རྡོ་རྗེ་རིན་ཆེན་གྱིས།
————
ཁྱེད་རང་སྤྱི་འཐུས་གྲོས་ཚོགས་ལ་ཕེབས་མྱོང་ངམ། རྒྱ་གར་དུ་འཚར་ལོང་བྱུང་བའི་ཁམས་པའི་སྤྱི་འཐུས་ཚོར་ཆ་བཞག་ན། གྲོས་ཚོགས་སུ་ཁམས་སྐད་བཤད་པ་དང་། བོད་པ་ཟེར་རྒྱུ་ལ་བེད་པ་ལྟ་བུ་ཞིག་སྨྲ་ཡོང་། བརྗོད་གཞི་ཚ་པོ་དེ་འདྲའི་ཐོག་གླེང་སློང་བྱེད་སྐབས་ཁམས་སྐད་དྲག་མ་རེ་བརྒྱབ་ཡོང་དུས་གཟི་བརྗིད་ཡོད། སྟོད་པ་དང་གཞིས་ཀ་རྩེ་བ་རྣམས་ལ་དེ་འདྲའི་རང་སྐད་ཤུགས་ཆེན་པོ་མེད་ཀྱང་། དཔེར་ན་རྣམ་རྒྱལ་ཟེར་བ་རྣམ་རྒྱ་ཟེར་བ་ལྟ་བུ་རེ་ཟུར་ནས་ཐོན་ཡོང་། མེད་པ་དེ་ཨ་མདོ་བ་ཚོ་ལ་མེད། ཨུ་ཚུགས་བརྒྱབ་ནས་དབུས་སྐད་གང་ཐུབ་ཅི་ཐུབ་རེ་ཨེ་ཤོད་ལ་ལྟ། དབུས་པའི་སྒྲ་གདངས་མ་ཐོན་སྐབས་འཁྲིས་ན་བསྡད་པའི་སྤྱི་འཐུས་ཚོས་འཕྱ་སྨོད་ཀྱི་ཁྲེལ་དགོད་རེ་ཡང་བྱེད། ཨ་མདོ་བ་ཚོས་དབུས་སྐད་མ་ཤོད་པའི་སྐབས་ལ་ངོ་ཚ་ནས་གདོང་པ་ཡང་དམར་པོར་འགྱུར། སྒྲིག་འཛུགས་ཁག་གིས་ཨ་མདོའི་མི་སྣ་གལ་ཆེན་རེ་སླེབས་སྐབས་དབུས་པར་དམིགས་ནས་སྐད་བསྒྱུར་ཀྱང་འཛུགས།
ཕྲན་ལ་ཐོབ་པའི་ ༢༠༠༠ མི་འབོར་ཞིབ་བཤེར་གྱི་ཐོ་ལ་འཁོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་སུ་བོད་མི་ 2,427,168 མཚོ་སྔོན་ཞིང་ཆེན་དུ་ 1,086,592 སི་ཁྲོན་དུ་བོད་མི་ 1,219,085 ཡུན་ནན་དུ་བོད་མི་ 124,462 ཀན་སུའུ་ན་བོད་མི་ 395,403 བོད་མི་སྤྱི་ཡོངས་ཀྱི་གྲངས་འབོར་ནི་ 5,245,347 བཅས་རེད།
གྲངས་འབོར་འདི་དག་ལས་ལྷ་ས་ཁུལ་གྱི་གྲངས་འབོར་ནི་ 387,124 རེད། ཆབ་མདོ་ཁུལ་གྱི་བོད་མིའི་གྲངས་འབོར་ནི་ 563,831 རེད།
གྲངས་འདི་དག་རོབ་རྩིས་ཀྱིས་དབུས་གཙང་། ཁམས། མདོ་སྨད་བཅས་སུ་དབྱེ་ན་འདི་འདྲ་ཞིག་རེད། དབུས་གཙང་ལ་ 1,556,797 རེད། འདིའི་ཁོངས་སུ་གཞིས་ཀ་རྩེ་དང་སྟོད་མངའ་རིས་དང་བཅས་པ་ཚུད་ཡོད།
ཁམས་ལ་ 1,406,419 ཡོད་པ་དེ་ནི་ཆབ་མདོ་དང་སི་ཁྲོན་གྱི་དཀར་མཛེས་ཁུལ། དེ་བཞིན་ཡུན་ནན་བཅས་ཚུད་ཡོད།
མདོ་སྨད་ལ་ 1,997,912 ཙམ་ཞིག་རེད། འདིར་མཚོ་སྔོན་ཡོངས་རྫོགས་དང་ཀན་སུའུ། སི་ཁྲོན་གྱི་རྔ་བ་དང་མུ་ལི་སོགས་ཚུད་ཡོད། འདི་རོབ་རྩིས་ཤིག་ཡིན་སྟབས་ཞིབ་འཇུག་གི་རྒྱུ་ཆར་རུང་བ་ཞིག་མིན་ལགས། འདིར་མ་ཚུད་པའི་གྲངས་འབོར་ནི་ཧ་ལམ་ཟི་ལིང་སོགས་གྲོང་ཁྱེར་ཁག་ཡིན་པ་འདྲ།
གྲངས་ཀ་འདིའི་ཐོག་ནས་བལྟས་པ་ཡིན་ན། ལྷ་སའི་སྐད་ཅེས་པ་འདི་བཤད་མཁན་ནི་མང་མཐའ་ལ་ཡང་འབུམ་བཞི་ལོང་གི་མེད་པ་རེད། ཆབ་མདོ་གཅིག་པུའི་མི་འབོར་ནི་འབུམ་དྲུག་ལ་ཉེ་བ་རེད། མཚོ་སྔོན་ཞིང་ཆེན་གཅིག་པུ་ན་ས་ཡ་གཅིག་བརྒལ་བ་རེད། ད་ང་ཚོ་ལ་ལྷ་ས་སྐད་ཀྱི་བཙིར་གནོན་འདི་འདྲ་ཞིག་ཅིའི་ཕྱིར་ཡོང་བ་རེད། ལྷ་ས་སྐད་ནི་བོད་སྐད་ཡིན་ལ། བོད་སྐད་ནི་ལྷ་ས་སྐད་ཡིན་པ་ལྟ་བུའི་ཚོར་བ་དང་མཐོང་སྣང་ཆེན་པོ་ཞིག་ཅིའི་ཕྱིར་འོང་བ་རེད།
ཉིན་གཅིག་བོད་མི་ཞིག་ཐད་ཀར་བོད་ནས་ཨ་རི་ལ་ཡོང་ནས་སྐྱབས་བཅོལ་ཞུས་འདུག བོད་མི་དེ་ནི་བོད་ཡིག་དགེ་རྒན་ཞིག་ཡིན་འདུག སྐྱབས་བཅོལ་ཞུ་སྐབས་རྒྱ་གར་ནས་འཚར་བའི་མི་ཞིག་སྐད་སྒྱུར་ལ་འཁྲིད། སྐད་བསྒྱུར་བའི་སྐབས་ཁོང་ཚོ་ཕན་ཚུན་གོ་བརྡ་མ་འཕྲོད་པ་རེད་ཟེར། སྐྱབས་བཅོལ་འགོར་འགྱངས་ལ་སོང་བ་ནི་ཕན་ཚུན་གོ་བརྡ་མ་འཕྲོད་སྟབས་སྐྱབས་བཅོལ་ཞུ་མཁན་དེ་བོད་པ་མིན་པའི་དྭོགས་པ་སྐྱེས་པས་རེད་ཟེར། ཚང་མ་ཚར་བའི་རྗེས་དེར་སྐད་སྒྱུར་དེས་སྐྱབས་བཅོལ་ཞུ་མཁན་དེ་ལ། “རྒན་རང་བོད་ཡིག་དགེ་རྒན་རེད་ཟེར། ཡིན་ནའི་ བོད་སྐད་ཤེས་ཀྱི་མི་འདུག་ག་”ཞེས་ལབ་པ་རེད་ཟེར།
ང་ཚོས་རང་གི་མི་རིགས་ཀྱི་སྐོར་ལ་འདི་འདྲའི་རྒྱུན་ཤེས་ཤིག་ཀྱང་མེད་པ་དེ་གང་ཡིན་ནམ། བོད་ལྷ་ས་རེད། ལྷ་ས་བོད་རེད། འདི་འདྲའི་གུ་དོག་པའི་བསམ་བློ་ཞིག་འཁྱེར་དགོས་པ་གང་ཡིན་ནམ།
ཁམས་པ་དེ་ཚོ་དངོས་གནས་གཟི་བརྗིད་ལྡན་པ་ཞིག་ཡིན། རང་གི་སྐད་སྨྲ་བ་དེ་ཁུར་དུ་མ་སོང་བར་རྒྱན་དུ་འཁྱེར་ཐུབ་པ་དེ་དངོས་གནས་ཡག་པོ་རེད།
ད་ཡང་ཆོལ་ཁའི་སྐྱག་དྲི་ལ་དགའ་བའི་དྲ་འབུ་ཚོ་ལ་དགོས་པའི་སྐྱག་པ་ཞིག་རྡོ་རྗེ་རིན་ཆེན་གྱི་རང་དབང་ལུང་པའི་རྩིག་ཟུར་ན་བཏང་འདུག་པས་སྐྱག་འབུ་རྣམས་ཚང་ཁ་ཤིག་ཤིག་འཁོར་རྒྱུ་རེད། དྲ་གྲོགས་ཚོ་ལྟོས་ཤིག
སྐུ་ཞབས་རྡོ་རྗེ་རིན་ཆེན་ལགས། ངས་དྲང་མོ་བཤད་དགོས། ཁྱེད་ཀྱི་འདི་ལ་རྒྱུ་མཚན་གཏན་ནས་མི་འདུག གོང་གི་བགྲང་བའི་ཁྱེད་ཀྱི་རྒྱུ་མཚན་དེ་ཚོ་ཏག་ཏག་མི་འདུག ཁྱེད་ཀྱིས་ཡང་བསྐྱར་བསམ་བློ་ཞིབ་མོ་ཐོངས་དང་། ཁྱེད་ཀྱིས་བཤད་པ་ལྟར་ན། འཛམ་གླིང་གི་སྤྱི་སྐད་རྒྱ་ནག་གི་སྐད་བྱེད་དགོས་པ་ལྟ་བུ་ཞིག་ལབ་འདུག དེ་འདྲ་ཨེ་རེད།
སྐུ་ཞབས་རྡོ་རྗེ་རིན་ཆེན་ལགས། ངས་དྲང་མོ་བཤད་དགོས། ཁྱེད་ཀྱི་འདི་ལ་རྒྱུ་མཚན་གཏན་ནས་མི་འདུག གོང་དུ་བགྲང་བའི་ཁྱེད་ཀྱི་རྒྱུ་མཚན་དེ་ཚོ་ཏག་ཏག་མི་འདུག ཁྱེད་ཀྱིས་ཡང་བསྐྱར་བསམ་བློ་ཞིབ་མོ་ཐོངས་དང་། ཁྱེད་ཀྱིས་བཤད་པ་ལྟར་ན། འཛམ་གླིང་གི་སྤྱི་སྐད་རྒྱ་ནག་གི་སྐད་བྱེད་དགོས་པ་ལྟ་བུ་ཞིག་ལབ་འདུག དེ་འདྲ་ཨེ་རེད།
དེང་སང་དྲ་རྒྱ་ཁག་ནང་བོད་པ་ནང་ཁུལ་ལ་དཀྲུག་གཞི་འཕེན་བྱེད་ཀྱི་རྩོམ་ཏག་ཏག་འབྲི་བཞིན་འདུག སྲུང་མ་དམར་ནག་གཉིས་མཁྱེན་དྲང་བདེན་མིན་པའི་ཕྱོགས་ལྷུང་བ་འདི་ཚོ་སྐད་ཅིག་ལ་མ་འཇོག་བར་མེད་པར་བཟོས་མཛོད།
གནས་ཚུལ་གཞན་ངས་མི་ཤེས། ཡིན་ཡང་ཨ་མདོ་སྐད་བཤད་ན་འཕྱ་ལད་རྒྱག་པ་དེ་བཙན་བྱོལ་ནང་གི་ཐོག་མཐའ་བར་གསུམ་གྱི་གནས་སྟངས་ཤིག་རེད། ཉིས་སྟོང་བརྒྱད་སྔོན་ལ་ཨ་མདོ་བོད་པ་ཡིན་མིན་གྱི་ཚིག་ཟུར་འཕེན་མཁན་ཡང་ཉུང་ཉུང་མིན། ངས་རྫུན་བཤད་གི་མེད།
རྡོ་རྗེ་རིན་ཆེན་གྱིས་དངོས་ཡོད་གནས་སྟངས་ཤིག་གླེང་འདུག ང་རང་སྔོན་མ་སུ་ཇཱ་སློབ་གྲྭ་ཡོད་དུས་གནས་ཚུལ་དེ་དངོས་གནས་མིག་མཐོང་ལག་ཟིན་བྱུང་། ཡིན་ཡང་། དེང་སྐབས་སྔོན་མ་ལས་ཡར་རྒྱས་ཅུང་ཙམ་ཕྱིན་འདུག ད་ང་ཚོས་འདི་སྐོར་ལ་མང་པོ་བཤད་ན་ཡག་པོ་མི་འདུག ང་ཚོས་ད་ལྟ་བོད་ཀྱི་སྤྱི་སྐད་ཅིག་ལ་བསམ་བློ་གཏོང་དགོས་ཀྱི་འདུག
ཁམས་པ་ཚོས་ཁམས་སྐད་གཙང་མ་བཤད། ཨ་མདོ་བ་ཚོས་ཨམ་སྐད་གཙང་མ་བཤད། དབུས་གཙང་བ་ཚོས་དབུས་སྐད་གཙང་མ་བཤད་ན། བོད་ལ་སྤྱི་སྐད་ཅིག་བཟོ་ཐུབ་ས་རེད་དམ།
ཁམས་པ་རྣམས་ཀྱིས་བོད་པ་ལ་བེད་པ་དང་། ཡག་པོ་འདུག་ལ་ཡག་དུ་ཟེར་བ་ལ་བལྟས་ན་བོད་པའི་སྤྱི་སྐད་དེ་ཡང་ཁམས་སྐད་དང་མཐུན་ན་གང་འདྲ་ཆགས་ཡོང་།
བོད་མི་རིགས་ཀྱི་ལོ་རྒྱུས་ནང་འདས་མ་དུས་གསུམ་པོར་ཁམས་པ་ནི་བོད་མིའི་སྤྱི་ཚོགས་ཁྲོད་ལེགས་ཉེས་ཀྱི་གནས་ཚུལ་གང་ཞིག་ཡོད་ན་གནས་ཚུལ་དེའི་ལྟེ་བ་གཅིག་ཁམས་པའི་མིའི་བྱས་རྗེས་དང་ཡང་ན་བྱེད་ཉེས་རེད་། ད་སྔར་བོད་པའི་སྤྱི་ཚོགས་ནང་སྐབས་རེ་ཁམས་པའི་ལག་རྗེས་ལ་ཆེ་བསྟོད་བྱས་མྱོང་ལ་། སྐབས་རེ་ཁམས་པའི་བྱས་ཉེས་ལ་ཁ་རྡུང་དང་ཕྱོགས་ཡོངས་ནས་དམའ་འཐབ་བྱེད་དགོས་པ་བྱུང་ཡོད་། ཡིན་ཡང་ཁམས་པ་རྣམས་ཕྱོགས་གང་ཏུ་ཡོང་རུང་རང་ཉིད་ཁམས་པ་ཡིན་པའི་སྤོགས་པ་དང་ལ་རྒྱ་ནི་ལུས་ཀྱི་དྲིབ་ནག་བཞིན་མཉམ་ཏུ་ཡོད་། བཙན་བྱོལ་བའི་སྤྱི་ཚོགས་འདིར་མཚོན་ན་བོད་མི་འབུམ་གཅིག་ལྷག་ཡོད་པ་དེའི་ནང་ཁམས་པའི་གྲ་ཚད་ཉུང་ཉུང་ཡིན་ཡང་ཆེ་མཐོང་ཡོད་པ་དང་ལག་རྗེས་ཆེ་བའི་དཔོན་བླ་སྡོམ་རྩིས་ན་ཁམས་པའི་ཁ་གཏད་དུ་ཆོལ་གཞན་གཉིས་ཀས་ཡོང་གི་མེད་།
༢ ད་སྔར་ཨ་མདོ་བ་རྣམས་བོད་སྐད་དང་བོད་ཀྱི་རིག་གནས་ལ་དོ་སྣང་ཡོད་པ་མ་ཚད་ད་ལྟ་མིག་ངོར་ཤར་བའི་སྙན་ངག་དང་སྡེ་སྦྱེར་སོགས་རིག་གནས་ཆུང་བའི་གཙོ་བདག་དང་འབྱུང་ཁུང་བང་མཛོད་ལྟར་བུ་ཡིན་། འདིའི་ཐད་མནའ་ནས་ད་བར་ལག་རྗེས་ཆོལ་ཁ་གཞན་གཉིས་ལས་འཇོག་ཆེ་བ་ཡོད་། མཐོང་སྣང་གཞན་ཞིག་ནི་ཨ་མདོ་བ་རྣམས་ཧོལ་རྒྱུགས་ཚར་ལ་དོན་ཆུང་ལ་དཔུང་སྒྲིག་བྱེད་ཆེ་བས་དུས་གནས་མང་དག་ཞིག་གི་ནང་བོད་མིའི་མིག་ནང་མཐོང་སྣང་འདྲ་མིན་གཏེར་མྱོང་། བཙན་བྱོལ་བའི་སྤྱི་ཚོགས་ནང་ཆེས་གྲངས་ཉུང་ཡིན་པའི་ཨ་མདོ་བ་ནི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་སྤྱི་ལག་རྗེས་ཆེ་བའི་དཔོན་བླ་ཀུན་རུང་བྱེད་ཉེས་ཡང་ཧ་ལམ་མེད་པ་ལྟར་བུ་མཐོང་། དབུས་ཀྱི་རྗེས་སུ་མཆན་རྒྱབ་ཆོག་པ་གནང་རོགས། གོང་གི་སྐད་ཆ་འདི་དག་འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་ལས་ད་ལྟ་བློ་བུའི་སྐད་ཆ་ཞིག་མིན། སྐད་ཀྱི་ཐོག་བཤད་ན་ལུང་ཚན་རེ་ལ་ཡུལ་སྐད་རེ་ཡོད་པ་ཆོལ་ཁ་གསུམ། ཡང་ན་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུབ་ཡོངས་ལ་ཧ་ལམ་གཅིག་མཚུང་ཡིན་
ངས་དབུས་སྐད་མ་ཤེས་པས་དགེ་རྒན་ནས་ཕུད་མྱོང་། ངས་དབུས་སྐད་མ་ཤེས་པས་གངས་སྐྱིད་ནས་འཕྱ་མྱོང་། ངས་དབུས་སྐད་མ་ཤེས་པས་ལས་བྱེད་འདེམས་སྒྲིག་ལས་བཀལ་མྱོང་། ངས་དབུས་སྐད་མ་ཤེས་པས་བོད་ཆབ་ནས་བཞག་མྱོང་། ད་མང་ཡ་ར་མི་བཤད། ཡང་འཁྲུག་ཤིང་རེད་ཟེར་གི་རེད། བདེན་པ་བཤད་ས་དཀོན་ཟེ་ཡོད་ད།
རྡོ་རྗེ་རིན་ཆེན་ལ་རྒྱབ་སྐྱོར་རྒྱ་ཆ་བརྒྱ་ཐམ་པ་ཡོད། ང་ཚོ་ཁམས་པ་ཚོས་ཁམས་སྐད་ཡག་པོ་བདག་པོ་རྒྱག་དགོས་ཀྱི་འདུག། དེ་བོད་ཀྱི་རིག་གཞུང་གལ་ཆེ་ཞིག་རེད། དེ་བཞིན་ཨ་མདོ་བ་ཚོས་ཨ་མདོ་བའི་སྐད་ཡག་པོ་བདག་པོ་རྒྱག་དགོས་ཀྱི་འདུག། དེ་བཞིན་དབུས་པ་ཚོས་དབུས་སྐད་ཡག་པོ་བདག་པོ་རྒྱག་དགོས་ཀྱི་འདུག། བོད་མི་རིགས་ཀྱི་སྐད་ཡིག་ཟེར་དུས། གཙོ་བོ་མདོ་དབུས་ཁམས་གསུམ་གྱི་སྐད་དེ་དག་ལ་གོ། ཡག་པོ་འདུག
གཉིས་པ་དེ་ལ། ང་ཚོ་བོད་པ་ཕན་ཚུན་གོ་བརྡ་མ་འཕྲོད་ན། དོན་མེད་དཀའ་ལས་བརྒྱབ་ནས་སྐད་གསར་པར་ཞིག་བཟོ་དགོས་བྱུང་ན། ཤིན་དུ་རྙོག་འདྲ་ཆེན་པོ་རེད། སྤྱི་སྐད་ཀྱི་དོན་དུ་བོད་པ་ནང་ཁུལ་ཁ་བྲལ་གཏོང་སྲིད།
དཔེར་ན། རྡོ་རྗེ་རིན་ཆེན་ཁོང་ལ་སྤྱི་སྐད་ཐོག་ལ་ག་ཚོད་ཀྱི་ཁོང་ཁྲོ་མིན་འདུག་གམ། དེ་ལྟ་བུའི་མི་ས་ཡ་གཅིག་ཙམ་ཡོད་སྲིད། མི་ཚང་མས་རང་གི་སྐད་ཡིག་དེ་དང་པོ་ཡི་ཟེར་བ་ལོས་ཡིན། དེ་བཞིན་ཨ་མདོ་བའི་ནང་ལ། དབུས་གཙང་གི་སྐད་དེ་ཡིག་སྐད་དང་ཤིན་དུ་ཐག་རིང་བས་དེ་སྤྱི་སྐད་ལ་སྤྱོད་ན་བོད་ཡིག་ཉམས་ཀྱི་རེད་ཅེས་རྒྱུ་མཚན་ཡོད་པའི་ཐོག་ནས་བོད་ཕྱི་ནང་གཉིས་ལ་ལས་ཁུལ་སྤེལ་ནས། ད་ལྟ་བོད་ནང་ལ་ཡང་སྤྱི་སྐད་ཀྱི་སྐོར་འདི་ཡི་ཐག་གཅོད་ཐུབ་མེད། ངས་བལྟས་ནས་ཨ་མདོ་བ་ཚོར་ངོ་མ་རྒྱུ་མཚན་འདུག།
གསུམ་པ། ངའི་བསམ་འཆར་ལ་ང་ཚོ་མདོ་དབུས་ཁམས་གསུམ་སོ་སོའི་སྐད་ཡིག་དེ་སོ་སོའི་མི་མང་ཚོར་བདག་པོ་རྒྱག་རྒྱུའི་ལས་འགན་སྤྲད། བདག་པོ་ཡག་པོ་རྒྱག་པར་བྱེད། དེ་མིན་སྤྱི་སྐད་ཀྱི་སྐོར་དེ། དཔེར་ན། དབྱིན་ཇི་འམ། རྒྱ་སྐད་ཕུ་ཐུང་སྐད་ཡིག་ཟེར་བ་ལྟ་བུ་ཞིག་ང་ཚོའི་སྤྱི་སྐད་ལ་བདག་པོ་རྒྱག་ཐུབ་པ་ཡིན་ན། དེ་ཕུགས་རྒྱང་ལ་ཕན་པ་ཤིན་དུ་ཆེ། དེའི་རྒྱུ་མཚན་ནི་གཤམ་གསལ་ལྟར་ཡིན།
རྒྱ་སྐད་སྤྱི་སྐད་དེ་བོད་མིའི་སྤྱི་སྐད་ལ་འཇོག་ཐུབ་ན་གཤམ་གྱི་དགེ་མཚན་ཁག་ཡོད།
དང་པོ། རྒྱ་སྐད་དེ་སྦྱོང་བདེ་བ་དང་ཚན་རིག་དང་ཚོང་ལས་ཀྱི་མ་སྐད་ལ་གྱུར་ཟིན་སྟབས། བོད་པ་རྣམས་ལ་དེང་དུས་ཀྱི་འཚོ་བ་དང་ཤེས་ཡོན་ཐོབ་པར་ཤིན་དུ་ཕན་ཐོག་ཆེ།
གཉིས་པ། རྒྱ་སྐད་སྤྱི་སྐད་ལ་འཇོག་པར་བརྟེན་ནས། བོད་པ་ནང་ཁལ་གསོད་རེས་དང་མ་འཆམ་པ་བྱེད་མ་དགོས། དཔེར་ན། ཁམས་པ་དང་ཨ་མདོ་བ་ཚོ་རྒྱ་སྐད་སྤྱི་སྐད་ལ་མ་འདོད་ན། རྒྱ་ནག་གཞུང་ལ་ཁོང་ཁྲོ་ལངས་པ་ལས། དོན་མེད་བོད་མི་ནང་ཁུལ་གསོད་པར་མི་བྱེད།
གསུམ་པ།། མང་གཙོའི་ཐོག་ནས་བཤད་ན། བོད་ནང་ལ་རྒྱ་སྐད་དེ་སྤྱི་སྐད་ལྟ་བུར་འགྱུར་ཟིན། དཔེར་ན། བོད་ནང་ལ་ཨ་མདོ་བ་དང་ཁམས་པ་དེ་བཞིན་དབུས་པ་རྣམས་འཛོམས་ན། རྒྱ་སྐད་བརྒྱབ་ན། ཤིན་དུ་འཆམ་པོ་ཡོང་གི་འདུག། བོད་སྐད་རྒྱག་མགོ་བཙུགས་ན། ལོ་རྒྱུས་ནག་པོ་དེ་དག་དང་ནང་ཁུལ་གྱི་རྙོག་འདྲ་རྣམས་དྲན་ནས་ནང་ཁུལ་དམེ་བ་ཡོང་སྲིད།
ད་དུང་རྒྱུ་མཚན་མང་པོ་ཡོད་པས་གཤམ་ལ་མུ་མཐུད་འགོད་རྒྱུ།
གོང་དུ་སླར་ཡང་བོང་བུ་ཞིག་གིས་བོང་སྐད་ཤུགས་ཆེན་པོ་རྒྱག་གི་འདུག ཐུགས་རྗེ་ཆེ། དྲ་རྒྱའི་སྟངས་འཛིན་པ་ལགས། གལ་སྲིད་ཁྱེད་རང་ཚོས་སྤྱི་ཚོགས་དང་བོད་མི་རིགས་འདིར་འགན་དོན་དམ་དུ་ཁྱེར་གྱི་ཡོད་ན་འགན་འཁྲི་སྤུ་ཙམ་མེད་ཅིང་སྤྱི་ཚོགས་དཀྲུགས་པའི་རྩོམ་འཆལ་འདི་རིགས་བཀག་ན་བཟང་གི་རེད། དེ་མིན་དྲ་བའི་རྫུན་དེས་ང་ཚོས་ཉེ་ཆར་ཡང་མྱངས་ཟིན་པ་རེད། དཔེ་མཚོན་གསལ་ཤོས་རྒྱ་གར་ལྷོ་ཕྱོགས་ཀྱི་དོན་རྐྱེན་དེ་རེད། དེས་ན་དྲ་རྒྱ་སྟངས་འཛིན་པར་འགན་ཁྲི་ངེས་ཅན་ཡོད་པས་ངེས་པར་དུ་འགན་ཁྱེར་དགོས།
བཙན་པོའི་བུ། ང་བོང་སྐད་ཡིན་རུང་སྤྱི་སྐད་ཡིན་རུང་གང་རྒྱག་དགོས་ཀྱང་ཐོག་པ་མེད། ངའི་མདོ་དོན་དེ་རྡོ་རྗེ་རིན་ཆེན་གྱི་འདོད་པ་དེ་བསྒྲུབ་པར་བྱ་རྩིས་ཡིན། རྡོ་རྗེ་རིན་ཆེན་འདི་ལ་ཡོང་ནས། དངོས་སུ་ཐབས་ཤེས་གང་ཡོད་ཀྱིས་བོད་ཆོལ་ཁ་གསུམ་དབར་ལ་གས་གཏོར་ཞིག་འཇོག་པར་བསླེབས་འདུག། བྱས་ཙང་ངས་ཀྱང་ཁོང་གི་བསམ་ཐོག་ལ་རྟ་རྒྱུག་ནས་ག་པར་བསླེབ་ཀྱི་འདུག་བལྟ་བར་བྱའོ། ༎
རྒྱུ་མཚན་མེད་པ་གང་བྱུང་བཤད་འདུག མཚོ་སྔོན་ཡོངས་རྫོགས་མདོ་སྨད་ནང་ཚུད་དགོས་པ་གང་ཡིན་ནམ། མཚོ་སྔོན་གྱི་ཡུའུ་ཧྲུའུ་ཀྲུའུ་མདོ་སྨད་ནང་ཚུད་དོན་ཅི་ཡིན་ནམ། དེ་བཞིན་སི་ཁྲོན་གྱི་མུ་ལི་ཡང་མདོ་སྨད་ནང་ཚུད་དོན་ཅི་ཡིན་ནམ། ནག་ཆུ་དང་ཉིང་ཁྲི་རྣམས་སུའི་ཁོངས་སུ་བཙུད་ཡོད་དམ། དེ་དག་ལ་མི་འབུམ་མང་པོ་རེད་ད། དེ་འདྲའི་གྲངས་ཀ་རྩིས་སྟངས་ནི་ཧང་སང་ཡ་རེད། བོད་ཆེན་པོའི་སུམ་ཆ་གཉིས་མདོ་སྨད་ནང་ཚུད་པར་མ་བཤད་པ་གང་ཡིན་ནམ། ཁམས་པ་ལ་དཔེ་བལྟ་རྒྱུ་མེད། ཁམས་པ་ཡོན་ཏན་མེད་མཁན་ཚོས་ཕ་ཡུལ་གྱི་སྐད་མ་དག་པ་དེ་བརྒྱབ་ཀྱི་ཡོད། དེ་མ་གཏོགས་ཤེས་ཀྱི་ཡོད་མ་རེད། ཁྱོས་བཤད་པ་ལྟར་རེད། བོད་ལ་བེད། ཡོད་ལ་ཡེད། ཡིན་ལ་འིན། ཁམས་པ་ཤེས་ཡོན་ཚོ་དེ་ལྟར་མ་རེད། ཟམ་གདོང་རིན་པོ་ཆེ་ལ་གཟིགས། ཁམས་པའི་བཀའ་བློན་ཁྲི་ཟུར་བཞི་ལྔ་ཞིག་ཡོད་པ་ལ་གཟིགས། ཚང་མས་དབུས་སྐད་སྐྱོན་གྱི་ཡོད་རེད། སྤྱི་འཐུས་ནང་གཟིགས། དབུས་སྐད་རྒྱག་མི་ཐུབ་མཁན་དེ་ཚོའི་རིགས་ལ་ཡོན་ཏན་སྣ་གཅིག་ཡོད་མ་རེད། མ་རབས་དང་ཕྱོགས་ཞེན་ཆེ་བ་ཡོད་རེད།
བཙན་བྱོལ་ནང་ཨམ་སྐད་ཀྱི་རིན་ཐང་ཆུང་བ་ནི་ཨ་མདོ་པ་ཉུང་བས་ཡིན་ཞིང་། དེ་ལས་ལྷག་གི་རྒྱུ་མཚན་གཞན་ཞིག་མེད་པ་མཐོང་། གལ་སྲིད་བཙན་བྱོལ་ནང་ཨ་མདོ་པ་མང་དུ་འཕེལ་ན་ཨམ་སྐད་རྒྱག་སའི་ཁོར་ཡུག་ཆེ་རུ་འགྲོ་ཞིང་ཨམ་སྐད་ཤེས་མཁན་མང་དུ་འགྲོ་བས་ཨམ་སྐད་ལ་དོ་སྣང་བྱེད་མཁན་མང་དུ་ཡོང་ངེས་རེད། དབུས་སྐད་མ་ཤེས་ན་བོད་སྐད་མི་ཤེས་འདོད་མཁན་དག་ནི་ཤེས་ཡོན་མེད་མཁན་གྱི་བོད་མི་རྣམས་རེད། དེ་ནི་རང་ཚང་སྟོན་བྱེད་ལས་ཅི་ཡང་མེད།
ཨ་རི་དང་ཡོ་རོབ་ཀྱི་སློབ་གྲྭ་ཆེན་པོ་འགའ་ཤས་ལ་ཨ་མདོའི་སྐད་ཡིག་སློབ་ཁྲིད་བྱེད་པའི་ཚན་ཁག་བཙུགས་ཡོད། དེང་གི་བོད་རིག་པ་མཁས་ཅན་ནང་ལ། ཨ་མདོའི་སྐད་ཁོ་ན་བེད་སྤྱོད་གཏོང་མཁན་ཁ་ཤས་ཡོད་པ་སྟེ། དཔེར་ན། ཕ་རན་སིའི་བོད་རིག་པ་མཁས་ཅན་ཕ་རན་སོ་སི་མཆོག་དང་། དེ་བཞིན་མཁས་དབང་འགའ་ཤས་ཨ་མདོའི་སྐད་ཁོ་ན་སྤྱོད་པར་སྣང་།
དེས་གང་མཚོན་ཐུབ་བམ་ཞེ་ན། མདོ་སྨད་མི་ཡི་ཆོལ་ཁའི་རིག་གཞུང་ལ་དོ་སྣང་དང་། གུས་ཞབས་ལ་མཚོན། འཛམ་གླིང་ནང་སྐད་གྲགས་ཡོད་པའི་གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་དུ་གྲགས་པ་དེ་ཡང་ཨ་མདོ་བ་ཞི་རེད་འདུག། དེ་བཞིན། འཛམ་གླིང་ནང་གི་བོད་མི་དཔལ་འབྱོར་ལེགས་ཤོས་དེ་ཚོ་ཨ་མདོ་བ་རྣམས་རེད་འདུག།
རང་སྲོག་བློས་བཏང་ནས་རང་ལུས་མེ་ལ་བསྲེགས་མཁན་མང་ཤོས་དེ་རྡོ་རྗེ་རིན་ཆེན་གྱི་བློ་ལ་མི་འགྲོ་བའི་ཨ་མདོ་བ་དེ་ཚོར་རེད།
ང་རང་དབུས་གཙང་ནས་ཡིན། ཨ་མདོ་བ་མིན། བྱས་ཙང་། ངས་འདིར་བློ་གཟུ་བོར་གནས་ནས་བརྗོད་ན་འཚམ་པོ་འདུག་སྙམས་ནས་འགྲེལ་བཤད་བྱེད་ཀྱི་ཡོད། ང་ཚོ་དབུས་གཙང་གི་གཏམ་དཔེ་ལ། བདེན་པ་ལྷ་ཡིས་གཏོར་ཡང་མགོ་ལ་ཞུ། དྲང་པོ་ཁྱི་ཡིས་བྱེད་ཀྱང་གོང་དུ་བཀུར་ཟེར་སྲོལ་ཞིག་འདུག། བྱས་ཙང་འདི་རིང་རྡོ་རྗེ་རིན་ཆེན་གྱིས་རྫུན་གོང་བུ་བསྒྲིགས་ནས་བོད་པར་བརྙས་སྟབས། ཁྱེད་ལ་ག་ལེར་ག་ལེར་མངར་སྐྱུར་བཅུད་ཀྱིས་ཁེངས་པའི་མཆོད་ཆང་བདེན་པས་སྐྱོར་ནས་འབུལ་གྱི་ཡིན། མཆོད་ཨང་། ངོ་ཚ་བྱེད་མི་དགོས། ངས་ད་དུང་དབུས་གཙང་གི་ཆང་གཞས་སྙན་པོ་དེ་ཚོ་བཏང་ནས་ཁྱེད་ལ་འདེགས་ཆོག
ཡ་རྡོ་རྗེ་རིན་ཆེན། ཁྱེད་ཞིམ་པོའི་བོད་ཀྱི་ནས་ཆང་མ་བཞེས་པར། དུག་ཆུ་རྒྱ་རག་བཏུངས་ནས། རིག་འཚོ་མ་ཟིན་པར་གང་བྱུང་ཤོད་བཞིན་འདུག། ད་ངས་ཁྱེད་ལ་རོགས་པ་བྱས་ནས། ནས་ཆང་ཐུང་གིན་ཁྱེད་ལ་རོགས་འདེགས་བྱས་ཆོག
འོ་ཁྱོད་ཀྱི་ཤོད་བཞིན་པའི་ཁམས་སྐད་དྭངས་མ་རྒྱག་མཁན་གྱི་སྤྱི་ཐུས་གཅིག་ང་ལ་ཐུག་སོང་། ཁོང་གི་མིང་ལ་བསོད་ནམས་སྟོབས་རྒྱས་ཟེར། ཁམས་སྨར་ཁམས་པ་ཡིན་ཟེར། ཁོང་ཨོ་སི་ཀྲོ་ལི་ཡར་བོད་གཞུང་ནས་དམིགས་བསལ་གྱི་གཟིགས་སྐྱོང་འོག་ལ་གཞིས་ཆགས་ལ་བཏང་། རྒྱ་གར་ལ་སྒེར་དོན་མང་པོ་ཞིག་ལུས། སྒེར་དོན་སྤྱི་དོན་ལ་མིང་འཁུར་ནས། གནམ་གྲུའི་པ་སེའི་རིན་པ་སྤྱི་ཐུས་ནས་སྤྲོད་དགོས་ཟེར། མ་སྤྲད་ན་ཐོ་གང་ཡང་བཏང་གི་མིན་ཟེར་ནས་སྡིག་རྭ་དང་རྩུབ་སྤྱོད་མང་དག་ཅིག་སྤེལ། དེ་ལ་སྤྱི་ཐུས་ཁམས་པ་རྣམས་ཀྱིས་རྒྱབ་སྐྱོར་བྱས་ནས། སྤྱི་ཐུས་ཉིན་ཤས་སྒོ་རྒྱག་དགོས་བྱུང་སོང་། དེ་ཁྱེད་ཀྱིས་བརྗོད་པའི་ཁམས་པ་དྲིན་ཅན་ཁམས་སྐད་དྭངས་མ་རྒྱག་མཁན་དེ་ཚོའི་སྒྲུང་ཐུང་ཐུང་ཞིག་རེད།
མཆོད་དང་ལ་དང་མཆོད་དང་། གསར་རྗེའི་བློ་མཐུན་མཆོད་དང་། རྡོ་རྗེ་རིན་ཆེན་མཆོད་དང་། ཁྱེད་ལ་དགའ་བའི་བློ་མཐུན། པེ་ཅིང་ཕྱོགས་ལ་ཡོད་དོ།
ཁམས་པ་ཚང་མ་སྤྲོ་ཐུང་མ་རེད་ལ། ཨ་མདོ་ཚད་མ་ང་རྒྱལ་ཚ་བོ་མ་རེད། དབུས་གཙང་ཚང་མ་སྤྱང་བོ་མ་རེད།
ང་ཚོ་ཚང་མ་ཤ་ཁྲག་གཅིག་ནས་མཆེད་ཅིང་། ང་ཚོ་ཚང་མ་རུས་པ་གཅིག་པའི་སྤུན་མཆེད་རེད། ང་ཚོ་ཚང་མ་སྡུག་དུས་སྡུག་མཉམ་རེད་ལ་སྐྱིད་དུས་སྐྱིད་མཉམ་རེད། ཁྱེད་ཚོ་འདྲོགས་མགོ་མ་ལང་དང་། རྡོ་རྗེ་རྒྱལ་མཚན་ལ་རྒྱུ་མཚན་ཅུང་ཟད་ཡོད་རེད། དེ་ནི་སྐད་ཡིག་གཅིག་གྱུར་སྐོར་ལ་མནོ་བསམ་ངེས་པར་གཏོང་དགོས་པའི་རྒྱུ་མཚན་དེ་རེད།
ཁ་སྐད་ཀྱི་དབུས་སྐད་དེ་ཁ་སྐད་ཀྱི་སྤྱི་སྐད་ཡིན་དགོས་སམ། ཡང་ན་བོད་ཀྱི་བརྡ་སྤྲོད་ཀྱི་སྐད་ཡིག་དེ་བོད་ནག་རྩམ་གཟན་ཡོངས་ཀྱི་སྤྱི་སྐད་ཡིན་དགོས། ཧི་མ་ལའི་རི་རྒྱུད་ཀུན་དང་གཅིག་མཚུངས་ཡིན། བོད་སྤྱི་སྐད་སློབ་འདོད་ན་གཙོ་བོར་སུམ་རྟགས་དག་གསུམ་པོ་ཡག་པོ་ཞིག་སྦྱོངས། དེ་མིན་ཁ་བཤད་སྟོང་བ་རེད། ཁམས་པ་དང་ཨ་མདོ་པས་དབུས་སྐད་དེ་ལས་སླ་བོར་ཤེས་ཐུབ་ལ། དབུས་པས་ཁམས་སྐད་དང་ཨམ་སྐད་ནི་ཇི་སྲིད་འཚོ་བའི་བར་དུ་ཇི་བཞིན་ཤེས་དཀའ། རྒྱུ་མཚན་དེའི་ཕྱིར་དབུས་སྐད་ཀྱི་ཁ་སྐད་ནི་དབུས་གཙང་གི་སྐད་ཆ་ཡིན་དགོས། དབུས་སྐད་ཡིག་དེ་སུམ་རྟགས་དག་གསུམ་ཡིན་དགོས། དབུས་ནི་ཕྱི་མོའམ་ལྟེ་བ་ལ་ཟེར། དེང་སང་སྤྱི་ཡོངས་ཀྱིས་ཁ་སྐད་གཅིག་གྱུར་དུ་སྤྱོད་པ་ནི་ཨ་མདོ་བ་རེད། ཁམས་ཕྱོགས་ལ་ལི་ཐང་དང་ཆམ་མདོ། དཀར་མཛེས། རྫ་ཆུ་ཁ་བ་སོགས་ཁ་སྐད་མི་འདྲ་བ་དང་དབུས་གཙང་ལའང་སྟོད་མངའ་རིས་སྐོར་གསུམ་དང་དང་དབུས་གཙང་ཁུལ་མི་འདྲ་བ་མ་ཡིན་ནམ།
ཁ་དང་ཁོག་པ་མི་གཅིག་པའི་ལྷ་ས་བ། །
ཁ་དང་ལག་པ་མི་གཅིག་པའི་ཁམས་པ་བ། །
ཁ་དང་ལག་ལེན་མི་གཅིག་པའི་ཨ་མདོ་བ། །
ཁ་བ་གངས་ཅན་པ་རྣམས་ངོ་རེ་ཚ། །
ཕྱོགས་ལྷུང་མེད་པར་ཕྱག་ལས་གང་གནང་ཐུབ་བྱུང་ན་ཧ་ལས་པའི་གཟི་བརྗིད་ཆེན་པོ་རེད་ཨམ་སྐད་ལ་མཐུང་ཆུང་བྱས་པ་ཧ་ལས་པའི་ནོར་འཁྲུལ་ཆེན་པོ་རེད་བོད་སྐད་རེད་ལྷག་པར་ཏུ་ཡིག་སྐད་ལྷ་སའི་སྐད་གདངས་མེད་པ་མང་པོ་ཞིག་ཨམ་སྐད་ཐོག་ན་ཡོང་གིན་འདུག་་་་་་་་་་་་་་་་་་
རྡོ་རྗེ་རིན་ཆེན་གྱི་དོན་ངོ་མ་ཅི་ཞིག་བཤད་འདོད་པ་དང་གང་ཤིག་དམིགས་ཡུལ་བཟུང་ཡོད་པར་གསལ་ཁ་མེད་ལ་དེ་བས་ཁོས་བྲིས་པའི་བསམ་ཚུལ་ལ་ལོ་རྒྱུས་ཀྱི་རྒྱལ་ལྗོངས་དེ་བས་མེད་་
དེ་སླ་མོ་རེད་ལགས། སུམ་རྟགས་ན་གསུང་བའི་ཡི་གེ་རེ་རེ་ཡི་སྐྱེ་གནས་ལྟར་གཏན་འབེབས་བྱས་ན་ང་ཚོར་སྤྱི་སྐད་མྱུར་དུ་ཆགས་འོང་། དེ་ཐབས་ལམ་ཡག་དེ་རེད། ཡུལ་ལུང་ཅིག་གི་ཡུལ་སྐད་སྤྱི་སྐད་དུ་སྤྱོད་པ་ནི་ཐབས་ཟད་ཀྱི་བྱ་བ་ཞིག་རེད། དཔེར་ན་རྒྱ་ནག་ལྟ་བུ་རེད། ཁོ་ཚོའི་ཡི་གེ་ལ་རྩ་བའི་སྒྲ་འབྱིན་ཚུལ་ལམ་ཡི་གེ་སྐྱེ་གནས་མེད་པས་ད་གཟོད་དེ་འདྲ་བྱས་བ་རེད། དེ་དང་མི་འདྲ་བར་བོད་ཡིག་རྩ་བའི་ཡི་གེ་རེ་རེའི་སྒྲ་འབྱིན་ཚུལ་ཡོད་རྐྱེན་སྤྱི་སྐད་གཏན་འབེབས་ལ་དེ་འདྲའི་དཀའ་ངལ་ཆེ་མེད། དབྱིན་སྐད་ཀྱང་ད་ལྟ་དེ་འདྲ་ཡིན་པ་འདི་རེད། སྐུ་ཞབས་བློ་བཟང་སྨོན་ལམ་གཙོ་བྱས་བའི་རིས་མེད་མཁས་བ་མང་བོས་དཀའ་ལས་རྒྱབ་ནས་བཟོས་བའི་བོད་ཀྱི་སྤྱི་སྐད་མཉེན་ཆས་དེེར་ཉོན་དང་ཧ་ཅང་དོན་སྙིང་ལྡན་ལ་ང་ཚོས་ཀྱང་ཁོང་ནང་བཞིན་བྱ་བ་ཡོད་དངོས་སུ་ཚད་ལག་ལེན་བྱེད་རྒྱུ་ལ་ཆེ།
ཡ་རྡོ་རྗེ་རིན་ཆེན་ཁམས་པ་ཕོ་ཁྱོ་ཀ། ཁྱོད་རྒྱ་རག་འདི་ཐུང་ཨ། ངས་བོད་ཆང་ཐུང་བཞིན་ཡོད། འོ་ད་དུང་གཅིག་དྲན་སོང་། ཀརྨ་པ་ཨུ་རྒྱན་འཕྲིན་ལས་ཁོང་ཁམས་སྐད་རྒྱག་གི་མིན་འདུག་ག། ཁོང་དབུས་སྐད་དྭངས་མ་གཅིག་རྒྱག་གི་འདུག། ཁོང་ཁམས་སྐད་མ་ཤེས་པ་འདིར་ཁ་མདོག་སྐྱོ་པོ་ཞིག་མཐོང་གི་ཡོད་ཚོད། ཨ་ཡ། ཁམས་པའི་བུ་ཡིན་ན། ག་རེ་བྱས་ནས་ཁོང་གི་མིང་མ་འདོན་པ། ཡ་ཐུང་ཨ། ངས་ཕྱི་ལ་སྐྱག་པ་ཞིག་བཏང་ནས། ཡང་ཡོང་རྗེས་ད་དུང་མུ་མཐུད་གླེང་དོ།
རེད། ཨ་མདོ་བ་ཚོས་ཨམ་སྐད་ལ་བདག་པོ་ཡིན་གཅིག་མིན་གཉིས་རྒྱག་དགོས་བ་རེད། དབུས་བ་དང་ཁམས་པས་ཡང་རང་རང་སོ་སོའི་སྐད་བཤད་དགོས་བ་རེད། ད་ལྟ་བར་དུ་ཁོང་གཉིས་ཀྱིས་ཡག་ཐག་ཆོད་གནང་ཡོད་པ་རེད། དེ་ཡི་བཀའ་དྲིན་གྱིས་ཨ་མདོ་བ་ཚོས་སྐད་ཏག་ཏག་ཞིག་རྒྱག་མ་ཐུབ་རུང་ཚང་མས་དབུས་སྐད་དང་ཁམས་སྐད་གོ་ཐུབ་པ་ཞིག་ཆག་ཡོད་རེད། དེ་ང་ཚོ་བོད་པ་ཚང་མའི་ངོ་ནས་དགའ་འོས་པ་ཞིག་རེད། ཡིན་ན་ཡང་སེམས་སྐྱོ་བ་ཞིག་ལ་ཨ་མདོ་བ་ཚོས་ཨམ་སྐད་འདི་ཡང་བོད་གངས་ཅན་ལ་བདག་པའི་བོད་སྐད་གཙང་མ་ཞིག་ཡིན་པ་ངོ་སྤྲོད་ཐུབ་མེད་པ་རེད། དེ་ནི་ཆོལ་ཁ་གསུམ་པོའི་གྱོང་ཞིག་དང་ནང་དགོས་སུ་ཨ་མདོ་བ་ལ་རྐང་རྩ་མེད་པའི་ངོ་ཚ་ཞིག་ཡང་རེད། ཉིན་ཞིག་དབུས་བ་དང་ཁམས་པས་ཡང་ཨམ་སྐད་གོ་དང་དེ་ནི་རང་བོད་མི་རིགས་འདིའི་སྐད་ཀྱི་མ་ལག་མེད་དུ་མི་རུང་བ་ཞིག་ལ་བསམ་བློ་འཁོར་ཐུབ་ན། དེ་ཡི་དུས། ང་ཚོ་ཆོལ་ཁ་གསུམ་པོས་བོད་སྐད་ཀྱི་ཆ་ཟུར་ཙམ་ཡང་མ་རློག་པར་ཉེར་ཐུབ་ཡོད་པའི་ང་རྒྱལ་དང་སྤོབས་པ་ཞིག་བྱེད་ལོས་ཐུབ། དེ་ན་ཨ་མདོ་བ་ཚོས་ཤ་རུས་གདོང་རྒྱུད་གཅིག་པའི་དབུས་བ་དང་ཁམས་པ་བ་ལ་དགོན་པ་དང་སློབ་གྲྭ་ནས་མགོ་བཙུགས་ཏེ་ཨམ་སྐད་ངོ་སྤྲོད་རེ་བྱེད་ཐུབ་ན་ཡག་མོ་མ་རེད་དམ།
ལུང་ཚན་ཁ་ལ་ཁྱེར་ནས་བོད་སྐད་གང་རུང་ལ་མཐོང་ཆུང་དང་ཟུར་ཟ་བྱེད་པ་ནི་སྐད་ཡིག་གི་རིན་ཐང་མ་ཤེས་བའི་མི་བུ་ཞིག་ཡིན་པས་ན་ཉིན་ཞིག་ཁོ་གཉིད་ལས་སད་པའི་རེ་བ་བྱེད་པ་ལས་དེ་ལ་ཁ་རྡུང་གཏོང་བ་ནི་བླུན་པོའི་ལྟ།
སྤྱི་སེམས་མེད་པའི་སྐྱག་ཕྲུག་ཚོ་སྐྱག་ཁ་ཚུམས། སྤྱི་སྐད་ལྷ་སའི་སྐད་ཡིན་ན་ཅི་སྡུག
ཞབས་འདྲེན་རང་རེད། བོད་ནང་དུ་སྤྱི་སྐད་རྒྱ་སྐད་ཆགས་བཞིན་པ་དང་། བཙན་བྱོལ་ནང་དུ་སྤྱི་སྐད་དབྱིན་ཇི་ཆགས་བཞིན་པ་ལ་སེམས་ཁུར་རྟ་རྔ་ཙམ་མེད་པར་ནང་ཁུལ་རྙོག་གྲྭ་མང་པོ་ག་རེ་རེད་་་་་་་ཨ་་་་་
རྡོ་ཇེ་རིན་ཆེན་ལགས་ཁྱེད་རང་གི་གྲངས་ཀ་ཚོད་དཔག་ནོར་འདུག། དཔེ་ན་མཚོ་སྔོན་ཡོངས་རྗོགས་ལབ་ན་ཁམས་སྐྱེ་དགུ་མདོ་ལ་བོད་རིགས་གཙང་མ་འབུམ་བརྒལ་བ་ཡོད་། བོད་མི་འདི་དག་ཨ་མདོ་བ་མ་རེད་། མ་གཞི་ཆོལ་ཁ་གསུམ་པོ་འདྲིས་ནས་ཡོད་པས་རྩིས་ལུགས་ཡང་མ་འདྲ་བ་སྣ་ཚོགས་བྱུང་ཡོད་། འོན་ཀྱང་ཁྱེད་རང་གི་བཤད་སྟངས་འདི་ཧ་ལམ་རང་རྩོམ་ཁོ་ནས་ལས་མེད་
དབུས་གཙང་ལ་ 1,356,797 རེད། འདིའི་ཁོངས་སུ་གཞིས་ཀ་རྩེ་དང་སྟོད་མངའ་རིས་དང་བཅས་པ་ཚུད་ཡོད།
ཁམས་ལ་ 1,806,419 ཡོད་པ་དེ་ནི་ཆབ་མདོ་དང་སི་ཁྲོན་གྱི་དཀར་མཛེས་ཁུལ། དེ་བཞིན་ཡུན་ནན་མཚོ་སྔོན་མི་ལི་བཅས་ཚུད་ཡོད།
མདོ་སྨད་ལ་ 1,597,912 ཙམ་ཞིག་རེད། འདིར་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གྱི་རྔ་བ་སོགས་ཚུད་ཡོད།
སྙིང་ལ་འཁོན་དུ་དམ་བཟུང་ནས།
ཁ་ལ་ཚིག་བཟང་སྨྲ་བ་ཞེས།
དྲང་སྲོང་གདུག་པའི་གདམས་ངག་སྟེ།
དམ་པའི་ཚུལ་དང་འགལ་བ་ཡིན།
ངོ་མ་སྐྱག་དྲི་བྲོ་བའི་སྐད་ཆ་རང་རེད། འདི་ལྟ་བུའི་སྐད་ཆ་ཐོན་ཚེ་སྐྱག་འབུ་དག་འུར་ཆ་ལེ་སླེབས་ཡོང་།
དབུས་གཙང་ལ་ 1,356,797 རེད། འདིའི་ཁོངས་སུ་གཞིས་ཀ་རྩེ་དང་སྟོད་མངའ་རིས་དང་བཅས་པ་ཚུད་ཡོད།
ཁམས་ལ་ 1,806,419 ཡོད་པ་དེ་ནི་ཆབ་མདོ་དང་སི་ཁྲོན་གྱི་དཀར་མཛེས་ཁུལ། དེ་བཞིན་ཡུན་ནན་མཚོ་སྔོན་མི་ལི་བཅས་ཚུད་ཡོད།
མདོ་སྨད་ལ་ 1,597,912 ཙམ་ཞིག་རེད། འདིར་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གྱི་རྔ་བ་སོགས་ཚུད་ཡོད།
དེས་ན།
དབུས་གཙང་པ། ༡ ༣༥༦ ༧༩༧
ཁམས་པ། ༡ ༨༠༦ ༤༡༩
ཨ་མདོ་པ། ༡ ༥༩༧ ༩༡༢
དེ་ཡི་ནང་ལ་རྒྱ་གར་མི་སེར་ཡིན་པ་དྭགས་པ་སོགས་དང་། བལ་པོའི་མེ་སེར་ཡིན་པ་ཤར་པ་སོགས་ཧི་མ་ལ་ཡི་བོད་རིགས་རྣམས་ཚུད་ཡོད་དམ་མེད། འབྲུག་པ་ནི་དེ་བས་ཀྱང་ཚུད་མེད་ཤག
དབུས་གཙང་ལ་ 1,356,797
ཁམས་ལ་ 1,806,419
མདོ་སྨད་ལ་ 1,597,912
བོད་ནང་ལ་ཁྱོན་སྡོམ། ༤ ༧༦༡ ༡༢༨
༦༠༠༠ ༠༠༠
༤ ༧༦༡ ༡༢༨
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༡ ༢༣༨ ༨༧༢ བོད་ཕྱི་རོལ་དུ་ཡོད་དམ། ཡང་ན། བརྩི་ཚུལ་གཞན་ཅིག་ཏུ་་་་་་་་་
རྒྱ་ཆེ་བའི་ཀློག་མཁན་རྣམས་ལ་ཞུ་རྒྱུ། འདི་ན་རྡོ་རྗེ་རིན་ཆེན་ཞེས་པ་ཞིག་གིས་བོད་ཀྱི་ཁ་བརྡ་དྲ་ཚིགས་ཐོག་རྩོམ་ཡིག་གཉིས་སྤེལ་སོང་། ཁོའི་རྩོམ་ཡིག་གཉིས་ཀར་ཆབ་སྲིད་ཀྱི་དྲི་མ་ཡོད་སྟབས། ངེད་ནས་སླར་ཡང་གསལ་བཤད་འདི་ཞུ་བཞིན་ཡོད། རྩོམ་ཡིག་འདི་འབྲི་བ་བོ་ནི་རྒྱ་གར་དུ་གནས་སྡོད་རྩོམ་འབྲི་བ་རྡོ་རྗེ་རིན་ཆེན་དེ་མིན། ཁོ་གཉིས་མི་ནོར་ཆེད། དེ་སྔ་མི་འདི་ལ། ངེད་ནས་ཡིག་ཐོག་ཏུ་རྗེས་སོར་ཁྱེད་ཀྱིས་རྩོམ་ཡིག་འབྲི་དུས་ཁྱད་མིང་ཞིག་སྦྱོར་རོགས། དེ་མིན་རྒྱ་གར་དུ་ཡོད་པའི་ངེད་ཀྱི་གྲོགས་པོ་རྩོམ་འབྲི་བ་རྡོ་རྗེ་རིན་ཆེན་དང་ནོར་ཉན་ཡོད། རྩོམ་ཡིག་སུས་བྲིས་ཀྱང་རྩོམ་ཡིག་ལ་འགན་འཁྱེར་དགོས་སྟབས། ཁྱེད་གཉིས་མི་ནོར་བ་བྱེད་པར་ཁྱད་མིང་ཞིག་སྦྱོར་རོགས་ཞེས་འབོད་སྐུལ་ནན་གྱིས་ཞུས་ཀྱང་མི་འདི་ཡིས་ཉན་མི་འདུག ངེད་ནས་མི་འདི་ལ་རེ་སྐུལ་ཞུ་དགོས་དོན་དེ། ངེད་ཀྱི་གྲོགས་པོ་རྡོ་རྗེ་རིན་ཆེན་གྱིས་དྲ་ལམ་ཁག་ཏུ་མི་འདི་བ་ལས་བོད་ཀྱི་ཁ་བརྡ་སོགས་སུ་རྩོམ་ཡིག་སྔ་བ་སྤེལ་མྱོང་བས་ཡིན། སྔོན་ཆད་ཀྱང་འཇིགས་མེད་བློ་གྲོས་གཉིས་བྱུང་སྟེ་རྙོག་གླེང་བྱུང་ཡོད། མི་འདི་ན་སླར་ཡང་ཁྱེད་ཀྱིས་ངེད་ཀྱི་གྲོགས་པོ་རྡོ་རྗེ་རིན་ཆེན་ནག་ལ་མ་འདེད་རོགས་ཞེས་རེ་སྐུལ་གཉིས་པ་དེ་ཞུ་བཞིན་ཡོད།
ཨ་ཧ། བཀྲ་རྡོར་གྱིས་གསལ་བཤད་བྱས་པ་ཡག་བྱུང་། ངས་ཀྱང་རྩོམ་ཡིག་འབྲི་མཁན་འདི་ངེད་ཀྱི་གྲོགས་པོ་རྡོ་རྗེ་རིན་ཆེན་ཡིན་ཤག་བྱས་པ་ཡིན། དེང་སྐབས་མི་འདྲ་ཡོད་ན་ཅི་ཞིག་བྱེད་གགོས་པ་རེད
ཡ་མཚན་རེད། མི་ངོ་མི་ནོར་ཆེད། རྗེས་མ་ནས་རྩོམ་སྒྲིག་ཁང་ཚང་མས་རྩོམ་ཡིག་མཉམ་རྩོམ་པ་པོའི་པར་རེ་མཉམ་འགོད་ཐུབ་ན། དཀའ་ངལ་འདི་དག་སེལ་ཐུབ།
སུ་ཡིན་ན་ཡིན། གང་ལྟར་ཨ་མདོ་ཚོ་ངར་ཤུགས་སློང་སྟེ་ཨམ་སྐད་ཁོ་ན་རྒྱག་དགོས་པའི་སྐུལ་མ་གཏོང་ཆེད་བྲིས་འདུག གཅིག་བྱས་ན་ཨ་མདོ་དང་ཨ་མདོའི་སྐད་ལ་དགའ་ཞེན་ཡོད་པས་ཡིན་སྲིད་ཀྱང་། དོན་ལ་ཨ་མདོ་ཚོར་མཐོང་ཆུང་བྱས་འདུག གང་ལྟར་དོན་དག་དེ་ནོར་བ་རེད། ཨ་མདོ་བས་དབྱིན་སྐད་དང་རྒྱ་སྐད་ཤེས་དགོས་པ་དང་རྒྱག་དགོས་པ་ལ་བོད་དབུས་ཀྱི་སྐད་རྒྱག་ཤེས་པ་ལོས་དགོས། ཁམས་པ་ཡིན་ན་རེད། མངའ་རེས་དང་མཐའ་མཚམས་ཁག་ཚང་མ་གཅིག་པ་རེད། བོད་དབུས་ཀྱི་སྐད་ཤེས་དགོས་པ་རེད། གཞུང་སྐད་ཟེར་ན་འགྲིགས་ཀྱི་རེད། བོད་གཞུང་གི་སྐད་ག་རེ་སྤྱོད་ཀྱི་ཡོད་ན་དེ་ཤེས་དགོས་པ་རེད། བོད་དབུས་ཀྱི་སྐད་རྒྱབ་དུས་ལྟས་ངན་མཐོང་། རྒྱ་སྐད་བརྒྱབ་དུས་ཡག་པོ་མཐོང་ཡོང་ན་མ་བཟང་ཐལ།
རང་དབང་གིས་བཤད་པ་ལྟར། མི་འདི་ཅན་པོས་སྤྱི་ཚོགས་ནང་དཀྲིགས་ཤིང་བྱེད་ཀྱི་འདུག སློབ་དགེ་རྡོ་རྗེ་རིན་ཆེན་ནི་རྩོམ་ཡིག་འདི་འདྲ་འབྲི་མཁན་ཞིག་མིན། རྩོམ་ཡིག་འདི་མཐོང་རྗེས། ངེད་ནས་རྡོ་རྗེ་རིན་ཆེན་ལ་ཁ་པར་བཏང་ནས་སྐད་ཆ་བྱས་པ་ཡིན། ཁོ་བོས་དེ་ཙམ་དོ་སྣང་བྱེད་ཀྱི་མི་འདུག་མོད། མིང་རིག་འདྲ་སྤྱད་ནས་རྩོམ་ཡིག་འདི་འདྲ་བྲིས་ན། མི་དཀར་བོར་ཞྭ་མོར་ནག་པོར་བསྐོན་པ་རེད། རྡོ་རྗེ་རིན་ཆེན་གཉིས་ཀར་རེ་འབོད་ཞུ་བཞིན་ཡོད། རྩོམ་ཡིག་འདི་སུས་བྲིས་ལ་དོགས་གཞི་མི་ཡོང་ཆེད། ཁྱེད་གཉིས་ཀས་རང་རང་ཐད་ནས་གསལ་བཤད་ཞིག་བྱེད་རོགས།
མཆན་༤་པར་ཞུ་རྒྱུ། སྲུང་མ་དམར་ནག་གཉིས་སོ་སོའི་རང་མགོ་མི་ཐོན་པར་གཞན་གྱི་མགོ་བོ་ཇི་ལྟར་གཅོད། རྒྱུ་མཚན་ལ་ཐུག་དུས་སྲུང་མར་སྐྱབས་བཅོལ་སྐྱག་དྲི་འདི་ང་ཚོའི་གོམས་གཤིས་ཡིན་ནམ།
བོད་གཞུང་གིས་བེད་སྤྱོད་གཏོང་བཞིན་པའི་སྐད་དེ་དབུས་སྐད་ཡིན་སྟབས། ང་ཚོས་དབུས་སྐད་ངེས་པར་དུ་ཤེས་དགོས་པ་རེད།
དབུས་སྐད་དེ་ད་དུང་བོད་ཀྱི་སྤྱི་སྐད་དུ་གསར་གཏོད་དགོས་འདུག དེ་ལ་སྲུང་མ་དམར་ནག་གཉིས་ཀྱིས་ཀྱང་གྲོགས་མཛོད་ཅིག །
མི་བུ་འདིས་དོན་མེད་ཀྱི་རྙོག་གཏམ་གླེང་ཤེས་པ་ལས། ཡིན་མིན་གྱི་མཆན་འགྲེལ་ཚིག་གཅིག་ཀྱང་མི་འགོད་པར་བལྟས་ན་མཐར་ཐུག་གི་ཀུན་སློང་ཅི་ཞིག་འཁྱེར་ཡོད་ན་བསམ་གྱི་འདུག
འདིར་སྐྱག་འབུ་གཏོང་མཁན་མང་པོ་འདུག་ལ་དྲང་གཏམ་བཤད་མཁན་ཡང་འདུག།
ངས་སྐད་ཆ་གཅིག་བཤད་པ་དེ་ལ་འདི་འདྲའི་མ་དགའ་བ་བྱེད་དོན་གང་ཡོད་དམ། ངས་བཤད་པ་རྣམས་བདེན་པ་ཤ་སྟག་ཡིན། སོ་སོ་ཡུལ་ལུང་གང་གི་ཡིན་ན་ཡང་དེ་དང་དེའི་སྤོབས་པ་འཁྱེར་ཐུབ་པའི་མི་ཞིག་བྱེད་ཐུབ་དགོས་པ་རེད། ཨ་མདོ་བས་དབུས་སྐད་ཤེས་ན་རྒྱན་ཆ་རེད། ཨ་མདོ་བས་དབུས་སྐད་མ་ཤེས་ན་དེ་ལ་འཕྱ་སྨོད་བྱེད་རྒྱུ་ཡོད་མ་རེད་ལ་ངོ་ཚ་རྒྱུའང་ཡོད་མ་རེད། བོད་པ་ཚང་མས་དུག་ལོག་གཅིག་པ་གོན། ཁ་ལག་གཅིག་པ་ཟས། བསམ་བློ་གཅིག་པ་བཏང་། འདི་འདྲ་བྱེད་དགོས་པ་རེད་དམ། འདི་གུང་ཁྲན་གྱི་སྐབས་ལ་ང་ཚོས་བྱས་ཚར་བ་མ་རེད་དམ། ལྷ་སའི་སྐད་བོད་སྐད་རེད། བོད་སྐད་ལྷ་སའི་སྐད་རེད་ཟེར་བའི་བསམ་བློ་སྤུ་དོག་པོ་འདི་འདྲ་ཞིག་འཁྱེར་ནས་དུས་རབས་ཉེར་གཅིག་པའི་ནང་ལ་རྒྱུགས་ཨ། དེ་ཡག་པོ་རེད། ལྷ་ས་བོད་རེད། བོད་ལྷ་ས་རེད་བསམས་ནས་བོད་ཅེས་པ་འདི་ཆུང་ཆུང་རིལ་མ་འདྲ་ཞིག་བཟོས་ནས་བཞུགས་ན་ཁྱེད་ཚོ་སྐྱིད་པོ་ཡོད་ན་དེ་རེད། བོད་ཟེར་བ་དངོས་ཡོད་གནས་ཚུལ་ལ་བཞག བོད་སྐད་ཟེར་བ་ཡང་སྟོད་ལ་དྭགས་ནས་སྨད་དཔའ་རིས་ལ་ཁྱབ་པ་ཞིག་གི་བར་བཞག་ནས་བོད་ཆེན་པོ་ཞེས་པ་འདིའི་དཀྱིལ་འཁོར་ནང་ལ་མི་ཚང་མ་ཆུད་པ་ཡིན་ན་དེ་ལ་སྐྱོན་འདུག་གམ། མི་གཅིག་གིས་ལྟ་བ་དང་འདོད་པ་ཞིག་བཤད། དེ་ལ་མི་ཚང་མས་རེད་རེད་ཅེས་བཤད་ན་དེ་ནི་སྤེའུ་གི་བྱེད་ཕྱོགས་འདྲ་ཞིག་འདུག ཁྱོད་ཚོ་མི་ཞིག་བྱེད་དམ་སྤེའུ་བྱེད། མི་ཞིག་བྱེད་ན་མི་སུམ་ཅུ་བསམ་པ་སུམ་ཅུ་རེད། མཛོ་སུམ་ཅུ་རྭ་ཁ་དྲུག་ཅུ་རེད།
སྲུང་མ་དམར་ནག་གཉིས་ཀྱིས་སྤྱིའི་སྐད་ཐོག་གང་ཡང་གནང་ཐུབ་ཀྱི་མ་རེད།
ད་དུང་རྨོངས་དད་ཅན་འགའ་འདུག།
ཀློག་རིན་མེད་པའི་རྩོམ་རང་རེད།
མི་ཁྱེད་ཀྱིས་རྩོམ་ཡིག་དང་རྡོ་རྗེ་རིན་ཆེན་གྱི་རྩོམ་ཡིག་གི་རིན་ཐང་མི་འདྲ། རྡོ་རྗེ་རིན་ཆེན་གྱིས་བཙན་བྱོལ་རྒྱ་གར་ནང་རྩོམ་ཡིག་སྤེལ་ནས་མི་ལོ་ཉི་ཤུ་འགྲོ་བཞིན་ཡོད། ཁྱེད་ལ་དེ་སྔ་བཀྲ་ཤིས་རྡོ་རྗེས་གསལ་བྱེད་བྱས་འདུག་ཀྱང་། ད་དུང་མིང་འདི་འདྲ་སྤྱད་ནས་ཅི་བྱ། མི་མང་པོ་ཞིག་གིས་རྩོམ་ཡིག་འདི་རྒྱ་གར་ནང་གནས་སྡོད་རྡོ་རྗེ་རིན་ཆེན་གྱིས་བྲིས་པ་མིན་འགྲོ་བསམ་བཞིན་འདུག རྡོ་རྗེ་རིན་ངེད་གཉིས་གྲོགས་པོ་ཡིན་ལ་སློབ་གྲོགས་ཡིན། ངས་རང་གི་སློབ་གྲོགས་ནག་པོ་བཟོ་འཇུག་མི་འདོད། ཁྱེད་ཀྱིས་ལན་མི་འདེབས་དོན་ཅི་ཡིན།
འཇིག་རྟེན་ན་རྡོ་རྗེ་རིན་ཆེན་ཟེར་མཁན་གཅིག་ལས་ཡོད་མི་ཆོག གཅིག་ལས་མེད། གཉིས་ཡོང་ས་མེད། སྐད་ཆ་འདི་ལྟར་བཤད་དགོས་རེད་དམ།
ཁྱེད་རང་ཨ་མདོ་ཚོས་རྩོམ་ཡིག་ཡག་པོ་འབྲི་ཤེས་པ་མི་འདུག་ཟེར་ལབ་ན་རླུང་ལངས་མདོག་ཁ་པོ་རེད། དྲ་གྲོགས་གཅིག་གིས་༼རྡོ་རྗེ་རིན་ཆེན་གྱིས་བཙན་བྱོལ་རྒྱ་གར་ནང་རྩོམ་ཡིག་སྤེལ་ནས་མི་ལོ་ཉི་ཤུ་འགྲོ་བཞིན་ཡོད།༽ཟེར་ནས་བྲིས་འདུག རྡོ་རྗེ་རིན་ཆེན་གྱིས་རྩོམ་ཡིག་རིན་ཐང་ལྡན་པ་གང་བྲིས་ཡོད་པ་རེད་ལབ་ན་ལན་འདེབས་རྒྱུ་ཨེ་ཡོད། རྡོ་རྗེ་རིན་ཆེན་ཟེར་གྱི་ཡོད་པ་འདྲ། ཁོང་ད་ལྟ་རྡོར་གླིང་ན་ཡོད་པ་རེད། སྔོན་མ་ནོར་གླིང་མཐོ་སློབ་ནས་རེད། ང་ཚོ་སློབ་གྲོགས་ཡིན། དོར་སུལ་རྒྱ་མཚོ་དང་ང་ཚོ་ཚང་མ་སློབ་གྲོགས་ཡིན།
དྲ་གྲོགས་ཤིག་གིས་༼རྡོ་རྗེ་རིན་ངེད་གཉིས་གྲོགས་པོ་ཡིན་ལ་སློབ་གྲོགས་ཡིན། ངས་རང་གི་སློབ་གྲོགས་ནག་པོ་བཟོ་འཇུག་མི་འདོད།༽ ཅེས་བྲིས་འདུག ངས་ཀྱང་ཁོང་ནག་པོ་བཟོ་འཇུག་མི་འདོད་པ་ཁྱེད་དང་གཅིག་མཚུངས་ཡིན། འོན་ཀྱང་། ང་ཚོས། རྡོ་རྗེ་རིན་ཆེན་ཟེར་བ་གཅིག་མ་གཏོགས་ཡོད་མི་ཆོག་པ་དང་། གཅིག་པོ་དེ་ང་ཚོའི་ངོ་ཤེས་རྡོ་རྗེ་རིན་ཆེན་ཡིན་དགོས་ལབ་ན་འགྲིག་གི་མ་རེད། ཡང་ན། ང་ཚོས་ངོ་ཤེས་རྡོ་རྗེ་རིན་ཆེན་གྱིས་བྲིས་པའི་རྩོམ་ཞིག་དྲ་ཐོག་ལ་བསྐུར་ནས་ཁོང་གཉིས་ཀྱི་རྩོམ་རྩལ་བསྡུར་བཅུག་གི་ཡིན་པས། དེ་བསྡུར་ན་ང་ཚོ་དང་ང་ཚོའི་རྡོ་རྗེ་རིན་ཆེན་ཕམ་པ་འདུག
སྲུང་མ་དམར་ནག་གཉིས་གུང་ཁྲན་ཏང་ཡོན་ལ་ཞུགས་ནས་ལོ་དྲུག་ཅུ་ཡར་མར་འགྲོ་ཚར་སོང་། ཁམས་པ་ཨ་མདོ་དབུས་གཙང་ཚང་མ་བོད་པ་རེད་བོད་སྐད་རེད་།
ཡ་རྡོ་རྗེ་རིན་ཆེན། མདང་དགོངས་ཆང་ཁོས་གཉིས་ཤིན་དུ་སྐྱོད་པོ་ཞིག་ཁུག་ནས་ད་བར་ལངས་ཐུབ་མ་སོང་། ད་རང་ལངས་སྐབས། རྒྱལ་བ་རིན་པོ་ཆེ་དྲན་སོང་། ཁོང་དབུས་སྐད་གཙང་མ་ཞིག་སྐྱོན་གྱི་འདུག། ད་ཕྱི་རྒྱལ་ལ་ཡོད་པའི་རྒྱའི་གཞུང་ཚབ་བརྒྱུད་ནས་དངུལ་ལེན་མཁན་རྡོ་རྗེ་རིན་ཆེན་ཁྱོད་ཀྱི་བློ་ལ། རྒྱལ་བ་རིན་པོ་ཆེ་ཡང་ཨ་མདོའི་སྐད་རྒྱག་པ་ལས་དབུས་སྐད་རྒྱག་ན་བྱབ་ཆུང་བ་མཐོང་གི་འདུག་གམ། མ་རེད་པས་རྡོ་རྗེ་རིན་ཆེན།
ད་དུང་ཡོད། སྒུག་ཨང་། ངས་སྐྱག་པ་ཞིག་གཏོང་བར་ཕྱིན། རྐུབ་ཕྱིས་རྗེས། ཡང་སྐྱར་ཁྱེད་ལ་སྒྲུང་གཞན་པ་ཞིག་བཤད་ཆོག
གཤམ་གསལ་བོད་མིའི་མི་འབོར་གྱི་ཁ་གྲངས།
དབུས་གཙང་ལ་ 1,356,797
ཁམས་ལ་ 1,806,419
མདོ་སྨད་ལ་ 1,597,912
འདི་ཁུངས་གང་དུ་བཅོལ་བ་ཡིན་ནམ། སུ་རུང་གཅིག་གིས་གསུངས་ཐུབ་བམ། ཐུགས་རྗེས་གཟིགས།
སྔར་བོད་ནང་ལ། ཁམས་དྲིན་ཆེན་དང་། ཇག་དྲིན་མི་ཆེ་བ་མང་པོ་ཡོད་ཚོད་འདུག ངན་སྐྱུག་ཁྲོན་པ་རྔོག་ནས་ཅི་ཕན།
ཕྲན་ལ་ཐོབ་པའི་ ༢༠༠༠ མི་འབོར་ཞིབ་བཤེར་གྱི་ཐོ་ལ་འཁོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་སུ་བོད་མི་ 2,427,168 མཚོ་སྔོན་ཞིང་ཆེན་དུ་ 1,086,592 སི་ཁྲོན་དུ་བོད་མི་ 1,219,085 ཡུན་ནན་དུ་བོད་མི་ 124,462 ཀན་སུའུ་ན་བོད་མི་ 395,403 བོད་མི་སྤྱི་ཡོངས་ཀྱི་གྲངས་འབོར་ནི་ 5,245,347 བཅས་རེད། ་་ཟེར།
༦ ༠༠༠ ༠༠༠
༥ ༢༤༥ ༣༤༧
་་་་་་་་་་་་་་་་་་་་་་་་་་་་་་་་་་་
༧༥༤༦༥༣
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སངས་དོན་ལ་ཞུ་རྒྱུར། བཙན་བྱོལ་རྒྱ་གར་ནང་རྡོ་རྗེ་རིན་ཆེན་ཕྱི་མ་འདི་དང་གཅིག་ཤོས་གཉིས་ལས་རྩོམ་འབྲི་སྔ་ཤོས་དེ་སུ་རེད། ནོར་གླིང་མཐོ་སློབ་ན། སངས་དོན་ཟེར་མཁན་ཞིག་ང་ཚོའི་སློབ་གྲོགས་ནང་གཏན་ནས་བྱུང་མེད། ཁྱེད་ཀྱིས་ངོར་བལྟས་ནས་རྫུན་བཤད་ཀི་འདུག ང་རང་དང་ངེད་ཀྱི་སློབ་གྲོགས་རྡོ་རྗེ་རིན་ཆེན་རྣམས་དུས་སྐབས་གཅིག་པའི་སློབ་གྲོགས་ཡིན། སྐབས་ཐོག་དེའི་སློབ་ཕྲུག་ཚང་མས་ཤེས།། ངས་ཤོད་བཞིན་པ་དེ་གོང་ནས་ཁ་ཤས་ཀྱིས་བཤད་པ་ལྟར། བཙན་བྱོལ་ནང་རྩོམ་ཡིག་འབྲི་རིམ་གྱི་དབང་དུ་བྱས་ན། ངེད་ཀྱི་སློབ་གྲོགས་རྡོ་རྗེ་རིན་ཆེན་རྩོམ་ཡིག་འབྲི་རིམ་སྔ་ཤོས་རེད། སོང་ཙང་ཁོ་གཉིས་མི་ནོར་ཆེད་རྡོ་རྗེ་རིན་ཆེན་ཕྱི་མས་རང་མིང་ཐོག་ཁྱད་མིང་ཞིག་བཏགས་ན་ཞེས་པ་དེ་ཡིན། དེ་མ་གཏོགས་མང་ཆེ་བས་རྩོམ་ཡིག་ཡག་ཉེས་གང་ཡིན་ཡང་རྡོ་རྗེ་རིན་ཆེན་སྔ་མས་བྲིས་པར་སྙམ་ཡོད། དེ་ལྟར་བྱས་ན་ཁྱེད་ཚོས་ཀློག་མཁན་ང་ཚོ་ལའང་མགོ་བསྐོར་བཏང་བ་མ་རེད་དམ། ད་ལྟ་རྩོམ་ཡིག་འདིའི་གཤམ་ན་མི་མང་བོས་ཁ་རྡུང་གཏོང་བཞིན་འདུག ཁ་རྡུང་འདི་དག་རྡོ་རྗེ་རིན་ཆེན་སྔ་མས་ཅི་ལ་ཁུར་དགོས་པ་རེད། ཁྱེད་ཀྱིས་རྡོ་རྗེ་རིན་ཆེན་ང་ཚོ་སློབ་གྲོགས་གཅིག་པ་ཡིན་ཟེར་ག མི་ཁྱེད་ཡང་བོད་མིའི་ཡ་རབས་དང་། དྲང་ཚུགས་ལ་རྒྱབ་ཕྱོགས་མཁན་ཞིག་ཡིན་པའི་རང་རྟགས་གསལ་བོ་བསྟན་འདུག ཁྱེད་ཀྱིས་ཤེས་པ་ལྟར་རྡོ་རྗེ་རིན་ཆེན་ད་ལྟ་རྡོ་རྗེ་གླིང་དུ་ཡོད་པ་རེད། ཁོས་ད་བར་དཔེ་དེབ་མང་པོ་ཞིག་རྩོམ་སྒྲིག་འགྲེམས་སྤེལ་བྱས་དང་། རྩོམ་ཡིག་ཀྱང་མང་པོ་སྤེལ་ཡོད་། ཡིན་ནའང་རྡོ་རྗེ་རིན་གྱིས་ད་བར། ༼ཁམས་པ་དྲིན་ཅན་འདི་ཚོ༽ལྟ་བུའི་རྩོམ་ཡིག་བྲིས་ནས། ཆོལ་ཁའི་ཞེན་ཁོག་བྱས་མེད། ཁྱེད་ཀྱིས་ལྟོས་དང་རྩོམ་ཡིག་འདི་ལ་མི་ཙམ་གྱིས་ཁ་རྡུང་བྱེད་བཞིན་འདུག དེ་གཅིག་པོས་ཁྱེད་ཀྱི་རྡོ་རྗེ་རིན་ཆེན་དང་ངེད་ཀྱི་རྡོ་རྗེ་རིན་ཆེན་གྱི་རྩོམ་ཡིག་དང་མི་གཤིས་རིན་ཐང་ས་རིས་ཐང་གསལ་རེད།
རྩོམ་ཡིག་གི་རིན་ཐང་ལ་དཔྱད་དགོས་པ་ལས་་་་་སུ་ཡིན་དང་ངོ་མ་རྫུན་མ་བཙད་ནས་ཡོང་ཡ་ཨེ་ཡོད་ན།
ངས་རྩོམ་ཡིག་འདི་་ཐེངས་གཉིས་བཀླགས་པ་ཡིན་ཏེ་་་་སྐད་ཆ་འདི་བདེན་པ་རེད་བསམ་སོང་་་་་གང་ཡིན་ཟེར་ན་་་་ཁམས་པ་སྐོར་ཞིག་དང་་་་ཨ་མདོ་སྐོར་ཞིག་་་མཉམ་དུ་འདུས་པའི་དབང་དུ་བྱས་ན་་་རང་ཚུགས་དང་་་རང་སྐད་ངོ་མ་ཤོད་མཁན་ཁམས་པ་ཡིན་པ་བདེན་པ་རེད་པ།
མདོ་སྟོད་མི་ཡི་ཆོལ་ཁ་ཟེར་དོན་ཡང་་་་་རྒྱུ་མཚན་ཏན་ཏན་ཡོད་རྒྱུ་རེད་དོ།
སངས་དོན་ལ་ཞུ་རྒྱུར། བཙན་བྱོལ་རྒྱ་གར་ནང་རྡོ་རྗེ་རིན་ཆེན་ཕྱི་མ་འདི་དང་གཅིག་ཤོས་གཉིས་ལས་རྩོམ་འབྲི་སྔ་ཤོས་དེ་སུ་རེད། ནོར་གླིང་མཐོ་སློབ་ན། སངས་དོན་ཟེར་མཁན་ཞིག་ང་ཚོའི་སློབ་གྲོགས་ནང་གཏན་ནས་བྱུང་མེད། ཁྱེད་ཀྱིས་ངོར་བལྟས་ནས་རྫུན་བཤད་ཀི་འདུག ང་རང་དང་ངེད་ཀྱི་སློབ་གྲོགས་རྡོ་རྗེ་རིན་ཆེན་རྣམས་དུས་སྐབས་གཅིག་པའི་སློབ་གྲོགས་ཡིན། སྐབས་ཐོག་དེའི་སློབ་ཕྲུག་ཚང་མས་ཤེས།། ངས་ཤོད་བཞིན་པ་དེ་གོང་ནས་ཁ་ཤས་ཀྱིས་བཤད་པ་ལྟར། བཙན་བྱོལ་ནང་རྩོམ་ཡིག་འབྲི་རིམ་གྱི་དབང་དུ་བྱས་ན། ངེད་ཀྱི་སློབ་གྲོགས་རྡོ་རྗེ་རིན་ཆེན་རྩོམ་ཡིག་འབྲི་རིམ་སྔ་ཤོས་རེད། སོང་ཙང་ཁོ་གཉིས་མི་ནོར་ཆེད་རྡོ་རྗེ་རིན་ཆེན་ཕྱི་མས་རང་མིང་ཐོག་ཁྱད་མིང་ཞིག་བཏགས་ན་ཞེས་པ་དེ་ཡིན། དེ་མ་གཏོགས་མང་ཆེ་བས་རྩོམ་ཡིག་ཡག་ཉེས་གང་ཡིན་ཡང་རྡོ་རྗེ་རིན་ཆེན་སྔ་མས་བྲིས་པར་སྙམ་ཡོད། དེ་ལྟར་བྱས་ན་ཁྱེད་ཚོས་ཀློག་མཁན་ང་ཚོ་ལའང་མགོ་བསྐོར་བཏང་བ་མ་རེད་དམ། ད་ལྟ་རྩོམ་ཡིག་འདིའི་གཤམ་ན་མི་མང་བོས་ཁ་རྡུང་གཏོང་བཞིན་འདུག ཁ་རྡུང་འདི་དག་རྡོ་རྗེ་རིན་ཆེན་སྔ་མས་ཅི་ལ་ཁུར་དགོས་པ་རེད། ཁྱེད་ཀྱིས་རྡོ་རྗེ་རིན་ཆེན་ང་ཚོ་སློབ་གྲོགས་གཅིག་པ་ཡིན་ཟེར་ག མི་ཁྱེད་ཡང་བོད་མིའི་ཡ་རབས་དང་། དྲང་ཚུགས་ལ་རྒྱབ་ཕྱོགས་མཁན་ཞིག་ཡིན་པའི་རང་རྟགས་གསལ་བོ་བསྟན་འདུག ཁྱེད་ཀྱིས་ཤེས་པ་ལྟར་རྡོ་རྗེ་རིན་ཆེན་ད་ལྟ་རྡོ་རྗེ་གླིང་དུ་ཡོད་པ་རེད། ཁོས་ད་བར་དཔེ་དེབ་མང་པོ་ཞིག་རྩོམ་སྒྲིག་འགྲེམས་སྤེལ་བྱས་པ་དང་། རྩོམ་ཡིག་ཀྱང་མང་པོ་སྤེལ་ཡོད། ཡིན་ནའང་རྡོ་རྗེ་རིན་གྱིས་ད་བར། ༼ཁམས་པ་དྲིན་ཅན་འདི་ཚོ༽ལྟ་བུའི་རྩོམ་ཡིག་བྲིས་ནས། ཆོལ་ཁའི་ཞེན་ཁོག་བྱས་མེད། ཁྱེད་ཀྱིས་ལྟོས་དང་རྩོམ་ཡིག་འདི་ལ་མི་ཅི་ཙམ་གྱིས་ཁ་རྡུང་བྱེད་བཞིན་འདུག དེ་གཅིག་པོས་ཁྱེད་ཀྱི་རྡོ་རྗེ་རིན་ཆེན་དང་ངེད་ཀྱི་རྡོ་རྗེ་རིན་ཆེན་གྱི་རྩོམ་ཡིག་དང་མི་གཤིས་རིན་ཐང་ས་རིས་ཐང་གསལ་རེད།
རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། གནས ཚུལ་བདེན་པ་རེད།
དྲང་བདེན་རེད།
འདྲེ་རྐང་ཐོ། དེ་ཡི་ཁྱད་པར་ངོ་མ་ནི། རང་ཚུགས་ཡོད་མེད་ཀྱི་ཁྱད་པར་མ་རེད། མི་འབོར་གྱི་ཁ་གྲངས་མང་ཉུང་དབང་གིས་རེད། བཙན་བྱོལ་ནང་ཨ་མདོ་བ་ནི། དབུས་གཙང་དང་ཁམས་པ་ལས་ཉུང་སྟབས། ཁ་གྲངས་མང་བ་སྟེ་དབུས་གཙང་གི་སྐད་མང་ཁ་ཉུང་བས་མ་ནུས་སྟབས་ཤོད་དགོས་བྱུང་བ་ཞིག་རེད། རང་ཚུགས་ཀྱི་ཆ་ནས་བཤད་ན། བོད་ནས་རང་ལུས་མེ་སྲེག་གི་ཁ་གྲངས་དེས་རང་ཚུགས་སུ་བརྟན་ལ་དེ་ལས་ལྷག་པའི་གསལ་བཤད་ཅིག་མེད།
ཡག་པོ་འདུག བཙན་བྱོལ་བའི་ལངས་ཤོར་བ་ཚོ། སོ་སོ་སོའི་ཕ་སྐད་རེ་སྤྱོད། ཡི་གེ་རེ་བྲིས། བརྡ་སྤྲོད་རེ་རྩོམས། ས་མཚམས་རེ་དབྱེ། བོད་ནང་ན། བོད་ཅེས་པའི་མི་རིགས་ཤིག་གི་འབྱུང་འགྱུར་གྱི་ཆེད། སྤྱི་སྐད་རེ་བཟོ་ཨེ་ཐུབ་ལྟ། དོན་མེད་ཀྱི་ས་མཚམས་འདི་གཅོད་ཨེ་ཐུབ་བརྩོན། ད་ལྟ་དུས་རབས་ཉེར་གཅིག་རེད། ད་མང་པོ་མི་ཤོད་བཤད་ཀྱང་མི་གོ།
རྡོ་རྗེ་རིན་ཆེན་སྔ་སྟིང་གཉིས་ལ་ང་ཆ་རྒྱུས་མེད།
ཡིན་་ན་ཡང་ད་ཐེངས་ཀྱི་རྩོམ་འདིས་ཁམས་པ་རྣམས་ལ་བསྟོད་ཁུལ་གྱིས་དབུས་པ་རྣམས་ལ་སྤྲེལ་ལད་ཞིག་འཁྲབ་འདུག ཞོལ་ནས་ཨ་མདོ་བ་རྣམས་མཆོག་ཏུ་གྱུར་བ་ཡིན་ཟེར།
དགོད་བྲོ་བོ་འདུག སྔོན་མ་ཞིག་ལ་མི་ཞིག་གིས་ཆོལ་ཁ་གསུམ་ད་ལྟའི་རྒྱ་ཁོངས་སུ་ས་བགོས་ཇི་ལྟ་བྱས་པ་ལྟར་རོབ་རྩིས་བྱས་ནས་བོད་མིའི་མི་གྲངས་ག་ཚོད་ཡོདམེད་ཅིག་འདིར་བྲིས་སོང་ང། དེའི་ནང་ཆོལ་ཁ་གསུམ་ལས་མང་ཤོས་ཁམས་པ་ཆགས་སོང་། དེ་སྐབས་ནག་ཆུ་ཡང་ཁམས་ཁོངས་སུ་བགྲངས་སོང་ལ་ད་ལྟའི་དཀར་མཛེས་རང་སྐྱོང་ས་ཁུལ་ཆ་ཚང་ཁམས་ཁོངས་སུ་བགྲངས་ཡོད་བསམ།
ད་ཐེངས་འདིར་མི་ཅིག་གིས་སྔོན་མ་ལྟར་བོད་མིའི་གྲངས་འབོར་བྲིས་སོང་། མི་ལི་དང་ནང་ཆེན་སོགས་ཀྱང་མདོ་སྨད་ཁོངས་བགྲངས་ནས་མདོ་སྨད་ཀྱི་མི་གྲངས་མང་བ་ཆགས་སོང་། ད་རྗེས་མ་དབུས་གཙང་གི་མི་གྲངས་མང་བའི་མི་འབོར་ཞིག་སུ་ཡིས་ལེན།
རྒྱ་མིའི་མི་འབོར་བླངས་པའི་ནང་བོད་མི་མང་པོ་ཞིག་ཚུད་ཡོད་པ་མ་རེད། རྒྱ་རོང་ཆང་མི་རིགས་ནང་བཞག་ཡོད་པ་རེད། མོན་པ་དང་ཤར་པ་སོགས་མི་རིགས་ལོགས་སུ་རྩིས་ཡོད་རེད། རེབ་ཀོང་ལ་མཚོན་ནའང་། གཉན་ཐོག་དང་སྒོ་དམར་སེང་གེ་གཤོངས་སོགས་ཀྱི་ནང་ཐུའུ་ཙུ་དང་བོའུ་ཐུང་ཙུ་སོགས་སུ་དབྱེ་ཡོད་པ་ལྟར་རེད། རྨ་ལྷོ་སོག་རྫོང་སོག་པོའི་ཁོངས་སུ་བགྲངས་ཡོད་པ་རེད། འདི་ནི་དཔེ་མཚོན་ཙམ་ཡིན།
རིན་ཆེན་ལ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བའི་ཐོབ་ཐང་ཚོགས་ཆེན་ཐོག་བོད་མིས་ད་ལྟ་མྱོང་བཞིན་པའི་དཀའ་སྡུག་ཞུ་རྒྱུའི་དུས་ཚོད་སྐར་མ་རག་པ་དང་། རྡོ་རྗེ་རིན་ཆེན་སོང་ནས་ཨམ་སྐད་ཀྱིས་སྐར་མ་ལྔའི་རིང་ལ་བོད་མིའི་བདེ་སྡུག་སྐོར་ལ་ཞུ་གཏུག་བྱས། ཚོགས་ཐོག་གི་མི་ཚང་མས་མགོ་བོ་གཡུག་ཞོར་ཚོགས་ཁང་གི་ཕྱི་ལ་བུད།
ཁྱེད་ཅག་གི་ནང་དུ་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་ཅེས་པའི་གྲངས་ཀ་དེ་ཚོ་གྲངས་འདྲེན་གནང་ཐུབ་མཁན་རེ་ཡོད་དམ། ངའི་ལག་ཏུ་གྲངས་འདྲེན་ཉི་ཤུ་ལྷག་ཙམ་ལས་རེག་མ་བྱུང་། དེ་དག་རེག་ཚེ་རྩོམ་ཡིག་ཅིག་ལ་ལྷན་པ་རྒྱག་འདོད་ཡོད།
དབྱིན་ཡིག
http://en.wikipedia.org/wiki/List_of_ethnic_groups_in_China
རྒྱ་ཡིག
http://www.hudong.com/wiki/%E4%BA%94%E5%8D%81%E5%85%AD%E4%B8%AA%E6%B0%91%E6%97%8F
བོད་སྤྱི་ཡོངས་ལ་རྒྱལ་དབང་ཀརྨ་པ་དང་རྒྱལ་བ་རིན་པོ་ཆེ་དྲིན་ཆེན་རེད། མདོ་དབུས་ཁམས་གསུམ་ལ་དྲིན་ཆེན་ཀརྨ་པ་རེད།
ཡོང་ཁུངས་བོད་ལྗོངས་ཞིབ་འཇུག སྤྱི་ལོ་༡༩༩༠་ལོའི་ལོ་མགོ་ནས་བོད་མི་རིགས་ཀྱི་གྲངས་འབོར་ཞིབ་གཤེར་བྱས་པ་ལྟར་ན་བོད་རང་སྐྱོང་ལྗོངས་ཁོངས་སུ་མི་འབོར་གྲངས་ཁྲི་ཉིས་བརྒྱ་དགུ་དང་། མཚོ་སྔོན་ཞིང་ཆེན་ཁོངས་སུ་བོད་མི་གྲངས་ཁྲི་དགུ་བཅུ་གོ་གཅིག །
ཟི་ཁྲོན་ཞིང་ཆེན་ཁོངས་སུ་བོད་མི་གྲངས་ཁྲི་བརྒྱ་དང་བརྒྱད་ལྷག །ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་མི་གྲངས་ཁྲི་སུམ་ཅུ་སོ་དྲུག་ལྷག་ཙམ། ཡུན་ནན་ཞིང་ཆེན་ཁོངས་སུ་བོད་མི་གྲངས་ཁྲི་བཅུ་གཅིག་ལྷག་ཙམ།
རྡོ་རྗེ་རིན་ཆེན་ཟེར་བ་ཁྱོད་སྐྱག་པ་བཟོ། ང་ཚོ་བོད་ན་ཡོད་པའི་བོད་མི་རྒྱ་སྐད་རྒྱབ་བཞིན་ཡོད་པ་ལ་ཁྱོད་་ཧ་ལས་མི་འདུག རྒྱ་གར་ནང་ཡོད་པའི་བོད་མིས་ཧིན་སྐད་རྒྱབ་བཞིན་པ་ལ་ཁྱོད་ཧང་སངས་མི་འདུག ཕྱི་རྒྱལ་ན་ཡོད་པའི་བོད་མིས་དབྱིན་སྐད་རྒྱག་བཞིན་པ་ལ་ཁྱོད་ཧོན་འཐོར་མི་འདུག ཁྱོད་ཨ་མདོ་བས་ལྷ་སའི་སྐད་རྒྱག་པ་ལ་དྲན་པ་འཐོར་དགོས་དོན་གང་རེད། བོད་ཆོལ་གསུམ་གང་གི་སྐད་རྒྱབ་ན་ཡང་བོད་སྐད་ཡིན་པ་ཤེས་དགོས། མང་པོ་ཞིག་གིས་ལྷ་སའི་སྐད་རྒྱག་དགོས་དོན་ནི་གོ་བརྡ་འཕྲོད་བདེ་བའི་ཆེད་དུ་རེད། ལྷ་སའི་སྐད་ལ་བསམ་ན་དབུས་གཙང་ཐམས་ཅད་ཀྱིས་གོ་བ་མ་ཟད། ཁམས་དང་ཨ་མདོ་བ་ལྷ་ས་ལ་གནས་བསྐོར་དང་ཚོང་སོགས་ཀྱི་ཆེད་དུ་སླེབས་མྱོང་མཁན་ཕལ་ཆེ་བས་གོ་ཐུབ་ཀྱི་ཡོད། དེང་སང་ལ་བསམ་ན་གནའ་སྔ་མོའི་རྒན་ཁོག་རེ་ཟུང་མ་གཏོགས་ལྷ་ས་ལ་འགྲོ་མ་མྱོང་མཁན་ཉུང་ཉུང་རེད། དེར་བརྟེན་ཕར་རྒྱབ་ཐུབ་མིན་གང་ཡིན་ཀྱང་ལྷ་སའི་སྐད་ཚུར་གོ་མཁན་ཧ་ཀྱང་གི་མང་པོ་རེད། དེ་མིན་ལུང་པ་གཞན་གྱི་སྐད་ནི་ལུང་པ་སོ་སོ་ལས་གཞན་གྱིས་གོ་ཐུབ་ཀྱི་མེད་པ་རེད། དེས་ན་ཆོལ་ཁའི་ཕྱོགས་འཐེན་གྱི་གཉིད་དུ་མ་སོང་བར་ཆོལ་གསུམ་གང་གི་སྐད་ཡིན་ཀྱང་བོད་སྐད་ཡིན་པ་ཤེས་དགོས།
སྐད་རིགས་ནི་རླངས་འཁོར་འདྲ་བ་ཞིག་རེད།གང་བཟང་གང་བེད་སྤྱོད་བདེ་ན་དེ་བཀོལ་པ་ལས་བཙན་གྱིས་འཇུག་སྲོལ་མེད།LA ཡི་རྒྱ་ལམ་སྟེང་ན་བོད་ཀྱི་ཧྲིག་ཧྤྷི་བསྐོར་ནས་རྒྱུགས་སྲོལ་ག་ལ་ཡོད།དེ་བཞིན་དུ་གྲོས་ཚོགས་སུ་ཨམ་སྐད་གནའ་མིན་ད་མིན་དེ་བརྗོད་ན་དཔེ་དང་མཚུངས།ཨམ་ཙག་བསྡམ་ནས་དབུས་སྐད་སྦྱོངས།དཔའ་བོ་དཔའ་མོ་ཚོས་གོ་ན་ངོ་རེ་ཚ།
རྗེ་རིན་པོ་ཆེ་ར་ངོ་ཚ་རྒྱུ་རེད།
དེ་སྔོན་ང་རྒན་པོ་ཞིག་ལ་ཐུགས་སོང། རྒན་པོ་དེའི་ཁྱོད་བོད་སྐད་ཕྱེད་ཀ་མ་གཏོགས་མི་ཤེས་ཀི་ཟེར་གྱིན་འདུག་དེའི་ལན་དུ་ངའི་བཤད་པའི་སྐད་ཆ་བོད་སྐད་མ་མིན་ན་ཅི་ཞིག་རེད་ཟེར་དུས། རྒན་པོའི་དེའི་ཁྱོད་ཀྱི་དབུས་སྐད་མི་ཤེས་ཀི་རེད། ད་དུང་བཙན་བྱོལ་སྤྱི་ཚོགས་ནང་མི་རབས་རྒན་པའི་གྲས་ན་འདི་འདྲའི་བསམ་བློ་གུ་དོག་པོ་དེ་འདྲ་མང་པོ་འདུག་ཡ། ཁོང་ཚོའི་སྐད་ཆ་ཉན་དུས་སེམས་ནས་ན་ཟུག་ཞིག་ངང་གིས་སློང་ཡོང་གིན་འདུག
རྡོ་རྗེ་རིན་ཆེན་ཟེར་བའི་མི་འདིས། ཞེན་ཁོག་བྱེད་དགོས་ས་བོད་པས་རྒྱ་སྐད་དང་དབྱིན་སྐད་བལ་སྐད་ཤོད་པར་སྐྱོན་འཛུགས་མ་བྱས་པར། བོད་པས་བོད་སྐད་ཤོད་པར་སྐྱོན་འཛུགས་བྱས་འདུག ནམ་ཞིག་འདི་ཚོས་རྒྱལ་བ་རིན་པོ་ཆེ་ལའང་ཁྱེད་ཀྱིས་ཨམ་སྐད་བསྐྱོན་དགོས་ཟེར་ས་རེད། མགོ་གཉིས་མ་རང་རེད། མིང་ཡང་མི་གཞན་དང་གཅིག་པ་བྲིས་འདུག
English Name
Standard Romanization
CodeA
Pinyin
Simplified Chinese
Traditional Chinese
PopulationB
Han Han HA Hàn Zú 汉族 漢族 1,225,932,641 (2000)
Mongol Mongol MG Měnggǔ Zú 蒙古族 蒙古族 5,813,947
Tibetan3 Zang ZA Zàng Zú 藏族 藏族 5,416,021
Monba Monba MB Ménbā Zú 门巴族 門巴族 8,923
Lhoba Lhoba LB Luòbā Zú 珞巴族 珞巴族 2,965
སྙན་བཟང་གཡུང་དྲུང་ཚེ་རིང་ལགས་ཁྱོད་ཀྱི་གྲངས་ཉུང་མི་རིགས་ཤེས་འདོད་འདོད་ན་རྒྱ་བོད་ཚིག་མཛོད་སོགས་ཀྱི་རྗེས་རུས་མིག་ཟུར་ན་བཀོད་འདུག དེ་མིན་རྒྱ་ཡིག་དག་གསར་སོགས་ཀྱི་རྗེས་ན་རེའུ་མིག་ཟུར་བཀོད་བྱས་འདུག་ དེས་ལ་བལྟ་བར་མཛོད།
གྲངས་ཉུང་མི་རིགས་ཁག་རེའུ་མིག中国少数民族分布简表
我国是统一的社会主义国家,除汉族外,有五十多个少数民族,占全国总人口的6.6%,分布在我国总面积 50—60% 的土地上。
民族名称 主要分布地区
蒙 古 族 内蒙古自治区,辽宁省,新疆维吾尔自治区,吉林省,黑龙江省,青海省,河北省,河南省,甘肃省,云南省。
回 族 宁夏回族自治区,甘肃省,河南省,新疆维吾尔自治区,青海省,云南省,河北省,山东省,安徽省,辽宁省,北京市,黑龙江省,天津市,吉林省,陕西省。
藏 族 西藏自治区,四川省,青海省,甘肃省,云南省。
维吾尔族 新疆维吾尔自治区,湖南省。
苗 族 贵州省,云南省,湖南省,广西壮族自治区,四川省,广东省,湖北省。
彝 族 四川省,云南省,贵州省,广西壮族自治区。
壮 族 广西壮族自治区,云南省,广东省,贵州省。
布 依 族 贵州省。
朝 鲜 族 吉林省,黑龙江省,辽宁省。
满 族 辽宁省,吉林省,黑龙江省,河北省,北京市,内蒙古自治区。
侗 族 贵州省,湖南省,广西壮族自治区。
瑶 族 广西壮族自治区,湖南省,云南省,广东省,贵州省,四川省。
白 族 云南省,贵州省。
土 家 族 湖南省,湖北省,四川省。
哈 尼 族 云南省。
哈 萨 克 族 新疆维吾尔自治区,甘肃省。
傣 族 云南省。
黎 族 海南省。
傈 僳 族 云南省,四川省。
佤 族 云南省。
畲 族 福建省,浙江省,江西省,广东省,安徽省。
高 山 族 台湾省,福建省。
拉 祜 族 云南省。
水 族 贵州省,广西壮族自治区。
东 乡 族 甘肃省,新疆维吾尔自治区。
纳 西 族 云南省,四川省。
景 颇 族 云南省。
柯 尔 克 孜 族 新疆维吾尔自治区,黑龙江省。
土 族 青海省,甘肃省。
达 斡 尔 族 内蒙古自治区,黑龙江省,新疆维吾尔自治区。
仫 佬 族 广西壮族自治区。
羌 族 四川省。
布 朗 族 云南省。
撒 拉 族 青海省,甘肃省。
毛 难 族 广西壮族自治区。
仡 佬 族 贵州省,广西壮族自治区,云南省。
锡 伯 族 新疆维吾尔自治区,辽宁省,吉林省。
阿 昌 族 云南省。
普 米 族 云南省。
塔 吉 克 族 新疆维吾尔自治区。
怒 族 云南省。
乌 孜 别 克 族 新疆维吾尔自治区。
俄 罗 斯 族 新疆维吾尔自治区。
鄂 温 克 族 内蒙古自治区,黑龙江省。
德 昂 族 云南省。
保 安 族 甘肃省。
裕 固 族 甘肃省。
京 族 广西壮族自治区。
塔 塔 尔 族 新疆维吾尔自治区。
独 龙 族 云南省。
鄂 伦 春 族 内蒙古自治区,黑龙江省。
赫 哲 族 黑龙江省。
门 巴 族 西藏自治区。
珞 巴 族 西藏自治区。
基 诺 族 云南省。
གྲངས་ཉུང་མི་རིགས་འདི་དག་ནང་ནས་མང་དག་ཅིག་ལ་བོད་ཀྱི་རིག་གཞུང་དང་སྐད་ཡིག། ཐ་ན་ཟས་ཀྱང་རྩམ་པ་ཟ་མཁན་ཡོད་མཁན་དེ་འདྲ་འདུག་རྩོམ་པ་པོ་དག་གི་བོད་པའི་རིག་གཞུང་ཤུགས་རྐྱེན་ཐེབས་པའི་མི་རིགས་གཞན་དག་ལ་རང་གི་རྣམ་དཔྱོད་ཀྱི་རྩལ་བཀོད་ནས་དཔྱད་རྩོམ་རེ་འབྲི་ཐུབ་ན་ཡག་པོ་འདུག ཡུན་ནན་ཕྱོགས་གྲངས་ཉུང་མི་རིགས་ཅིག་གི་མི་རབས་རྒན་པའི་ཁ་རྒྱུན་དུ་ཁོང་ཚོའི་བོད་ཀྱི་མི་རྒྱུད་ཡིན་ཟེར་མཁན་མང་པོ་འདུག
ཨམ་མདོ་དང་ཁམས་པ་ཟེར་བའི་དོན་མེད་ཀྱི་རྙོག་དགྲ་དང་་་་་ས་དགེ་བཀའ་རྙིང་བོན་སོགས་
བར་ལ་རྙོག་དགྲ་བཟོ་མཁན་སྔོན་མ་་་་་སྤྲུལ་སྐུ་ཨུ་རྒྱན་ཉི་མ་ཟེར་བ་འགའ་འདུག་བ་། དེ་དང་དེ་འདྲ་བའི་
རྒྱབ་ལོག་ལ་ག་རེ་ཡོད་མེད་ཧ་གོ་ཡ་ཡོད་མ་རེད། ད་ལྟ་ང་ཚོ་ཚང་མ་རྡོག་རྩ་གཅིག་ཏུ་དྲིལ་ནས་རྒྱ་དམར་
ནག་གཉིས་ལ་ཁ་གཏད་ཅོག་དགོས་པའི་དུས་རེད། ད་ཕྱིན་ཆོལ་ཁ་དང་ཆོས་ལུགས་བར་དབྱེན་དཀྲུག་བྱེད་མཁན་
བྱུང་ན་སུ་གང་གི་རྒྱབ་རྩ་བྱེད་མི་རུང་ཚང་མས་ཡིད་གཟབ་གནང་རོགས་ཞུ།
བོད་ལ་ཤ་ཚ་དང་བོད་ཀྱི་རིག་གཞུང་ལ་ལེགས་སྐྱེས་ཕུལ་མཁན་མང་པོ་ཞིག་གོང་གི་གྲངས་ཉུང་མི་རིགས་ང་དྲུག་དེ་ཚོའི་ནང་ནས་བྱུང་བ་མ་ཡིན་ནམ།
དཔེར་ན། དྲིན་ཅན་སོག་པོ་དགེ་བཤེས་ཆོས་གྲགས། དགའ་ལྡན་ཁྲི་པ་ལ་དྭགས་སྐྱབས་མགོན་རི་རྫོང་རིན་པོ་ཆེ། དེ་བཞིན་ལ་དྭགས་མཁས་དབང་ཆེན་པོ་དང་བོད་མི་རིགས་ལ་གདུང་བཞེན་ཅན་རྒན་འཇམ་དཔལ་ལགས། དེ་བཞིན་སྔོན་མ་མཉམ་མེད་ཨ་ལགས་མཁས་དབང་ཚེ་བརྟན་ཞབས་དྲུང་། རྒྱ་གར་རྡ་རམ་ས་ལའི་དཔེ་མཛོད་འགན་འཛིན་ཟུར་པ་དྲིན་ཅན་རྒྱ་མཚོ་ཚེ་རིང་ལགས། བཀའ་དྲིན་མཚུངས་མེད་མཁས་དབང་འཇམ་དབྱངས་ནོར་བུ་ལགས། ཁོང་གི་ཕ་དེ་རྒྱ་གར་ཧི་མ་ལ་ཡའི་རྒྱུད་པ་ཡིན། ད་དུང་། སྔ་འགྱུར་རྙིང་མའི་སྐྱབས་མགོན་དམ་པ་བདུད་འཇོམས་རིན་པོ་ཆེ་སྐུ་གོང་མ། སྔ་འགྱུར་རྙིང་མའི་སྐྱབས་མགོན་དམ་པ་པད་ནོར་རིན་པོ་ཆེ། དེ་བཞིན་ད་དུང་ངས་མ་ཤེས་པའི་དྲིན་ཅན་བླ་མ་དང་མཁས་དབང་མང་པོ་ཞིག་ཡོད་པ་ཐམས་ཅད་ལ་གོ་སྐབས་འདི་བརྒྱུད་ནས་ཁྱེད་རྣམ་པའི་བྱས་རྗེས་ལ་བཀའ་དྲིན་རྗེས་དྲན་དང་། ནམ་ཡང་ཁྱེད་རྣམ་པའི་བཀའ་དྲིན་ཡིད་ལ་བཅངས་བར་བྱའོ།
འདི་དང་སྐབས་བསྟུན་ནས། ཁ་མཚར་ཞིག་བཤད་ན། སྔོན་མ་འབྲས་སྤུངས་ལ་སོག་ཡུལ་ཁག་མི་འདྲ་བའི་དུ་མའི་ནང་ནས་དཔེ་ཆ་བལྟ་བར་ཡོང་མཁན་ཉུང་ཉུང་མིན། ཉིན་ཞིག། ཕྱི་སོག་གི་བླ་མ་ག་གེ་མོ་ཞིག་འཁོར་ཁ་ཤས་དང་མཉམ་དུ་འབྲས་སྤུངས་ལ་འབྱོར། སང་ཞོགས་དེར་འཁོར་གཅིག་གིས་ལྕི་བ་ཉོ་རུ་ཕྱིན། ཁོས་འབྲས་སྤུངས་ཀྱི་ཉེ་འདབས་ན། ཞོ་ཚོང་མཁན་གཅིག་ཐུག། ཁོ་ན་རེ། མ་རྒན་དྲིན་ཅན། ཁྱེད་ལ་འོ། འོ། སེམས་ཅན་གྱི་སྐྱག་པ་སྐམ་པོ་དེ་ཚོ་བཙོང་རྒྱུ་ཨེ་ཡོད་ཟེར། མ་རྒན་དེས། ཨོ་ཛི་ལ། དགེ་བཤེས་ལགས་སྨྱོ་ལབ་རྒྱག་གི་འདུག
སུས་སེམས་ཅན་གྱི་སྐྱག་པ་ཚོང་གི་འདུག། མ་རེད། ཁྱེད་ཀྱི་ཚོང་བའི་འོ་མ་རུལ་བ་གཏོང་མཁན་དེའི་སྐྱག་པ་སྐམ་པོ་དགོས་ཀྱི་འདུག་ཟེར། ཧ་ཧ།
སྐུ་སྒེར་ཡིག་ཚང་གི་རྐུན་་མ་་བྲེ་སང་གིས་བཤད་ན། ཁམས་པ་མ་རབ་རེད། ཁམས་པ་གཅིག་ཀྱང་སྐུ་སྒེར་ཡིག་ཚང་ནང་དུ་མི་འཇོགས་ཐབས་བྱེད་དགོས་ཟེར་གི་ཡོད་རེད། མི་བདེན་གི་བསམ་ན་ཁུང་སྐྱེལ་དང་བཅས་ངས་བཤད་ཆོག
བཀྲ་ཤིས་ཟེར་བ་ཁྱོད་ཀྱིས་ཁུངས་སྐྱེལ་དང་། ངས་ཕོ་ཁྱོ་ཀ་རེད་ལབ་ཆོག དེ་མིན་དཀྲོག་གཏམ་མ་ཤོད།