(འབའ་བ་ཕུན་ཚོགས་དབང་རྒྱལ་ལ་རྗེས་དྲན་དུ་ཕུལ།)
སྤོབས་པ་མཐའ་ཡས།།
གངས་ལྗོངས་གསར་བརྗེའི་བསམ་བློའི་མེ་ཏོག་བཞད།།
དབུས་ཀྱི་གཞུང་ལ་ཉེན་སྐྱོབ་འབོད་སྒྲ་བསྒྲགས།།
མཐའ་ཡི་མི་ལ་གཉིད་སློང་དུང་སྒྲ་བུས།།
ཁམས་པའི་ཕོ་རྒོད་ཅིག་གི་མཛད་རྗེས་ཡིན།།
རྒྱ་གར་རྒྱ་ནག་གཉིས་ལ་ལས་དོན་བསྒྲུབས།།
རྒྱལ་བ་པཎ་ཆེན་གཉིས་ཀའི་ཞབས་འདེགས་འགྲུབ།།
རྒྱལ་ཁབ་ཕྱི་ནང་གཉིས་སུ་སྐད་གྲགས་རྒྱས།།
ཁམས་པའི་ཕོ་རྒོད་ཅིག་གི་འཇོན་ཐང་ཡིན།།
ངལ་བ་ཁྱད་དུ་བསད་ནས་སློབ་སྦྱོང་བྱས།།
ཐོས་དང་བསམ་པས་བདེན་དོན་རིགས་པས་གཞལ།།
གཞུང་ཆེན་བརྩམས་ནས་མཁས་པའི་གྲལ་མགོར་བསྙེགས།།
ཁམས་པའི་ཕོ་རྒོད་ཅིག་གི་བྱེད་སྟངས་ཡིན།།
བཙན་འཛུལ་བ་ལ་ཞི་བའི་རྒོལ་གཏམ་སྤེལ།།
དངོས་ཡོད་ལོ་རྒྱུས་ཁྲིམས་མཐུན་བདེན་གཏམ་གྱིས།།
གངས་སེང་གད་རྒྱང་པེ་ཅིང་མཁར་དུ་བསྒྲགས།།
ཁམས་པའི་ཕོ་རྒོད་ཅིག་གི་འགྲོ་སྟངས་ཡིན།།
རང་གི་ཡིད་ཆེས་ཁ་ཁོག་གཉིས་མེད་ཡིན།།
རང་གི་རིགས་ལ་དུང་བ་ལྷོད་མེད་ཡིན།།
རང་གི་རང་གཤིས་གསེར་གྱི་གོང་བུ་ཡིན།།
ཁམས་པའི་ཕོ་རྒོད་ཅིག་གི་མཚན་གཞི་ཡིན།།
བཙོན་དུ་ཚུད་ཀྱང་དཔའ་སྤོབས་ཞུམ་མྱོང་མེད།།
གོ་གནས་ཐོབ་ཀྱང་ཁེངས་དྲེགས་སྐྱེས་མྱོང་མེད།།
སྐྱིད་ཐེག་སྡུག་ཐེག་ངར་ལྕགས་དུམ་བུ་འདྲ།།
ཁམས་པའི་ཕོ་རྒོད་ཅིག་གི་མཚན་ཉིད་ཡིན།།
རང་ལ་ཡོད་ན་ངོམ་རིན་ཡོད་པའི་བུ།།
གཞན་ལ་ཡོད་ན་སྨོན་རིན་ཡོད་པའི་བུ།།
རང་གཞན་གཉིས་ཀའི་དོན་ཆེན་འགྲུབ་པའི་བུ།།
ཁམས་པའི་ཕོ་རྒོད་ཅིག་གི་རིན་ཐང་ཡིན།།
གོ་མིན་ཏང་གིས་གནས་དབྱུངས་བཏང་ཡང་རུང་་།།
གུང་ཁྲན་ཏང་གིས་བཙོན་ཏུ་བཅུག་ན་ཡང་། །
བདེན་པ་གླེང་བའི་ཁ་ལྕེ་མ་ལྐུག་པ།།
ཁམས་པའི་ཕོ་རྒོད་ཅིག་གི་བློས་བཏང་ཡིན།།
རང་ལྟོ་གཅེས་ནས་སྤྱི་དོན་དོར་མྱོང་མེད།།
རང་སྲོག་བསམ་ནས་གཞན་ལ་འབྲོ་མྱོང་མེད།།
རང་རིགས་བརྗེད་ནས་དགྲ་རྐུབ་ལྡག་མྱོང་མེད།།
ཁམས་པའི་ཕོ་རྒོད་ཅིག་གི་རང་ཚུགས་ཡིན།།
ཨ་མའི་པང་དུ་བུ་བརྒྱ་སྐྱེས་སྲིད་ཀྱང་།།
ཁྱོད་དང་ཁྱོད་འདྲ་སྐྱེས་ན་རེ་རེས་ཆོག།
སྐྱེས་སྟངས་མཚུངས་ཀྱང་ཤི་སྟངས་མི་མཚུངས་པ།།
ཁམས་པའི་ཕོ་རྒོད་ཅིག་གི་ཆེ་བ་ཡིན།།
བུ་ཆུང་དཀྱུས་མ་ཞིག་གིས་འབད་བརྩོན་ལས།།
དམ་པའི་སྐྱེས་ཆེན་ཞིག་ཏུ་གྱུར་པའི་ཚུལ།།
བསམ་ཞིང་བསམ་ན་ངོ་མཚར་ཆེ་བ་འདི།།
ཁམས་པའི་ཕོ་རྒོད་ཅིག་གི་མིག་དཔེ་ཡིན།།
ལོ་གཅིག་སྟོན་ཐོག་ཉིས་བརྩེགས་སྐྱེས་པའི་ཡུལ།།
འབའ་ཐང་མཐིལ་གྱི་སྒོ་ར་ནང་པའི་བུ།།
ཕུན་ཚོགས་དབང་རྒྱལ་ཞེས་སུ་གྲགས་འབར་བ།།
ཁམས་པའི་ཕོ་རྒོད་ཁྱོད་ལ་ཡིད་སྨོན་ཤོར།།
ཁམས་ཞེན་ཆེ་དྲག་པ་མིན་ནམ།
བསྟོད་པ་འབུལ་ཡུལ་ནོར་མིན་འདུག
འོན་ཀྱང་ཁམས་པ་ཁམས་པ་ཞེས་ཡང་ཟློས་བསྐྱར་བཟློས་བྱས་པ་དེས་དཔའ་རྒོད་དམ་པ་ཁོང་གི་བོད་མི་རིགས་ལ་བཅངས་བའི་བརྩེ་སེམས་དང་། བོད་མི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཀྱི་ཕེབས་རྗེས་ཟིན་མི་འདུག་པ་མ་ཟད། དཀའ་སྡུག་གཉན་འཕྲང་ཆེ་བའི་བོད་མིའི་གནས་སྟངས་ཡིད་སྐྱོ་པོ་འདི་འདྲའི་དུས་སུ་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་དགོས་སར། ཁྱོད་རང་ད་དུང་ཡང་རྨོངས་གཉིད་ལས་མ་བསད་པར་ཁམས་པ་ཁམས་པ་ཞེས་བལྟ་རྒྱ་ཐོས་རྒྱ་ཆུང་བའི་སྒང་ལ་བསམ་རྒྱའང་ཆུང་ཆུང་འདུག་པས།
བོད་མི་རིགས་ཞེས་པའི་རྒྱལ་ཁབ་དང་མི་རིགས་གཉིས་ཀ་མཚོན་ནུས་ཀྱི་མིང་ཚིག་ཡིད་དུ་འོང་བ་དེ་བེད་སྤྱོད་བྱས་ཡོད་ཚེ།
ཁྱོད་རང་གི་བསམ་རྒྱ་ཆུང་ཆུང་དེ་མེད་པ་མཚོན་ནུས་ལ་དཔའ་རྒོད་དམ་པ་ཁོང་གི་མཛད་རྗེས་ལ་བོད་རིགས་ཡོངས་ཀྱི་ཡིད་བརྟོན་རུང་བ་དེ་དེ་བཞིན་དུ་རྟོགས་ནུས་པ་སྟེ། བོད་རིགས་ཕོ་རྒོད་ཉིད་ལ་ཡིད་རབ་འཕྲོག ། ལྟ་བུར་ལེགས་བཅོས་བྱས་ཚེ་ཤིན་ཏུ་ལེགས།
རྩོམ་ཡག་གི དོན་དང་མཐུན་པ་རེད། ངོ་སོ་བསྟོད།
འབའ་ཁམས་སྐོར་ལ་སྤོབས་མཐར་ཕུལ། །
ཁམས་པ་ངར་དྲགས་འཐབ་རྩོད་དགའ། །
འཐབ་དམག་རྒྱ་དམག་བོད་ལ་བསུ། །
ཁམས་པ་མཁས་དྲགས་དད་མེད་གྱུར། །
དད་ལྡན་མང་པོ་དམར་གསོད་ཤོར། །
མའོ་སོགས་ལ་ཡང་བསྟོད་དགོས་སམ། །
ཡིན་ལུགས་དངོས་ཞིག་གསུང་པ་ལ་མངོན་པར་བསྟོད་དོ།
འདས་པོ་འབའ་ཕུན་རྣམ་ཐར་འདི་འདྲ་འདུག །
འབའ་ཕུན་བརྒྱ་དམག་བསུ་དགོས་བོད་པའི་དོན། །
འབའ་ཕུན་བཙོན་ལ་འགྲོ་དགོས་བོད་པའི་དོན། །
འབའ་ཕུན་སྐད་ཡིག་སྲུང་དགོས་བོད་པའི་དོན། །
འབའ་ཕུན་གོ་གཉིས་གྲོང་དགོས་བོད་པའི་དོན། །
འབའ་ཕུན་བདེ་འགྲོར་སྐྱེ་དགོས་བོད་པའི་དོན། །
རྒྱ་དམག་གུན་ཁྲན་བཙན་འཛུལ་བྱས་སྐབས་སུ།
ཉེས་མེད་བོད་མིར་དམར་གསོད་བཏངས་དུས་སུ།
དགྲ་བོའི་དཔུང་ལ་ཕར་རྒོལ་བྱས་མཁན་དེ།
ཁམས་པའི་དཔའ་བོ་ཨ་འབྲུག་མགོན་པོ་རེད།།
དམག་སྡེ་ཅོ་བརྒྱད་བོད་ལ་བསླེབས་སྐབས་སུ།
བསྟན་པ་ཆབ་སྲིད་རྩ་ནས་བཤིག་དུས་སུ།
དགྲ་བོའི་གདོང་ལེན་དམག་དཔོན་ངར་མ་དེ།
ཁམས་པའི་དཔའ་བོ་འབའ་པ་ཡེ་ཤེས་རེད།།
ལྷ་སའི་་ཕྱོགས་བཞི་དམག་གིས་སྐོར་དུས་སུ།
ཨ་རིའི་གཞུང་གི་གསང་བའི་ལས་ཁུངས་ཀྱི།
དང་བླང་མདུན་འཆོངས་དམག་དཔོན་འཇོན་པོ་དེ།
ཁམས་པའི་དཔའ་རྒོད་ལི་ཐང་ཨ་ཐར་རེད།།
སྐྱིད་ཀྱི་རང་ཡུལ་དགྲ་ལག་ཤོར་དུས་སུ།
སྡུག་གི་ཁུར་བོ་མཉམ་ཁུར་བྱས་སྐབས་སུ།
དགྲ་བོའི་མེ་མདའི་ཁ་རུ་ལངས་མཁན་དེ།
ཁམས་པའི་དཔའ་བོ་ཆུ་སྒང་དམག་མི་རེད།།
སྤྱིར་བཤད་ན། དམར་ཤོག་རིང་ལུགས་ཀྱི་རྒྱལ་ཁ་ནི་དུས་རབས་ཤིག་གི་ཐོན་རྫས་ཡིན་པས། མི་རིགས་མང་ཆེ་བས་ཧབ་ཐོབ་བརྒྱབ་ཡོད་པ་རེད་ལ། ཕུན་དབང་ཡང་བོད་མི་ཞིག་གི་ངོས་ནས་ལྟ་གྲུབ་ཙམ་མ་ཡིན་པར་བོད་ལ་བདེ་སྐྱིད་བསྐྲུན་ཐབས་སུ་མཐོང་ནས་ཤུགས་བསྐྱོན་པ་བདེན་པ་རེད། ཡིན་ནའང་། ལམ་འགྲོ་ཕྱོགས་གཉིས་ནས་བྱུང་བཅུག་ཡོད་པ་མ་རེད།
༡ བོད་གཞུང་གིས་ཁོང་དགྲ་རུ་བཟུང་བ་རེད་ལ། ཁོང་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ནང་བོད་དམག་འཛུལ་ཞུགས་གནང་ཚེ་འཛམ་གླིང་ནང་བོད་ལ་ངོས་ལེན་ཡོང་ངེས་ཞུས་ཀྱང་གསན་མེད།
༢ ཕུན་དབང་ལགས་ཀྱིས་དམར་ཤོག་གི་འབྱུང་ཡུལ་རཱ་ཤི་ཡར་བསྐྱོད་ཐབས་གང་མང་གནང་ཡང་ལམ་འགྲོ་བྱུང་ཡོད་པ་མ་རེད། གལ་སྲིད་ཁོང་དེ་གར་སླེབས་ཡོད་ཚེ་བོད་འདི་བཞིན་དེང་གནས་ལས་བརྒལ་སྲིད་ཀྱང་། རྒྱ་དམར་རཱ་ཤི་ཡ་དམར་བོའི་ཚབ་མཚོན་དུ་གྱུར་བར་བརྟེན་ནས་བོད་ལ་ཆག་སྒོ་བྱུང་བ་རེད།
མདོར་དེད་ནས་བཤད་ན དམར་ཤོག་ལྟ་གྲུབ་འོག་གི་སྡུག་བསྔལ་མཐའ་དག་དུས་རབས་ཤིག་གི་ནོར་འཁྲུལ་རེད་མ་གཏོགས་ཕུན་དབང་ལྟ་བུའི་བོད་ཕན་བསྒོམ་པའི་མི་བྱེ་བྲག་པ་ཞིག་གི་ནོར་འཁྲུལ་མ་རེད། ད་ལྟའི་ཆའང་རྡ་རམ་ས་ལས་རྒྱ་ནག་དམར་ཤོག་གི་རྩ་ཁྲིམས་ལ་གུས་ཕྱག་འབུལ་བཞིན་པ་མ་ཡིན་ནམ།
བོད་མི་གུན་ཁྲན་རིང་ལུགས་པ་ཀུན་གྱིས་་་བོད་ཀྱི་བཀའ་བཀོད་རྒྱུད་འཛིན་གྱི་བྲན་གཡོག་ཞིང་ཕྲན་ལམ་ལུགས་རྩ་མེད་བཟོས་ནས་བྲན་གཡོག་བཅིངས་གྲོལ་བཏངས་པ་ཡིན་ཟེར་བ་དང་། བོད་འདི་ཀླ་ཀློ་དང་རྗེས་ལུས། ཤེས་ཡོན་མེད་པ་དང་རང་དབང་མེད་པ་ཞིག་ཡིན་པས་གསར་བརྗེ་ངོ་ལོག་པ་དང་ཁ་བྲལ་རིང་ལུགས་པ་གཉིས་རྩ་མེད་བཟོས་་ནས་སྤྱི་ཚོགས་རིང་ལུགས་ཀྱི་་ལྷ་ཡུལ་བསྐྲུན་གྱི་ཡིན་ཟེར་བ་རེད། འདི་དག་བོད་མི་དམངས་ཀྱི་ཆེད་དུ་ཡིན་ཟེར་བ་རེད། སྔ་ནས་ད་ལྟའི་བར་དུ་་བོད་པའི་གུན་ཁྲན་རིང་ལུགས་པ་ཚོས་བསྒྲགས་བསྡད་པ་རེད། འདིར་་ལྷ་སྡེ་གནམ་ལོ་ཡག་་ལགས་ཀྱིས་ཁས་ཨེ་ལེན།
བཤད་ཀྱི་ཕ་གསོད་བུ་ལའང་ཡོད་ཟེར་བ་ལྟར་བོད་མི་གུན་ཁྲན་རིང་ལུགས་པ་ཚོས་ཡང་བཤད་ཀྱི་རེད། བོད་མི་རིགས་ཀྱི་དོན་དག་ཡིན་མདོག་བཤད་ཀྱི་རེད།
ལྟ་བ་དང་ལངས་ཕྱོགས་ཇི་ལྟར་བཟུང་མིན་ལ་མ་ལྟོས་པར་ཕུན་དབང་གིས་འདས་མ་ད་གསུམ་བོད་མི་རིགས་ཀྱི་དོན་ཆེན་སེམས་ནས་འདོར་མྱོང་མེད།
ཁོ་བོར་མཚོན་ན། ང་ཕོད་དང་ཕུན་དབང་གཉིས་བསྟོད་ན་བསྟོད་མཉམ་དང་སྨད་ན་སྨད་མཉམ་ཡིན་ནོ། །
འབའ་ཕུན་འོག་ལ།
མ་འོའི་འོག་ལ་ས་བཞི་བཅུ་ཤི །
སི་ཏ་ལིན་འོག་ས་ཡ་ཉི་ཤུ་ཤི །
ཧིཊ་ལར་དམག་འོག་ས་ཡ་བཅུ་གཉིས་འདས། །
འབའ་ཕུན་འོག་ལ་མི་སྲོག་ག་ཚོད་ཡལ། །
ཆེས་ཀླ་ཀློ། ཆེས་རྗེས་ལུས། ཆེས་མུན་ནག་སོགས་གུང་ཁྲན་ཏང་དང་སྡེ་བ་གཞུང་གཉིས་མ་འཆམ་པའི་ལོ་སྟེ། ཕྱི་ལོ ༡༩༥༩ལོ་ནས་བསྒྲགས་པ་ཞིག་རེད་ལ། བོད་བཅིངས་འགྲོལ་གཏོང་དགོས་ཟེར་བའི་སྒྲུབ་བྱེད་རེད། སྐབས་དེར་ཕུན་དབང་ལ་མི་རིགས་རིང་ལུགས་ཀྱི་ལྟ་བ་འདུག་ཅེས་བཙོན་ཁང་ནང་བཅུག་ཚར་ཡོད་པ་རེད། ཡིན་ནའང་། ཡ་མཚར་དགོས་པ་ད་ལྟའང་རྒྱ་དམར་རྩ་ཁྲིམས་སྐྱབས་གནས་སུ་འཛིན་དོན་ཅི།
བོད་པའི་ཞི་བའི་བཅིངས་གྲོལ་བཏངས་དགོས་ཟེར་ཆིག་ཡིག་བཞག་རོགས་དང་།བཅིངས་གྲོལ་བཏངས་མཁན་་དམག་སྣེ་ཁྲིད་ནས་བསླེབས་མཁན་ཕུན་དབང་མ་རེད་པེ།
མི་རིགས་རིང་ལུགས་ཀྱི་ལྟ་བ་ཙམ་ལ་ཧ་སང་རྒྱུ་ཅང་ཡོད། སེམས་ཅན་དུར་འགྲོ་ཡིན་ན་རང་རིགས་རིང་ལུགས་ཀྱི་ལྟ་བ་ཡོད་རེད།
དམ་པ་དགེ་ཆོས་མཆོག་གིས།
པ་ཕ་ཨ་མའི་ཕྱོགས་ལ་ཞེན་པ་དང་།
བ་གླང་དང་ནི་རང་རའི་མི་རྣམས་ཀུན།
མ་བཅོས་སེམས་ཀྱི་རྒྱུད་དག་གཅིག་པ་མཐོང་་་་ཞེས་གསུངས་ཡོད་རེད། སེམས་ཅན་དུར་འགྲོ་ཡིན་ནའང་་རང་རིགས་ལ་ཕྱོགས་ཞེན་ཡོད་པ་རེད། ཁྱིས་ཁྱིའི་ཤ་ཟ་གི་རེད། སྤྱང་ཀི་ཡིས་སྤྱང་ཤ་ཟ་གི་མ་རེད། སོ་སོའི་རིགས་ལ་བརྩེ་བ་ཡོད་པས་རེད། མི་རིགས་རིང་ལུགས་ཀྱི་ལྟ་བ་ཙམ་ཡང་མེད་ན་མི་ཤ་ཟ་གི་རེད། བདུད་ངོ་མ་རེད། དུར་འགྲོ་ལས་སྐྱོ་བའི་མི་རེད།
ཁྱིས་ཁྱིའི་ཤ་ཟ་གི་མ་རེད།ཅེས་བཅོས་རོགས
བཙན་བྱོལ་བའི་ཀླད་པ་ཧ་ཅང་གི་གསལ་པོ་རེད། འབའ་པ་དང་ང་ཕོད་གཉིས་ལ་བསྟོད་ན་བསྟོད་མཉམ་རེད། ཡིན་ནའང་ང་ཕོད་ས་འོག་གི་གསེར་གི་རེད། འབའ་བ་འོད་ནམ་མཁར་མ་འཕྲོས་ན་འདུག་མི་ཐུབ་གསེར་རེད།
སྤོབས་པ་བཀའ་དྲིན་ཆེ། ཡག་པོ་བྲིས་འདུག་ཡ།
རེད་ལགས། རང་གི་རིགས་ལ་དུང་ཞེན་ཡོད་པ་ཙམ་གྱིས་རིགས་ལ་ཕན་ཐོགས་ཀྱང་དཀའ་ཚོད་འདུག གང་ལྟར་༼བོད་མི་དམར་བོས་རྒྱ་མི་དམར་བོ་ཁྲིད་ཡོང་བ༽ཟེར་བ་འདིར་ཕུན་དབང་མཆོག་བཞུགས་ཐོག་ལན་ཕུལ་ཡོད་པས། ངས་རྩོམ་ཡིག་དེ་རིམ་པས་བཙལ་ཆོག དེ་མིན་དོན་དག་ཁ་ཤས་གསལ་འདེབས་ཀྱི་ཚུལ་དུ་ཞུ་གི་ཡིན།
དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་འགོར་བོད་ཅིའི་ཕྱིར་རྒྱ་དམར་གྱི་འོག་ཏུ་ཤོར་བ་རེད་དམ། མ་གཞི་འདི་ནི་དེབ་ཅིག་རེད། ཚིག་ཁ་ཤས་ནང་ཡོང་བ་ཞིག་མ་རེད། འོན་ཀྱང་། གལ་ཆེ་ཤོས་དེ་རཱ་ཤི་ཡ་དམར་པོས་རོགས་འདེགས་མེད་ན། སྐབས་དེར་གུང་ཁྲན་ཏང་ལ་བོད་ཟ་བའི་སྟོབས་ཤུགས་ལྡན་ཡོད་པ་མ་རེད། རཱ་ཤི་ཡས་གཞོགས་འདེགས་རྒྱག
དོན་ནི་དམར་པོ་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་འཐབ་རྩོད་ཁྲོད་རྒྱལ་ཁ་ལེན་དགོས་ན་འཛམ་གླིང་གི་ཡང་རྩེར་དབང་བསྒྱུར་བྱེད་རྒྱུ་ནི་འཐབ་ཇུས་དང་འཐབ་རྩལ་ཡན་གར་བ་ཞིག་རེད། དམིགས་ཡུལ་དེ་སྒྲུབ་མཁན་ལ་རྒྱ་དམར་ཤོག་ཁག་གདམ་པ་རེད། དེར་བརྟེན་བྱ་དངོས་ནི་འགྱུར་བའི་རང་བཞིན་ཅན་ཡིན་པས། རྒྱ་དམར་གཞུང་གིས་བོད་འདི་སྔར་ནས་རྒྱ་ནག་གི་ཡིན་མདོག་བྱས་པ་རེད། དུས་ཡུན་འདིའི་ནང་ཚུད་པའི་མི་ཚང་མ་བེད་སྤྱོད་བཏང་ཡོད་པ་རེད། ཐ་ན་རྒྱལ་བ་རིན་པོ་ཆེ་ཏང་ལ་ཞུགས་ཀྱི་ཡིན་ཞེས་པའི་སྐད་ཆའང་བེད་སྤྱད་ཡོད་པ་རེད། དེ་བས། བོད་སྟོང་བ་འདི་ཕུན་དབང་ལྟ་བུའི་མི་བྱེ་བྲག་པ་ཞིག་ལ་ཐུག་ཡོད་ཅེས་པ་ནི་ལོ་རྒྱུས་ཀྱི་ཟིན་བྲིས་གཡོལ་ཐབས་ཙམ་མ་གཏོགས་དོན་དངོས་མ་རེད།
མའོ་ཤི་ནས་ཏན་ཞོ་པིང་རྒྱ་ནག་གི་སྲིད་འཛིན་ཆགས། ཕྱི་འབྲེལ་གྱི་སྒོ་མོ་ཕྱེས། ཆོས་ལུགས་དད་པའི་རང་མོས་སྤྲད། རིག་གནས་གསར་བརྗེ་སྐབས་སུ་བཙན་འཕྲོགས་བྱས་པའི་རྒྱུ་ནོར་གྱི་སྐྱིན་ཚབ་ཏོམ་ཙམ་རེ་ཕྱིར་སྤྲད་བྱས། བོད་ཀྱི་བླ་སྤྲུལ་མང་པོ་ལ་གོ་གནས་སྤྲད། བཙན་བྱོལ་བོད་མི་བོད་ལ་ཐུག་འཕྲད་ཡོང་བཅུག འགྱུར་བ་འདི་དག་ཀྲུང་གོ་སྤྱིའི་འགྱུར་བ་ཞིག་རེད། སྐབས་དེ་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་རང་དབང་སྤྲད་པའི་སྐབས་སུ་བོད་མི་གུན་ཁྲན་རིང་ལུགས་པ་ཚོས་ཆོས་དང་སྐད་ཡིག་ཐོག་ཏུ་སེམས་ཤུགས་ཡོད་མདོག་མ་བྱས་རང་བྱས་རེད།
བོད་ནང་དུ་དགོན་པ་རྣམས་བསྐྱར་དུ་གསར་བརྒྱབས་བྱས་སྐབས་སུ་སྔོན་མ་མར་གཏོར་མཁན་གུན་ཁྲན་རིང་ལུགས་པ་རྣམས་སྔོན་དུ་རྒྱུགས་ནས་ཡར་བརྒྱབས་གང་ཐུབ་བྱས་པ་རེད། སྐབས་དེ་དུས་ཕུན་དབང་གིས་ཀྱང་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་ཀྱི་ཐོག་ཏུ་སྐད་ཆ་བཤད་ཡོད་ཐག་ཆོད་རེད། དེ་དུས་ཡང་མར་གཏོར་དགོས་མདོག་མདོག་བཤད་ན་ཏན་ཞོ་པུང་གིས་བཙོན་དུ་བཅུག་གི་རེད་དོ།་་་་ཧཧཧ གུན་ཁྲན་ཏང་གི་ལྟོ་ཕོག་ཡང་རེག་མི་འོང་།
ཁྱེད་ཚོས་སྔོན་གྱི་་ཀུང་ཧྲེ་ཟེར་བ་དང་རིག་གནས་གསར་བརྗེ་ཟེར་བའི་དུས་སྐབས་དེ་ཚོའང་བརྗེད་མི་ཉན་ནོ། བོད་མི་འབུམ་ཕྲག་མུག་ཤི་ཐེབས་པ། རང་ཤི་བརྒྱབ་པ། སྨྱོན་པར་གྱུར་བ། ཕ་མ་ཉེ་སྤུན་ཁ་བྲལ་བ། རང་ཡུལ་བཞག་ནས་བྲོས་དགོས་ཐུགས་པ། རྒྱུ་ནོར་ཟོག་གསུམ་རྩ་གཏོར་དུ་བཏང་བ། དགོན་པ་སྟོང་ཕྲག་བཤིགས་པ། བླ་གྲྭ་ཁྲི་ཕྲག་བསད་པ། གསེར་དངུལ་ལོངས་སྤྱོད་ཁྱེར་བ། འཇོན་ཐང་ཅན་མང་པོ་འཐབ་རྩོད་དང་དམར་གསོད་བཏང་བ། བཙོན་དུ་བཅུག་པ་དབང་པོ་སྐྱོན་ཅན་དུ་བཟོསཔ། བླ་མའི་ཞལ་ལ་སྟུ་ཚ་པོ་་སྦྱར་བ། སྤྲུལ་སྐུའི་ཞལ་ནང་གཅིན་པ་ཚ་པོ་བཏང་བ། མཁན་པོའི་ཞལ་དུ་སྐྱག་པ་ཚ་པོ་བླུགས་པ། གཉའ་ལྟག་ནས་གཞོན་པ། གསུངས་རབ་དང་རྟེན་གསུམ་མེ་ལ་བརྒྱབ་པ། འོ་ཡ་ད། སྐབས་དེ་དུས་ནང་པའི་དམྱལ་བ་ཟེར་བ་དེ་བོད་ཡུལ་དུ་དངོས་གནས་མྱོང་དགོས་ཐུགས་པ་རེད། སྡུག་རིས་སྡུག་ཚད་དེ་ཆོས་ལྡན་ཡུལ་བྱུང་བ་རེད་དོ། དེའི་འགན་དང་སྡིག་པ་དེ་སུས་འཁུར་ཐུབ་བམ། ཡང་ན་སྔར་གྱི་བྱས་ཉེས་ལས་ཉེས་ལ་སེམས་སྡུག་ཅན་གྱི་བོད་མི་ཚོར་དགོངས་སེལ་ཞུ་མཁན་སུ་ཡོད་དམ། །
བོད་ཅིའི་ཕྱིར་རྒྱ་དམག་འོག་ཏུ་ཤོར་སོང་བ་རེད་ཅེས་པའི་དྲི་བ་འདི་ལ་ལན་རྒྱས་པ་ཞིག་རྒྱག་དགོས་ན་་དེབ་ཆེན་ཐག་ཆོད་ཤིག་འབྲི་དགོས་ཀྱི་རེད། ལན་མདོ་སྡུས་ཤིག་རྒྱབ་ན་་་བོད་ལ་ཐོན་ཁུངས་བཟང་བས་རྒྱ་དམག་གྱིས་ཟ་སོང་བ་རེད་ཅེས་ལན་བརྒྱབས་ན་འགྲིག་གི་རེད་འདོད།
ང་ཚོའི་གསེར་དངུལ་གཙོ་བོ་གྱུར་པའི་གཏེར་རིགས་བརྒྱ་ཕྲག་མང་པོ་དང་། ས་ཆུ་མེ་རླུང་འབྱུང་བ་བཞིའི་ཐོན་ཁུངས་ནི་འཛམ་གླིང་ཐོག་ཏུ་འགྲན་ཟླ་མེད་པར་འདོད། འདིའི་་ཆེད་དུ་རྒྱ་ནག་གིས་སྔ་ཕྱི་བར་དུ་ང་ཚོ་གཅིག་ཡིན་དང་གཅིག་གྱུར་ཡིན་ལབ་བསྡད་རེད། ཕྱུག་བདག་བོད་ཀྱི་རྒྱལ་ཁབ་ལ་སྤྲང་པོ་རྒྱ་ནག་པ་ཡར་རྒྱས་བཏངས་མཁན་བསླེབས་ཡིན་ཟེར་གི་རེད་་་ཧཧཧཧཧ དོན་དངོས་པོ་ཐོག་ཏུ་བོད་འདི་སྤྲང་པོ་ཞིག་ཡིན་ན་རྒྱ་ནག་པས་ང་ཚོ་ཁ་ཁར་ཡིན་ལབ་ཀྱི་རེད་བ་་་ཧཧཧ སྤྲང་པོ་དང་མཉམ་དུ་སྡོད་ཡོད་མཁན་ཞིག་མེད་པ་།
དྲང་མོར་བཤད་ན། བོད་ལ་ཆག་སྒོ་དེ་དག་མ་འབྱུང་བའི་ཡར་སྔོན་ཕུན་དབང་བཙོན་ལ་ཚུད་པ་རེད། དེ་བསམ་བློ་གཏོང་ས་གཅིག་རེད། གཞན་ཞིག་སྟེ། བོད་ལ་ཤེས་རིག་བསྐྱར་དར། སངས་རྒྱས་ཆོས་ལུགས་ཡང་དར། བོད་པ་ཡིན་པའི་བསམ་བློ་སླར་གསོ་སོགས་རྒྱ་དམར་གྱི་བཅོས་བསྒྱུར་སྒོ་དབྱེ་སྐབས་རེད་དེ། སྐབས་དེར་པཎ་ཆེན་རིན་པོ་ཆེ་ལྟ་བུའི་དཔའ་བོ་གདོང་མཆོངས་ཤིག་དང་། འབའ་བ་ཕུན་དབང་ལྟ་བུའི་གཞོགས་འདེགས་པ་ཞིག་མེད་ན། དེ་རིང་གི་གྲུབ་འབྲས་འདི་ཧ་ཅང་གི་དཀའ་མོ་རེད། དེ་བས། ལོ་རབས་བརྒྱད་ཅུའི་ནང་། རྒྱལ་ཁབ་ཕྱི་ལོགས་ཀྱི་ཏཱ་ལའི་དང་། ཏང་གི་ཕྱི་ལོགས་ཀྱི་པཎ་ཆེན། ཏང་གི་ནང་ལོགས་ཀྱི་ཕུན་དབང་གསུམ། རྒྱ་ནག་རྒྱལ་ཁབ་ཀྱི་ཉེན་ཁ་ཆེས་ཤོས་ཡིན་ཞེས་འཐབ་རྩོད་ཆེན་པོ་ཞིག་་བྱུང་བ་རེད། དོན་རྐྱེན་འདིས་ཆ་ཚང་གསལ་བཤད་བྱས་འདུག་པས། ཚང་མར་བསམ་བློ་ཞིབ་ཏུ་གཏོང་བའི་དཔྱད་གཞིར་འོས་ངེས་མ་རེད་དམ།
ངས་ལོ་མང་རིང་ཨ་རིར་དཀའ་ལས་བརྒྱབ་ནས་འཆར་འགོད་བགྱིས་པའི་གློག་བརྙན་དེའི་ནང་གི་འཁྲབ་སྟོན་པ་གཙོ་བོ་ཁྱི་རི་ཉོན་ཨ།
གང་མགྱོགས་སུ་རང་གི་གློག་བརྙན་སེར་པོ་དེ་སྤྱི་ཚོགས་སྟེང་བཀྲམས་ཐུབ་པའི་རེ་བ་ཡོད་ད།
མགོ་ཚོད་ལ་མ་ཚོད་ལ་མ་བགྱིད།
མེའི་འབྱུང་ཁུངས་འདྲ་མོ་དེའི་སྒང་ལ་རླུང་གི་འབྱུང་ཁུངས་འདྲ་མོ། ཁྱི་ཤེས་མེད་འདི་འདྲ་མོ་བོད་ལ་དཔེ་སྲིད་དོགས་མེད།
དེ་ལས་ངའི་འཆར་འགོད་ལྟར་དུ་གྱིས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བཟོས་པ་འདི་དག་ལ་པན་ཆེན་དང་ང་ཕོད་ཕུང་དབང་སོགས་ཀྱི་ཤུགས་རྐྱེན་ཏོག་ཙམ་རེ་ཡོད་པ་བརྒྱ་ཆ་བརྒྱ་རེད། ཁོ་ཚོ་བོད་གྲངས་ཉུང་མི་རིགས་ཀྱི་གནད་ཡོད་མི་སྣ་རེད། དེ་དང་དེ་བཞིན་བོད་ཀྱི་ས་གནས་ཁག་གི་འཐུས་མི་ཚོའི་ཤུགས་རྐྱེན་ཀྱང་ཏོག་ཙམ་ཡོད་ཀྱི་རེད་འདོད།
ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་དུ་རང་ཁྱིམ་དང་རང་བདག་དང་། སོ་སོའི་ཆོས་དང་སྐད་ཡིག་སྲུང་སྐྱོབ་བྱེད་ཆོག་པ་གསལ་གསལ་དག་དག་བཀོད་ཡོད། འདི་ཀྲུང་གོ་རྒྱལ་ཁབ་ཀྱི་ས་གནས་སྲིད་གཞུང་གི་བཅའ་ཁྲིམས་རེད། བཅའ་ཁྲིམས་འདིར་པན་ཆེན་དང་ང་ཕོད་ཕུང་དབང་གསུམ་གྱིས་བཟོས་པ་མ་རེད། འཐུས་མི་ཡོངས་ཀྱིས་བཟོས་པ་རེད། ཡུ་གུར་བ་ཡང་གཅིག་པ་རེད་བ། བོད་ལ་སོ་སོའི་སྐད་ཡིག་སྤྱོད་ཆོག་པ་འདི་ཧ་ལམ་པན་ཆེན་རིན་པོ་ཆེན་གྱིས་བཟོས་པ་མདོག་མདོག་འདྲ་ཞིག་བཤད་བསྡད་པ་འདི་དག་དོན་ལ་གནད་པའི་སྐད་ཆ་མ་རེད། ཀྲུང་གོ་སྤྱིའི་འགྱུར་བ་དང་འབྲེལ་བ་ཡོད་པ་ཞིག་རེད་མ་གཏོགས་ཁོ་ཚོ་གསུམ་འཇོན་དྲག་ནས་མ་རེད་འདོད་དོ་་་་ཧཧཧ
ད་ངས་གང་འཚམས་བཤད་ཟིན་པའི་ཁུལ་ཡིན། གོ་སྐབས་མི་གཞན་ལ་ཕུལ་གྱི་ཡིན། ལྷག་འཕྲོས་ག་ལེར་བགྲོ་གླེང་བྱེད་ཆོག གང་ལྟར་དེང་སྐབས་བླ་མ་གོ་ཆོད་ཁམས་པ་ཡོད། དགེ་བཤེས་གོ་ཆོད་ཁམས་པ་ཡོད། མཁས་པ་གོ་ཆོད་ཁམས་པ་ཡོད། དཔོན་པོ་གོ་ཆོད་ཁམས་པ་ཡོད། དཔའ་བོ་གོ་ཆོད་ཁམས་པ་ཡོད། མདོར་ན་བོད་དོན་རྒྱ་རི་དང་སྲི་ཐར་བར་གྱི་གྲོས་མོལ་ཡིན། དེ་བས། སྤོབས་པའི་སྙན་ངག་དང་ཅོ་རུའི་ཆེ་བསྟོད་དོན་ལ་ཧ་ཅང་གནས།
སྔ་མོ་མཁས་དབང་འཇམ་དབྱངས་ནོར་བུས། བོད་རྒྱ་ནག་གི་འོག་ཏུ་ཚུད་པའི་ནག་ཉེས་བརྒྱ་ཆ་བརྒྱ་ནས་བརྒྱ་བཀལ་མི་ཐུབ་ཀྱང་བརྒྱ་ཆ་བཅུ་སྐོར་ཕུན་དབང་གི་མགོར་ཡོད་ཟེར་བ་སྡོམ་ཚིག་ཆེན་པོ་ཞིག་ཏུ་ཚོར་བཞིན་ཡོད། ཐོག་མར་བོད་དེ་རྒྱ་ལག་ཏུ་བསྐྱལ། དེ་ནས་བོད་ཞེན་གྱི་རྩོམ་འགའ་སྤེལ་དུས་ཕྱིས་ཚར་རེད་དོ།
ཅོ་རིའི་རྩོམ་༢༢ པ་ལ་ངོས་ལེན་ཞུ།
འཇམ་ནོར་ཁྱི་སྙོན་ནང་བཞིན་ཐུག་ཚད་ལ་སོ་རྒྱབ་པ་མ་ཚད་སྦྱིན་བདག་ལའང་སོ་ཐེངས་མང་བརྒྱབ་པ་གོ་མྱོང། མི་དེ་འདྲར་ཁུངས་གཏུག་ནས་ཕུན་དབང་ལ་ཉེས་གཡོག་ཁུལ་བྱས་པ་རང་ཉིད་ཉམས་དམན་པས་སོ། ཕུན་དབང་རང་བཙན་འཐབ་རྩོད་པ་ཞིག་མིན་ཡང་རང་གི་མི་རིགས་དང་རིགས་གཞུང་རང་ཉིད་ཀྱི་བལྟ་བའི་ཐོག་ནས་བསྲུང་སྐྱོབ་ཀྱི་བྱ་བ་ལ་བློ་སྟོབས་ཆེན་པོའི་འབད་པ་བྱས་ཡོད། གང་ལྟར་ཕུན་དབང་ནི་ཆེས་རླབས་ཆེན་གྱི་ཕོ་རྒོད་ཤིག་རེད། ངས་ཁོང་ལ་བདེ་འགྲོ་དང་ངན་འགྲོའི་སྨོན་པ་ཅང་མེད་ལ་ནུས་པའང་མེད། ངས་ང་རང་རང་ཉིད་ལ་སྨོན་པ་ཞིག་ཡོད་པ་ནི་ཁོང་དང་མཉམ་པ་མ་བྱུང་ཡང་ཆ་ཤས་ཙམ་འགྱུར་བ་སྨོན། ཕོ་རྒོད་མཆོག་བདེ་བར་ཕེབས།
ཧཧཧ་་་གནམ་ལོ་ཡག་ལགས། ངས་ཁམས་པ་ཟེར་གྱི་ཏོག་ཙམ་མང་སོང་བ་འདྲ
ཤར་ཕྱོགས་བོད་ལ་རྒྱ་དམག་བསླེབས་དུས་སུ།
ཞིང་འབྲོག་མི་དམངས་དམར་གསོད་བཏངས་སྐབས་སུ།
དམར་ཡག་སྟག་གི་དཔའ་སྙིང་ཡོད་མཁན་དེ།
མདོ་སྨད་དཔའ་བོ་སྦྱིན་པ་རྒྱ་མཚོ་རེད།།། ལྷ་སྡེ་གནམ་ལོ་ཡག་ལགས་་་་བློ་ཕམ་པ་ཞིག་ལ་མདོ་སྨད་པའི་དཔའ་བོ་ཆེན་པོ་ཨ་མདོ་སྦྱིན་པ་རྒྱ་མཚོ་མཆོག་ལ་་ཨ་མདོ་བའི་རྩོམ་བྲིས་པ་ཚོས་གུས་བཀུར་གྱི་ཚིག་གཅིག་བྲིས་ཡོད་པར་མཐོང་མྱངས་མེད།
བོན་པོ་ལགས། སྔར་གྱི་བྱས་ཉེས་ལས་ཉེས་ལ་སེམས་སྡུག་ཅན་གྱི་བོད་མི་ཚོར་དགོངས་སེལ་ཞུ་མཁན་སུ་གང་མེད་པའི་ཐོག་ཏུ་ཉེས་ཅན་པ་རྣམས་དཔའ་བོ་དང་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་རེད་ཅེས་བསྒྲགས་ཀྱི་ཡོད་རེད། དེ་དག་ལ་རོ་ཐོག་རྟ་རྒྱུགས་ཟེར་ན་འགྲིག་གི་རེད།
རིག་གནས་གསར་བརྗེ་སྐབས་སུ་དྲིན་ཕ་མའི་དབུ་སྐྲ་ཡང་བཅད་སོང་བ་རེད། ང་ལ་ཆ་བཞག་ན་མི་ཚེ་འདི་ལ་བརྗེད་བྲལ་བའི་གནད་དོན་ཡིན།
བོད་ལ་སོ་སོའི་སྐད་ཡིག་སྤྱོད་ཆོག་པ་འདི་ཁོང་གསུམ་གྱིས་འཇོན་པ་མ་རེད། མའོ་ཙེ་ཏུང་གི་བཀའ་དྲིན་རེད་ཟེར་བ་ཨེ་ཡིན། ཧཧཧ དངོས་གནས་སྐད་ཆ་འདི་ཚོ་ལ་སྐྱག་དྲི་ཁ་ཡོང་གི་འདུག
ཁོང་ལ་ནག་ཉེས་དངོས་ནས་ཡོད་བ་རེད་བས།རིག་གསར་ཁོང་གི་སྒང་ལ་གཡོག་གི་ཡོད་ན་ནི་རྒྱུ་མཚན་མི་འདུག
་་་་་ ཐོག་མར་བོད་དེ་རྒྱ་ལག་ཏུ་བསྐྱལ། དེ་ནས་བོད་ཞེན་གྱི་རྩོམ་འགའ་སྤེལ་དུས་ཕྱིས་ཚར་རེད་དོ། ་་་་་
་་་་ དེ་བས། སྤོབས་པའི་སྙན་ངག་དང་ཅོ་རུའི་ཆེ་བསྟོད་དོན་ལ་ཧ་ཅང་གནས། ་་་་་
ཟེར་སྟངས་ལ་བལྟས་ན་ཁྱེད་གསུམ་ག་ཁམས་པ་མིན་པའི་རེ་བ་ཡོད། ཧཧཧ།
ཀརྡོ་ཕྱག་གཉེར་པ་ཁྱོད་རང་ཕྱི་ནང་ངོ་ཤེས་མཁན་ཞིག་རེད་འདུག་པས་དགའ་པོ་བྱུང་།
ང་ལ་མཚོན་ན་ཕུན་ཚོགས་དབང་རྒྱལ་གྱི་རིགས་ཞེན་དང་ཆོད་སེམས། བློ་སྤོབས་བཅས་ལ་དོགས་པ་མེད་ཅིང་ཡིད་སྨོན་བྱེད་མཁན་ཞིག་ཡིན་ཡང་། རྒྱ་ནག་གི་མགོ་སྐོར་འོག་ཏུ་ཚུད་པ་ནི་ཁོང་གི་ཞན་ཆ་རེད། མགོ་སྐོར་འོག་ཏུ་ཚུད་ནས་ཏང་གིས་ཅི་འདོད་དུ་བཀོད་ཅིང་། བེད་སྤྱོད་མེད་མཚམས་བཙོན་དུ་བཅུག་པ་ནི་བློ་ཕམ་གྱི་གཞི་ཞིག་རེད། བཙོན་དུ་བཅུག་ཀྱང་ཁོང་གིས་དེ་ལ་བདེན་ཁ་མ་སྤྲད་ཅིང་། རྒྱ་ནག་གུང་ཁྲན་ཏང་ལ་དུས་ཡུན་རིང་བོར་བཙོན་དུ་ཡིད་ཆེས་བྱེད་པ་ནི་ཁོང་གི་ཞན་ཆ་ཡིན་པ་མ་ཟད། བཙོན་དུ་མ་བཅུག་བར་དུ་རྒྱ་ནག་གིས་དེ་ལྟར་བྱེད་སྲིད་་པའི་དོགས་པ་ཙམ་ཡང་མེད་པ་ནི་དེ་བས་ཁོོང་གི་ཞན་ཆ་རེད། སྐབས་དེར་ཆབ་སྲིད་པ་ཚད་ལྡན་གྱི་གནས་ཚད་མ་འདངས་བའི་སྐྱོན་ཆ་ཆེ་ཤོས་སྙམ། གཅིག་བྱས་ན། ཁོང་སྐུ་ན་གཞོན་པས་ཡིན་སྲིད།
གང་ལྟར་ཁོང་གིས་བོད་ཀྱི་དོན་དུ་སྐུ་ངལ་བྱེད་པ་ཀུན་ལ་ཐུགས་རྗེ་ལེགས་འབུལ་དང་། རང་གི་ལངས་ཕྱོགས་དང་མྱོང་བ་རྗེས་རབས་པ་དག་ལ་བསླབ་བྱའི་ཚུལ་དུ་དེབ་ཏུ་བཀོད་ཅིང་། ལག་སྐྱེས་སུ་བཞག་པ་ནི་ཧ་ཅང་གི་རིན་ཐང་ཅན་དུ་མཐོང་། དེ་ནི་མི་རིགས་གཅིག་གི་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་དང་། ཕམ་ཉེས་ལས་བསླབ་བྱ་ཡོད་པའི་སྒྲོན་མེ་ཁོོ་ན་རུ་སྣང་། དེ་བརྟེན། སྐུ་ངལ་དང་ཉེན་ཁ་ལ་མ་འཛེམ་པར་དཔེ་དེབ་དེ་དག་མི་ཡུལ་དུ་བཞག་པ་ལ་ཐུགས་རྗེ་ཆེ། བོད་ཀྱི་མི་རབས་གསར་བ་ཚོ་ལ་ལེགས་སྐྱེས་སུ་བཞག་པར་ཐུགས་རྗེ་ཆེ།
ཉམས་མྱོང་ཅན་གྱི་བོད་མི་མང་པོ་ཞིག་གི་མི་ཚེ་འདི་ལྟར་ཟད་ཀྱང་རང་གི་མྱོང་བ་ཡིག་ཐོག་ཏུ་བཀོད་མཁན་ཉུང་བས། བཀོད་མཁན་ཀུན་ལ་ཐུགས་རྗེ་ལེགས་འབུལ་ཡོད། རྒྱུ་མཚན་ནི། དེ་དག་རྟོགས་བཏགས་དང་སེམས་འཚོར། རག་བཤད་དང་ཁ་གཡང་། སྤྱི་སྡོམ་ཙམ་མིན་པ་མི་སྒེར་གྱི་དངོས་རྒྱུད་དང་རྒྱུད་རྒྱུད་ཀྱི་མྱོང་བ་ཁོ་ན་ཡིན་པས། བླ་མེད་ཀྱི་རིན་ཐང་དུ་མཐོང་བས་ཡིན།
རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་བླ་མའི་གཉག་གར་ཞོན་མཁན་དང་ཞལ་ལ་མོ་མཚན་སྦྱོར་མཁན། བླ་སྤྲུལ་དགེ་བཤེས་ལ་བཙན་ཤེད་ཀྱིས་ལོག་གཡེམ་བྱེད་དུ་འཇུག་མཁན་གྱི་བོད་མོ་ནང་པ་དེ་རིགས་དང། དགོན་པ་ལྷ་ཁང་གཏོར་བཤིག་གཏོང་མཁན་གྱི་བོད་རིགས་གསར་བརྗེ་ཧུར་བརྩོན་པ་དེ་ཚོ་་་ཕྱིས་སུ་སྲིད་བྱུས་གུ་ཡང་དང་ཆོས་སྒོ་དབྱེ་དུས་ཆོས་སེམས་ཆེ་ཤོས་ལྷ་ཁང་བསྐྱར་བཞེངས་བྱེད་རོགས་བྱེད་མཁན་གཙོ་བོ་རེད་ཟེར་གྱི་འདུག་ག། བྱས་ཙང་དང་པོ་གཏོར་རྒྱུའི་རིགས་ཚང་མ་གཏོར་ཕྱིས་སུ་མི་རིགས་ཀྱི་ལར་ཞེན་དང་རང་ཡུལ་ལ་ཤ་ཚ་བྱེད་མཁན་དེ་རིགས་ལ་་་་་་་་བསྟོད་སྨད་གང་བྱེད་དགོས་པ་རེད་དམ།
ངས་ཕུན་དབང་ལ་ཁམས་པའི་ཕོ་རྒོད་ཅེས་པའི་ཆེ་བསྟོད་ཀྱི་ཚིག་ཁ་ཤས་བྲིས་པ་འདི་ནི་ཁོང་གྲོང་གསེབ་ཞིང་པའི་བུ་ཕྲུག་ཅིག་གི་འཇོན་ཐང་དང་། ཤེས་རྒྱ། མིག་རྒྱང་། དཔའ་སྟོབས་བཅས་ཀྱིས་ཡིད་འཕྲོད་ནས་བྲིས་པ་ཡིན།
ང་ཕོད་ངག་དབང་འཇིགས་མེད་ལགས་འགས་དུས་ངས་ཁོང་ལ་དགག་རྒྱག་གི་རྩོམ་ཞིག་བྲིས་པ་ཡིན། ང་ཕོད་དང་འབའ་བ་ཕུན་དབང་གཉིས་བསྡུར་ནས་བལྟས་ན་ཧ་ཅང་ངོ་མཚར་ཆེ་བའི་གནས་ལུགས་མ་པོ་ཞིག་མཐོང་གི་འདུག ཁོང་གཉིས་སྒེར་གྱི་འཇོན་ཐང་དང་། དཔའ་སྤོབས།་བོད་སྤྱི་ལ་བཞག་པའི་བྱས་རྗེས་གང་ཐད་ནས་ཀྱང་ཁོང་གཉིས་ནི་ས་དང་གནམ་གྱི་ཁྱད་པར་འདུག དྲ་གྲོགས་ཚོས་ཀྱང་ལས་ཀའི་བར་གསེང་ལ་རང་རང་གིས་ཤེས་རྒྱ་དང་བསྟུན་ནས་ཁོང་གཉིས་བསྡུར་ནས་བསམ་གཞིག་རེ་གྱིས་དང་གོ་རྟོགས་མང་པོ་རྙེད་པར་གདོན་མི་ཟ།
ཅོ་རི་ཉི་མ་ལགས་ཀྱི་ངས་ཕུན་དབང་ལ་རྗེས་དྲན་བྲིས་པ་དེའི་ཁ་གཏད་ལྟ་བུར་ལི་ཐང་ཨ་ཐར་སོགས་བཟང་ཚུལ་གྱི་ཚིགས་བཅད་བྲིས་པ་དེས་ནི་མིའི་གཤིས་ཀ་རུལ་སུང་གི་ཕྱོགས་གཅིག་མཐོང་ཐུབ་ཀྱི་འདུག ལི་ཐང་ཨ་ཐར་གྲོངས་དུས་སུ་ཅོ་རི་ཁུ་སིམ་མེར་བསྡད་སོང་། རྗེས་དྲན་ཆེ་བསྟོད་ཚིག་གཅིག་ཀྱང་སྤེལ་བ་མ་མཐོང་། དེ་རིང་ཕུན་དབང་འདས་དུས་སྐབས་སུ་མ་བབ་པར་འདི་ལྟར་འབྲི་ཁུལ་བྱས་པ་དེས་ནི་ཁོ་རང་གི་མི་གཤིས་གསལ་སྟོན་ཙམ་ལས་གཞན་གང་ཡང་མཐོང་གི་མི་འདུག
ལྷ་སྡེ་གནམ་ལོ་ཡག་མཆོག་ནི་ནམ་ཡིན་ཡང་འདིར་གནད་ལ་ཁེལ་ཞིང་གོ་རྟོགས་སྤེལ་བའི་སྐད་ཆ་གསུངས་པ་ཧ་ཅང་ལེགས། ཕུན་དབང་གིས་རྒྱ་དམག་ཁྲིད་ཟེར་མཁན་ཚོས་དེ་ལ་ཁུངས་སྐྱེལ་རེ་ངེས་པར་དུ་ཡང་བྱེད་རོགས། རྒྱ་བོད་ཕྱོགས་གང་རུང་གི་ཡིག་ཆ་དང་། ངག་རྒྱུན། རང་རང་གི་རིག་པས་དཔྱད་པའི་རྒྱུ་མཚན་ཡིན་ན་ཡང་འགྲིགས།
རྒྱ་དམག་གིས་བོད་ལ་བཙན་འཛུལ་དེ་ཆབ་མདོའི་གཡུལ་འགྱེད་ཀྱི་སྐབས་ནས་བོད་དུ་འཛུལ་ཚར་བ་རེད། སྐབས་དེར་ཕུན་དབང་རྒྱ་དམག་དང་མཉམ་དུ་ཡོད་པ་མ་རེད། རྗེས་སུ་ཕུན་དབང་རྒྱ་དམག་དང་མཉམ་དུ་ཡོང་བ་རེད། དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཟེར་བའི་་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་པེ་ཅིང་གཞུང་དང་ལྷ་སའི་གཞུང་གཉིས་ང་དགའ་ཁྱོད་ཡག་གི་མགྲོན་འབོད་རེས་བྱེད་བཞིན་པའི་སྐབས་སུ་རེད། པཎ་ཆེན་ཡང་རྒྱ་དམག་གི་སྐུ་སྲུང་དང་ལྷན་དུ་ཡོང་བ་རེད།
གོང་དུ་དྲ་གྲོགས་ཁ་ཤས་ཤིག་གིས་ངས་ཁོང་ལ་ཆེ་བསྟོད་དུ་ཁམས་པ་ཁམས་པ་ཟེར་བའི་ཚིག་མང་པོ་བེད་སྤྱད་པ་དེས་མི་ལ་ས་ཁུང་ལུང་ཀྱོག་གི་ཞེན་ཁོག་སློང་ངེས་པས་ཅུང་མི་ལེགས་པར་བཤད་པ་དེ་ལྟ་བུ་དེ་ཕྱོགས་གཅིག་ནས་བདེན་ཡང་། མི་ཞིག་གིས་ཁམས་པ་ཟེར་བའི་མིང་ཐོས་དུས་ནས་ཁོང་ཁྲོ་ལངས་ཡོང་མཁན་ཞིག་ཡིན་ན་དང་པོ་ནས་འཆུག་ཚར་བ་ཡིན་པས་ཁམས་པ་ཟེར་བའི་མིང་ཚིག་བེད་སྤྱོད་མ་བཏང་ན་ཡང་ཕན་ཐོགས་ཁག་པོ་རེད་བསམ། འབའ་བ་ཕུན་དབང་ཁམས་སུ་འཁྲུངས་ན་ཡང་། ཁོང་གི་ཕྱག་ལས་ནི་ཐོག་མ་ནས་མགོ་བཙུགས་ཏེ་བོད་སྤྱི་ཁྱོན་ཡོངས་ལ་ཁ་གཏད་ནས་བྱས་ཡོད་པས་ཁམས་པ་ཚོའི་མིག་དཔེ་ལྟ་བུར་གྱུར་ཡོད་ཚུལ་ངའི་རྩོམ་གྱི་ནང་དོན་ཡང་ཡིན།
ངས་ང་ཕོད་འདས་དུས་སུ་ཁོང་གི་ཕྱག་ལས་དགག་རྒྱག་གི་རྩོམ་ཞིག་བྲིས་མྱོང་། དེ་ནི་ང་ཕོད་ཐོག་མ་ནས་སྐུ་དྲགས་དཔོན་རིགས་མཐོ་གྲས་ཞིག་ཡིན་ན་ཡང་གསར་བརྗེའི་སྐོར་ལ་སྐད་ཆ་བཤད་མྱོང་མེད། བར་དུ་བོད་གཞུང་གིས་གོ་གྱོན་མཚོན་ཐོགས་བྱེད་དུ་བཅུག་ནས་དམག་སྤྱིར་བསྐོས་དུས་སུ་ཆབ་མདོར་གོ་མཛོད་མེར་བསྲེགས་ནས་རྒྱ་ལ་མགོ་འབུལ་ལུས་འབུལ་བྱས། དེ་ནས་བཟུང་དཔོན་རིགས་མཐོ་གྲས་ཤིག་གི་གོ་སར་འགྱེང་ནས་མི་ཚེ་བསྐྱལ་བ་མ་གཏོགས་བོད་མི་མང་གི་སྐོར་ལ་གཏམ་བཤད་ཅིག་ཀྱང་སྤེལ་མ་མྱོང་།
འབའ་བ་ཕུན་དབང་ཞིང་པའི་བུ་ཕྲུག་ཅིག་གིས་བསམ་བློ་ཆེན་པོ་ཞིག་ཁུར་ནས་ཉེན་ཁར་མ་འཛེམ་པས་ལྷ་སར་བཅར་ཞིང་བོད་གཞུང་ལ་གསར་བརྗེའི་སྐོར་གྱི་སྙན་ཞུ་ཕུལ། བར་དུ་ཅི་དྲགས་གང་དྲག་གིས་རྒྱལ་བ་པཎ་ཆེན་གཉིས་ཀྱི་ཕྱག་ལས་གང་བྱས་ལ་ཕྱག་རོགས་གང་ཡོང་ཞུས། ཐ་མར་རང་ཉིད་པེ་ཅིང་དུ་གནས་བཞིན་དུ་རྒྱ་དམར་གཞུང་ལ་བོད་མི་རིགས་ཀྱི་བདེ་སྡུག་དང་། ཆེ་ས་ནས་རྒྱལ་བ་རིན་པོ་ཆེའི་བོད་དུ་ཕེབས་འཇུག་དགོས་པའི་སྐོར་སོགས་ཀྱང་སྙན་ཞུ་ཕུལ། རྒྱ་དམར་གྱི་ངན་མཚངས་ཡོད་ཚད་ལོ་རྒྱུས་དངོས་ཡོད་ཀྱི་མྱོང་བ་དང་སྦྱར་ནས་ཕྱི་རབས་པ་ལ་ཁ་ཆེམ་སཀྱི་ཚུལ་དུ་ཡིག་ཆར་བྲིས་ནས་བཞག་པ་སོགས་ནི་བོད་སྤྱི་དོན་ཐད་ལ་ང་ཕོད་དང་འབའ་བ་ཕུན་དབང་གཉསི་ཀྱི་མི་འདྲ་ས་རེད། མི་སྒེར་གྱི་འཇོན་ཐང་དང་མི་གཤིས་ལ་དཔྱད་ན་དེ་ལས་ཀྱང་གནམ་དང་ས་ཡི་ཁྱད་པར་རེད། རང་རང་གིས་དཔྱོད་དང་བསམ་བློ་གཏང་ས་འདུག
ཧཧཧ་་སྤོབས་མཐའ་་ཁྱོད་ཀྱི་མི་གཞི་གླུད་རྫས་འདྲ་དེར་ཤེས་ཀྱི་ཡོད་ལ་རིག་གནས་གསར་བརྗེ་སྐབས་སུ་རྒྱ་དམག་གྱི་རྒྱུགས་ཁྱི་ཡིན་པའི་སྤྲང་པོའི་ཁྱིམ་ཚང་ཞིག་གི་ནང་དུ་སྐྱེས་པའི་སྤྲང་ཕྲུག་ཞིག་ཡིན་པར་ཡང་ཉིན་རེའི་བྱ་སྤྱོད་ལ་ལྟས་ན་གསལ་པོ་རེད་འདུག་ག
ཁྱོད་ཀྱིས་ཕུན་དབང་ཞིང་པའི་ཁྱིམ་ཚང་སྐྱོ་པོ་ཞིག་ལ་སྐྱེས་པ་རེད་ཅེས་འགྲེལ་དགོས་ལེ་མ་རེད། མའོ་ཡི་རྗེས་འཇུག་གུན་ཁྲན་རིང་ལུགས་པ་བརྒྱ་ཆ་དགུ་བཅུ་གོ་དགུ་སྤྲང་ཕྲུག་ཤ་དག་རེད། མི་གཤིས་མེད་པའི་མི་ཤ་དག་རེད། བྱས་ཙང་མི་སེར་ས་ཡ་མང་པོ་དམར་གཅོད་དང་མུ་གེ། བཙོན་འཇུག་དང་རྡུང་རྡེག་བཏངས་པ་རེད། དེ་སྤྲང་ཕྲུག་ཚོས་བཞག་པའི་བྱས་རྗེས་རེད། མའོ་ཡང་ཞིང་པ་ཁྱིམ་ཚང་སྐྱོ་པོ་ཞིག་གི་བུ་རེད།
ང་ཕོད་ཀྱིས་མགོ་འབུལ་ལུས་འབུལ་བྱས། ཕུན་དབང་གིས་མགོ་འབུལ་ལུས་འབུལ་མ་བྱས་པ་ཨེ་རེད། མའོ་དང་འདྲ་མཉམ་ཐོག་ནས་བོད་མི་དམངས་བདེ་སྡུག་སྐད་ཆ་བཤད་བསྡད་པ་ཨེ་རེད། ཧཧཧ་་་ཁུངས་ལུང་མེད་པའི་སྐད་ཆ། དྲང་བདེན་མེད་པའི་སྐད་ཆ། འདྲ་མཉམ་མེད་པའི་སྐད་ཆ།
ཁམས་པའི་དཔའ་བོའི་མིང་ཁུར་མཁན་དེ་ཨ་འབྲུག་མགོན་པོ་བཀྲ་ཤིས་དང་ལི་ཐང་ཨ་ཐར་་་འབའ་པ་རྒན་ཡེ་ཤེས་ལྟ་བུ་རྣམས་ལ་འབོད་ན་འགྲིག་གི་རེད་་་མ་གཏོགས་གསར་བརྗེ་བའི་སྤྲང་ཕྲུག་བོད་མི་བསད་མཁན་དེ་འདྲ་ལ་ཁམས་པའི་དཔའ་བོ་ཟེར་ན་་་མདོ་ཁམས་ལ་རྒྱ་དང་མཚན་སྙན་བརྫད་ཀྱི་རེད།་་་གོ་བྱུང་ངམ་་་་རྗེས་མ་ནས་དཔའ་བོ་སུ་ཡིན་ངོ་ཤེས་པ་བྱོས་ཨ།
ཁམས་པའི་ཕོ་རྒོད་གཅིག་གིས་ཕ་བླ་བཙོང་།།
དབུས་པའི་སྐུ་ཞབས་ཤིག་གིས་མ་རབས་བྲིས།།
ཨ་མདོའི་བླ་སྤྲུལ་ཅིག་གིས་རྒྱལ་ཁབ་གཡུགས།།
མདོ་དབུས་ཁམས་པའི་རླུང་རྟ་མེ་ཆུར་སྒྲོན།།
རྒྱ་དམར་བོད་ལ་བཙན་འཛུལ་བྱེད་པའི་རྫེས།
བོད་པ་མང་པོ་བཙན་བྱོལ་འབྱོར་བའི་རྗེས།
སྐྱིད་སྡུག་མཉམ་ཉོང་མ་བྱེས་བོད་པ་འགའ།
གཅིག་རྗེས་གཉིས་ཐུད་ཐེ་བེན་ཡུལ་སོང།
བཙན་བྱོལ་གཞུང་དམངས་གཉིས་ལ་རྒྱབ་འགལ་བྱེས།
འདི་དག་ཁམས་པའི་ཕོ་རྒོད་འགའ་ཡི་མཛད་རྗེས་ཡིན།
བོད་རྒྱུད་ནང་བསྟེན་རྒྱ་ཡི་གཏོར་བའི་རྗེས།
བཙན་བྱོལ་གཞུང་དམངས་གཉིས་ནས་བསྐྱར་གསོལ་བྱེས།
ཆོས་དང་འདྲེ་ཡི་དབྱེ་བ་མི་ཤེས་མཁན།
སྒོར་ཡི་ཆེད་དུ་རྒྱ་ལ་འགོ་འདོགས་མཁན།
བྲོད་པའི་ཆེད་དུ་རང་རིགས་དགྲ་རུ་འཛིན་མཁན།
འདི་དག་ཁམས་པའི་ཕོ་རྒོད་འགའ་ཡི་འཇོན་ཐང་ཡིན།
བོད་མི་རིགས་ཀྱི་བདེ་སྡུག་གནས་སྟངས་ཐོག་རྒྱང་གཟིགས་ཀྱིས་སྐུ་ཚེ་ཧྲིལ་པོར་ལམ་ཕྱོགས་གཏན་པོའི་ཐོག་ཕྱི་ནང་གི་དཀའ་ངལ་ཚང་མ་དང་དུ་ལེན་པའི་དཔའ་བོ། འབའ་པ་ཕུན་ཚོགས་དབང་རྒྱལ་སྐུ་ཚེའི་འཕེན་པ་རྫོགས་པ་འདི་ནི། བོད་མི་རིགས་ལ་མཚོན་ན་བོད་དོན་འཐབ་རྩོད་ནང་ངོ་མ་གདོང་མཆོངས་ཀྱི་དཔའ་བོ་ཞིག་ང་ཚོ་དང་ཁ་གྱེས་པའི་ཡིད་སྐྱོའི་གནས་ཚུལ་ཞིག་རེད། འོན་ཀྱང་དབའ་བོ་ཁོང་ལ་མཚན་སྨོད་དང་བཀུར་འདེབས་ཞུས་མཁན་དྲྭ་འབུ་འགའ་རེས་དགའ་འབོད་བྱེད་བཞིན་འདུག དེ་རིང་དུས་ཚོད་ཡོད་དཔའ་བོ་ཁོང་ལ་རྗེས་དྲན་གྱི་སྙན་ངག་མང་པོ་འདུག དེ་དང་མཉམ་དུ་མཆན་འགོད་པའང་རང་ཉིད་ཀྱི་བསམ་ཚུལ་བྲིས་མཁན་ཡང་མི་ཉུང་བ་ཞིག་འདུག ངས་ཞིབ་ཏུ་བཀླགས་དུས་དཔའ་བོ་ཁོང་གྲོངས་པར་དགའ་འབོད་བྱེད་མཁན་རིགས་གཉིས་སུ་དགར་ཆོག་པ་འདུག རིགས་གཅིག་ནི་རིག་གནས་དང་ཆབ་སྲིད་ཀྱི་གོ་རྟོག་ཕྲན་བུ་ཡོད་ཀྱང་ཕྱོགས་ལྷུང་གི་ལིང་ཏོག་དེས་མིག་ཡ་ཞར་ནས་ཕྱོགས་གཅིག་ཁོ་ན་ལས་མི་མཐོང་མཁན་དག་རེད་འདུག །རིགས་གཅིག་ཤོས་དེ་ནི་དཔེར་ན་ཅོ་རོ་ཉི་མ་ཅན་ལྟ་བུ་རང་ཉིད་ལ་འདས་མ་ད་གསུམ་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་བབས་འཇལ་བྱེད་ཚད་ཤིང་ཏེ་ཤེས་ཡོན་གང་ཡང་མེད་པར་གཞན་གྱི་ཟེར་སྒྲོས་རྗེས་སུ་རང་གི་་མིག་གཉི་ཀ་བཙན་གྱིས་བཙུམས་མཆོངས་རྐྱང་བྱེད་མཁན་སྟོང་པ་སྟོང་རྐྱང་དེ་ཚོ་རེད་འདུག།། །། ༼མཆན་ཐུང་འདིར་བཏགས་ནོར་ཡོད་སྲིད། དུས་ཚོད་མེད་པས་ཕྱིར་བལྟས་བྱེད་མེད༽
དྲྭ་གྲོགས་ཅོ་རི་ཉི་མ་ལགས། །
ཁྱེད་ཀྱི་གསུངས་སྐད་དེ་བདག་གིས་ཐོས་ཡོད་དོ། །
ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་དྲང་གསུང་འདུག་དགའ་སུ་པོད་་་དངོང་ཡོད་མཐུན་རེད་འདུག་མི་བསམ་བློ་པ་ཞིག་རེད་འདུག་་་
དྲ་གྲོགས་ཅོ་རི་ཉི་མའི་མཆན་༼༣༩༽ཡིས་སྤོབས་མཐའ་མཐའ་ལ་བཅུག་འདུག རིགས་པ་གཏོང་སྟངས་འདི་འདྲ་གཏོང་དགོས་ཀྱི་འདུག
ཧཧ་ངོ་མ་བོད་མི་འདི་ཚོ་ལ་གདོན་ཞིག་ཞུགས་འདུག ཁྱི་རྒན་རྗེས་ལ་སྤྱང་་ཁུ། སྤྱང་ཁུའི་རྗེས་ལ་ཅེ་སྤྱང་མཆོངས་བཞིན་འདུག་པས་མི་རིགས་འདིའི་རླུང་རྟ་ཐུར་ནས་ཐུར་དུ་བཙན་གྱིས་བརྫངས་བཞིན་པ་འདྲ།།
# 39 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
་་་་ ཁྱོད་ཀྱིས་ཕུན་དབང་ཞིང་པའི་ཁྱིམ་ཚང་སྐྱོ་པོ་ཞིག་ལ་སྐྱེས་པ་རེད་ཅེས་འགྲེལ་དགོས་ལེ་མ་རེད། མའོ་ཡི་རྗེས་འཇུག་གུན་ཁྲན་རིང་ལུགས་པ་བརྒྱ་ཆ་དགུ་བཅུ་གོ་དགུ་སྤྲང་ཕྲུག་ཤ་དག་རེད། མི་གཤིས་མེད་པའི་མི་ཤ་དག་རེད།
བྱས་ཙང་མི་སེར་ས་ཡ་མང་པོ་དམར་གཅོད་དང་མུ་གེ། བཙོན་འཇུག་དང་རྡུང་རྡེག་བཏངས་པ་རེད། དེ་སྤྲང་ཕྲུག་ཚོས་བཞག་པའི་བྱས་རྗེས་རེད། མའོ་ཡང་ཞིང་པ་ཁྱིམ་ཚང་སྐྱོ་པོ་ཞིག་གི་བུ་རེད། ་་་་་་
ངས་ཀྱང་གུང་བྲན་པ་མང་ཆེ་བ་སྤྲང་ཕྲུག་མ་རབས་འདི་འདྲ་རྐྱང་རྐྱང་ཡིན་པ་གོ་བྱུང་བས་འདིར་ཅོ་ཉི་མ་བདེན་པ་འདུག་སྙམ་ལགས།
# 36 བན་དེ་བ།་ལགས་ཀྱིས་མཆན་བཏབ་པ།:
April 1st, 2014 at 2:29 PM
རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་བླ་མའི་གཉག་གར་ཞོན་མཁན་དང་ཞལ་ལ་མོ་མཚན་སྦྱོར་མཁན། བླ་སྤྲུལ་དགེ་བཤེས་ལ་བཙན་ཤེད་ཀྱིས་ལོག་གཡེམ་བྱེད་དུ་འཇུག་མཁན་གྱི་བོད་མོ་ནང་པ་དེ་རིགས་དང། དགོན་པ་ལྷ་ཁང་གཏོར་བཤིག་གཏོང་མཁན་གྱི་བོད་རིགས་གསར་བརྗེ་ཧུར་བརྩོན་པ་དེ་ཚོ་་་ཕྱིས་སུ་སྲིད་བྱུས་གུ་ཡང་དང་ཆོས་སྒོ་དབྱེ་དུས་ཆོས་སེམས་ཆེ་ཤོས་ལྷ་ཁང་བསྐྱར་བཞེངས་བྱེད་རོགས་བྱེད་མཁན་གཙོ་བོ་རེད་ཟེར་གྱི་འདུག་ག། བྱས་ཙང་དང་པོ་གཏོར་རྒྱུའི་རིགས་ཚང་མ་གཏོར་ཕྱིས་སུ་མི་རིགས་ཀྱི་ལར་ཞེན་དང་རང་ཡུལ་ལ་ཤ་ཚ་བྱེད་མཁན་དེ་རིགས་ལ་་་་་་་་བསྟོད་སྨད་གང་བྱེད་དགོས་པ་རེད་དམ།
བསྟོད་པའི་གཞི་ཡོད་མ་རེད།
་་་་་་་ བླ་མའི་གཉག་གར་ཞོན་མཁན་དང་ཞལ་ལ་མོ་མཚན་སྦྱོར་མཁན། བླ་སྤྲུལ་དགེ་བཤེས་ལ་བཙན་ཤེད་ཀྱིས་ལོག་གཡེམ་བྱེད་དུ་འཇུག་མཁན་གྱི་བོད་མོ་ནང་པ་དེ་རིགས་་་་་་་་
་་་་་་་ ཁམས་པའི་དཔའ་བོའི་མིང་ཁུར་མཁན་དེ་ཨ་འབྲུག་མགོན་པོ་བཀྲ་ཤིས་དང་ལི་ཐང་ཨ་ཐར་་་འབའ་པ་རྒན་ཡེ་ཤེས་ལྟ་བུ་རྣམས་ལ་འབོད་ན་འགྲིག་གི་རེད་་་་་་་
་་་་་་་་ སྐབས་དེར་པཎ་ཆེན་རིན་པོ་ཆེ་ལྟ་བུའི་དཔའ་བོ་གདོང་མཆོངས་ཤིག་དང་། འབའ་བ་ཕུན་དབང་ལྟ་བུའི་གཞོགས་འདེགས་པ་ཞིག་མེད་ན། དེ་རིང་གི་གྲུབ་འབྲས་འདི་ཧ་ཅང་གི་དཀའ་མོ་རེད།་་་་་་་
་་་་་་ # 23 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
April 1st, 2014 at 9:42 AM
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བཟོས་པ་འདི་དག་ལ་པན་ཆེན་དང་ང་ཕོད་ཕུང་དབང་སོགས་ཀྱི་ཤུགས་རྐྱེན་ཏོག་ཙམ་རེ་ཡོད་པ་བརྒྱ་ཆ་བརྒྱ་རེད། ་་་་་་་
་་་་་་ # 25 བཙན་བྱོལ་བ་་ལགས་ཀྱིས་མཆན་བཏབ་པ།:
April 1st, 2014 at 10:02 AM
སྔ་མོ་མཁས་དབང་འཇམ་དབྱངས་ནོར་བུས། བོད་རྒྱ་ནག་གི་འོག་ཏུ་ཚུད་པའི་ནག་ཉེས་བརྒྱ་ཆ་བརྒྱ་ནས་བརྒྱ་བཀལ་མི་ཐུབ་ཀྱང་བརྒྱ་ཆ་བཅུ་སྐོར་ཕུན་དབང་གི་མགོར་ཡོད་ཟེར་བ་སྡོམ་ཚིག་ཆེན་པོ་ཞིག་ཏུ་ཚོར་བཞིན་ཡོད། ཐོག་མར་བོད་དེ་རྒྱ་ལག་ཏུ་བསྐྱལ། དེ་ནས་བོད་ཞེན་གྱི་རྩོམ་འགའ་སྤེལ་དུས་ཕྱིས་ཚར་རེད་དོ། ་་་་་
་་་་་་་་ གང་ལྟར་དེང་སྐབས་བླ་མ་གོ་ཆོད་ཁམས་པ་ཡོད། དགེ་བཤེས་གོ་ཆོད་ཁམས་པ་ཡོད། མཁས་པ་གོ་ཆོད་ཁམས་པ་ཡོད། དཔོན་པོ་གོ་ཆོད་ཁམས་པ་ཡོད། དཔའ་བོ་གོ་ཆོད་ཁམས་པ་ཡོད། ་་་་་་་
་་་་་་་ ཕུན་དབང་རང་བཙན་འཐབ་རྩོད་པ་ཞིག་མིན་ཡང་རང་གི་མི་རིགས་དང་རིགས་གཞུང་རང་ཉིད་ཀྱི་བལྟ་བའི་ཐོག་ནས་བསྲུང་སྐྱོབ་ཀྱི་བྱ་བ་ལ་བློ་སྟོབས་ཆེན་པོའི་འབད་པ་བྱས་ཡོད། གང་ལྟར་ཕུན་དབང་ནི་ཆེས་རླབས་ཆེན་གྱི་ཕོ་རྒོད་ཤིག་རེད། ་་་་་་་
# 35 ཨ་ནུ་ཐང་བསོད་ནམས།་ལགས་ཀྱིས་མཆན་བཏབ་པ།:
April 1st, 2014 at 1:59 PM
ང་ལ་མཚོན་ན་ཕུན་ཚོགས་དབང་རྒྱལ་གྱི་རིགས་ཞེན་དང་ཆོད་སེམས། བློ་སྤོབས་བཅས་ལ་དོགས་པ་མེད་ཅིང་ཡིད་སྨོན་བྱེད་མཁན་ཞིག་ཡིན་ཡང་། རྒྱ་ནག་གི་མགོ་སྐོར་འོག་ཏུ་ཚུད་པ་ནི་ཁོང་གི་ཞན་ཆ་རེད། ་་་་་་་
དེང་རང་བཙན་རྩོད་མཁན་གྱི་མི་ཁག་ཅིག་གིས་འབའ་པ་ཕུན་དབང་གི་མཚན་སྙན་མ་བཟོད་པར་རང་གིས་རང་ཞིག་ལ་ཁས་ལེན་བྱས་ཆོག་པ་དང་། གང་ཞིག་ལ་ཁས་ལེན་བྱ་མི་རུང་པའང་ཤེས་ཀྱི་མེད་པ་འདྲ།
འབའ་པ་ཕུན་དབང་གིས་རང་གི་ལོ་རྒྱུས་དེ་ཡག་པོ་ཞིག་བསྡོམས་རྒྱབ་ཡོད་རེད། དེ་ལ་རྩོད་པ་ཡོད་པ་མ་རེད། བོད་མི་རིགས་ལ་ཤ་ཞེན་ཡོད་ཟེར་བའང་བདེན་ན་ཐང་། མི་བདེན་ནའང་ཐང་། དེ་གནས་ཚུལ་གཞན་ཞིག་རེད། ཁོས་གང་ཞིག་བྱས་པ་དེ་བོད་ལ་ཕན་འདུག་གམ་གནོད་འདུག བོད་མི་མང་གིས་དང་ལེན་བྱས་འདུག་གམ་མི་འདུག གནད་དོན་འདི་སྐབས་དེའི་བོད་རིགས་དམར་དམག་ཁག་ཅིག་གིས་དང་ལེན་བྱས་མིན་གྱི་གནད་དོན་ཞིག་མ་རེད། རྩ་བའི་རྩ་བ་དགོས་མཁོ་ལ་བལྟ་དགོས།
དེ་ནས་གཞན་ཞིག་ནི་འབའ་པ་ཕུན་དབང་གིས་རང་གོ་ལོ་རྒྱུས་དེའི་ནང་མཐའ་བསྡོམས་ག་རེ་རྒྱབ་ནས་མཚམས་བཞག་ཡོད་རེད། འདི་ཧ་ཅང་གནད་འགག་ཡིན་པ་ཙམ་དུ་མ་ཟད་ཁོས་གང་བྱས་པ་ཚང་མའི་འབྱུང་ཁུངས་སྟོན་བྱེད་རེད།
ད་དུང་དེང་མི་མང་དག་ཅིག་གིས་ཁོ་ལ་མི་རིགས་རིང་ལུགས་པ་ཟེར་གྱི་འདུག་པ་ནི་འབའ་པ་ཡང་བསྐྱར་བཙོན་ལ་བཅུག་པ་དང་ཁྱད་པར་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོའི་བཤད་པ་ལྟར་ན་ཁོ་ལ་མི་རིགས་རིང་ལུགས་ཀྱི་ཉེས་འཛུགས་བྱས་ནས་ལོ་བཅོ་བརྒྱད་བཙོན་དུ་ཚུད་པར་བཤད་པ་རེད། ཉེས་འཛུགས་་་ཧ་གོ་བ་གྱིས།
་ ་་་་་་་དེ་ནས་གཅིག་དྲན་པ་བརྗེད་འདུག ང་ཕོད་ལ་བྱས་པ་གང་ཡང་མེད་པར་སྟོན་མི་ཐུབ། དཔེར་ན་བོད་ཁུལ་གྱི་སློབ་གྲྭ་དང་བོད་ཡིག་གི་ལས་ཀ་བྱེད་སའི་ལས་ཁུངས་མང་པོ་ཞིག་ལ་ང་ཕོད་ཀྱི་ལག་བྲིས་ཡིག་གཟུགས་ཀྱི་སྒོ་བྱང་བཀལ་ཡོད། འདིའི་ག་རེ་སྟོན་གྱི་ཡོད་རེད་ཟེར་ན་སྐབས་དེར་ང་ཕོད་ཀྱིས་དེ་ལ་རྒྱབ་སྐྱོར་དང་རོགས་དན་བྱེད་ཀྱི་ཡོད་པ་མཚོན་པ་ལས་གཞན་ཁོས་དེ་ལྟར་བྱས་པས་ལས་ཁུངས་དེ་དག་ལ་སྲིད་གཞུང་གི་ལས་ཁུངས་གཞན་དག་གིས་ཡ་མེད་གཏོང་བ་དང་ལས་ཀར་འགོག་རྐྱེན་བཟོ་བ་ཆུང་བ་ཡོད་རེད། ཡིན་ཡང་། བྱ་བ་ཡག་པོ་འདི་ལྟ་བུ་ཞིག་གིས་ང་ཕོད་བོད་མི་རིགས་ཀྱི་དཔའ་བོ་དང་བླ་ན་མེད་པ། འུར་གྲགས་སྦུར་གྲགས་སུ་འགྲོ་བར་དང་པོ་ཁོང་ཡག་པོ་ཤེས་མཁན་ཚོས་ཉེར་རྡོག་བརྩམས་ཡོད་ʼཔ་མ་རེད།
གསལ་བོ་མི་དྲན་ཡང་། ༧རྒྱལ་བ་རིན་པོ་ཆེ་ཞལ་ནས་ང་ཕོད་བློ་ཁོག་ཆུང་བ་མ་གཏོགས་བོད་ལ་ལྷག་བསམ་རྣམ་དག་ཡིན་པར་བཀའ་གནང་ཡོད་བསམ་སོང་། ང་ཕོད་ཀྱིས་ཀྱང་མི་རིགས་ཀྱི་གནད་ཆེའི་ལས་ཀ་ཁག་ཅིག་ལ་ཕན་ཐོགས་བྱུང་ཡོད་རེད། ཆབ་མདོ་ནས་གོ་མཛོད་ཁང་མེ་ལ་བསྲེགས་པ། གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དུས་ཁོ་སྒེར་གྱི་དམ་ཕྲུག་ཡོད་བཞིན་དུ་སྦས་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་ཁྲི་སྟོན་ལ་རྒྱ་མིས་གཡོ་ཧམ་མང་དག་ཅིག་བཤད་པར་ཁོས་སུན་འབྱིན་བྱས་པ་སོགས་ལས་ཀ་མང་དུ་ལས་ཡོད་རེད། ཁོང་དཔའ་བོ་མིན་པའི་རྒྱུ་མཚན་ལ་བཙོན་དུ་མ་བསྡད་པ་དེ་རེད། ཡིན་ཡང་།། བོད་ཀྱི་ཆབ་སྲིད་གནད་དོན་ལའང་ལངས་ཕྱོགས་ངེས་པར་དུ་དགོས་པས་ང་ཚོས་བསམ་གྱིན་བསམ་གྱིན་བསམ་ཤེས་བྱས་ནས་གུ་ཡངས་སྟེང་དུ་ཆེ་བསྟོད་བྱས་ན་ཚད་གང་ལ་སླེབས་མིན་ཧ་མི་གོ
དགྱ་དམར་གུང་གཞུང་ལྷ་བཞིན་གཙུག་བཀུར་ནས།།
དགྱ་དམག་འདྲེ་ཚོགས་ལྷ་སར་འཛུལ་ཟམ་བཙུགས།།
དགྱ་དོན་འགྲུབ་ཕྱིར་ལྷ་སར་ཡང་ཡང་བསྐྱོད།།
དགྱ་མགོའི་ཆེད་དུ་མི་ཚེར་ཞབས་འདེགས་ཞུས།།
དགྱ་ནག་མི་སེར་སྲིད་གཞུང་དགྲ་རུ་བསྒོམས།།
དགྱ་དམར་གུང་ཁྲན་སྲིད་གཞུང་གཉེན་དུ་སྣང་།།
དགྱ་གཤེད་དམར་ནག་ཁྱད་མེད་བོད་དགྲ་སྟེ།།
དགྱ་གཏེ་གཉིས་ལ་དཀར་ནག་ཕྱེས་འདི་མཚར།།
གནད་ཆེའི་དུས་མཚམས་ཤིག་གི་མི་སྣ་ཞིག །
ཚེ་འདས་གྱུར་པར་གདུང་སེམས་སྐྱེ་འོས་ཀྱང་།།
རང་གི་རིགས་ཆེད་བྱས་རྗེས་མི་གསལ་བས།།
དཔེ་མཚོན་རྩོམ་དེ་ཐལ་ཆེའི་བསྟོད་པར་མཐོང་།།
ཡོད་དུས་དགྱ་འདྲེ་ཚང་གི་ལག་པ་ཞིག།
མེད་དུས་བོད་པ་ཚང་གི་ལག་པ་ཞིག།
ལག་པ་འདི་ལ་ལག་རྗེས་ཡོད་མེད་ཞིག།
བསམ་པའི་འཁྱེར་ཚུལ་ཙམ་ལས་མ་ཡོད་དོ།
དྲིན་ལ་རྩི་རྒྱུ་ངན་ལ་བགྲང་ཞིག།
དགྱ་ལ་དགའ་དུས་བོད་ལ་དུང་དུས་སོགས།།
ལས་མང་སྣ་མང་བྱས་བའི་དཔའ་རྒོད་འདི།།
ཉལ་སར་རྒས་ནས་ཤི་བར་ཡིད་རེ་སྐྱོ།
ལི་ཐང་ཨ་ཐར་ལ་མཚོན་ན་དོལ་རྒྱལ་གྱི་ཆེད་དུ་བླ་མའི་དམ་ཚིག་ཆུ་ལ་བསྐྱུར་མཁན་ཞིག་རེད་ལ། དོལ་རྒྱལ་ཚོགས་པའི་ཚོགས་འདུ་ནང་ལ་ཡང་སླེབས་ཡོད་པ་ད་ལྟ་དངོས་སུ་བརྙན་འཕྲིན་ནང་ལྟ་རྒྱུ་ཡོད་པ་རེད། འབའ་པ་རྒན་ཡེ་ཤེས་ཀྱིས་ཨ་རིའི་བློ་སྒྲིག་འཛུགས་པ་གནང་བའི་དངུལ་མང་པོ་ཁྱེར་ནས་བལ་ཡུལ་གཞུང་ལ་སྐྱབ་གཅོལ་ཞུས་རྐྱེན། བལ་ཡུལ་གཞུང་གིས་དམིགས་གསལ་གྱི་ཐོབ་ཐང་སྤྲད་པའི་ཁམས་པ་ཀེན་ཞེས་པ་ད་ལྟ་ཡང་ཡོད་བཞིན་པ་ཚང་མས་ཤེས་གསལ་རེད། མི་འདི་ཚོ་རྒྱལ་གཅེས་པ་དཔའ་བོ་ཞིག་ཡིན་ན་དཔའ་བོ་མིན་མཁན་ཞིག་སུ་ཡང་ཡོད་མི་སྲིད།
འབའ་བ་ཕུན་དབང་དང་ཨ་འབྲུག་མགོན་བཀྲ་གཉིས་ཀྱི་ཁྱད་པར་ཡང་ས་དང་གནམ་རེད། བསྡུར་ཡོང་རྒྱུ་ཞིག་མི་འདུག
ལི་ཐང་ཨ་ཐར་ངོ་ལོག་དོལ་རྒྱལ་འབྲངས། །
འབའ་པ་ཡེ་ཤེས་ལྐོག་ཟས་རུལ་ནས་ཤི །
ཁམས་པ་དཔའ་རྒོད་གཅིག་ཉིད་ལྷག་པ་ནི། །
ཁམས་པ་ཨ་ཕྲུག་མགོན་པོ་བཀྲ་ཤིས་ཙམ། །
ཧ་ཧ།
ལི་ཐང་ཨ་ཐར་གདོན་འདྲེར་དགའ་ནས་སྨྱོས།
འབའ་བ་ཕུན་དབང་མི་རིགས་བསམ་ནས་འདས།
འབའ་བ་ཡེ་ཤེས་དངུལ་ལ་རྔམས་ཏེ་ཤི།
དཔའ་རྒོད་ཕུན་དབང་རྒྱལ་སྲུང་དོན་དུ་མྱངས།
དཔའ་བོ་དང་སྡར་མའི་དབྱེ་འབྱེད་མི་པའི།
བཤད་ཡམས་མ་མང་ཨ་རོགས་སྤུན་ཟླ་ཚོ།
རྣམ་པ་ཚོས་བགྲོ་གླེང་ལྷུག་པོ་གསུངས་བ་ལ་ཐུགས་རྗེ་ཡོད། དྲང་མོ་བཤད་ན་ཀུན་སློང་ལ་མ་ལྟོས་བ་བྱས་བཁོ་ན་ལ་དཔྱད་ནས་བལྟས་ཚེ་ཕུན་དབང་ནི་བོད་ལ་ཕན་གནོད་གཉིས་ཀ་སྐྱེལ་མཁན་ཞིག་རེད། དེ་བརྟེེན། བོད་ཀྱི་སྤྱི་ཚོགས་ཁྲོད་དུའང་ཁོང་གི་སྒང་ལ་ལྟ་ཚུལ་མི་མཐུན་པ་གཉིས་ཆགས་འདུག དགེ་མཚན་ཁོ་ན་ལ་མཐོང་བས་སྡོམ་ཚིག་བཀོད་མཁན་དང་། ཉེས་བ་ཁོ་ན་མཐོང་བས་སྡོོམ་ཚིག་བཀོད་མཁན་གཉིས་འདུག ཡིན་ཡང་། གཉིས་ཀ་ལ་རང་རང་གི་རྒྱུ་མཚན་འདུག
དགེ་མཚན།
ཁོང་ལ་རིགས་ཞེན་དང་དྲང་ཚིག ལྷག་བསམ་དང་སྙིང་སྟོབས། བློས་བཏང་དང་ཆོད་སེམས་ཡོད་པ་མ་ཟད། བོད་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་འགྲོ་ཕྱོགས་དེས་འདང་གི་མེད་པ་དང་། དེ་ངེས་བར་དུ་བཅོས་སྒྱུར་དང་ཁ་གསབ་བྱེད་དགོས་བ་གཟིགས་མཁན་གྱི་ོབོད་མི་ཆེས་ཉུང་ཤས་ཀྱི་གྲས་ཀྱི་གཅིག་ཡིན་པ་མ་ཟད། བོད་པ་ཡོངས་ཚད་གཅིག་གྱུར་བཟོ་རྒྱུའི་འཆར་འགོད་བྱེད་མཁན་གྱི་རླབས་ཆེན་གྱི་བསམ་བློ་བ་ཞིག་དང་། དེ་ལྟར་ཡོང་བར་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོད་བྱེད་མཁན་གྱི་དཔའ་རྒོད་ཅིག་དང་ཆབ་སྲིད་པ་ཞིག་རེད།
ཞན་ཆ།
ཡིད་ཆེས་སླ་བ་དང་ལྟ་བ་མཁྲེགས་པ། ཡམ་རྒྱུགས་ཆེ་ཞིང་གུང་ཁྲན་ཏང་གི་ཞིབ་ཕྲའི་འགྲོ་སྟངས་ལ་རྒྱུས་མངའ་གཏན་ཟབ་མེད་མཁན་ཞིག་ཡིན་པ་མ་ཟད། ཐ་ན་གུང་ཁྲན་ཏང་གིས་ཆོས་ལུགས་ལ་འགོག་རྒོལ་བྱེད་ཀྱིན་ཡོད་པའང་། ཁོང་རང་ཏང་ཡོན་པ་ཆགས་ནས་རྒྱུན་རིང་མ་གཏོགས་མ་མཁྱེན་པ་ནི་ཁོང་གི་ཞན་ཆ་རེད། སྐབས་དེར་སློབ་སྦྱོང་གི་གནས་ཚད་ངེས་ཅན་པའི་དན་རྟགས་ཀྱང་རེད། དེ་ནི་ངའི་རང་བཟོ་བྱས་བ་མིན། ཁོང་གིས་རྒོ་དྲི་སི་ཐན་ལ་དེ་ལྟར་གསུངས་འདུག ལྷག་པར་དུ་དེབ་དེའི་ནང་དུ་ཆམ་མདོ་ལ་བཙན་འཛུལ་བྱེད་སྐབས་སུ་ཁོང་ནི་རྒྱ་ནག་དཔག་དཔོན་ཚོའི་བློ་འདོན་པ། ང་ཕོད་བཙོན་དུ་བཅུག་སྐབས་ཆེ་མཐོང་ཆེན་པོའི་བཙོན་གྲོལ་བཏང་ནས། ཞི་བའི་སློབ་གསོ་བརྒྱབས་ནས་མགོ་འདོགས་སུ་བཅུག་མཁན་ཡང་རེད།
ཕུན་དབང་གིས་རྒྱ་ནག་གི་དམག་དཔོན་ཚོ་ལ་ང་ཕོད་ནི་བོད་གཞུང་གི་ནང་ནས་གནད་ཡོད་མི་སྣ་གལ་ཆེན་ཞིག་ཡིན་པས། མནར་གཅོད་བཏང་མི་ཉན་པ་སློབ་གསོའི་འགུག་ནས་བོད་གཞུང་གྲོས་མོལ་དུ་ཡོང་པའི་ཐབས་ཤེས་བཏོན་དགོས་ཞེས་གྲོས་འཆར་བཏང་མཁན་དང་། ང་ཕོད་ཀྱི་བསམ་བློ་སྒྱུར་མཁན་ཡང་རེད། དེ་དག་གི་ནི་ཁོང་གིས་བོད་ལ་སྤྲད་པའི་གྱོང་གུད་རེད།
གཞན་ཞིག
ཕུན་དབང་གིས་ང་ཕོད་ཙམ་མ་ཟད་གང་ཐུབ་ཀྱིས་བོད་ཀྱི་གནད་ཡོད་མི་སྣ་མང་པོ་དང་། མི་མང་ལ་གུང་ཁྲན་ཏང་ཡག་རབས་རྒྱན་རབས་བཤད་ནས་མི་མང་གི་བློ་ཁ་སྒྱུར་ཞིང་། ཐ་ན་སྐུ་མདུན་ལའང་གུང་ཁྲན་བཟང་རབས་ཀྱི་བློ་ཁ་གང་མཚམས་སྒྱུར་ཡོད། དེ་ནི་ཁོང་གིས་བོད་མི་མང་མགོ་སྐོར་བཏང་བ་མིན་པ་ཁ་ཞེ་གཉིས་མེད་ཀྱིས་གུང་ཁྲན་ཏང་གིས་བོད་མི་སྐྱོབ་པ་ལ་ཡིད་ཆེས་བྱེད་པས་རེད། བཏེན་ཏེ། གུང་ཁྲན་ཏང་གིས་འཛམ་གླིང་ཐོག་གི་སྐུ་དབང་ལམ་ལུགས་རྣམས་གཅིག་རྗེས་མཐུད་ཀྱིས་ཕམ་པ་བཏང་ཞིང་མི་མང་གི་སྲིད་གཞུང་ཤར་ནུབ་གང་སར་ནས་བཙུགས་པས། བོད་ཀྱི་སྐུ་དྲག་དང་བླ་དཔོན་ཚོ་ལ་ལམ་ཁ་དེ་ཁ་གཏད་འཇལ་ཐབས་ཡག་ཤོས་ཤིག་ཡིན་པ་བདེན་པ་རེད། ཡིན་ཡང་། བོད་ཀྱི་ཏང་མི་ཚོ་ལ་ནུས་བ་དེ་ལྟར་མེད།
བོད་འདི་ཆོས་ལུགས་དང་བླ་དཔོན་ཚོས་དབང་སྒྱུར་བྱེད་ཡ་མང་དྲགས་པས་བོད་མི་ཏང་ལ་ཞུགས་མཁན་ཉུང་བས། ཕུན་དབང་དང་བོད་ཀྱི་ཏང་ཡོན་པ་ཚོས་ཐབས་ཤེས་ཅི་ལྟར་བཏང་ཡང་ལས་དོན་དེ་མངོན་འགྱུར་བྱེད་ནུས་མེད་པ་མཐོང་བས་དམར་ཕྱོགས་ཚོགས་པ་གཞན་ལ་འབྲེལ་བ་བྱས་རེད། རྒྱ་གར་དང་ཨུ་རི་སུའི་ཏང་བཅས་ལ་འབྲེལ་བ་བྱས་ཀྱང་མཐའ་མར་རྒྱ་ནག་གི་ཏང་དང་འཕྲད་པ་རེད། རྒྱ་ནག་གུང་ཁྲན་གྱིས་བོད་པ་ཟ་སེམས་བཅངས་ཞིང་བོད་ཀྱི་ཏང་མི་ཚོ་ལག་ཆ་བྱས་ཞིང་། བོད་ཀྱི་ཏང་མི་ཚོས་བོད་འདི་བཅོས་སྒྱུར་བཏང་བ་འདོད་ནས་རྒྱ་ནག་གི་ཏང་མི་ཚོ་ལག་ཆ་བྱེད་དགོས་བྱུང་བས། ཁེ་ཕན་གཅིག་གིས་ཁོ་གཉིས་ཀྱི་མཉམ་ལས་ཟླ་བསྒྲིགས་བཏང་བ་རེད།
ཁོང་གིས་རྒྱ་ནག་ལག་ཆ་བྱས་ཏེ་བོད་འདི་གཅིག་གྱུར་བཟོས་ཤིང་། སྐུ་དབང་ལམ་ལུགས་མེད་པ་བཟོས་ནས་བོད་ལ་མི་མང་གི་སྲིད་གཞུང་བཙུགས་ན་བོད་འདི་འཛམ་གླིང་གི་ལུང་པ་གཞན་ལྟར་རང་རྐང་ལངས་ཐུབ་པ་འདོད་པས་རེད། དེ་ནི་ཁོ་རྒྱ་ནག་ལ་ཡིད་ཆེས་ཡ་མང་དྲགས་ཤིང་། རྒྱ་ནག་གིས་ཁོ་རང་ལག་ཆ་བྱེད་ཀྱི་ཡོད་པ་མ་འཆོར་བས་རེད། ཡིན་ཡང་། རྒྱ་གཞུང་གིས་བོད་ཀྱི་ཏང་མི་ཚོས་ཁོང་ཚོ་ལག་ཆ་བྱེད་ཀྱི་ཡོད་པའི་གནས་ལུགས་གསལ་བོ་རྟོགས་ནས་བོད་ཀྱི་སྐུ་དབང་ལུགས་མེད་པ་བཟོས་ཕྱིན། བོད་ཀྱི་ཏང་མི་ཚོ་ལ་བོད་ཀྱི་བདག་དབང་མ་སྤྲད་པ་མ་ཟད། ཁོང་ཚོས་ཐོབ་ཐང་རྩོད་པ་འདོད་ནས་ཕུན་དབང་བཙོན་དུ་བཅུག་པ་རེད། དེ་ནི་ཁོས་རྒྱ་ནག་གིས་རང་ཉིད་ཆབ་སྲིད་ཀྱི་ལག་ཆ་བྱེད་ཀྱིན་ཡོད་པ་མ་འཚོར་བའམ་འཚོར་ཡང་། ཐབས་ཤེས་མེད་པས་ཕམ་ཁ་མྱོང་བས་ཡིན་སྲིད། ཡིན་་ཡང་། ཕུན་དབང་གིས་རྒྱ་ནག་གིིས་རང་ཉིད་ལག་ཆ་བྱེད་ཀྱིན་ཡོད་པ་བཙོན་དུ་བཅུག་ནས་དུས་ཡུན་རིང་འགོར་རྗེས་མ་གཏོགས་མ་འཚོར་གསུངས་བས་དེ་ལྟར་ཡིན་ན། ཅི་འདྲའི་བླུན་པ་ལ། རྒྱ་ནག་གུང་ཁྲན་ལ་ཡིད་ཆེས་བྱེད་ཡ་མང་དྲགས་པས་ལྐུགས་རྟགས་ཡོད་པ་འཚོར།
མི་སུ་ཡིན་ཡང་ནོར་འཁྲུལ་དང་ཕམ་ཁ་འབྱུང་སྲིད་པས། དེ་དག་གཡོ་སྲང་དང་ཕམ་ཁ་ལ་མགོ་བོ་མ་སྒུར་བར་མུ་མཐུད་དུ་མདུན་སྐྱོད་བྱེད་རྒྱུ་ནི་སྐྱེས་བོ་དམ་པའི་རང་གཤིས་ཡིན་ཕྱིན། ཁོང་གི་ཚེ་འཇུག་ཏུ་དེ་ལྟར་གནང་བ་ལ་ཐུགས་རྗེ་ཡོད།
གཉེན་ཤེལ་མཁྱེན་རབ་འོད་གསལ་ལགས་ཀྱིས་འདི་ལྟར་གསུངས།
མི་ལོ་སྟོང་ལ་ཉེར་བའི་དུས་ཡུན་ནང་།
ནང་འཐབ་རྩོད་གཞན་གྱིས་བེད་སྤྱོད་དེ།
མགོ་བོ་གདུགས་ལྟརསྐོར་བ་མི་དྲན་ནམ།་་་་ཞེས་གསུངས་འདུག
བོད་གངས་ཅན་པའི་ལོ་རྒྱུས་ལ་ཕྱི་བལྟས་བྱས་ན་་་རྒྱ་སོག་གཉིས་ཀྱིས་བོད་ཀྱི་ནང་ཁུལ་གྱི་འགལ་ཟླ་བེད་སྤྱོད་ནས་བོད་མི་ལ་དབང་སྒྱུར་བྱས་པ་ནི་ལོང་བ་མིན་ན་མཐོང་ཚོད་དང་འོན་པ་མིན་ན་ཐོས་ཚོད་ཡིན།
སོག་པོས་ཆོས་ལུགས་བར་གྱི་འགལ་ཟླ་བེད་སྤྱོད་ནས་བོད་མི་ནང་ཁུལ་བསད་རེའི་བཏངས་བཅུག་པ་དང་། གུན་ཁྲན་ཏང་གིས་བོད་ཀྱི་སྤྲང་ཕྱུག་བར་གྱི་འགལ་ཟླ་དང་། གྲལ་རིམ་པ་བར་གྱི་འགལ་ཟླ་སོགས་བེད་སྤྱོད་ནས་བོད་མི་ནང་ཁུལ་དུ་འཐབ་རྩོད་དང་བསད་རེའི་བཏངས་བཅུག་པ་རེད།
གུན་ཁྲན་རིང་ལུགས་བོད་ལ་བསླེབས་དུས་སྤྲང་ཕྱུག་འདྲ་མཉམ་བྱེད་ཀྱི་ཡིན། བྲན་གཡོག་བཅིངས་གྲོལ་གཏོང་གི་ཡིན། དམངས་གཙོའི་བཅོས་སྒྱུར་གཏོང་གི་ཡིན། བཀའ་བཀོད་རྒྱུད་འཛིན་ལམ་ལུགས་རྩ་མེད་བཟོ་གི་ཟེར་ཞོར་དངུལ་ཏྭ་ཡ་ཡིས་ཆར་པ་འབབ་འབབ་བྱས་ནས་བོད་ཀྱི་སྤྲང་ཕྲུག་མང་པོའི་སེམས་པ་བཀུག་པ་རེད། བོད་མི་དབུལ་པོ་མང་པོ་གུན་ཁྲན་རིང་ལུགས་པ་དང་རྒྱ་དམག་གི་ནང་དུ་བཅུག་པ་རེད།
རྒྱ་སྐད་གྱི་ཐོག་ནས་བོད་མི་རྒྱ་དམག་དེ་དག་ལ་་་ཙ་མིང་ཐ་་་་ཟེར་ནས་འབོད་ཀྱི་རེད། རྒྱ་དམག་ནང་དུ་ཕྱིན་པའི་བོད་མི་དེ་དག་གིས་དམག་སྣེ་ཁྲིད་ནས་བོད་ལ་དམག་བརྒྱབས་པ་རེད། ལམ་ཁྲིད་གཙོ་བོ་བྱས་མཁན་ཚ་མིང་ཐ་རེད། དེ་ནས་བོད་ཤར་ཕྱོགས་ནས་ཡར་ཡར་དམག་བརྒྱབས་ནས་མཐའ་བོད་ཀྱི་རྒྱལ་ས་ཤོར་བ་མ་ཟད་ཏྭ་ལའི་བླ་མ་གཙོ་བོ་གྱུར་པའི་བོད་མི་འབུམ་གཅིག་ལྷག་རྒྱ་གར་ལ་བྲོས་ཕྱིན་པ་རེད།
གུན་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་དུས་བོད་མི་མང་པོ་ལག་ཆ་བྱས་ནས་བཙན་འཛུལ་བྱས་པ་ནི་མིག་མཐོང་ལག་ཟིན་ཡིན། ནང་ཁུལ་གྱི་འགལ་ཟླ་བེད་སྤྱོད་བྱས་ཡོད་པ་ཡང་གསལ་པོ་ཡིན། རྒྱའི་ལག་ཆ་གྱུར་པའི་བོད་མི་ཕུན་དབང་ལྟ་བུ་དེ་དག་གིས་བྱས་པའི་ལས་ཀ་ནག་ཉེས་ཡིན་པ་ལས་བྱས་རྗེས་ཅེས་མིང་བཏགས་ས་ཁོ་རང་མེད། ནོར་འཁྲུལ་ངོ་མ་རེད། ནོར་འཁྲུལ་ངོས་ལེན་པའི་ཐོག་ནས་རྗེས་སུ་དེ་འདྲ་མི་ཡོང་བའི་ལམ་སྟོན་གནང་དགོས་པ་ནི་ཤེས་ཡོིན་ཅན་ཚོའི་འགན་རེད་བསམས་ཀྱི་འདུག་གོ
གལ་སྲིད་བོད་མི་གཅིག་གིས་ཀྱང་གུན་ཁྲན་ཏང་ལ་རྒྱབ་སྐྱོར་མ་བྱས་པ་ཡིན་པའི་དབང་དུ་བཏངས་ན་བོད་རྒྱ་འོག་ཏུ་ལྷུང་གི་མ་རེད་བསམས་ཀྱི་ཡོད། མ་འོངས་པ་ཡང་བོད་མི་ཡོངས་ཀྱིས་བོད་རྒྱལ་ཁབ་བསྐྱར་གསོ་བྱེད་ན་བྱ་ཐུབ་ངེས་ཡིན་བསམས་ཀྱི་འདུག ཨོ་་་་དེ་འདྲ་མིན་པར་་་ཁ་བྲལ་བ་དང་གསར་བརྗེ་ངོ་ལོག་པ་ལ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མཐར་ཕྱིན་པ་བྱེད་ཀྱི་ཡིན་ཟེར་ནས་རྒྱའི་རྐུབ་ལྡག་ནས་སྡོད་པ་ཡིན་ན་་བོད་མི་རིགས་ལ་སྐྱིད་ཀྱི་ཉི་མ་ཤར་བའི་དུས་ཤིག་ཡོང་མི་སྲིད་ལ་་འགྲོ་བ་མིའི་རིགས་ཀྱི་གད་རྙིགས་ངོ་མ་ཆགས་ནས་སྡོད་ཀྱི་རེད་དོ།།།།་་་
་་་་་ ཡིན་་ཡང་། ཕུན་དབང་གིས་རྒྱ་ནག་གིིས་རང་ཉིད་ལག་ཆ་བྱེད་ཀྱིན་ཡོད་པ་བཙོན་དུ་བཅུག་ནས་དུས་ཡུན་རིང་འགོར་རྗེས་མ་གཏོགས་མ་འཚོར་གསུངས་བས་དེ་ལྟར་ཡིན་ན། ཅི་འདྲའི་བླུན་པ་ལ། རྒྱ་ནག་གུང་ཁྲན་ལ་ཡིད་ཆེས་བྱེད་ཡ་མང་དྲགས་པས་ལྐུགས་རྟགས་ཡོད་པ་འཚོར། ་་་་་
་་་་་་་་ ནང་ཁུལ་གྱི་འགལ་ཟླ་བེད་སྤྱོད་བྱས་ཡོད་པ་ཡང་གསལ་པོ་ཡིན། རྒྱའི་ལག་ཆ་གྱུར་པའི་བོད་མི་ཕུན་དབང་ལྟ་བུ་དེ་དག་གིས་བྱས་པའི་ལས་ཀ་ནག་ཉེས་ཡིན་པ་ལས་བྱས་རྗེས་ཅེས་མིང་བཏགས་ས་ཁོ་རང་མེད། ནོར་འཁྲུལ་ངོ་མ་རེད། ནོར་འཁྲུལ་ངོས་ལེན་པའི་ཐོག་ནས་རྗེས་སུ་དེ་འདྲ་མི་ཡོང་བའི་ལམ་སྟོན་གནང་དགོས་པ་ནི་ཤེས་ཡོིན་ཅན་ཚོའི་འགན་རེད་བསམས་ཀྱི་འདུག་གོ ་་་་་་་་
འབའ་ཕུན་ལགས། ཙ་མིང་ཐ་གྲལ་དུ་ཚུད་དམ་མི་ཚུད། འདི་ནི་རང་མི་ཙང་དྲི་བ་ཙམ་མོ། མའོ་ཆུང་དུས་ཨ་མ་ན་བ་དང་། ཨ་མ་ན་དུས་མོས་ཤིན་ཏུ་དགའ་སའི་མེ་ཏོག་ལ་ཆུ་རྒྱག་སོགས་ལྟ་རྟོག་མ་ཐུབ་པ་དེ། མའོ་གཞོན་ནུས་མཐོང་སྐབས། མའོས་རང་གི་ཨ་མར་ངས་མེ་ཏོག་སྡུམ་རྭ་ལྟ་སྐྱོང་བྱེད་དགོས་ཞེས་ཁས་བླངས་ནས།
མའོ་ལྐུགས་པས། ཉིན་ལྟར་མེ་ཏོག་ལ་ལག་པས་འཇམ་པོ་བྱས་པ་ཙམ་ལས། ཆུ་མ་བླུགས་པར། ཕྱིས་སུ་ཨ་མ་དྲག་པ་ན་ཉལ་ས་ནས་ལངས་ཐུབ་པས། ཕྱི་རོལ་ཏུ་མེ་ཏོག་སྡུམ་ར་ལྟ་དུས། མེ་ཏོག་ཚང་མ་སྐམ་ཚར་བ་མཐོང་བ་རེད།
འདིས་ག་རེ་མཚོན་ནམ་ཞེ་ན། མའོ་ཁོ་ནི་དགེ་ཆོས་ལགས་ཀྱིས་གསུངས་པ་ལྟ་ར། མི་ལྐུགས་པ་ལུག་འདྲ་པོ་ཅིག་ཡིན་པར་ཐག་གཅོད་ཐུབ་ངེས།
དེ་བཞིན་བོད་རིགས་གུང་བྲན་འབའ་ཕུན་ཡང་། དོན་དམ་པར་མི་ལྐུགས་པ་ལུག་འདྲ་པོ་ཅིག་ལས་མེད་ཙང་། བོད་མིར་སྐྱེས་ཀྱང་ཆོས་དད་མེད་པའི་མི་ལྐུགས་པ་ཅིག་ཡིན་པ་ངས་ཀྱང་ཐག་བཅད་ནས་བཤད་ཐུབ་པ་འདུག་སྙམ་མོ།།
འབའ་བ་ཕུན་ཚོགས་དབང་རྒྱལ་ནི་བོད་མིའི་ནང་གི་གནད་ཡོད་མི་སྣ་ཅིག་ཡིན་པར་ཐེ་ཚོམ་མི་དགོས་པ་རེད།འོན་ཀྱང་།མི་རིགས་ཀྱི་དཔའ་བོ་ཡིན་མིན་དང་གསར་བརྗེ་བ་ཡིན་མིན།རྒྱལ་ཚོང་པ་ཡིན་མིན་སོགས་དཔྱད་པར་བྱ་བའི་གཞི་རེད།
༡ད་སྔ་འབའ་བ་ཕུན་དབང་སྐོར་གྱི་དེབ་གྲགས་ཅན་ཞིག་འཐོན་པ་དེ་བོད་མི་གསར་བརྗེ་བ་ཞིག་ཟེར་བ་དེ་རེད།དེབ་དེ་བྲིས་མཁན་ནི་མེལ་ཝིན་གྷོལ་དྲི་ས་ཐྲན་ཞེས་ནུབ་ཕྱོགས་པ་མཁས་དབང་རྒྱ་ནག་གཞུང་གི་ལག་ཆ་ཡོད་ན་མེད་ན་ཅིག་རེད།མི་དེས་འབའ་བ་ཕུན་དབང་གསར་བརྗེ་བ་དང་དཔའ་བོ་སོགས་བཟོས་པ་རེད།རྒྱ་ནག་ནི་རང་དབང་བྲལ་བའི་རྒྱལ་ཁབ་ཅིག་ཡིན་སྟབས།ཁོ་རང་ཚོའི་འདོད་མོས་ཡོད་པ་ཅིག་མ་གཏོགས་བྲིས་བཅུག་གི་མ་རེད།དེ་ང་ཚོས་ཤེས་དགོས་པ་གཅིག་རེད།
༢ཕུན་དབང་གསར་བརྗེ་བ་དང་བོད་ལ་དྲིན་ཆེན་ཡིན་ན་མོའོ་ཚེ་ཐུང་བོད་ལ་དེ་ལས་ཀྱང་བཀའ་དྲིན་ཆེན་པོ་ཡིན་ངེས།རྒྱུ་མཚན།དེས་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་སོགས་བྱས་ཡོད་པ་དང་།ཕུན་དབང་མཆོག་ནི་དེའི་འོག་གི་ཨབ་ཕྲུག་ཅིག་རེད།
༣ཕུན་དབང་བཙོན་དུ་བཅུག་པས་མི་རིགས་ཀྱི་དཔའ་བོ་རེད་ཟེར་གྱིན་འདུག་མོད།རྒྱ་ནག་ནང་ཡིན་མིན་དང་དཀར་ནག་གོ་ལྡོག་སྟེ་དབང་ཆ་འཐབ་རྩོད་ལས་འགུལ་འཇིགས་སུ་རུང་བ་དེ་ཚོའི་སྐབས་སུ།ཆེས་མཐོའི་འགོ་ཁྲིད་ལིས་ཧྲོ་ཆི་དང་ཧོ་ལོང་སོགས་མང་པོ་བཙོན་དུ་ཚུད་དེ་འཐབ་རྩོད་བཏང་ནས་ཤི་བཅུག་པ་དང་།ཀྲོའུ་ཨེན་ལེ་སོགས་དུད་འགྲོ་བཞྀན་བཀོལ་སྤྱོད་ཀྱིས་སྡུག་ཤི་བརྒྱབས་བཅུག་པ།ཏིང་ཞོ་ཕེན་སོགས་གོ་གནས་ཕབས་ཏེ་སྤྲང་པོ་བཞྀན་བཟོས་པ་མ་ཟད།ཕུན་དབང་དང་མཉམ་དུ་བོད་ནང་རྒྱ་དམག་ཁྲིད་ཡོང་མཁན་རྒྱ་དཔོན་མཐོ་ཤོས་གྲས།ཀྲང་ཅན་ཝུའུ་དང་ཀྲང་གོ་ཧ་སོགས་ཀྱང་བཟའ་ཚང་དང་བཅས་པ་བཙོན་འཇུག་གིས་སྡུག་ཤི་ཐེབས་མྱོང་ཡོད་པས།དྲག་ཆར་རླུང་འཚུབ་དེ་འདྲའི་འོག་ཕུན་དབང་ཡང་མཐའ་གཅིག་ཏུ་བོད་དོན་ཆེད་བཙོན་ཁང་ནང་བཅུག་པར་བསྒྲུབས་བྱེད་ཉུང་ཉུང་རེད།
༤འོན་ཀྱང་།རྒྱ་ནག་གཞུང་ལ་ཡིད་ཆེས་བློས་གཏད་ཅི་ཙམ་བྱས་ཀྱང་དེ་ལ་བེད་སྤྱོད་ཀྱི་ཅ་ལག་ཙམ་གྱི་འདུ་ཤེས་བཞག་སྟེ་བེད་སྤྱོད་མེད་དུས་གཡུག་རྐྱང་བྱེད་པ་དེས།ཕུན་དབང་ཙམ་མིན་པར་བོད་མི་ཏང་ཡོན་དང་རྒྱ་གཞུང་གི་ལས་བྱེད་མང་པོར་ཡིད་ཐང་ཆད་བཅུག་གི་ཡོད་པ་ནང་བཞིན།ཕུན་དབང་ཡང་ཐ་མར་རྒྱ་ནག་གཞུང་ལ་ཁོ་ཐག་གཏིང་ནས་ཆད་ཡོད་པ།ཁོ་རང་གི་ཉེ་ཆར་བཏོན་པའི་རྩོམ་ཡིག་ཁག་ལས་མཐོང་ཐུབ་ཅིང་།བར་ལམ་ནས་ཁོང་གིས་བོད་དོན་འགྲིག་འཇགས་ཀྱི་བསམ་འཆར་མང་པོ་ཅིག་རྒྱ་གཞུང་ལ་བཏོན་པའང་དངོས་ཡོད་གནས་ཚུལ་རེད།
༥ཕུན་དབང་མཆོག་གིས་ཉེ་ཆར་བཏོན་པ་(རང་རྒྱལ་གྱི་མི་རིགས་གནད་དོན་སྐོར་ལ་ཕྱིར་རྟོག་)ཟེར་བ་དེབ་སོགས་ཀྱི་ནང་བཏོན་པར་བལྟས་ན།ཁོང་གིས་ཁ་ཞེ་གཉིས་མེད་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་མོས་མཐུན་གནང་གི་ཡོད་པ་རེད།དེ་བས་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་ཁག་ཅིག་གིས་ཁ་གཏད་བྱེད་སྲིད་པ་ཆོས་ཉིད་རེད།
༦ཡིན་ནའང་།ནམ་རྒྱུན་དབུ་ལམ་དང་༧གོང་ས་མཆོག་ལ་ཁྱད་བསོད་སྐུར་འདེབས་བྱས་ཏེ་འཇམ་ནོར་སོགས་ལ་རྒྱབ་སྐྱོར་གྱིས་རང་བཙན་ཤུགས་ཆེ་བཤད་མཁན།སྤོབས་པ་མཐའ་ཡས་ཟེར་བ་དེས་ཕུན་དབང་རྒྱལ་ཁབ་ཀྱི་དཔའ་བོ་ཡིན་ལུགས་ཤུགས་ཆེར་བསྒྲགས་པ་དེས་ང་འཐོམས་སོང་།ཕུན་དབང་གི་མི་ཚེ་སྟོད་ལ་གོང་ན་བསྡོམས་བརྒྱབས་ཡོད།ཚེར་སྨད་ནི་དབུ་མའི་ལམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་ཅིག་རེད།སྤོབས་པ་མཐའ་ཡས་ཀྱིས་ཕུན་དབང་གིས་དབུ་མའི་ལམ་བཟུང་པ་དཔའ་བོ་དང་།༧རྒྱལ་བ་རིན་པོ་ཆེས་དབུ་ལམ་བཏོན་པ་རྒྱལ་བཙོང་དུ་བརྩིས་པ་ཁྱད་མཚར་རེད།
དེ་གཉིས་ཡིན་ཁྱབ་མཉམ་དང་མིན་ཁྱབ་མཉམ་རེད་ད།
ཚོར་བའི་རྐྱང་པས་རང་འཛིན་པ་དག་གིས་མཐོ་བཤད་དམའ་བཤད་ཇི་ལྟར་བྱེད་ཀྱང་འབའ་པ་ཕུན་དབང་ལགས་ནི་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གྲངས་ཞིག་དང་མཉམ་དུ་འད྄་འདྲ་མཉམ་མཉམ་གྱིས་རིག་པའི་གཞུང་ལུགས་ཀྱི་མཁྱེན་དཔྱད་དང་མི་རིགས་རིང་ལུགས་ཀྱི་ལྟ་སྤྱོད། དེ བཞིན་ཁ་ཁོག་མཚུངས་པའི་རྒོལ་ལེན་ཐུབ་མཁན་གྱི་ཁམས་པའི་ཕོ་རྒོད་ཞིག་ཡིན་པ་ལས་ཁ་སྟོང་ཙམ་གྱིས་རང་ཚིག་སྔ་ཕྱིར་མི་མཚུངས་པ་དང་མི་བཅུ་གྲངས་འགའི་གྲལ་འགོར་མི་འཚུད་པའི་ཁྱེད་ཅག་ལྟ་བུ་སྟོང་གཏམ་མཁན་དེ་འདྲ་མ་རེད་ལོ།
ཁ་ཤས་ཀྱིས་རྒྱ་གཞུང་གི་བྱས་ཉེས་ཐམས་ཅད་ཁོང་གི་སྒང་ལ་གཡུག་པ་དང་།ལ་ལས་ཁོང་གིས་སྐད་སྒྱུར་བྱས་མེད་ན་རྒྱ་དམག་བོད་ལ་ཡོང་མི་ཐུབ་དང་།བོད་ས་ཤོར་མེད་མདོག་མདོག རིག་གནས་གསར་བརྗེ་སྐབས་རྒྱ་དཔོན་རྣམས་བཙོན་དུ་བྱུག་པའི་ཡར་སྔོན་ནས་ཁོང་བཙོན་དུ་ཡོད་པའང་མི་མཁྱེན་པ།གཅིག་གིས་༧སྐུ་མདུན་ལའང་ཁོང་གིས་མགོ་སྐོར་བཏང་པ་རེད་ཟེར།དངོས་ནས་སྐད་ཆ་ཞིག་བཤད་གི་ཡིན་ན་ནི།དྲང་པོ་དང་རྒྱུ་མཚན་ཡོད་པ་ཞིག་་གསུངས་དང་།ནག་ཉེས་ཡིན་པ་ལས་བྱས་རྗེས་ཞེས་མིང་བཏགས་ས་མེད་ཞེས་བསྒྲགས་པ་ཙམ་གྱིས་ཅང་གོ་རྒྱུ་མི་འདུག
གོང་དུ་དྲ་གྲོགས་མང་པོས་བགྲོ་གླེང་གི་ཟོལ་ལྟ་བུའི་བསམ་འཆར་མང་པོ་བཤད་པ་ཡག་པོ་བྱུང་འདུག ལྷག་པར་མཁྱེན་དཔྱོད་ཅན་ཁྲི་རལ་པ་ཞེས་འབོད་པ་ཞིག་གིས་སྒྲ་དག་སྒྲོས་གཙང་གི་སྐད་ཆ་ཁ་ཤས་བཤད་འདུག་པར་དོ་སྣང་བྱུང་།
རྒྱ་དམར་ཀྱིས་བོད་དུ་བཙན་འཛུལ་བྱས་པ་དེ་ནི་དམར་གཞུང་རང་གིས་གཏན་འབེབས་བྱས་པ་མ་གཏོགས་ཕུན་དབང་སོགས་བོད་མི་ཞིག་གིས་ཁྲིད་ཡོང་བ་ཡིན་ཚུལ་རྒྱ་བོད་སུའི་ཡིག་ཆ་ན་ཡང་མེད།
ཕུན་དབང་རྒྱ་དམག་དང་དང་མཉམ་དུ་ཡོང་དུས་དེ་ནི་བོད་རྒྱ་བར་ལ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་རྗེས་སུ་ཡིན་པ་པཎ་ཆེན་དང་གཅིག་མཚུངས་ཡིན།
བོད་དུ་རིག་གསར་སོགས་ཀྱི་ཆག་སྒོ་བྱུང་དུས་སུ་འབའ་བ་ཕུན་དབང་བཙོན་བཙོན་ཁང་དུ་བཞུགས་ཡོད་པས་ཁོང་གིས་བྱས་ཉེས་གང་ཡང་བསག་མི་འདུག
ད་ནི་དབུ་མའི་ལམ་དང་རྒྱལ་གཅེས་རྒྱལ་ཚོང་གི་སྐོར་ལ་ཅུང་ཙམ་ཞུ། སྤྱིར་ན་བརྗོད་གཞི་གང་ཡིན་ན་ཡང་ལྟོས་འཇོག་གིསབཤད་དགོས་ཀྱི་རེད། རྡ་སའི་དབུ་ལམ་པ་ཚོ་དང་འབའ་བ་ཕུན་དབང་གི་གཞི་རྩའི་ཁྱད་པར་དེ་གནམ་དང་ས་རེད།
གཅིག་ནས་འབའ་བ་ཕུན་དབང་མི་ཚེ་གང་ལ་རྒྱ་དམར་དང་ལྷན་དུ་གཤིབ་པའི་གུང་ཁྲན་ཏང་ཡོན་ཞིག་གིས་དབུ་མའི་ལམ་བཤད་ཡོང་ན་ཧ་ལས་དགོས་པ་ཞིག་རེད། ཡིན་ན་ཡང་། བོད་རང་དབང་རང་བཙན་གྱི་ཁོར་ཡུག་ལ་རྒྱུས་མངའ་ཡོད་མཁན་ཞིག་གིས་ད་དབུ་མའི་ལམ་ཙམ་ལས་གླེང་མ་ཐུབ་ན་ཐབས་སྐྱོ་པོ་རེད།
གཉིས་ནས་འབའ་བ་ཕུན་དབང་པེ་ཅིང་ན་རྒྱ་དམར་གཞུ་གི་ཁྲིམས་འོག་ན་ཡོད་བཞིན་དུ་དབུ་མའི་ལམ་བཤད་ཕོད་ན་མི་རིགས་ཀྱི་དཔའ་བོ་རེད། རྡ་རམ་ས་ལར་རང་དབང་གི་གོ་སྐབས་ཡོད་བཞན་དུ་དབུ་མའི་ལམ་ཙམ་ལས་གླེང་མ་ཕོད་ན་མི་རིགས་ཀྱི་རྡར་མ་རེད།
རྡ་སའི་དབུ་ལམ་པ་དང་། འབའ་བ་ཕུན་དབང་གིས་དབུ་མའི་ལམ་བཤད་སྟངས་ལ་ཁྱད་པར་ཆེན་པོ་ཡོད། ཕུན་དབང་གིས་ལོ་རྒྱུས་སྟེང་དུ་བོད་རང་དབང་རང་བཙན་ཡིན་ཚུལ་ལུང་དང་རིགས་པས་བསྒྲུབས་ཡོད།་རྡ་སའི་དབུ་ལམ་པས་མ་འོངས་པར་རྒྱ་མི་དང་མཉམ་གནས་དེ་རྩལ་ཏུ་འདོན་གྱིན་ཡོད། དབའ་བ་ཕུན་དབང་གིས་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པའི་ངན་མཚངས་གཙོར་འདོན་བྱས་ཡོད། རྡ་སའི་དབུ་ལམ་པས་ཀྲུང་ཧྲུང་ཧྭ་ནི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ལ་འགྲོ་རྒྱུ་ཡིན་ཞེས་པ་མ་གཏོགས་རྩ་ཁྲིམས་འོག་ན་ཐོབ་ཐང་གང་ཡོད་མེད་གླེང་ཤེས་གི་མེད། འབའ་བ་ཕུན་དབང་གིས་མར་ཁི་སི་ལེ་ཉིན་རིང་ལུགས་ཀྱི་ལྟ་གྲུབ་དང་མའོ་ཙེ་ཏུང་གི་ལྟ་ཚུལ་ལ་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཚུལ་ལུང་དང་རིགས་པ་བརྒྱ་ཕྲག་གིས་བསྒྲུབ་ཡོད།
ད་དུང་རྡ་སའི་དབུ་ལམ་པ་དང་འབའ་བ་ཕུན་དབང་གིས་ཁྱད་པར་ནི་ས་དང་གནམ་ཡིན་ཚུལ་མང་པོ་བཤད་རྒྱུ་ཡོད་མོད་གཅིག་ལ་བསྟོད་ན་གཅིག་ལ་སྨད་པ་ལྟ་བུར་འགྱུར་འགྲོ་སྟབས་བཤད་མ་དགོས་ན་ཡག་ཤོས་རེད།
འབའ་པ་ཕུན་དབང་གིས་སྔར་ནས་་བོད་དེ་རང་བཙན་ཡིན་པ་བསྒྲུབས་ཡོད། དྷ་ས་ཚང་གིས་བོད་དེ་སྔར་ནས་རང་བཙན་མིན་ཚུལ་བསྒྲགས། ཕུན་དབང་གིས་དབུ་མའི་ལམ་བཤད་ཀྱང་ཆོལ་གསུམ་བོད་མིེར་ཐོབ་ཐང་གང་དགོས་པ་གླེང་ཡོད། དྷ་ས་ཚང་གིས་བོད་དུ་ལོག་སྟེ་རྒྱ་ནག་མི་མང་དབང་དུ་བསྡུ་རྒྱུ་ལ་བྲེལ་ཏེ་ཐོབ་ཐང་གང་དགོས་གླེང་ལོང་བྱུང་མེད། ད་དུང་རང་བཙན་འཐབ་རྩོད་པ་རྣམས་ལ་དཀའ་ངལ་ཀྱང་མི་ཉུང་པ་སྤྲད་མྱོང་། ཕུན་དབང་རྒྱལ་ཚོང་པ་ཡིན་ན་ནི། པན་ཆེན་རིན་པོ་ཆེ་ཡང་རྒྱལ་ཚོང་པ་མ་ཡིན་པ་སུས་བསྒྲུབས་ཐུབ་བམ།
་་་་་་ ཕུན་དབང་རྒྱལ་ཚོང་པ་ཡིན་ན་ནི། པན་ཆེན་རིན་པོ་ཆེ་ཡང་རྒྱལ་ཚོང་པ་མ་ཡིན་པ་སུས་བསྒྲུབས་ཐུབ་བམ། ་་་་་་ཟེར།
་་་་་་་ ཕུན་དབང་རྒྱ་དམག་དང་དང་མཉམ་དུ་ཡོང་དུས་དེ་ནི་བོད་རྒྱ་བར་ལ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་རྗེས་སུ་ཡིན་པ་པཎ་ཆེན་དང་གཅིག་མཚུངས་ཡིན། ་་་་་་་
་་་་་ ༢ཕུན་དབང་གསར་བརྗེ་བ་དང་བོད་ལ་དྲིན་ཆེན་ཡིན་ན་མོའོ་ཚེ་ཐུང་བོད་ལ་དེ་ལས་ཀྱང་བཀའ་དྲིན་ཆེན་པོ་ཡིན་ངེས།རྒྱུ་མཚན།དེས་བོད་ནང་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་སོགས་བྱས་ཡོད་པ་དང་།ཕུན་དབང་མཆོག་ནི་དེའི་འོག་གི་ཨབ་ཕྲུག་ཅིག་རེད། ་་་་
་་་་་་ ༣ཕུན་དབང་བཙོན་དུ་བཅུག་པས་མི་རིགས་ཀྱི་དཔའ་བོ་རེད་ཟེར་གྱིན་འདུག་མོད།རྒྱ་ནག་ནང་ཡིན་མིན་དང་དཀར་ནག་གོ་ལྡོག་སྟེ་དབང་ཆ་འཐབ་རྩོད་ལས་འགུལ་འཇིགས་སུ་རུང་བ་དེ་ཚོའི་སྐབས་སུ།ཆེས་མཐོའི་འགོ་ཁྲིད་ལིས་ཧྲོ་ཆི་དང་ཧོ་ལོང་སོགས་མང་པོ་བཙོན་དུ་ཚུད་དེ་འཐབ་རྩོད་བཏང་ནས་ཤི་བཅུག་པ་དང་།ཀྲོའུ་ཨེན་ལེ་སོགས་དུད་འགྲོ་བཞྀན་བཀོལ་སྤྱོད་ཀྱིས་སྡུག་ཤི་བརྒྱབས་བཅུག་པ།ཏིང་ཞོ་ཕེན་སོགས་གོ་གནས་ཕབས་ཏེ་སྤྲང་པོ་བཞྀན་བཟོས་པ་མ་ཟད།ཕུན་དབང་དང་མཉམ་དུ་བོད་ནང་རྒྱ་དམག་ཁྲིད་ཡོང་མཁན་རྒྱ་དཔོན་མཐོ་ཤོས་གྲས།ཀྲང་ཅན་ཝུའུ་དང་ཀྲང་གོ་ཧ་སོགས་ཀྱང་བཟའ་ཚང་དང་བཅས་པ་བཙོན་འཇུག་གིས་སྡུག་ཤི་ཐེབས་མྱོང་ཡོད་པས།དྲག་ཆར་རླུང་འཚུབ་དེ་འདྲའི་འོག་ཕུན་དབང་ཡང་མཐའ་གཅིག་ཏུ་བོད་དོན་ཆེད་བཙོན་ཁང་ནང་བཅུག་པར་བསྒྲུབས་བྱེད་ཉུང་ཉུང་རེད། ་་་་་་
་་་་་ ༤འོན་ཀྱང་།རྒྱ་ནག་གཞུང་ལ་ཡིད་ཆེས་བློས་གཏད་ཅི་ཙམ་བྱས་ཀྱང་དེ་ལ་བེད་སྤྱོད་ཀྱི་ཅ་ལག་ཙམ་གྱི་འདུ་ཤེས་བཞག་སྟེ་བེད་སྤྱོད་མེད་དུས་གཡུག་རྐྱང་བྱེད་པ་དེས།ཕུན་དབང་ཙམ་མིན་པར་བོད་མི་ཏང་ཡོན་དང་རྒྱ་གཞུང་གི་ལས་བྱེད་མང་པོར་ཡིད་ཐང་ཆད་བཅུག་གི་ཡོད་པ་ནང་བཞིན།ཕུན་དབང་ཡང་ཐ་མར་རྒྱ་ནག་གཞུང་ལ་ཁོ་ཐག་གཏིང་ནས་ཆད་ཡོད་པ།ཁོ་རང་གི་ཉེ་ཆར་བཏོན་་་་་་
འབའ་ཕུན་ལྐུགས་པས་ཆོས་དང་འཛིག་རྟེན་གང་ཡང་མིོ་ཤེས་ཙང་མཐར་མགོ་སྐོར་འོག་ཚུད་མཐོང་བ་འདྲ་། ཧཧཧཧཧཧཧཧ། དམར་དཔོན་དེ་ཚོ་ལ་ང་མི་དགའ་ཐག་གཅོད་ཡིནནོ།། །།
ནང་ཆོས་ཚད་ལྡན་མི་ཤེས་པ་དང་། ཤེས་ན་ཡང་ཉམས་ལེན་བྱང་ཆུབ་པ་མེད་ན། ཆོས་སྲིད་གང་ལ་ཡང་མཐའ་མ་རང་གཞན་ཕོངས་པ་འཇིག་རྟེན་ཆོས་ཉིད་རེད་དོ།།
ངས་ནི། འབའ་ཕུན་ལགས་ཀྱིས་མི་ག་ཚོད་བསད་པའམ། གསོད་དུ་འཇུག་ཡོད་སྙམ་ནས་ཐེ་ཚོམས་ངང་ལ། མི་འདི་འདྲའི་རིགས་ཀྱི་མི་ཚེ་ལ་ནམ་འགྲམ་ཆུ་མི་ལྡང་ཐག་གཅོད་ཡིན་ནོ།། ང་གླུན་རྨོངས་ལ་རྒྱ་མེད་མཁན་ཅི་ཀྱང་ཡིན་སྲིད་ཀྱང་། དེ་ཡང་ཡིན་དུ་ཆུག་ལགས། མདོར་ན། ང་ཕོད་ལ་མི་དགའ། འབའ་ཕུན་ལ་མི་ཞེན། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་ཀྱང་ཆབ་སྲིད་ཐོག་ལ་ཐོག་མ་ཉིད་ནས་ནོར་འཁྲུལ་ཤོར་ཡོད་པ་ངོས་འཛིན་བཞིན་ཡོད་ལགས།
ཕུན་དབང་གིས་བོད་རང་བཙན་ནམ་ཡང་བཤད་མྱོང་མེད། ཁོས་བཤད་པ་ནི་དགྱ་འོག་གི་རང་སྲིད་རང་སྐྱོང་དེ་ཡིན། གྲོས་མཐུན་དོན་མཐུན་བཅུ་བདུན་ཟེར་བ་ལམ་ལྷོངས་ཡོང་ཆེད་དུ་ཕུན་དབང་གིས་ཕྱི་གསལ་ནང་གསལ་གྱིས་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད།
༡༩༥༩ ལོར་ཕུན་དབང་བཙོན་འཇུག་བྱས་མེད། ཁོང་བཙོན་འཇུག་བྱེད་དུས་ནི་༡༩༦༡ ལོའི་ལོ་སྨད་ཙམ་ནང་འཁེལ་ཡོད། “དགྱ་དོགས་པས་ཕུང་”ཟེར་བ་ལྟར་ཁོང་ལ་དོགས་པ་དང་ལྷན་དུ་བཙོན་འཇུག་བྱས་པ་བདེན་ཡང་། བོད་དུ་ཆེད་དུ་རྐྱེན་བྱས་ནས་བཙོན་འཇུག་བྱས་པ་ཞིག་གཏན་ནས་མིན། དུས་སྐབས་དེར་ཕུན་དབང་ཙམ་མ་ཟད། དགྱ་རིགས་མཐོ་རིམ་མི་སྣ་འགའ་ཞིག་ཀྱང་དོགས་པ་དང་ལྷན་དུ་བཙོན་འཇུག་བྱས་ཡོད།
ཕུན་དབང་བོད་གཞུང་ལ་བློ་དཀར་བར་བརྗོད་པ་དེ་ཡང་རྫུན་ཡིན། ཁོང་གིས་ཐ་ན་རང་ལ་བློ་དཀར་ཕན་འདོགས་བྱས་པའི་བོད་གཞུང་གི་མཐོ་རིམ་མི་སྣ་ཟུར་ཁང་དང་གཡུ་ཐོག་ལྟ་བུ་ལ་ཡང་རང་གི་གནས་ཚུལ་དྲང་པོར་བརྗོད་མེད། ལྷག་པར་དུ་གཡུ་ཐོག་ལྟ་བུ་ནི་ཁོང་ལ་བཀའ་དྲིན་ཆེན་པོ་རེད། དེ་ལྟར་ཡང་ཕུན་དབང་གིས་རང་ཉིད་དམར་ཤོག་པ་ཞིག་ཡིན་ཚུལ་དེ་སྦས་སྐུང་བྱས་ཡོད། མཐའ་མར་ཕུན་དབང་ལྷ་ས་ནས་ཕྱིར་འབུད་བྱས་རྐྱེན་ཆེ་ཤོས་དེ་འདི་ལ་ཐུག་ཡོད།
དོན་ཚན་བཅུ་བདུན་ཅིག་གི་སྒང་ལ་གཡུག་ས་མ་རག་ནས་བསྡད་ཡོད་ས་རེད།
བོད་ཀྱི་གཏམ་དཔེར། ཡང་ན་ཧོབ་ཏེ་བལྟས་པས་ཤེས། ཡང་ན་ཞགས་གསུམ་བཤིབས་པས་ཤེས། ཡང་ན་ལོ་གསུམ་འགྲོགས་་ནས་ཤེས། ཞེས་མི་ཞིག་གི་་མི་གཤིས་བཟང་མིན་དང་ཕྱི་ནང་གི་སྤྱོད་པ་དྲང་མིན་ཤེས་རྒྱུར་དུས་ཡུན་གྱི་ཁྱད་པར་འཕྱེ་བ་ལྟར།
ངས་ཀྱང་ཞག་གསུམ་འདས་རྗེས་གནས་ལུགས་ཤིག་ཤེས་པ་ནི་སྤོབས་པ་མཐའ་ཡས་ཟེར་བ་དེ། དོན་དུ་ཕྱོགས་ལྷུང་མཐའ་ཡས་པ་ཞིག་ཡིན་པ་ཤེས་ཀྱིན་འདུག།
སྤོབས་པ་མཐའ་ཡས་ཟེར་བའི་མི་དེའི་མདོག་ཇེ་ངན་ནས་ཇེ་ངན་རེད། ཕྱོགས་ལྷུང་གིས་བཟི་བའི་མི་བུ་ཞིག་ལ་བདེན་པ་སྨྲ་བའི་ནུས་པ་ཡེ་ནས་མེད་པ་ཡིན།