༄༅། ། ཆེན་པོ་ཧོར་གྱི་བསྟན་པའི་མངའ་བདག་དང་ཇོ་ནང་ཆོས་བརྒྱུད་ཀྱི་བསྟན་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡ ཉིན་གྱི་སྔ་དྲོ་རྒྱ་གར་ཆུ་ཚོད་ ༥།༥༨ ཐོག་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བྷ་དུར་དགའ་ལྡན་ཐེག་ཆེན་གླིང་དགོན་པར་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གི་བཀོད་ཁྱབ་ལྟར་སྲི་ཞུ་བ་རྣམས་གོང་ཚེས་ཉིན་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་ལྷན་འཛོམས་ཀྱི་ཐོག་མར་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལས་ཀྱིས་དམ་པ་ཁོང་གི་སྙིང་བསྡུས་ངོ་སྤྲོད་གནང་གྲུབ་མཚམས་ཕྱེད་ཡོལ་ ༢།༣༠ ནས་དབུ་འཛུགས་ཀྱིས་ ༣།༣༠ བར་མར་མེ་བརྒྱ་མཆོད་ཞལ་ཕྱེ་ཐོག་སྨོན་ལམ་གསུང་འདོན་གནང་རྗེས་དེ་ཉིན་ལས་ཁུངས་ཁག་སྒོ་བརྒྱབ་ཡོད།
དེ་ཡང་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་མཛད་རྣམ་མདོར་བསྡུས། ཇོ་ནང་རྗེ་བཙུན་ཀུན་དགའ་རྣམ་གྲོལ་མཆོག་གི་སྐུ་ཕྲེང་བཅུ་གཅིག་པ་སྐྱབས་མགོན་ཁལ་ཁ་རིན་པོ་ཆེ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་ ༡༩༣༢ ལོར་བོད་དབུས་རྭ་ལོའི་གདུང་རྒྱུད་ཡབ་བློ་བཟང་འཇམ་དཔལ་དང་། ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྗེ་ཏཱ་ར་ནཱ་ཐ་དང་གདུང་རྒྱུད་ཡང་གཅིག་པར་སྙམ། དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་དང་། གནས་ཆུང་ཆོས་རྒྱལ་ཆེན་པོ་སོགས་ཀྱིས་སྐྱེས་ཆེན་དམ་པ་ཞིག་ཡིན་པར་ལུང་བསྟན་གནང་། དགུང་གྲངས་བཞིའི་ཐོག་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ལྷ་བླའི་བཀའ་ལུང་རྩེ་མཐུན་ལྟར། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད། འབྲས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་རྭ་སྒྲེང་རིན་པོ་ཆེ་སོགས་རྩ་བའི་ཡོངས་འཛིན་དུ་བསྟེན་ཏེ་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་ཕུལ་ཕྱིན་མཛད། དགུང་གྲངས་ཉེར་གཅིག་ཐོག་རང་ཉིད་ཀྱི་གདན་ས་རྟག་བརྟན་ཆོས་སྡེར་ཞབས་སོར་འཁོད་ཅིང་། དེའི་དུས་སུ་ཇོ་ནང་བའི་རྣལ་འབྱོར་བ་ཞིག་དང་མཉམ་དུ་ཇོ་ལུགས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་མི་མངོན་པའི་ཚུལ་དུ་ཉམས་བཞེས་མཛད། ཕྱིས་སུ་དུས་འགྱུར་གྱི་དབང་གིས་འཕགས་ཡུལ་དུ་ཕེབས་ཏེ་གནས་ངེས་མེད་དུ་བཞུགས། ཁྱད་པར་བླ་མ་ཀ་ལུ་རིན་པོ་ཆེའི་མདུན་ནས་ཇོ་ནང་དང་ཤངས་པའི་ཆོས་སྐོར་མཐོང་བ་དོན་བརྒྱུད་ཀྱི་ཉམས་ལེན་བདག་གིར་བཞེས། ༸གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་གཞུང་འབྲེལ་ཁྲི་སྟོན་མཛད་སྒོ་བྱེད་དགོས་ཞེས་བཀའ་སྩལ་བ་དང་། སོག་པོའི་སྲིད་འཛིན་སོགས་ཆེས་མཐོའི་དཔོན་རིགས་ཁག་དང་སེར་སྐྱ་མི་མང་གིས་རེ་འདུན་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ། ཕྱི་ལོ་ ༡༩༩༧ ལོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པའི་བདག་པོར་མངའ་གསོལ་མཛད་དེ་གཞུང་འབྲེལ་མཛད་སྒོ་གནང། དེ་དང་ཆབས་ཅིག་ལོ་དེར་༸གོང་ས་མཆོག་གིས་དཔལ་ཇོ་ནང་བའི་ངེས་དོན་གྱི་བསྟན་པ་སླར་གསོའི་ཆེད་སིམ་ལ་སངས་རྒྱས་ཆོས་གླིང་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཞེས་པར་མཚན་གསོལ་ཏེ། དགོན་གནས་རྟེན་དང་བརྟེན་པ་བཅས་གནང་། བྱེས་འབྱོར་ཇོ་ནང་བའི་དགེ་འདུན་པ་བཞི་བཅུ་ལྷག་བཀའ་འགུགས་ཀྱིས་སྒྲིག་ཁུངས་སུ་བཅུག དེ་ནས་སོག་ཡུལ་དུ་ཕེབས་ནས་གསེར་ཁྲིར་མངའ་གསོལ་མཛད་དེ་མཛད་འཕྲིན་རྒྱ་ཆེར་བསྐྱངས། ཕྱི་ལོ་ ༢༠༠༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇོ་ནང་མ་དགོན་དུ་གདན་འདྲེན་ཞུས་ཏེ་ངེས་དོན་གྱི་ཆོས་འཁོར་རྒྱ་ཆེར་བསྐོར། ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༡ ཉིན་ཇོ་ནང་མ་དགོན་དུ་རྟག་བརྟན་བླ་བྲང་ལེགས་འགྲུབ་གྱི་མཛད་སྒོར་ཆིབས་སྒྱུར་བསྐྱངས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་ ༢༠༡༡ ལོར་སོག་པོར་ཕེབས། སོག་པོའི་གཞུང་ཕྱོགས་ནས་སོག་པོའི་རྒྱལ་ཁབ་ཀྱི་ཆོས་ཀྱི་དབུ་འཛིན་དུ་མངའ་གསོལ་མཛད་པ་བཞིན་བདག་གིར་བཞེས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡ ཉིན་གྱི་ཞོགས་པ་རྒྱ་གར་གྱི་དུས་ཚོད་ ༥:༥༨ སྟེང་དགོངས་པ་གཞན་དོན་དུ་གཤེགས་འདུག་པ་བཅས། །
བོད་མིའི་སྒྲིག་འཛུགས་དྲ་བ།
དགུང་ལོ་ག་ཚོད་ཡིན་ནམ། ཡིད་སྐྱོའི་གནས་ཚུལ་རེད།
བོད་ལ་ཞེན་འདི་ཅི། ༡༩༣༢ ནས་ད་བར་ལོ་ཅི་སོངའང་མི་ཤེས་སམ།
འདུ་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་བཞི་ཁས་བླངས་ན་ཡིད་སྐྱོ་དགོས་དོན་མེད།
སེང་གེ་ལགས། ད་ཤེས་སོང་།
ཇོ་ནང་བསྟན་པ་འམ་ངེས་དོན་བསྟན་པ་རྟག་ཏུ་རྒྱལ་གྱུར་ཅིག ༧གོང་ས་ལྔ་པའི་སྐབས་སུ་ཀརྨ་བཀའ་བརྒྱུད་དང་ཇོ་ནང་གི་བསྟན་པ་གཉིས་ཉམས་དམས་སུ་བཏང་ཡོད།
ཇོ་ནང་བསྟན་པ་འམ་ངེས་དོན་བསྟན་པ་རྟག་ཏུ་རྒྱལ་གྱུར་ཅིག
དེ་རིང་འདི་ག་དཔལ་ལྡན་འབྲས་སྤུངས་སྒོ་མང་དགེ་འདུན་མང་གིས་དམ་པ་དེ་ཉིད་ཀྱི་ཆེད་ཐུགས་དགོངས་རྫོགས་ཕྱིར་བསྔོ་བ་སྨོན་ལམ་གསུངས་སོང་།
ནུབ་ཕྱོགས་གངས་ཕྲུག་ལགས། ༧གོང་ས་ལྔ་པའི་སྐབས་སུ་ཀརྨ་བཀའ་བརྒྱུད་དང་ཇོ་ནང་གི་བསྟན་པ་གཉིས་ཉམས་དམས་སུ་བཏང་བ་མ་རེད། ༧གོང་ས་ལྔ་བས་བསྟན་པ་དག་ཐེར་གནང་བ་རེད།
མིག་བརྒྱད་པ་ལགས། ༧གོང་ས་ལྔ་པའི་སྐབས་སུ་ཇོ་ནང་གདན་ས་རྟག་བརྟན་ཕུན་ཚོགས་གླིང་དེ་དགའ་གདན་ཕུན་ཚོགས་གླིང་ཞེས་བསྒྱུར་བ་རེད། དབུས་ཁུལ་ཀརྨ་བཀའ་བརྒྱུད་དགོན་པ་མཚུར་ཕུ་དང་། གནས་ནང་། ཡངས་པ་ཅན། གཙང་དུ་ཏྲེ་ཧོ་རིན་པོ་ཆེའི་དགོན་པ་མ་གཏོགས་གཞན་ཚང་མ་དགེ་ལྡན་དུ་བསྒྱུར་བ་རེད། དེ་དག་ཚང་མ་དག་ཐེར་གནང་བ་རེད་ཞེས་བརྗོད་ན་ག་ལ་འགྲིགས། ཁྱེད་རང་མིག་བརྒྱད་མ་རེད་མིག་གཅིག་རེད་འདུག ཆོས་བརྒྱུད་གཞན་གྱི་ཡིག་ཆ་དང་ལོ་རྒྱུས་མང་ཙམ་གཟིགས་རོགས་གནང་།
ཡང་སྲིད་ཉི་གཞོན་མྱུར་བྱོན་ཤོག །
ནུབ་ཕྱོགས་གངས་ཕྲུག་ལགས། གོང་ས་ལྔ་བས་ཇོ་ནང་གི་བསྟན་པ་ཉམས་དམས་སུ་བཏང་བ་མ་རེད། ཡར་རྒྱས་བཏང་བ་རེད། དག་ཐེར་གནང་ནས་དགོན་པའི་ཁ་བྱང་བརྗེ་བ་ཙམ་རེད། ཕ་ཤུལ་ལ་བུའི་མིང་བཏགས་པ་ཙམ་རེད། རྗེ་ཙོང་ཁ་བ་མ་བྱུང་བའི་སྔ་རོལ་དུ་དགེ་ལྡན་པ་ཟེར་བ་ཞིག་ཡོད་པ་མ་རེད། ཁོང་གིས་ཆོས་རྒྱུད་རིས་མེད་ཀྱི་བླ་མ་མང་པོ་བསྟེན་ནས་མཁས་པའི་གོ་འཕང་བརྙེས། གྲུབ་པའི་རྩེར་སོན་ཏེ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། དེ་ནས་བཟུང་དེའི་ཆོས་རྒྱུད་འཛིན་པ་ལ་དགའ་ལྡན་པ་ཞེས་མིང་ཐོགས། རྗེ་ཙོང་ཁ་པས་ཇོ་ནང་གི་བླ་མ་མ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་དང་ཉ་དཔོན་ཀུན་དགའ་དཔལ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་པོ་གསན་ཡོད་པས།་མིང་འདྲ་བ་བཏགས་མིན་ལ་མ་བལྟས་བར་དོན་གྱིས་དགེ་ལྡན་པ་ཡང་ཇོ་ནང་གི་ཆོས་རྒྱུད་འཛིན་པ་ལོས་ཡིན།
ཆོས་སྤོང་བའི་ལས་ངན་གྱི་གཡང་ས་ལ་ལྷུང་བ་དེ་ལས་སྐྱོབ་ཐབས་ཉག་གཅིག་ནི། ཇི་སྐད་དུ།
བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་།།
གསུང་རབ་མ་ལུས་གདམས་པར་འཆར་བ་དང་།།
རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་།།
ཉེས་སྤྱོད་ཆེན་པོ་གཡང་ས་ལས་ཀྱང་སྲུང་།།
མིག་བརྒྱད་པ་ལགས། ང་གཉིས་རྩོད་གཞི་དེ་༧གོང་ས་ལྔ་པའི་སྐབས་སུ་གང་བྱུང་མིན་མ་གཏོགས། འཇམ་མགོནབླ་མ་་ཙོང་ཁ་པ་ཆེན་པོའི་རིས་སུ་མ་མཆིས་པའི་མཁས་གྲུབ་ཀྱི་བླ་མ་མང་པོ་ཞིག་བསྟན་ནས་ཉམས་ལེན་གནང་ནས་མཁས་པའི་གོ་འཕང་མཐོན་པོར་གཤེགས་པ་ཚང་མས་མཁྱེན་གསལ་རེད། ཡིན་ནའང་རྗེ་རིན་པོ་ཆེའི་དག་ཐེར་གནང་བ་ཞེས་པ་ཆོས་རྒྱུད་གཞན་གྱི་ཁས་ལེན་གྱི་མ་རེད། དེ་ནི་དགེ་ལྡན་པ་རྣམས་ཀྱི་གསུངས་ཀྱི་ཡོད་རེད། ཆོས་བརྒྱུད་ཚང་མའི་ཇོ་བོ་རྗེ་བོད་དུ་ཕེབས་ནས་སངས་རྒྱས་ཀྱི་བསྟན་པ་དག་ཐེར་གནང་བ་ཚང་མས་ཁས་ལེན་གྱི་རེད། ལར་ནས་༧ གོང་ས་ལྔ་པའི་རྟག་བརྟན་དེ་དགའ་ལྡན་དུ་བསྒྱུར་དགོས་དོན་གང་ཡིན་ནམ། ཁོང་གི་དབུ་མ་གཞན་སྟོང་གི་བལྟ་བ་ལ་མི་དགའ་བ་་ཡིན་ནམ། ཡང་ན་ཀརྨ་བསྟན་སྐྱོང་དབང་པོའི་རྩ་བའི་བླ་མ་ཀརྨ་པ་དང་ཇོ་ནང་པ་ཡིན་པས་དེས་རྐྱེན་གྱི་ཡིན་སྲིད། གང་ལྟར་ དུས་ཕྱིས་ཇོ་ནང་ཆོས་བརྒྱུད་དེ་མདོ་སྨད་འཛམ་ཐང་མ་གཏོགས་ཧ་ལམ་མཇལ་རྒྱུ་མེད་པ་རྒྱུ་མཚན་ག་རེ་ལ་ཐུགས་པ་ཡིན། གུས་ནས་༧གོང་ས་ལྔ་པར་མཚན་སྨོད་ཞུས་པ་མིན་གངབྱུང་བ་དེ་ཐད་ཀར་ཞུས་པ་ཡིན། ཁོང་རང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མཚན་ལྡན་ཞིག་རེད། མདོར་བསྡུས་ན་ཡང་སྲིད་འཕྲུལ་བྲལ་མྱུར་དུ་བྱོན་པའི་སྨོན་ལམ་ཡོད། དམ་པ་ཁོང་གི་མདུན་ནས་ཇོ་ལུགས་དུས་འཁོར་འཁྲིད་ལུང་ཞུས་མྱོང་ཡོད།
ཡང་སྲིད་ཉི་མ་གཞོན་ནུས། སོག་བོད་གཅིག་ཏུ་སྦྲེལ་ནས། རྒྱ་ནག་བདུད་འདི་བཅོམ་རོགས།
ངོ་མ་བློ་ཕམ་ཧ་ཅང་ཆེན་པོ་ཡོད་དོན་དངོས་ཀྱི་སྟེང་ནས་ཁོང་ལྟ་བའི་སྐྱེ་ཆེན་རྣམས་ཕེབས་སྐབས་ང་ཚོའི་མི་རིགས་དང་བསྟན་སྲིད་ལ་ཆགས་སྒོ་ཚད་མེད་རེད་་་་་་་་མྱ་ངན་གུས་འདུད་གྲངས་མེད་ཞུ་བཞིན་ལགས་སོ་་་་་་་་་་
ཇོ་ནང་ཆོས་འབྱུང་ཟླ་སྒྲོན་ལས།
རྒྱལ་བའི་ལུང་བསྟན་ཇོ་ནང་ཀུན་མཁྱེན་དོལ་པོ་རྗེ་༡། །
ཆོས་གྲགས་༢བློ་དཔལ་༣ས་བཟང་༤མ་ཎི༥ཞིང་སྟོན༥དང་། །
ཐང་ཆེན་༧སྨན་ཆུ་༨རིན་ཚུལ་༩གྷ་རུང་༡༠ཕུན་ཚོགས་དཔལ་༡༡། །
ཐང་ཆུང་༡༢ཕྱོགས་རྒྱལ་༡༣ཉ་དབོན༡༤མཚན་མིན་༡༥བཅོ་ལྔ་འོ། །
ཞེས་གསུངས་པ་ལྟར་དཔལ་ཇོ་ནང་པའི་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །