་འདོད་མེད། འབུ་ཉལ་ཉལ་བ་ཤིང་ཐུར་མ་འཛུགས་དང་དགའ་གི་རེད།
བྲོས་པའི་དཔེ་ལ་ཝ་སྐྱེས་བཞག་འདུག ཁམས་པ་བྲོས་མེད་ཟེར་ས་ཡོད་མ་རེད། དེས་ན་དཔེ་བཞག་དུས་དཔེ་ཅན་གྱི་ཁྱད་ཆོས་དམིགས་བསལ་བ་ཞིག་མཚོན་ཐུབ་ན་དཔེའི་བྱེད་ལས་དེ་ཙམ་རེད། ཁམས་པ་ལྐུགས་པ་་་་་་་་་འོ་དགོངས་དག་ཅོ་རི་ལྐུགས་པས་ཨུ་ཚུགས་ཀྱིས་ཁམས་པ་ཝ་རེད་ཟེར་དོན་མེད་ངུ་ཟུག་ཀུ་ཅོས་ལུང་པ་རྒྱང་འདུག་པས། སྐྱེས་པ་ཕོ་ཡི་ཁོག་པ་མདའ་ཤོང་མདུང་ཤོང་ཞིག་དགོས་རེད་མ་གཏོགས་་་
བོད་མིའི་རྐུབ་ལ་ཨུར་ཏི་རྒྱབ་པ་འདི་ནི། རང་གིས་བཙོས་པའི་ཆང་། ཞིམ་པོ་མེད་ནའང་འཐུང་རྒྱུ་རེད་ཟེར་བའི་དཔེ་ཟླ་རེད། དགའ་དགའ་ཁྱོད་ཀྱིས་ཆི་གྲུ་ལུ་ཤེས་མ་རེད།
ཅོ་རི་ལགས། བོད་པའི་ལོ་རྒྱུས་ནང་ཁམས་པ་དཔའ་བློ་ཁོག་ཡོད་པ་་གོ་མ་མྱོང་། བཙན་པོའི་དུས་སུ་དཔའ་བློ་ཁོག་ཅན་གྱི་དམག་མི་དབུས་གཙང་བ་རེད། བོད་སིལ་བུར་འཐོར་རྗེས་སོག་པོའི་དཔའ་བློ་ཁོག་དང་དམག་གི་ལོ་རྒྱུས་བོད་གཅིག་པུ་མ་ཡིན་པར་འཛམ་གླིང་ཡོངས་གྲགས་རེད། དུས་ཕྱིས་བོད་ནང་དབང་ཆ་རྩོད་ཕྱིར་སོག་དམག་གདན་དྲངས་པའི་ལོ་རྒྱུས་མང་།
ནུབ་ཕྱོགས་གངས་ཕྲུག་ལགས། ངས་ཁམས་པ་དཔའ་བློ་ཁོག་ཅན་ཡིན་ཟེར་ནས་ག་པ་བཤད་འདུག་གམ། མིག་གིས་ཡག་པོ་ལྟོས། ངས་ཁམས་པ་དཔའ་བློ་ཁོག་ཡོད་མཁན་ཡིན་ཟེར་ནས་མི་གཅིག་ལའང་བཤད་མྱངས་མེད། དབུས་གཙང་བ་ཚོ་དཔའ་བློ་ཁོག་ཡོད་མཁན་ཡིན་གྱི་རེད། ཨ་མདོ་བ་ཚོ་དེ་ལས་དཔའ་བློ་ཁོག་ཡོད་མཁན་ཡིན་གྱི་རེད། ང་ཚོ་ཁམས་པའི་བུ་ལ་དཔའ་དང་བློ་ཁོག་མེད་པ་ཁྱོད་ཚོས་མཁྱེན་གསལ་རེད་བ། མྱི་ཚེ་མཉམ་དུ་བསྐྱེལ་ནས་བསླེབས་པ་རེད་བ་་་་ཧཧཧ
དོ་སྣང་བྱེད་དགོས་པ་ཞིག་ལ། སྔོན་མའི་ཡིག་རྙིང་རྣམས་སུ་ཁམས་ཀྱི་ནང་དུ་ཨ་མདོ་ཚུད་དུས་ཡོད་ལ་མདོ་སྨད་ཀྱི་ནང་དུ་ཁམས་ཁུལ་ཚུད་དུས་ཀྱང་ཡོད་པས། ཡིག་རྙིང་ནང་གི་ཁམས་ཀྱི་གོ་དོན་ནི་དེང་སང་གི་ཁམས་ཀྱི་གོ་དོན་དང་གཅིག་པ་ཡིན་པའི་ངེས་པ་མེད།
འཇིགས་མེད་ནུབ་པ་ལེགས།
བོད་དཔེ་དེ་ད་ཅི་མེད་པས། ད་ལྟ་འདྲ་བཤུས་བྱས། མཚམས་སུ་འཇོག་ཐུབ་པར་དགའ་བ་བྱུང་།
་
ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། ཞེས་གསུནས་པ་ལྟར་ཀ་རྡོ་གཉེར་ཕྱག་པས། དཔྱིད། ཅེས་པ་དེ། ད་བྱིད། ཡིན་པར་ངེས་པ་རྙེད།
དེ་ཡང་། འདིར་མཁས་པའི་རྩོམ་དུ། ཟོས་དང་། གཞན་མཁས་པ་ཆེན་པོའི་གསུང་རྩོམ་དུ་ཡང་། ཤོད་ཅེས་པ་བསྐུལ་ཚིག་ད་ལྟ་བའི་བྱ་ཚིག་ཏུ་བཀོལ་བ་ག་ལས་བྱུང་རང་རེས་དཔྱད་དགོས་པར་མཐོང་ངོ་།
་
# 12 ཁྱུང་སེ།་ལགས་ཀྱིས་མཆན་བཏབ་པ།:
January 20th, 2015 at 1:25 AM
༼བདག་གིས་ཀོ་ལམྦི་ཡའི་དཔེ་མཛད་ན་ལོ་མང་སྔོན༽
དགོངས་དག་ཞུ་དག་མཁན་པོར་ཞུ་དག་བྱེད་དགོས་བྱུང་སོང། ༼དཔེ་མཛོད་ན༽ ཞེས་གོ་བ་འདྲ།
ངའི་ཡི་གེ་ན་རོ་ཆད་པར་ཞུས་དག་མཛད་པར་བཀའ་དྲིན་ཆེ། འོན་ཀྱང་ཞུས་དག་བྱེད་དོ་སྙམ་རློམ་སེམས་བྱེད་ན། བདག་མི་དད། ཞེས་གོ་བ་འདྲ། ཞེས་པར་བདག་གིས་དགོས་སོ་ཞེས་འབྲིའོ། སོང། ཞེས་པར་སོང་། ཞེས་དགོས་སོ།
འདི་ལྟར་བྱེད་པས་བོད་རིག་གཞུང་ལ་ལོ་མང་པོར་ཞབས་ཏོག་ཞུ་བའི་སྐལ་བ་བཟང་པོ་འབྱུང་ངོ་།
ཞེས་གསུནས་པ་ལྟར། ཞེས་གསུངས་པ་ལྟར་ཞེས་ཞུས་དག་བྱས་ཀྱང་ད་དུང་ཡིག་ནོར་ཡོད་ངེས་སོ།
མཆན༤༨མི་ངན་ཀློང་ཆེན་ཟེར་བ་དེ་སུ་ལ་བརྗོད་པ་རེད། དོག་སེལ་ཆེད་ཡིན།
ཁམས་པ་དང་ཨ་མདོའི་ལུང་པར་རྒྱ་མི་འབྱོར་སྐབས་་དབུས་ཕྱོགས་སུ་བྲོས་
ཡོང་ཡོང་བ་རེད་་དབུས་ཁུལ་དུ་རྒྱ་མི་འབྱོར་སྐབས་ཚང་མ་རྒྱ་གར་དང་བལ་
ཡུལ་འབྲུག་ལ་བྲོས་ཡོང་བ་རེད་།
དཔའ་མེད་ཆོལ་ཁ་གསུམ་།
དགྲ་ངོ་མ་ལོང་།
མི་ཡུལ་ཁྱམས་།
ཚང་མ་ཁྱམས་པོ་ཆགས་།
སྐྱོབས་གསོ་ཟས་།
ོསློང་རྒྱུ་ལ་དགའ་།
དགོན་པ་གྲ་ཚང་གི་སློང་རྒྱག་།
གཞིས་ཆགས་མི་མང་གི་སློང་རྒྱག་།
སློབ་གྲ་ཁག་གི་སློང་རྒྱག་།
བལ་གོས་ཚོང་པས་སློང་རྒྱག་།
ལྷན་ཁང་ཁག་གི་སློང་རྒྱག་།
རང་ཁ་རང་གསོ་ཧ་ཧ་།
ཚོགས་པ་ཁག་གི་སློང་རྒྱག་།
ནང་ཁུལ་དུམ་བུ་གཉིས་ཆགས་།
ཆིག་བསྒྲིལ་ཧ་ཧ་།
གསར་གཏོད་ཧ་ཧ་།
རྒྱལ་བ་ཀློང་ཆེན་པ་མི་ངན་པ་ཞིག་རེད་སྙམས། ཁོང་ཁམས་པས་སྡོད་དུ་མ་བཅུག་སྟབས། དེའི་ཡ་ལན་ལ། ཀློང་ཆེན་མཛོད་བདུན་བྲིས་ནས། ཁམས་པའི་བླ་མ་ང་ཡིན་ཁོ་ཡིན་ཟེར་ཚད་ཚང་མའི་དབུ་ལ་རྒྱལ་བ་ཀློང་ཆེན་པའི་རྐུབ་བཞག་དགོས་བཟོས་ཡོད། དེ་དངོས་ཡོད་རེད། ཁམས་པའི་རྙིང་མའི་བླ་མ་ཇི་ཙམ་མཐོན་པོ་ཡིན་རུང་། དབུས་གཙང་གི་ཀློང་ཆེན་པའི་སྐུ་གཟུགས་ལོ་གཅིག་ལ་འཁྲུས་ཐེངས་གཅིག་ལས་མི་བརྒྱབ་པ་དེ། དབུའི་སྟེང་ལ་སྒོམས་ནས་རྫོགས་ཆེན་སྒོམ་པ་མ་ཡིན་ནམ། ཁམས་པའི་བླ་མ་སྟོབས་པོ་ཆེ་མདིལ་མགོ་མཁྱེན་བརྩེ་དང་། ཀོང་སྤྲུལ་དང་། ཆོག་འགྱུར་གླིང་པ་སོགས་ཀྱི་དབུའི་སྟེང་ལ་ཉིན་ལྟར་དབུས་པ་ཀློང་ཆེན་པའི་རྐུབ་དེ་ཚ་འབེར་འབེར་ལ་བཞག་ནས་བྱིན་རླབས་གནང་བ་མ་ཡིན་ནམ། དེ་ལ་ཕུགས་ཐག་ཅན་གྱི་བློ་སྣ་རིང་བའི་མི་ཟེར། དེང་སང་གི་སྐད་ལ། སི་དམར་ཊི་ཨ་སེ ཟེར་བ་མ་ཡིན་ནམ། དབུས་པ་ཐམས་ཅད་ཤིན་དུ་འགྱོང་པོ་རེད། ཕུགས་ཐག་ཅན་གྱི་མི་རེད།
ཡིན་ནའང་། རྙིང་མའི་ཆོས་འདི་བོད་ཁ་བ་ཅན་གྱི་ནང་པའི་ཕ་ཆོས་རེད། རྙིང་མ་མེད་ན་གསར་མ་མེད། གསར་རྙིང་གི་རྟེན་འབྲེལ་ནི་རྒྱུ་འབྲས་ལྟ་བུ་རེད། རྙིང་མའི་ཆོས་དེ་རྒྱུ་དང་གསར་མ་ནི་དེའི་འབྲས་བུ་ལྟ་བུ་རེད། དེས་ན་རིན་ཐང་ཞལ་བར་དཀའ་བའི་སྔ་འགྱུར་རྙིང་མའི་ཆོས་དེ་ལ་རྒྱལ་བ་ཀློང་ཆེན་པོ་ནི་ཤིན་དུ་ནས་བཀའ་དྲིན་ཆེ་བས། ཁོང་གི་བཀའ་དྲིན་དྲན་བཞིན་དུ། སྒྲུབ་པའི་མཆོད་པ་ཆད་མེད་འབུལ་ཐུབ་པའི་སྨོན་ལམ་ཡོད།
འོ་ན་དབུས་པའི་མི་དེ་ཁམས་པ་ལས་མཆོག་ཏུ་འགྱུར་བ་རེད་པས་ཟེར་ན་འདི་ཡང་མ་རེད། དཔེར་ན། དབུས་ཀྱི་ཆོས་ལྡན་ཞིང་ཁམས་ནང་གི་ཁྲི་མཐོན་པོ་ཐམས་ཅད་མདོ་སྟོད་སྨད་ཀྱི་མཁས་པ་ཚོས་བསྐྱངས་ཡོད། དགེ་ལུགས་པར་མདོ་སྨད་པ་ཤར་རྗེ་ཙོང་ཁ་པའི་བྱིན་རླབས་མེད་ན་གདན་ས་མེད། ས་སྐྱ་ལ་ཁམས་ཀྱི་རྫོང་གསར་མཁྱེན་བརྩེ་མེད་ན་བདག་ཁྲི་རིན་པོ་ཆེ་དང་བདག་ཆེན་རིན་པོ་ཆེའི་རྩ་བ་མེད་པ་ལྟ་བུ་རེད། རྙིང་མར་སྨོས་མི་དགོས། དེ་བཞིན་རིག་གནས་གཅིག་པུར་མཚོན་ན། ཁམས་པ་ཨ་མདོ་མེད་པའི་ས་ཞིག་ལ། རིག་གནས་ལྔ་ཁུངས་འཁྱོལ་ཐུབ་མཁན་གྱི་དབུས་པ་ཞིག་མེད་པ་ལྟ་བུ་རེད། བཀའ་བརྒྱུད་པར་ཀོང་སྤྲུལ་རིན་པོ་ཆེ་མེད་ན། བླ་ཆེན་གཞན་པ་ཚོའི་འོད་སྣང་གཅིག་པུས་བཀའ་བརྒྱུད་ཁུངས་མི་འཁྱོལ།
ད་འོ་ན་ཅི་རེད་ཟེར་ན། བོད་ཀྱི་རིག་གནས་ནི་ཤིན་དུ་ནས་གཞི་རྒྱ་ཆེ་བ། གཏིང་ཟབ་པ། སྲོལ་རྒྱུན་དང་ཆོ་ག་མང་བས། ཆོལ་ཁ་གསུམ་ལྟ་བུའི་རང་རང་སོ་སོའི་ཁྱད་ཆོས་ཚང་བའི་མི་སྣ་མེད་ན་བོད་རྒྱུད་ནང་བསྟན་འདི་ད་ཆ་བྲོ་བ་ཅི་ཡང་མེད་པའི་ཏའོ་ཅོ་ལྟ་བུའི་རྒྱ་ནག་གི་ཆོས་ལུགས་ལྟ་བུ་ལས་གོ་རྒྱུ་མེད་པ་ཉག་གཅིག་རེད། དེས་ན་ཆོལ་ཁ་སོ་སོས་རང་རང་གི་ཁྱད་ཆོས་ཉར་ནས། མུ་མཐུད་བོད་ཀྱི་རིག་གནས་རྣམས་སྤེལ་དགོས།
ཁུངས་ལྡན་ཚན་རིག་ལྟར་ན། ནང་ཆོས་ལ་དོ་སྣང་བྱེད་མཁན་དེ་ལོ་ལྟར་མང་རུ་འགྲོ་བ་དང་མཉམ་ནང་ཆོས་ཀྱི་རིག་གཞུང་དང་ཤེས་བྱ་རྣམས་ཚན་རིག་དང་། འགྲོ་བ་མིའི་ཞི་བདེའི་དགོས་མཁོ། ཁོར་ཡུག་གི་དགོས་མཁོ་དང་ཆེས་མཐུན་པས། ལོ་སྟོང་གི་རྗེས་ལ། ནང་ཆོས་འདི་མི་ཀུན་གྱིས་ཁས་ལེན། ཆ་བཞག་ གཅེས་སྐྱོང་བྱེད་པའི་རིག་གཞུང་ཞིག་ལ་འགྲོ་རྒྱུ་ཉག་གཅིག་རེད་ཅེས་ཤོད་ཀྱི་འདུག
ལོ་སྟོང་གི་རྗེས་ལ། ནང་ཆོས་འདི་མི་ཀུན་གྱིས་ཁས་ལེན། ཆ་བཞག་ གཅེས་སྐྱོང་བྱེད་པའི་རིག་གཞུང་ཞིག་ལ་འགྲོ་རྒྱུ་ཉག་གཅིག་རེད་ཅེས་ཤོད་ཀྱི་འདུག་་་་་་ ཧཧཧཧཧ དེ་འདྲའི་སྣང་བ་སྐྱིད་མདོག་ལ། བོད་རྒན་གླེན་པ་འདི་ཚོ།
་་་་་་་་་་་་་་་ ཁམས་པ་ཨ་མདོ་མེད་པའི་ས་ཞིག་ལ། རིག་གནས་ལྔ་ཁུངས་འཁྱོལ་ཐུབ་མཁན་གྱི་དབུས་པ་ཞིག་མེད་པ་ལྟ་བུ་རེད། ་་་་་་་་་་་་་
དེ་རིང་། ཁ་བརྡ་དྲ་ཚིགས་ཀྱི་ཁ་བྱང་ལ་བལྟས་ཙམ་བྱས། ཁམས་པ་དེ་འདྲ་ཨེ་ཡིན་ནམ་ཞེས་པའི་ཡིག་འབྲུ་དེ་མཐོང་སྐབས། ཚོར་སྣང་འདི་འདྲ་ཞིག་བྱུང་། རྒྱ་ཆེ་ས་དང་གཏིང་ཟབ་སར་ཐུག་དུས་འཇམ་ཐིང་ཐིང་་ཉོག་གཏམ་དང་འཆལ་གཏམ་གླེང་ཚེ་འཚང་ཁ་ཤིག་ཤིག་བྱེད་པའི་སྐོར་ཅན་པོ་ཡོད་ངེས་ཅན་ཡིན་འདོད། ངོ་མ་ཁྱི་འཛིང་བར་ལ་རུས་སྒོང་ལྷུང་འདུག དྲ་འབུ་ཅོ་རི་གཙོ་བས་མང་བོ་ཞིག་གིས་གཞི་མེད་རྩོད་པ་རྒྱག་གི་འདུག ཐུགས་ཁག་མེད། ཁོ་ཚོར་འདི་ལས་རྩོད་རྒྱུ་མེད་ལ། འདི་ལས་གཞན་རྩོད་ཀྱང་མི་ཤེས། དེ་ག་ཙམ་གྱིས་འདོད་བློ་ཁེངས་ནས་ཡོད། ཡ་ཡ་ད་དེ་ཙམ་བྱ།
རྒྱལ་བ་ཀློང་ཆེན་རབ་འབྱམས་པ་ལྟ་བུའི་རྩོད་མེད་ཡོངས་གྲགས་ཀྱི་མཁས་གྲུབ་ཆེན་པོར་ཡང་ཁ་གཏོང་ཆོག་ཆོག་ཅོ་རི་སོགས་སྙིང་རྗེ། རྡོ་རྗེའི་དམྱལ་བར་འགྲོ་རྒྱུའི་པ་སེ་ཉོས་འདུག་ག། ཧཧཧཧ
དམྱལ་བའི་ཚ་དམྱལ་མྱོང་བའི་པ་སེ་ཞིག
བླ་སྤྲུལ་སྒེར་གཅོད་པ་ཚོས་སྤྲད་ནས་ཡོད།
ཆེན་པོ་བོད་ལ་དགའ་བའི་བོད་མི་ཚོས།
རྡོ་རྗེའི་དམྱལ་བ་མི་མྱོང་དཀའ་མེད་རེད།།
Bonpo ལགས་ཀྱིས་ས་སྣུམ་ཤོ་ཅི་ཐུབ་མཛད་འདུག ཏག་ཏག་རེད། ཁྱེད་ཅག་དཔེ་ཤུས་བྱེད་ཡ་དང་། དཀྲུག་ཤིང་བྱེད་ཡ་མགཏོགས་ལས་ཀ་མེད་པ།
མེ་ཏོག་དཀར་པོ་ལགས།
རང་གཞན་ཀུན་ལ་བསླབ་བྱ་འདྲ་རགས་ན་ཕན་ཡོང་བསམ་པ་མ་གཏོགས། དཀྲུགས་ཤིང་བྱེད་འདོད་རྩ་བ་ནས་མེད། རང་ངོ་ལ་གཡག་འགྲོ་བ་མི་མཐོང་། མི་ངོ་ལ་ཤིག་འགྲོ་བ་མཐོང་མཁན་དེ་ཚོ་ལ་གསལ་འདེབས་འདྲ་བྱས་པའི་ཁུལ་ཡིན། ཡིན་ནའང་རྩོམ་ཡིག་འདིར་ཀློང་ཆེན་པས་ཁོང་རག་གི་ཉམས་མྱོང་དང་ཐུགས་འདོད་ལྟར་གྱི་འགྲེལ་བརྗོད་ལེགས་པར་གནང་བཞག། དེ་མེ་ཏོག་དཀར་པོ་ཁྱེད་ཀྱིས་ལོས་མཁྱེན། །
ཁྱེད་ཀྱིས་ལུང་མང་པོ་ཞིག་ཟུར་དུ་བགྲང་བ་འདི་ལས་བསླབ་བྱ་གང་འདྲ་ཞིག་ཐོབ་འདོད་དམ།
བསམ་ཡས་ངག་གི་དབང་པོ་ཡི། །༼ལོ་ནི་ཕྱི་ལོ་1334ལོ་རེད་འདུག༽
ཉེར་བདུན་སྐབས་ཀྱི་ཀ་རྩོམ་གྱིས། །
མཛོད་བདུན་མཛད་མཁན་ཀློང་ཆེན་པར། ། ༼(1308-1363)༽
དམོད་ན་ཁ་སྡིག་ཆེ་བས་གཟོབས། །
ཅོ་རི་ལགས། ལྷོད་ལ་བོབས། ནམ་རྒྱུན་ཁྱོད་རང་གནོན་མི་ཐུབ་པའི་ཞེ་འཁོན་ལྐོག་གྱུར་པ་ཞིག་དང་། བཟོད་མི་བཏུབ་པའི་མནར་སེམས་ལྕི་མོ་ཞིག་གིས་མནན་ཡོད་པའི་རྣམ་འགྱུར་འདུག སྐད་ཆ་ཅི་བཤད་ཀྱང་ཚད་ལས་བརྒལ་འདུག ཤེས་པ་རང་བཞིན་དུ་མ་གནས་པའི་མཚོན་རྟགས་དེ། དྲ་ཐོག་ཏུ་འགོད་ཨེ་ཐུབ་བལྟས་པ་ཡིན་ནམ། སྡུག་གཏམ་ཕྱི་ལ་བཤད་ནས་ཁོག་སྡུག་སངས་ཐབས་བྱས་པ་ཡིན། སེམས་པ་སྐྱིད་པོ་གྱིས། རང་སེམས་ལ་བདག་གྱིས། ཁྱེད་ལ་ལས་ཀ་ཡག་པོ་ཞིག་མ་རག་པ་རེད་དམ། སྐྱེས་སྨན་གྱིས་སུན་པོ་བཟོས་པ་རེད། ཡང་ན་བྱིས་པའི་ཁ་མ་སོས་པ་ཡིན། སྒེར་གྱི་དཀའ་ངལ་མ་ཐེག་པའི་སྡུག་ཡུས་ཀྱིས་སྤྱི་ལ་དམོད་པ་དང་གཤེ་གཤེ་གཏོང་ག་ལ་རུང་། དེས་སྡུག་བསྔལ་གྱི་ཐོག་ཏུ་སྡུག་བསྔལ་ལེན་གྱི་རེད། སྤྱི་དོན་ཁྱེད་ཀྱིས་བཤད་མི་ཤེས། སྒེར་དོན་གླེང་རིན་མེད། གནས་ལུགས་ཁྱོད་ལ་མི་འགྲོ། དེ་བས་ངལ་གསོས་ནས་བསྡད་ན་མི་ལེགས་སམ།
སྙིང་རྗེ་་་པདྨ་དཀར་པོ་ལགས། མཛེས་ཤིང་འཛངས་པའི་ཚེ་རོགས་ཡོད། སྙིང་ནས་གཅེས་པའི་བུ་ཕྲུ་ཡོད། ཟས་དང་གོས་ཀྱི་དཀའ་ངལ་མེད། ལུས་ལ་ཤ་རྒོད་རྒྱས་ནས་ཡོད། རང་དབང་ཐོབ་པའི་དཔའ་སྤོབས་ཡོད། རོ་ཁྱོད་འདྲ་ཞིག་གིས་ཅོ་རིའི་མི་ཚེའི་དོ་ཟླ་འོང་ལེ་མ་རེད་་་་ཁོ་ཧྲད། སྒེར་གྱི་དཀའ་ངལ་སྤུ་ཙམ་མེད། གཅིག་རེད།
གཉིས་པ། བོད་གངས་ཅན་པའི་ཡུལ་ལུང་ཕུང་ལ་སྦྱར་མཁན་དང་བོད་མི་རིགས་ལ་སྒེར་གཅོད་བྱེད་མཁན་བླ་གོག་སྤྲུལ་གོག་ཁྱོད་ཚོའི་མདུན་དུ་སུག་བཞི་ས་ལ་བཙུགས་ནས་བསྡད་པ་ལས་རང་སྲོག་དམར་པོ་ད་ལྟ་ཆོད་ན་དགའ། ངས་མུ་མཐུད་ནས་བོད་མི་ཉམ་ཆུང་ཚོའི་རང་དབང་གི་ཆེད་དུ་སྒེར་གཅོད་པ་ཁྱོད་ཚོ་ལ་སྨྱུག་གུ་ཡིས་འཐབ་རྩོད་བྱ་ངེས་ཡིན།
གནས་ལུགས་ང་ལ་མི་འགྲོ་ཨེ། རྫུན་གྱི་འཁོར་ལོ་སྐོར་མཁན་ཁྱོད་ཚོ་ལ་གནས་ལུགས་ཤིག་བཤད་ཡོད་པེ། ཡོད་ན་ཤོད་དང་། ཡུལ་ལུང་ཕུང་ལ་སྦྱར་མཁན་ཁྱོད་ཚོས་ཁ་ནས་ཧམ་བཤད་དང་ལོག་བཤད། དཀྲུགས་ཤིང་མ་གཏོགས་ག་རེ་བཤད་ཤེས་ཀྱི་ཡོད་དམ། དཀྲུགས་འདྲེ་ཀློང་ཆེན་པ་ཟེར་བ་དེས་དཀྲུགས་གཏམ་ལ་བལྟོས་དང་། འདི་འདྲ་ཤ་སྟག་ཁྱོད་ཚོས་བཤད་ཀྱི་རེད་བ། གནས་ལུགས་ག་རེ་གནས་ལུགས།
དཀྲུགས་འདྲེ་ཁྱོད་ཚོས་བོད་མི་དམངས་སྐྱིད་བཅུག་གི་མེད། སྤྲུལ་གོག་བདེན་རྫུན་བཤད་ནས་དཀྲུགས། ལྷ་འདྲེ་བཟང་ངན་བཤད་ནས་དཀྲུགས། གྲུབ་མཐའི་ཕྱོགས་རུས་བྱེད་ནས་དཀྲུགས། ཕག་རྒན་ཆོས་ལུགས་པའི་བཀོར་ཟན་ཁྱོད་ཚོའི་འོག་ཏུ་བོད་མི་དམངས་ཀྱི་སྡུག་བསྔལ་ལ་ཟད་མཐའ་མེད། ཁྲམ་པ་ཁྱོད་ཚོས་འོག་ཏུ་མི་དམངས་ལ་བདེ་སྐྱིད་མེད། ཕག་རྒན་ཁྱོད་ཚོས་མགོ་སྐོར་ལ་རྫོགས་མཐའ་མེད། དཀྲུགས་ཤིང་ལ་ཟད་པ་མེད།
ཁྲམ་པ་ཁྱོད་ཚོས་མ་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཟེར་ནས་འདོན་གྱི་རེད་མོད། དོན་དངོས་པོ་ཐོག་ཏུ་བོད་གངས་པའི་མ་རྒན་རྣམས་ཀྱི་ལག་པའི་སེར་ཀ་གས་གས་བར་དུ་དཀའ་ལས་བརྒྱབས་བསྡད་པ་དེ་ལ་བསམ་གཞིག་བྱེད་མྱོང་མེད་པ།
ད་དུང་དེའི་གོང་དུ་གྲོང་གསེབ་ཨ་མ་རྒད་མོ་ཟེར་ནས་ཕག་རྒན་ཁྱོད་ཚོས་མཐོང་ཆུང་བྱེད་ཀྱི་རེད་བ། ཨ་མ་རྒད་མོའི་ལག་པ་ལ་སེར་ཀ་གས། མགོ་ལ་ཤིག་གིས་ཁེངས། ལུས་ལ་དྲི་མས་ཁེངས་བསྡད་ཡོད་ནའང་ཕག་རྒན་ཁྱོད་ཚོས་སྙིང་རྗེ་ཞིག་བྱས་མྱངས་ཡོད་པེ།
མི་ལོ་སྟོང་གི་རིང་དུ་བླ་སྤྲུལ་ཚོས་སྲིད་དབང་འཛིན། ཨ་མ་བྲན་གཡོག་བཟོས། མི་ཚེ་བཀོར་གྱིས་བསྐྱེལ། བླ་གོག་སྤྲུལ་གོག་ཚོ་ཤི་སོང་དུས་རོ་ཡང་གསེར་དངུལ་ནང་དུ་བཅུག ལུགས་མཐུན་རེད་པེ། ཤཀྱའི་རྒྱལ་པོའི་བཀའ་དང་མཐུན་གྱི་རེད་པེ།
ད་དུང་་་བླ་གོག་སྤྲུལ་གོག་ཚོས་ཕྱིའི་དགྲ་ནང་འདྲེན་བྱས། བོད་མི་དམར་གསོད་བྱས། རང་ཡུལ་དགྲ་ལག་ཏུ་ཤོར་བཅུག་མཁན་ཁྱོད་ཚོ་མིན་ན་སུ་རེད་དམ། སེམས་བསམ་པའི་གཏིང་ནས་འཁོན་འགྲས་ཡོད་ད།དེའི་
སྤྲུལ་གོག་བདེན་རྫུན་བརྩད་ནས་དཀྲུགས་དཀྲུགས་ཀྱིས།
ཆོས་རྒྱུད་གཅིག་པའི་ལ་རྒྱ་ཆུ་ལ་གཡུགས།
སློབ་མ་གཅིག་པ་ཁ་གཏོད་དགྲ་ལ་འགྱུར།
རྗེས་འབྲངས་འབངས་མི་དུམ་བུ་བྲལ་ཁ་བཟོས།།
ལྷ་གོག་བཟང་ངན་བཤད་ནས་དཀྲུགས་དཀྲུགས་ཀྱིས།
ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ཆུ་ལ་གཡུགས།
མི་རིགས་གཅིག་པ་ཁ་གཏོད་དགྲ་ལ་བསྒྱུར།
དགོན་སྡེ་གྲྭ་ཚང་དུམ་བུ་ཁ་བྲལ་བཟོས།།
གྲུབ་མཐའ་ཟབ་མིན་བཤད་ནས་དཀྲུགས་དཀྲུགས་ཀྱིས།
སངས་རྒྱས་བསྟན་པའི་ལ་རྒྱ་ཆུ་ལ་གཡུགས།
ཆོས་ལུགས་གཅིག་པ་ཁ་གཏོད་དགྲ་ལ་བསྒྱུར།
ཤཀྱའི་བསྟན་པ་དུམ་བུ་ཁ་བྲལ་བཟོས།།
དཀྲུགས་ཤིང་རྒྱབ་ལ་མཁས་པའི་བླ་སྤྲུལ་ཚོས།
བཙན་པོའི་མི་རིགས་ཐུག་པ་དཀྲུགས་དཀྲུགས་བྱས།
ཆིག་སྒྲིལ་ནུས་པ་སྣམ་ཟད་མར་མེ་བཟོས།
གདོང་དམར་བོད་མི་ཡི་གྲལ་མཐའ་གཡུགས།
་་་་་་་་་་་ སྔོན་མ་ཁྱོད་ཚོས་རྒྱ་དམར་བསླེབས་དུས་གཏོར་མ་བརྒྱབས་མདོག་མདོག་དང་སྤྱིན་སྲེག་བླུགས་མདོག་མདོག་བྱས་མྱངས་བ་རེད། ་་་ཧཧཧ སྙིང་རྗེ་ཡ་་་་པག་གིས་བྷོམ་བཟོ་མཁན་ཁྱོད་ཚོ་ཡིན་ན་་་ཧཧཧ ་་་་་་་་་་
ཅོ་ ཅོ་རི་ ཁོ་རེ། པག་མ་རེད། པགས་རེད། བྷོམ་མ་རེད། འབོམ་རེད། ཧཧ། ཀུ་རེ་ཡིན་གདའ།
བོད་ཀྱི་ཆོས་པ་ཚན་རིག་མཁས་པ་རེད།
སྤྲང་དཀར་རྩམ་པས་བཟོས་པའི་བྷོམ་ཞིག་ཡོད།
རྩྭ་ཡི་མེ་ཕུང་དཀྱུས་ཏུ་གཡུགས་ཡོང་དུས།
དངོས་མེད་གདོན་འདྲེ་ཕག་པ་བསད་བསད་རེད།
ནུབ་ཕྱོགས་ཨ་རིས་ཚན་རིག་མཁས་ནའང།
གདོན་འདྲེ་གསོད་རྐྱེན་བྷོམ་ཞིག་བཟོ་མ་ཐུབ།
བོད་ཀྱི་ཆོས་པ་ལྐུག་རྟགས་ཚ་ནའང།
ལྷ་འདྲེ་གདོན་བགེགས་ཕག་པ་བསད་བསད་རེད།་་་་ཧཧཧཧཧཧཧཧཧཧཧཧ
དྲ་རྒྱའི་རང་དབང་བཀྲིན་ཆེ་།
སྨྲ་བརྗོད་རང་དབང་།
གང་བསམ་རང་དབང་།
གང་གླེང་རང་དབང་།
ག་འགྲོ་རང་དབང་།
གར་སྡོད་རང་དབང་།
གང་ཟ་རང་དབང་།
གང་ཐུང་རང་དབང་།
ག་རེ་བྱེད་ནའང་རང་དབང་།
རྒྱ་གུང་བྲན་ཐུག་དུས་རང་དབང་ག་པར་ཧ་ཧ་ཧ་།
ཁམས་པ་བྲོས་ཚར་འདུག་།
ཨ་མདོ་རླག་ཚརའདུག་།
དབུས་གཙང་གབ་ཚར་འདུག་།
དཔའ་ཚོ་རང་ལུས་མེ་ལ་བསྲེགས་།
རྒྱལ་ཁབ་དོན་།
དཔའ་བོ་་རེད་།
དཔའ་མོ་རེད་།
ཕོ་ཁྱོ་ག་རེད་།ཧ་ཧ་ཧ
ཝ་ཡེ། བློ་མི་མཐུན་ཅོ་རུ། མི་དྲང་དགོས། རྟ་མགྱོགས་དགོས་ཟེར་ལེ་རེད། གང་ཡིན་ཚད་ལ་ཁ་མ་གཏོང་། སྤྱི་དགྲ་ཆགས་ལེ་རེད། བློར་ཤར་ཚད་ཁར་མ་འབྱིན། ཆ་འཇོག་ཡོང་ལེ་མ་རེད། ཆགས་སྡང་རགས་པ་མགོ་ནོན། རང་སེམས་འཁྲུགས་ལེ་རེད། ཕྱོགས་ཞེན་ན་ཚ་ཆུང་ཙམ་གྱིས། མཐུན་སྒྲིལ་ལ་ཕན་ལེ་རེད། རྩ་བའི་བླ་མར་ཁ་མ་གཏོང་། དམྱལ་བར་འགྲོ་ལེ་རེད། ལོ་རྒྱུས་མ་ཤེས་ན་ཁ་ཚུམས། བླུན་པོ་སྨྲ་བ་ཉུང་ན་ཡག་ལེ་རེད།
གནས་སྐབས་བཀའ་སློབ་དེ་ཙམ་ཡིན།
་་་་་་་་་ མི་དྲང་དགོས། རྟ་མགྱོགས་དགོས་ཟེར་ལེ་རེད། ་་་་་་་་
བོད་པའི་སྙིང་རྗེ་ཟེར་བ་ཡ་མཚན་རེད་་་་སྙིང་རྗེ་སྙིང་རྗེ་སྨྲ་བཞིན་ར་སྐེ་གཅོད་གཡག་མགོ་བརྡུང་་་མི་མགོར་རྡོ་བརྒྱབ་ཧཧཧཧཡང་ན་སྙིང་རྗེ་མེད་ན་་་་་ཡང་ན་བརྡུང་བརྡེག་མེད་ན་་་་་་
སྙིང་རྗེ་ཡང་བོད་པ་ལ་ཡོད་མི་ཆོག་པ་འངྲ། ཡ་མཚན།
ད་ཁ་ཚུམ་སྨྱོ་ལབ་མ་རྒྱག་དྲ་འབུ་བློ་མཐུན་་ཚོ་།སྨྱོ་ལབ་རྒྱག་རྒྱུ་དྲ་འབུའི་ལས་།
དྲ་འབུའི་སྨྱོ་ལབ་མ་རྒྱབ་ན་།དྲ་འབུ་ཟས་མེད་ལས་མེད་ཆགས་་།ཧ་ཧ་ཧ
ངས་རྩོམ་ཡིག་འདིའི་མཆན་བུ་རྣམས་ལ་མིག་བཤེར་ཞིག་བྱས་པ་ཡིན། ཁམས་པ་ལས་འཕྲོས་པའི་རྩོད་པ་འགྲོ་བཞིན་པ་འདྲ། འོན་ཀྱང་ཁམས་པ་ཞེས་པའི་ཚིག་འདིའི་གོ་དོན་མཁྱེན་ནས་དཔྱོད་པ་གནང་ན་ཧ་ཅང་ལེགས་པར་མཐོང་མོད། དེ་ལྟ་བུ་ཞིག་ཀྱང་མིན་པ་འདྲ། དེང་སང་གི་ཨ་མདོའི་ས་ཁུལ་གྱི་མི་ལའང་ཁམས་པ་ཞེས་བྲིས་པའི་ཡིག་ཆ་མཐོང་། མདོ་ཁམས་པ་ཞེས་པའི་ཚིག་འདི་འཇུག་ཡུལ་ནི་ས་ཆ་ཧ་ཅང་རྒྱ་ཆེ་བར་མངོན། ཡང་རྒྱལ་ཁམས་པ་ཞེས་པའི་ཚིག་འདི་ཟླས་དྲངས་ཏེ་བཤད་སྐབས་ཁམས་པ་ནི་འགྲུལ་བཞུད་པ་ལྟ་བུའི་གོ་བ་ཞིག་ཀྱང་ཨེ་ཡོད་སྙམ། ད་ལྟ་འདི་ཙམ་ཡིན། རིམ་གྱིས་ཚིག་འགའ་སླར་ཡང་ཞུ་འཆར་བཅས།
དགེ་རབ་ཀྱིས་བཤད་པ་བདེན་ཆ་མེད་པ་མ་རེད་་་ཡིན་ནའང་འདིར་་་་་་་་སྒྲ་རྣམས་བརྗོད་འདོད་རྗེས་སུ་འབྲེངས་་་་་ཞེས་པ་ལྟར་མནོ་བསམ་གཏོང་དགོས། དེ་མིན་སྔོན་མ་ལྔ་བཅུ་ང་དགུའི་སྔོན་ནས་རྒྱ་གར་དང་བལ་ཡུལ་ལ་ཡུལ་བྱོལ་དུ་འགྲོ་མཁན་གྱི་བོད་པ་རྣམས་ལ་བོད་པས་རྒྱ་གར་འཁྱམས་པ་དང་བལ་པོ་འཁྱམས་པ་ཞེས་བརྗོད་བཞིན་དེ་རྗེས་སྒྲ་དེའི་རྣམ་འགྱུར་འགྱུར་ནས་རྒྱ་གར་ཁམས་པ་ཞེས་བརྗོད་ཀྱིན་འདུག་དོན་ངོ་མ་མི་དེ་དག་ཐམས་ཅད་ཁམས་ནས་ཡོང་བ་མིན་ཞིང་བོད་ས་སྟོད་སྨད་ཅི་རིགས་ནས་སླེབས་ཡོད། ཡང་བཤད་སྟངས་གཅིག་ལ་གློ་བོར་བོད་དམག་གཏན་སྡོད་བྱས་ཏེ་རྒྱ་ནག་ལ་དམག་འཁྲུགས་སླངས་པའམ་ཡང་ན་བལ་པོའི་མི་ཟེར་ལ་སྡུག་པོ་བྱས་སྐབས་བོད་རིགས་ཡིན་ནོ་ཅོག་ལ་བལ་པོས་ཁམས་པ་ཞེས་བརྗོད་་་་དེ་ནི་དེ་དུས་ཆུ་བཞི་སྒང་དྲུག་གི་དམག་ཕལ་ཆེ་བ་ཁམས་ནས་ཡིན་ཙང་གནས་ཚུལ་དེ་ལྟར་བྱུང་བ་མིན་ནམ་སྙམ།
ཅོ་རིའི་རེ་འབོད་ལ་ངོས་ལེན་མེད། xxx གཞན་ཆོལ་གསུམ་ཚང་མ་རྡོག་པོ་གཅིག་དང་ཁ་ཕྱོགས་གཅིག་ན་ཡོད་པ་ཚང་མས་ཤེས་ཤེས་བ་རེད། ཁམས་པ་ཡིན་རུང་། ཆོལ་གསུམ་ཚང་མས་ཡག་པོ་མཐོང་བསྡད་པ་ནི། ད་སྔ་གོང་ལ། རྒྱ་རི་བློ་གྲོས་རིན་པོ་ཆེ། ཟང་གདོང་རིན་པོ་ཆེ། འཇུ་ཆེན་ཐུབ་བསྟན་རིན་པོ་ཆེ། བློ་བཟང་སེང་གེ་རིན་པོ་ཆེ་སོགས། ལོ་ཁ་ལ་ལོ་བཞག། བཅུ་ཡི་ཁར་ཉི་ཤུ་བཞག་ནས། ཁམས་པ་ཨ་ཕོ་ཚོ། བོད་མི་བཙན་བྱོལ་བའི་མགོ་ཡི་ཏོག་དང། མི་གི་རྣོ་བྱས་ནས་བསྡད་བཞིན་པ་ཞིག་རེད། འདི་ཆོལ་གསུམ་མི་མང་གིས་བཀུར་བསྡད་པ་ཞིག་ལས་བྱུང་བxx། ཨེ་ཤེས།
xxxxx
སྤྱིར་ཁམས་སམ་ཁམས་ཀྱི་ཡུལ་གྲུ ཁམས་ཕྱོགས་ཞེས་འབོད་པའི་ཁམས་ཞེས་པ་མཐའ་འཁོབས་ཀྱི་ཡུལ་ལ་གོ་བ་ཡོད། དེ་ཡང་ཡུལ་དབུས་དང་ཁད་རིང་བའི་མདོ་སྟོད་སྨད་ཀྱི་ས་ཆ་བྱིངས་ལ་ཟེར་བ་འདྲ། སྔ་མོའི་བོད་རང་གི་དབྱེ་བ་ཕྱེ་སྟངས་ལྟར་བྱས་ན་སྟོད་མངའ་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་ཟེར་བ་མ་གཏོགས་ད་ལྟའི་ཆོལ་ཁ་གསུམ་གྱི་དབྱེ་སྟངས་འདི་འདྲ་མེད། རྒྱུ་མཚན་དེའི་དབང་གིས་སྟོད་མངའ་རིས་པས་ལོ་འགའི་གོང་དབུས་གཙང་ཁོངས་ནས་ཐོན་ཏེ་ཆོལ་ཁ་ལོགས་སུ་དགོས་པའི་རྙོག་གླེང་དེ་བྱུང་བ་རེད། ཆོལ་ཁ་གསུམ་ཞེས་པ་འདི་སོག་པོའི་དབང་ཤུགས་སླེབས་ནས་ས་སྐྱ་མགྲོ་འཕགས་སྐབས་སོག་པོས་བཟོས་པ་རེད། སྨད་མདོ་ཁམས་སྒང་དྲུག་དུམ་བུ་གཉིས་སུ་བཅད་ནས་སྟོད་སྨད་གཉིས་སུ་བགོས་མངའ་རིས་དང་དབུས་གཙང་གཅིག་ཏུ་བསྡུས་ཏེ་བོད་རང་གི་ལོ་རྒྱུས་ཐོག་གི་ས་ཁུལ་དབྱེ་སྟངས་དེ་མེད་པ་བཟོས། བཙན་བྱོལ་བོད་གཞུང་གིས་དེ་རྒྱུད་འཛིན་བྱས་ནས་གསར་འབྱོར་བོད་པ་ཚོ་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཉིན་ནས་ཁྱོད་ཆོལ་ཁ་གང་ཡིན། ཨ་ལེ་དབུས་གཙང་ཡིན་ནམ་ ཁམས་པ་ཡི་་ནམ ཨ་མདོ་ཡིན་པེ་སོགས་ཟེར་ནས་ཆོལ་ཁའི་ཞེན་ཁོག་ཞིག་གི་འགོ་བསླངས། དེ་སྔོན་བོད་ནང་སྡོད་སྐབས་རང་ཉིད་བོད་མི་ཞིག་ཡིན་པའི་འདུ་ཤེས་ལས་ཆོལ་ཁའི་ཕྱོགས་རིས་འདི་འདྲ་ནི་མི་ཤེས། ད་དེང་སང་བོད་ནང་ནས་སྤུན་ཟླ་ཚོ་་་་མཐུལ་སྒྲིལ་བྱོས་ཡ་མཐུན་སྒྲིལ་བྱོས་ཡ་ཟེར་དུས་འདིར་བཙན་བྱོལ་ནང་གི་དྲ་འབུ་ཚོས་ཞེ་བོ་ཅིག་ཡོད་མདོག་མདོག་དང་ཡིན་མདོག་མདོག་བྱས་ནས་ཞེན་ཁོག་ཁ་རུ་མ་ཤོངས་ནས་ཡོད་པ་འདི་འགན་མ་ཁུར་བའི་བྱེད་སྟངས་ཐབས་སྐྱོ་བོ་ཞིག་ལས་གཞན་ཅི་ཡང་མིན་པ་ཤེས་དགོས།
ཅོ་རིའི་ལྐུག་གཏམ་བཅད་བཞག་ཟིག། ངའི་མཁས་གཏམ་ལ་སྣོག་སུབ་བྱུང་འདུག། ཧ་ཧ་ཧ། རྩེད་མོ་ཡིན།
གང་ལྟར། ཇུས་ཏོག་ལ་ཞུ་རྒྱུར།
འཇུ་ཆེན་དང་བློ་སེང་གཉིས་ལ་མྱི་ལུས་རིན་ཆེན་མེད་པ་རེད་དམ། ཨ།
ཚིག་མཛོད་ཆེན་མོ་ལས། ཁམས། ( ༡ ) ཡུལ་ལམ་ལུང་པ། རྒྱལ་ཁམས། བོད་ཁམས། ( ༢ ) རིས། འདོད་ཁམས། འཇིག་རྟེན་གྱི་ཁམས། ( ༣ ) འབྱུང་བའམ་རང་བཞིན། ལོོ་ཁམས། མེ་ཁམས་འགྱུར་བ། ཁམས་སྙོགས་པ། ཁམས་ལོག་པ། ( ༤ ) ལུས་པོ། སྐུ་ཁམས། ཁམས་དུབ་པ་བསང་བ། ལུས་ཀྱི་འབྱུང་ཁམས་ཆ་མ་སྙོམས་པ། ( ༥ ) རྒྱུ་དང་ས་བོན། ( ༦ ) བོད་ཡུལ་དབུས་གཙང་ཁམས་གསུམ་དུ་ཟླས་དབྱེ་བ་ཕྱེས་པའི་ཁམས་དང་ཨ་མདོ་བསྡོམས་པའི་ཤར་ཕྱོོགས་ཀྱི་ཡུལ་བྱིངས། མདོ་ཁམས། དབུས་གཙང་ཁམས་གསུམ། ( ༧ ) ༼ མངོན ༽ རྣམ་ཤེས་ཀྱི་ཁམས་དྲུག་དང་། དབང་པོའི་ཁམས་དྲུག ཡུལ་གྱི་ཁམས་དྲུག་སྟེ་ཁམས་ལ་བཅོ་བརྒྱད་ཡོད་པས་གྲངས་བཅོ་བརྒྱད་མཚོན། ཞེས་གསལ། མངོན་པར། ཁམས་ཞེས་པ་རིགས་ཀྱི་དོན་དུ་གསུངས་པ་ཡང་གོང་གི་ནང་དུ་བསྡུས། དགེ་ཆོས་ཀྱི་དེབ་དཀར་དུ། དབུས་གཙང་སོགས་བཤད་སྐབས་ཁམས་ནི་ས་མཐའི་དོན་དུ་གསུངས། ཁམས་པ་ཤེས་པར་ཁམས་ཀྱི་གོ་དོན་དང་འཇུག་ཡུལ་ཤེས་དགོས་པས་འདིར་དྲངས། ཨ་མདོ་དང་ཁམས་ཀྱི་ཟླས་ཕྱེས་པའི་ཁམས་སུ་ལོ་ལྔ་བརྒྱ་ལྷག་གི་སྔོན་དུ་འཁྲུངས་པའི་མཁས་པ་དེ་འདྲས་ཀྱང་རང་ཉིད་མདོ་ཁམས་སུ་སྐྱེས་ཞེས་བྲིས་པ་མཐོང་ལ་ཚིག་མཛོད་ཆེན་མོར་ཁམས་དང་ཨ་མདོ་བསྡོམས་པའི་ཤར་ཕྱོགས་ཀྱི་ཡུལ་བྱིངས་ཞེས་པ་ལྟར་རྒྱ་ཆེན་པོ་ཞིག་ལ་གོ་སྙམས།
སྟོད་མངའ་རི་བ་ཚོ་ནི། བཙན་བྱོལ་ནང་གི་སློབ་སྦྱོང་གི་ཤེས་ཚད་མཐོ་ཤས་ཀྱི་ཚོགས་པ་ཡིན་ཙང་དེ་འདྲ་ལབ་པ་རེད། གནས་ཚུལ་འདི་འདྲ་གོ་ན། སྐྱོ་ཡང་སྐྱོ་ལ་དགའ་ཡང་དགའ།
འདིར་ངའི་ཚོར་བ་འདི་འདྲ་བྱུང་སོང་། དབུས་པ་ཀློང་ཆེན་པས་དྲི་ཆེན་བཏང་། ཨ་མདོ་འཇིགས་མེད་ནུབ་པས་དེ་ཚོགས་ལ་བཀྲམ་ནས་ཚང་མར་མཆོད་ཟེར། ཚང་མས་དེ་ཁམས་པར་གཙང་མ་བཟོ་དགོས་ལྟ་བུའི་འདུ་ཤེས་དང་། ཁམས་པ་ཅོ་རི་ཡོང་ནས་དྲི་ཆེན་འདི་ཆོས་ཀྱི་ཟས་བཟོས་པའི་དྲི་ཆེན་རེད། ཆོས་མེད་པ་བཟོ་དགོས་ཟེར།
དགེ་རབ་ཡོང་ནས་ཁམས་ཟེར་བ་འདི་ཁམས་པ་གཅིག་པུ་མ་རེད། ཨ་མདོ་ཚུད་ཡོད་ཟེར། ཁམས་པའི་རྙིང་མ་ཚོས་དྲི་ཆེན་འདིའི་སྟེང་ལ་དོལ་རྒྱལ་བ་ཚོའི་མིང་བྲིས་ནས་ཁོང་ཚོར་མཆོད་ཟེར།
དོན་ངོ་མ་དབུས་པས་བཏང་བའི་སྐྱག་པ་དེ་ཨ་མདོས་ཚོགས་ལ་བཤམ་པའི་དགོས་པ་ཅི། འདི་ནི་ང་ཁམས་པ་ཞིག་ལ་ཡང་ཡང་འཁོར་བའི་འདྲི་བ་རེད། མིག་སྔར་ཁམས་པའི་བྱས་རྗེས་ཅན་གདོང་ཐོག་ལ་སྐྱར་ཞིབ་བྱེད་པའི་སྐབས་ལ་དབུས་པས་ཁམས་པར་འཕངས་པའི་སྐྱག་པ་འདི་རྟེན་འབྲེལ་མ་འགྲིགས་ས་ནས་འགྲིག་པའི་སྔ་ལྟས་ཤིག་མིན་ནམ།
ཁྱི་ཕྲུག་དང་ཁྱི་སྨྱོན་སོགས་དེ་རིགས་ཀྱི་ཚིགས་དེ་རྣམས་ད་ལན་མ་གཏོགས་བེད་སྤྱོད་སྟངས་མ་མྱོང། ཅོ་རི་ཉི་མས་སྨྱོ་བཤད་ཚད་ལས་བརྒལ་བ་བཤད་སྐབས་སྨྱོ་ལན་ཞིག་བཤད་ཁུལ་བྱས་པ་ཡིན། ཁ་བརྡ་ཚང་གི་བཏོན་ཚར་འདུག། ཡག་པོ་རེད། ཡིན་ནའང་རེ་བསྐུལ་ཞུ་རྒྱུ་ཅིག་ཡོད། རྒྱལ་བ་ཀློང་ཆེན་པ་ལ་ཇག་དཔོན་དང། ལྷ་ལུང་དཔལ་རྡོར་ལ་ཕུང་འདྲེ་ཟེར་བ་སོགས་ཆོས་ལུགས་ལ་དམའ་འབེབས་དང་འཁྲུགས་རྩོད་སློང་མཁན་འགའ་ཞིག་ཁ་བརྡའི་དྲ་རྒྱ་ནང་དུ་ཡང་ཡང་ཡོང་བཞིན་པ་འདི་ལ་སྟངས་འཛིན་རན་པོ་ཞིག་ངེས་པར་དུ་གནང་རོགས་བཞུ།
ཁམས་པ་དེ་འདྲ་ཨེ་ཡིན་ནམ་ཞེས་པའི་ཁ་བྱང་གི་ཐོག་ནས་ཀློང་ཆེན་པའི་ཀ་བཤད་དྲྭ་ཐོག་ཏུ་སྤེལ་བ་དེ་མཐོང་བ་ཙམ་གྱིས་ཁ་འདར་སའི་སྟེགས་བུ་ཞིག་བཤམས་པ་ཚོར་ཞིང་། མཆན་འགའ་བལྟས་རྗེས་སྤེལ་མཁན་གྱི་དམིགས་ཡུལ་ལ་དོགས་པ་བྱུང་ནས་དམིགས་ཡུལ་ངོ་མ་གང་ཡིན་མིན་སྐད་ཆ་དྲིས། དེ་ཡང་དུས་རབས་བཅུ་བཞིའི་གཡས་གཡོན་དུ་མདོ་སྟོད་སྨད་ནས་དབུས་གཙང་ལ་སློབ་གཉེར་དུ་ཡོང་དོན་གྱི་ཞིབ་འཇུག་གི་རྒྱུ་ཆ་འཚོལ་ཁུལ་གྱིས་ཁམས་པས་རྐུ་ཇག་དང་བཙན་གཡེམ་གནས་བཟོད་བདེ་རུ་མ་བཅུག་པའི་སྐོར་བཀོད་པའི་ཀློང་ཆེན་པའི་གསུང་དེ་སྤེལ། དེའི་ནང་དུ་ཁམས་པ་སློབ་གཉེར་ཚུལ་བཞིན་བྱས་ནས་བསྟན་པ་ཚུལ་བཞིན་འཛིན་མཁན་ཚོ་བཀོད་མེད། ཁམས་པ་མཆན་འདེབས་མཁན་འགའ་སླེབས་ཏེ་ཀློང་ཆེན་པའི་གསུང་དེ་ཁམས་པ་ཡོངས་ལ་ཟེར་བའི་གོ་བ་འདྲ་བླངས་ནས་ངར་ངར་ཤོར་ཤོར་བྱས། དོན་དུ་ཀློང་ཆེན་པའི་ཀ་བཤད་དེ་ཁམས་པ་ཡོངས་ཕར་བཞག་སྐབས་དེར་དབུས་གཙང་དུ་ཡོད་པའི་ཁམས་པ་སློབ་གཉེར་བ་ཚང་མ་ལའང་གསུང་གི་མེད། མཆན་འདེབས་མཁན་གྱི་ནང་དུ་ཁམས་པ་རྙིང་མ་མང་པོ་ཡོད་ཅིང་། ཀློང་ཆེན་པ་ནི་རྙིང་མ་པ་ཀུན་གྱིས་བཀུར་སའི་མཁས་གྲུབ་ཆེན་པོ་ཞིག་ཡིན་པས་ཆོས་ལུགས་དང་། ཡུལ་ཞེན། གཟུར་གནས་གང་གི་ཕྱོགས་སུ་ལངས་ནས་མཆན་འདེབས་དགོས་མིན་གྱི་བདམས་ཁ་ཞིག་ཆགས། མཆན་བརྒྱ་ལ་ཉེ་མཚམས་ཁམས་པ་ནང་ཁུལ་འཛིངས་རེས་བྱེད་དུ་འཇུག་གི་ཡོད་པའི་དོགས་པ་ཟོས། དགེ་རབ་སླེབས་ནས་ཁམས་པ་ཞེས་པའི་ཚིག་གི་གོ་དོན་ཤེས་ནས་དཔྱོད་པ་བྱས་ན་ལེགས་པའི་དགོངས་འཆར་གསུངས་ཏེ་གླེང་གཞི་ཁ་སྒྱུར་ཐབས་བྱས། གསལ་བཤད། འདི་ནི་ཕྲན་གྱི་རྟོག་འཆར་ཡིན་པ་ལས་ཀ་བཤད་སྤེལ་མཁན་དང་མཆན་བུ་འདེབས་མཁན་གི་དམིགས་ཡུལ་དང་བསམ་ཚུལ་ཡིན་པའི་ངེས་པ་མེད།
་་་་་་་་་ ཡིན་ནའང་རེ་བསྐུལ་ཞུ་རྒྱུ་ཅིག་ཡོད། རྒྱལ་བ་ཀློང་ཆེན་པ་ལ་ཇག་དཔོན་དང། ལྷ་ལུང་དཔལ་རྡོར་ལ་ཕུང་འདྲེ་ཟེར་བ་སོགས་ཆོས་ལུགས་ལ་དམའ་འབེབས་དང་འཁྲུགས་རྩོད་སློང་མཁན་འགའ་ཞིག་ཁ་བརྡའི་དྲ་རྒྱ་ནང་དུ་ཡང་ཡང་ཡོང་བཞིན་པ་འདི་ལ་སྟངས་འཛིན་རན་པོ་ཞིག་ངེས་པར་དུ་གནང་རོགས་བཞུ། ་་་་་་་་་་
འདི་ལ་ང་ཡང་རྒྱབ་སྐྱོར་ཡོད།
འདིར་ཚིག་འགའ་ཞུ་གི་ཡིན།
༡)
ངེད་ཀྱིས་རྩོམ་མཇུག་ཏུ་ཁམས་དང་མདོ་ཁམས། མདོ་སྟོད་། མདོ་སྨད་སོགས་ཀྱི་ཐ་སྙད་འདི་དག་ལ་དུས་རབས་མི་འདྲ་བར་བེད་སྤྱོད་ཀྱི་ཁྱབ་ཁོངས་ཀྱང་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་ཙང་། གཅིག་བྱས་ན་འདིའི་སྐབས་སུ་ཁམས་པ་ཟེར་བ་འདི་མདོ་སྟོད་དང་མདོ་སྨད་གཉིས་ཀར་གོ་གི་ཡོད་སྲིད་ཞེས་གླེང་ཡོད་། དེར་བརྟེན། ཁམས་དང་ཨ་མདོ། དབུས་གཙང་ཟེར་ནས་ཚིག་རྩོད་བྱེད་དགོས་དོན་མེད་།
༢)
ངེད་ཀྱིས་ཀ་རྩོམ་འདི་རྙེད་པ་མཉམ་དུ་། དེའི་སྐབས་ཀྱི་སྤྱི་ཚོགས་གནས་བབ་ལ་རྒྱུས་ལོན་བྱེད་ཆེད་དོགས་འདྲི་འགའ་བྱས་ཡོད་མོད་། ངེད་ཀྱི་དོགས་འདྲི་ལ་རྒྱུ་ཆ་མཁོ་སྤྲོད་དང་བསམ་ཚུལ་གནང་མཁན་མི་གྲངས་ལྔ་དྲུག་ཙམ་དང་དགོས་མེད་ཀྱི་ཚིག་རྩོད་ལ་འཇུག་མཁན་མི་གྲངས་བརྒྱ་ལྷག་བྱུང་འདུག
༣)
ཀློང་ཆེན་རབ་འབྱམས་པས་དུས་རབས་བཅུ་བཞི་བའི་སྐབས་སུ་བྲིས་བའི་ཀ་རྩོམ་ཞིག་ལ་བརྟེན་ནས་དེ་རིང་སང་ཉིན་གྱི་ཁམས་པ་དང་ཨ་མདོ་བ་ཚོར་ཕོག་དགོས་བ་ཨེ་ཡོད་དྲན། གཤིས་ཀ་འདི་ཡ་མཚན་ཞིག་རེད་། འུ་ཚོས་གཤིས་ཀ་འདིའི་རིགས་སྤོང་ཐུབ་ན་ཡག
༤)
ཁམས་དང་མདོ་ཁམས། མདོ་སྟོད་། མདོ་སྨད་། ཨ་མདོ་ཟེར་བའི་ཐ་སྙད་འདི་དག་ལ་རེ་རེ་བཞིན་ཞིབ་འཇུག་ཅིག་བྱེད་རྒྱུ་མེད་དམ་དྲན། གཙོ་བོ་ཐ་སྙད་རེ་རེའི་འབྱུང་ཁུངས་དང་གོ་དོན། འགྱུར་བ་བཅས་གསུམ་འཚོལ་རྒྱུ་དེ་རེད་།
༥)
བསྐྱར་དུ་ཞུ་རྒྱུར། དུས་རབས་བཅུ་བཞི་བའི་སྐབས་སུ་གསང་ཕུ་དགོན་པར་ཁམས་དང་ཨ་མདོའི་གྲྭ་བ་མང་པོ་ཡོང་དགོས་དོན་དང་དེའི་སྐབས་ཀྱི་གསང་ཕུ་དགོན་པའི་གནས་སྟངས། ཁམས་དང་ཨ་མདོའི་གྲྭ་བ་དེ་ཚོ་ཁམས་དང་ཨ་མདོའི་ས་ཆ་གང་དག་ནས་ཡོང་ཡོད་མེད་སོགས་ཀྱི་སྐོར་ལ་ཞིབ་འཇུག་རྒྱུ་ཆ་དང་བསམ་ཚུལ་གནང་མཁན་ཡོད་ཚེ་རྗེས་སུ་ཡི་རངས་དང་དགའ་བསུ་ཞུ། གཞན་དགོས་མེད་ཀྱི་ཚིག་རྩོད་རིགས་མཚམས་འཇོག་རོགས། དེ་དག་འདི་རུ་མ་རྩོད་རོགས་ཞུ་རྒྱུ་ཡིན།
འཇིགས་མེད་ནུབ་པས་གུས་ཞབས་དང་བཅས།
ཁྱེད་ཚོས་དུས་རྒྱུན་ཁྱེད་ཚོའི་བླ་མས་གསུངས་པ་ཞིག་ཡིན་ན་རྩ་ཆེན་པོ་ཆེན་པོ་དང་བདེན་པ་བདེན་རྐྱང་ཞེ་བོ་ཡིན་མདོག་བྱེད་ཀྱི་འདུག་བ། ད་ཁྱེད་རང་ཚོའི་མགོ་ལ་ཡར་མར་འགྲོ་ས་གང་ཡང་མེད་པའི་རྡོ་རྗེའི་ཚིག་འདི་འདྲ་ཕོགས་ཡོང་དུས་ཡང་དགོངས་དོན་ལེན་རྒྱུ་ཡོད་མེད་བལྟས་ནས་གཡོ་སྒྱུ་འཁྲབ་མ་ཡོང་ཨ། །
དུས་རབས་བཅུ་བཞིའི་སྐབས་ཀྱི་ཙོང་ཁ་པའི་ལམ་རིམ་ནང་དཀོན་མཆོག་གསུམ་མ་གཏོགས་བོན་ལ་སོགས་རྟེན་པར་མི་བྱའོ་སྨྲས་པ་དེ་ལའང་ཁྱེད་ཚོས་དགོངས་དོན་ག་འདྲ་ཞིག་ལེན་འཆར་ཡོད་དམ། འདིར་བོན་གྱི་ཆོས་ལུགས་ལ་མཐོང་ཆུང་ཞེ་བོ་ཞིག་བྱས་མི་འདུག་གམ དཀོན་མཆོག་ཟེར་བ་དེ་ཤེས་མཁན་འཛམ་གླིང་འདིར་ཙོང་ཁ་བ་མ་གཏོགས་གཞན་མི་སུ་གང་ཡང་མེད་པའི་བཟོ་འདྲ་པོ་བྲིས་འདུག་བ། །
དུས་རབས་བཅུ་དགུའི་སྐབས་ཀྱི་མཆོག་གྱུར་བདེ་ཆེན་གླིང་པ་ཞུ་བ་དེས་གདོན་གཟུགས་བོན་གྱི་བསྟན་པ་བསྣུབ་ཟེར་ནས་སྨྲས་པ་དེ་ལའང་དགོངས་དོན་ག་འདྲ་ཞིག་ལེན་རྒྱུ་ཡིན་ནམ། བོན་གྱི་བསྟན་པ་བསྣུབ་ཟེར་ནས་བཀའ་ཕབས་ཚར་དུས་ཁྱེད་ཨབ་ཕྲུག་ཚོས་བོན་གྱི་བསྟན་པ་ཟེར་ནས་ཐོས་པ་དང་ཉོན་མོངས་དུག་ལྔའི་བསྟན་པ་མི་འཛིན་རང་འཛིན་རེད་བ། །
ང་ཚོའི་མ་འོངས་པའི་མཛེས་སྡུག་ལྡན་པའི་བོད་ལ་དྲང་བདེན་དང་འདྲ་མཉམ་དགོས་ན། དེང་སང་དུས་རབས་ཉེར་གཅིག་པའི་བོད་བརྒྱུད་ནང་བསྟན་པའི་མགོ་ཁྲིད་ཚོས། སྔོན་གྱི་ཁྱེད་རང་ཚོའི་བླ་མས་བཤད་པ་ཁག་དང་ལམ་སྟོན་བྱས་པ་ཁག་ལ་དབྱིན་སྐད་དུ་compromise་ཟེར་བ་དེ་མྱུར་བར་ཉིད་དུ་བྱས་ན་ཡག་ས་རེད་མ་གཏོགས། དགོངས་དོན་གོག་ཏོ་འདྲ་ལེན་གྱིན་མགོ་བདེ་འཁྲབ་ནས་མི་ཚེ་བསྐྱལ་བསྡད་ན་ཁུངས་འཁྱོལ་ས་མ་རེད་དོ། །
ཡང་མིན་ན་ང་ཚོ་མང་གཙོ་ཡིན། མང་ཉུང་རྐྱང་རྐྱང་བལྟ་ནས་སྡོད་ཀྱི་ཡིན། ཉུང་བ་ཁྱེད་རང་ཚོ་སྡུག་གྱོང་རེད། ང་ཚོས་ག་རེ་བྱེད་བྱེད་དང་། ག་རེ་བཤད་བཤད་ང་རང་ཚོས་འདོད་པ་རེད་དོ་ཟེར་ནས། ཨང་གྱག་བཤད་ནས་བསྟན་པ་ང་བོ་དང་ཞེ་སྡང་གིས་མུ་མཐུད་ནས་འཛིན་པར་འདོད་ན་ནི། ང་ཚོ་ཉམ་ཆུང་ཚོ། ཁྱེད་ཚོ་མང་པོ་ཚོའི་ཁ་འོག་ལག་འོག་ལ་མི་འགྲོ་རང་འགྲོ་རེད་བ། །
ཁམས་པ་ང་ཡང་ཡིན། ཡིན་ཀྱང་གཏམ་དེ་དྲང་དགོས་ཟེར་བ་བཞིན། ཁམས་པའི་ཇག་པ་ལ་ཁམས་པའི་ཇག་པ་མི་ཟེར་ན་དབུས་གཙང་གི་ཇག་པ་ཟེར་དགོས་ཨི་རེད། རང་རང་སོ་སོའི་ལྷ་མ་གཏོགས་གཞན་ལ་སྐྱབས་སུ་འགྲོ་མི་རུང་བའི་ཚུལ་བན་བོན་་དང་ཆོས་ལུགས་་ཚང་མ་ལ་ཡོད་རེད། དེ་ལུང་རིག་གི་འགྲོ་སྟངས་ཞིག་རེད། bonpo ཟེར་བ་འདིས་ནང་ཆོས་ལ་རོང་པའི་ཆོས་དང། བདག་ཅག་གི་སྟོན་པ་ལ་རོང་པའི་མི་ཞེས་བརྗོད་པ་སོགས་ལ་སྟངས་འཛིན་ཞིག་གནང་དགོས་འདུག། ཐུགས་རྗེ་ཆེ།
བཀྲ་ཤིས་ལགས།
ཁྱེད་རང་གིས༼ཁམས་པའི་ཇག་པ་ལ་ཁམས་པའི་ཇག་པ་མི་ཟེར་ན་དབུས་གཙང་གི་ཇག་པ་ཟེར་དགོས་ཨི་རེད།༽ ཟེར་ནས་བྲིས་འདུག་བ། ཚིག་དེ་ལ་བསལ་བློ་ཡག་པོ་ཐོངས། ཡིན་པ་ལ་ཡིན་པར་ལབ་པའི་ཁུལ་ཡིན་ས་རེད། །
དང་པོ་ཁྱེད་ཚོས་བོན་བསྟན་བསྣུབ་དགོས་རབས་བཤད་པ་དེ་ལ་སྟངས་འཛིན་ཡག་པོ་བྱེད་ཤོག་ཨ། ཁྱེད་ཚོས་བོན་པོ་ཡིན་ཟེར་མཁན་ཞིག་མཐོང་བ་དང་མིག་ལོག་བལྟ་གི་ཡོད་བ། བོན་པོས་ཁྱེད་ཚོས་ཕ་རྒྱུ་མ་རྒྱུ་ག་རེ་བཟས་སོང་ངམ། དྲི་བ་ཡིན་ད། །
ཡིན་པ་ལ་ཡིན་པར་བརྗོད་མཁན་ཞིག་ཡིན་ན་འགྲིགས་འདུག། རྩོད་པ་མིན་འདུག། བོན་པོ་ལ་མིག་ལོག་བལྟ་མ་མྱོང། ཕ་་རྒྱུ་མ་རྒྱུ་བཟས་སོང་ལབ་མ་མྱོང། བོན་གྱི་གྲོགས་པོ་དང་ཉེ་རིང་ཡང་ཡོད། ཡིནའང་དྲ་རྒྱ་ནང་ལ་བོན་པོ་ཁྱོད་ཚོ་འདྲ་བ་འགའ་ཞིག་ལ་བརྟེན་ནས་དོགས་གཞི་ཆེན་པོ་ཞིག་གཏན་གཏན་ཡོང་གིས་འདུག།
ངས་དྲྭ་རྒྱ་ནང་ལ་ཡོང་མཁན་ཚོར་དོགས་པ་གང་ཡང་མེད། ཡིནའང་སྔོན་གྱི་ཁྱེད་ཚོའི་བླ་མ་བླ་ཆེན་འགའ་ཞིག་བྲིས་པ་དེ་ཚོ་ལ་བརྟེན་ནས་དོགས་གཞི་ཆེན་པོ་ཞིག་གཏན་གཏན་ཡོང་གིས་འདུག།
ང་ཐོག་མར་ཁ་བརྡ་དྲ་བར་ཡོང་དུས་བན་བོན་རྩོད་དགོས་དྲན་ནས་རྩ་ཉིད་ནས་ཡོང་མེད། ཡིན་ནའང་ངས་མཆན་ཞིག་བྲིས་མ་ཐག་ཏུ་དེ་ལ་ལམ་སེང་བན་ཕྲུག་ཅིག་གིས་ང་ལ་བོན་ནག་ཟེར་ནས་ལབ་བྱུང་། ངས་དེ་རིང་བར་བརྗེད་མེད་དོ། ནག་པོ་དངོས་གནས་དེ་སུ་རེད་འདུག་བལྟ་འདོད་ན་འབྲི་རྒྱུ་མེད་པ་མ་ཡིན་ད། ཤོད་རྒྱུ་ཡོད་ཚད་དེ་ཁྱེད་ཚོར་དབང་ཡོད་མ་བསམ་ཨ། །
བོན་པོ་ཆོས་ཀྱི་རྙིང་མ་་རེད་།
འུར་རྡོ་མཚོན་གྱི་ཐོག་མ་རེད་།
བོན་ཆོས་མེད་ན་བན་ཆོས་ག་ནས་་དར་།
འུར་རྡོ་མེད་ན་མཚོན་ཆ་ག་འདྲ་བཟོ་།
།
རྩི་རྩིའི་དཔོན་པོ་ཨབ་ར་རེད་།
དགྲ་བྱི་ཕོང་ཐུག་དུས་མཉམ་ཤི་རེད་།
ཁམས་པས་དབུས་པ་བཅོམ་ན་ཡང་།
དགྲ་གུང་བྲན་ཐུག་དུས་མཉམ་བྲོས་རེད་།
ཧ་ཧ་ཧ་དཔའ་བློ་ཁོག་ག་པར་ཕྱིན་པ་རེད་།
ཕོ་ཁྱོ་ག་ག་པར་ཕྱིན་པ་རེད་།
དམན་བུ་མོ་ག་པར་་ཕྱིན་པ་རེད་།
གྲི་མེ་མདའ་ག་པར་ལྷག་པ་རེད་།
རྟ་འདུ་ལུ་ག་པར་ཕྱིན་པ་རེད་།
ཕོ་རྒོད་པོ་ག་པར་ཕྱིན་པ་རེད་།
ཧ་ཧ་ཧ་