ཀླུ་སྨྱོན།
མགོ་རྔ་མེད་ཅིང་སྔོན་བརྡ་ཡང་མེད་པའི་རྨི་ལམ་དེ་ཨང་།
མ་གཞི་ཡིན་ན་ངས་རྨི་ལམ་དེ་ལྟ་བུ་ཞིག་རྨིས་མེད་པར་བརྩིས་ཏེ།
འཁྲལ་འཁྲུལ་གྱི་རྨི་ལམ་དེའི་སྐོར་ལ་གང་ཡང་མ་བྲིས་ན་ཆོག་ལ།
རྨི་ལམ་དེར་ཁ་གཡར་ནས་རང་དང་ཀློག་མཁན་ཚོའི་ཆུ་ཚོད་འཕྲོ་བརླག་ཏུ་མ་བཏང་ན་ཆོག་མོད།
ངའི་སྙིང་དཀྱིལ་གྱི་རྩ་ཕྲན་ཞིག་ལ་མདུད་པ་བརྒྱབ་པ་ཇི་བཞིན།
ང་ལ་རྨི་ལམ་དེའི་སྐོར་ཁྱབ་བསྒྲགས་མ་བྱས་ན་མི་ཆོག་ཅིང་།
རྨི་ལམ་དེའི་སྐོར་ཟིན་བྲིས་སུ་མ་ཕབ་ན་མི་འགྲིག་པའི་ཚོར་བ་ཞིག་སྐྱེ་བཞིན་འདུག་པས།
ད་ནི་ངལ་བ་དང་དུ་བླངས་ནས་རྨི་ལམ་དེའི་སྐོར་འཆད་པར་བྱ།
སྤྱིར་གཏང་གི་རྨི་ལམ་དེ་ཚོ་ཇི་བཞིན།
ངའི་རྨི་ལམ་འདི་ཡང་ཕལ་ཆེར་ནམ་སྨད་ཅིག་ཏུ་རྨིས་པ་ཡིན་འོས་ཤིང་།
ང་ཚོ་ཐུན་མོང་ལ་ཡོད་པའི་ལྷན་སྐྱེས་ཀྱི་གཤིས་ཀ་སྟེ།
སྔུར་བ་ཡང་མོ་ཞིག་གི་ཀློང་ནས་རྨིས་པ་ཡང་ཁོ་ཐག་ཡིན།
རྨི་ལམ་དེའི་ནང་དུ།
བྲག་རི་དགུང་ལ་ཟུག་ཅིང་རྦབ་ཆུ་དྲག་ཏུ་འཕྱོ།
ནགས་ཚལ་ཁབ་ལྟར་གཟེངས་ཤིང་ལམ་ཕྲན་སྦྲུལ་ལྟར་འཁྱོག
རྐང་འགྲོས་ཀྱིས་བགྲོད་པའམ་འཕུར་ནས་ཕྱིན་པ་གང་ཡིན་བཤད་རྒྱུ་མེད་ཀྱང་།
ལྷ་ཁང་ཆེན་པོ་ཞིག་གི་སྒོ་འགྲམ་དུ་བསླེབས་འདུག
ལྷ་ཁང་དེའི་སྒོ་ཆེན་དེ་དམ་པོར་གཏན་འདུག་ནའང་ནང་དུ་འཛུལ་རྒྱུར་དཀའ་ངལ་ཅི་ཡང་མེད་ལ།
ལྷ་ཁང་དེའི་སྒེའུ་ཁུང་ཡོད་ཚད་ལ་ལྕགས་མཛེར་ཁྲི་སྟོང་ཞིག་བརྒྱབ་ཡོད་ཀྱང་།
ཉི་འོད་སེར་པོ་ཞིག་དེའི་ནང་དུ་འཕྲོ་རྒྱུར་གནོད་པ་ཅི་ཡང་མི་འདུག
ལོ་ངོ་བྱེ་བ་ཁྲི་སྟོང་གི་ཐལ་རྡུལ་གྱིས་གཡོགས་པའི་ལྷ་ཁང་དེའི་ནང་དུ།
མགོ་མེད་པའི་རྣལ་འབྱོར་བ་ཕོ་མོ་མང་པོ་ཞིག་འཚོགས་ནས་ཅི་ཞིག་སྐྱོར་བཞིན་ཡོད་ཅིང་།
རོལ་ཆས་རྡོག་གཅིག་མེད་ན་ཡང་རྔ་རོལ་གྱི་སྒྲ་དབྱངས་འུར་འུར་ཆེམ་ཆེམ་དུ་གྲག་བཞིན་འདུག
རྩིགས་ལྡེབས་ཀྱི་ཐང་ཀའི་ངོས་སུ་ལྷ་དང་ལྷ་མོ་སྟོང་ཕྲག་མང་པོས་དམར་ཧྲེང་མར་རྒྱོ་རྒྱག་གིན་འདུག་ཅིང་།
དེ་ནི་ཧ་ཅང་གསལ་བོ་ཞིག་སྟེ་ལྷ་དང་ལྷ་མོའི་ལིང་ག་དང་བྷ་ག་སྦྱོར་མཚམས་ནས་འབབ་པའི་གཡའ་ཆུའི་ཟིལ་བ་ཡང་མཐོང་ཐུབ་ཀི
བསྐལ་བ་འཇིག་པའི་དུས་ལ་བསླེབས་སོང་། བསྐལ་པ་འཇིག་པའི་དུས་ལ་བསླེབས་སོང་།
སྒྲ་སྐད་འཇིགས་སུ་རུང་བ་ཞིག་བར་སྣང་ནས་འགད་རྫས་ལྟར་གས་བྱུང་།
དེའི་དུད་སྤྲིན་གྱི་ཀློང་ནས་རྣལ་འབྱོར་ཕོ་མོ་ཚོས་ཀྱང་རྒྱོ་བརྒྱབ་སོང་།
ལ་ལ་ལངས་ནས་རྒྱོ་རྒྱག་གིན་འདུག་ཅིང་ལ་ལ་ཉལ་ནས་རྒྱོ་རྒྱག་གིན་འདུག
འགའ་ཤས་ཀྱིས་སྐྱིལ་ཀྲུང་བཅས་ནས་རྒྱོ་རྒྱག་ཅིང་རེ་ཟུང་གིས་ས་ལྡིང་གནམ་ལྡིང་བྱེད་བཞིན་རྒྱོ་རྒྱག་གིན་འདུག
གཟི་བརྗིད་འབར་བཞིན་རྣལ་འབྱོར་བ་ཕོ་མོ་འདི་ཚོས།
མགོ་མེད་པའི་མགྲིན་པའི་བུ་ག་རེ་རེ་ནས་ཆགས་པས་མྱོས་པའི་སྡུག་སྐད་སྣ་ཚོགས་ཤིག་འབྱིན་བཞིན་ཡོད་ཅིང་།
དེ་དང་མཉམ་དུ་གསེར་གྱི་སོར་གདུབ་གྱོན་པའི་ལག་པ་བརྒྱ་སྟོང་དག་གིས་ཀྱང་ཕྱག་རྒྱའི་ཉམས་འགྱུར་ངོམ་བཞིན་འདུག
འབྱུང་བོ་རོ་ལངས་དྲི་ཟ་གནོད་སྦྱིན་སྲིན་པོ་སོགས་ཀྱིས་ཞལ་ཟས་ཀྱི་སྡེར་ཁ་སྣ་ཚོགས་སྒྲིག་བཞིན་པའི་སྐབས་དེར།
རྩིགས་ལྡེབས་སུ་འདོད་ཆགས་ཀྱི་རྒྱ་མཚོ་འཕྱུར་བའི་ཀློང་གི་ལྷ་དང་ལྷ་མོ་དག་ཀྱང་བཀྲེས་ལྟོགས་ཀྱིས་གཟིར་པའི་ངར་སྐད་འབྱིན་པ་དང་།
ངར་སྐད་དེས་ནགས་ཀླུང་དང་རི་སུལ་དག་གི་གཅན་གཟན་གཏུམ་པོ་སྐོར་ཞིག་ཀྱང་ལྷ་ཁང་གི་ནང་དུ་བཀུགས་སོང་།
མཐའ་མ་མཐའ་མ་ཞིག་ལ།
ལྷ་དང་ལྷ་མོ་རྣམས་ཆགས་པའི་ཀློང་དུ་བརྒྱལ་ཞིང་གཉིད་དུ་ཡུར་བ་དང་།
རྣལ་འབྱོར་བ་ཕོ་མོ་རྣམས་ཀྱི་ཁྲག་དང་ཁུ་བ་ཡང་ཡོངས་སུ་ཟད་ནས་རེ་རེ་བཞིན་ཀེང་རུས་དང་རོ་ལངས་སུ་གྱུར་ཅིང་།
གཅན་གཟན་གཏུམ་པོའི་ཁྱུ་དེ་ཁོ་ནས་ཟས་ལྷག་འཐུང་ལྷག་རྩོད་བཞིན་རྩིགས་ལྡེབས་ཀྱི་ཐང་ཀ་དག་ལ་སྡེར་ཤད་བྱེད།
རྟོགས་པ་བརྙེས་བྱུང་། རྟོགས་པ་བརྙེས་བྱུང་།
མགོ་བོ་རྡོ་བར་དུ་བརྡུངས་པ་ལྟ་བུའི་ན་ཟུག་ཅིག་གི་ཀློང་ན།
ངའི་མིག་རིལ་གཉིས་རྒྱངས་ཀྱིས་འཕགས་ནས་བར་སྣང་ཁམས་སུ་ལྡིང་བྱུང་ལ།
མིག་རིལ་དེ་གཉིས་ལས་ཁྲག་རྩ་ཕྲ་མོ་ཞིག་ད་དུང་ངའི་མགོ་གསེང་དུ་ཟུག་འདུག
ལྷ་ཚོགས་དང་རྣལ་འབྱོར་བའི་ཚོགས་འདྲེས་སོང་།
འདོད་ཆགས་དང་ཚོར་བ་འདྲེས་སོང་།
རྨི་ལམ་དང་འཁྲུལ་སྣང་འདྲེས་སོང་།
མངོན་སུམ་དང་རབ་རིབ་འདྲེས་སོང་།
སྙན་ངག་གི་རླུང་འདི།
གློ་བུར་དུ་སླེབས་ཤིང་།
གློ་བུར་དུ་ཡལ།
སྨྱོན་པ་བཞིན།
དོམ་བཞིན།
རླུང་འདི།
ཤུགས་ཆེ།
ཧ་ཧ།
ངས་མཚན་བྱང་མི་དྲན་ཡང་རྩ་རླུང་སྐོར་གྱི་དཔེ་ཆ་ཞིག་ན་དབང་ཤེས་རགས་པ་རྣམས་སྙིང་ཀའི་ཐད་ཀྱི་རྩ་དབུ་མར་འདུས་ན་གཉིད་ཁུག་པ་དང་། མགྲིན་པའི་ཐད་ཀྱི་དབུ་མར་ཕྱིན་ན་རྨི་ལམ་རྨིས་པ་དང་། དེ་ལས་ཕར་ལུས་ཡོངས་ལ་ཁྱབ་ན་གཉིད་སད་ཀྱི་ཡོད་པ་དང་། གཉིད་སད་པའི་གནས་སྐབས་ཀྱི་ལུས་པོའི་རྩ་རླུང་གི་གནས་སྟངས་ཤིག་ཡིན་ཚུལ་ཡོད། ད་དུང་། སྨན་གཞུང་ན། མཐོང་ཐོས་མྱོང་དང་གསོལ་བ་བཏབ་པ་དང་།། གྲུབ་པ་ནད་ལས་བྱུང་བ་རྣམ་པ་དྲུག།། ཅེས་རྨི་ལམ་རིགས་དྲུག་ཡོད་པས་གསོལ་བ་བཏབ་པའི་འབྲས་བུ་རྨི་ལམ་དུ་ཤར་བ་མིན་འགྲོ་སྙམ། ཡང་དེ་ལས། མཚན་སྟོད་རྨི་ལམ་བརྗེད་ངེས་འབྲས་བུ་མེད།། ཐོ་རེངས་མཐོང་དང་གསལ་ན་འབྲས་བུ་འབྱིན།། ཞེས་གསལ་བས་ཁྱེད་ཀྱི་རྨི་ལམ་འདི་ནམ་སྨད་ལ་རྨིས་པ་དང་གསལ་བོར་དྲན་ཐུབ་ཀྱི་ཡོད་པས་འབྲས་བུ་ཡོད་པའི་རྨི་ལམ་ཞིག་ཡིན་ས་རེད།
ཡང་གཅིག་བཤད་རྒྱུར། སྤྱིར་ངའི་སྙན་ངག་ཀློག་པའི་སྤྲོ་བ་ཆུང་དུ་ཕྱིན་ནས་ལོ་ཤས་འགོར་ཡོད་ཀྱང་། ཁྱེད་ཀྱི་སྙན་ངག་ལ་གསོན་ཉམས་ལྡན་པའི་འགུག་ཤུགས་དམིགས་བསལ་ཞིག་འདུག་པས་ངས་སྤྲོ་བོའི་ངང་ཀློག་གི་ཡོད། ལྷག་པར་འདོད་པའི་སྐོར་གྱི་སྙན་ངག་དང་མཆན་བུ་དེ་ཚོ་བྲོ་བ་ཧ་ཅང་ཆེ་གི གཅིག་བྱས་ན་ང་ལ་འདོད་ཆགས་ཆེ་བས་ཡིན་སྲིད། གང་ལྟར། མི་ཤེས་ངས་ཁྱེད་ཀྱི་རྩོམ་རྩལ་ལ་ཡིད་སྨོན་དང་གུས་བཀུར་བྱེད་ཀྱི་ཡོད།
སྐུ་ཞབས་ཀླུ་སྨྱོནཁྱེད་ཀྱི་རྩོམ་དག་ལ་ངོ་མ་ཡིད་སྨོན་ཞུ་ལེ་ཡོད་ ཁྱེད་ལ་བྲི་རྩོམ་གྱི་ཁྱད་ཆོས་བཟང་པོ་དེ་འདྲ་མ་ཞིག་ཡོད་གདའ་ལེ་དེ་ལྷ་དང་ལྷ་མོའི་འདོད་པ་སྤྱོད་པའི་སྙན་ངག་སོགས་བྲིས་སྡད་ལེ་ལས་ ཁྱེད་ཀྱི་རྩོམ་བྲིས་རིགས་རྩལ་དེ་ ངེད་ཚོ་རྩམ་ཟན་གདོང་དམར་བོད་མི་རིགས་འདི་ལོ་༦༠ ལྷག་རྒྱ་དམར་གྱི་གཉའ་སྣོན་དང་ སྡུག་རྩུབ་མྱོང་བཞིན་སྟབས་ བོད་མི་རིགས་དང་བོད་དོན་ལ་ཕན་པའི་བོད་ཀྱི་བདེན་དོན་གནས་ལུགས་ཀྱི་དེབ་དང་ ཉམས་ཞིབ་བྱས་ཏེ་རྒྱུ་ཚན་དཔང་རྟགས་ཡོད་པའི་བོད་དོན་སྐོར་རྩོམ་བྲིས་ དེ་དག་དབྱིན་ཡིག་དང་རྒྱ་ཡིག་ལའང་བསྒྱུར་ཐུབ་མ་སོགས་བྱུང་ན་ཕན་ཐོག་ཧ་ཅང་ཆེ་ལེ་དང་ བོད་གཞིས་བྱེས་སྤུན་ཟླ་རྣམས་ཡང་དཔེ་མེད་དགའ་ལེ་རེད་པས་དགོངས་འཇགས་གནོང་རོགས་ཞུ་། བཀའ་དྲིན་ཆེ་།
མདོ་སྔགས་གང་དང་མི་མཐུན་རྨི་ལམ་འདི།
ཀླུ་སྨྱོན་རྒན་པོ་འདོད་པའི་སྨྱོས་པ་འདྲ།
ཉིན་གྱིས་མི་ཚད་རྨི་ལམ་ན་ཡང་འཁྲུལ།
ཀླུ་སྨྱོན་མི་འདོག་འདོད་སྨྱོན་འདོག་ན་འཚར།
ཨ་ལགས་དྲིན་པོ་ཆེ། ངོ་མ་སྒྱུ་རྩལ་རེད། ངོ་མ་སྒྱུ་རྩལ་རེད་ཡ། ད་དུང་མུ་མཐུད་རོགས། ཁ་བརྡ་ཚང་གི་བསོད་བདེ་རེད། འདི་འདྲའི་གཟི་བརྗིད་ཅིག་མེད་ན་མཚན་སྙན་དགུང་དུ་འཕུར་མི་སྲིད། རེད་དེ་རྨི་ལམ་གྱི་གཏམ་རྒྱུད་ནི་སྤོབས་པས་བྲིས་ཟིན་པས་ཅུང་རྙིང་བར་གྱུར།
ཀླུ་སྨྱོན་བྱ་བའི་རྩོམ་པ་པོ་དེ། འགའ་ཞིག་གིས་མཁས་པ་རེད་ཅེས་བསྟོད་ར་གཏོང་གི་འདུག འགའ་ཞིག་གིས་ནི་སྨྱོང་པ་རང་རེད་ཅེས་སྨད་ར་གཏོང་གི་འདུག
ངས་ནི་མཁས་སྨྱོན་གང་ཡིན་མི་ཤེས་ཀྱང་། ཁོང་གི་རྩོམ་ཡིག་ཀློག་དུས་བློ་འདས་སྨྲ་བསམ་བརྗོད་མེད་ཀྱི་བདེ་བ་ཞིག་ངང་གིས་སྐྱེས་བྱུང་། རྨི་ལམ་འདི་འདྲ་ང་ཡང་རྨི་ན་དགའ་བ་ལ་སྙམ་ནས་ཡིད་སྨོན་འཆོར།
བོད་ཀྱི་བུ་ལགས། རྨི་ལམ་མཐོང་ན་མདོ་སྔགས་གཉིས་གང་རུང་དང་མཐུན་པར་མཐོང་དགོས་པ་རེད་དམ།
དྲ་ཁང་འདི་བཙུགས་ནས་ང་ཐེངས་དང་པོར་དྲ་ཐོག་ལ་འཛུལ་སྐབས། ངས་ཀླུ་སྨྱོན་ལ་རྨི་ལམ་དང་འབྲེལ་བ། ཁུ་བ་ཟགས་སྟངས་དང་འབྲེལ་བའི་དྲི་བ་ཞིག་ཐད་པར་དྲིས་པ་ཡིན། འགའ་རེས་ང་ལ་གཤེ་གཤེ་བཏང་སོང་། དེ་ནས་ཀླུ་སྨྱོན་ཉིན་ཁ་ཤས་ལ་དྲ་ཐོག་ཏུ་སླེབས་མ་སོང་།
སྤྱིར་བཏང་། དྲི་བ་དེ་ནི་མིའི་ལུས་སེམས་ཀྱི་གནས་སྐབས་དང་འབྲེལ་བའི་དྲི་བ་སྤྱིར་བཏང་བ་ཞིག་དང་ཡིན་ཡང་ངས་དྲི་བ་དེ་དེ་སྐབས་སྐབས་སུ་བབས་མི་འདུག་བསམ་སོང་། ད་ཕལ་ཆེར་སྐབས་སུ་བབས་ཡོད་པ་འདྲ་བས་དྲི་བ་གཅིག་པ་ཡིན།
ང་ཚོ་མི་ཟེར་བ་འདིས་དུས་དང་དུས་སུ་འཁྲིག་པ་སྤྱོད་དགོས་པ་དེ་ལུས་སེམས་ཀྱི་དགོས་མཁོ་ཞིག་རེད། འཁྲིག་པའི་གོ་སྐབས་དུས་ལྟར་མ་རག་པ་ཡིན་ན། བུ་མོ་ཚོས་མཛུ་གུ་དང་བུ་ཚོས་ལག་པའི་ནང་བྱིལ་ནས་ཁུ་བ་འདོན་ཐབས་བྱེད་པ་དེ་ཡང་ཁ་སངས་ལོས་མ་གཏོགས་མི་བརྒྱ་ཆ་༧༠ ལྷག་ལ་ཡོད་པའི་སྤྱིར་བཏང་གི་འཚོ་བ་ཞིག་ཡིན་པ་ཉམས་ཞིབ་པ་དེ་འདྲས་གསུངས་འདུག གལ་སྲིད་ཐབས་ལམ་གཞན་དང་གཞན་མ་བསྟེན་པ་ཡིན་ན། ཕོ་རྣམས་ལ་མཚོན་ན། དགུང་མོ་རྨི་ལམ་དུ་བུ་མེད་གང་རུང་ལ་འཁྲིག་པ་སྤྱོད་པ་སོགས་རྨིས་ནས་ཁུ་བ་རང་བཞིན་གྱིས་ཉལ་ཆས་ཁུག་ཏུ་ཕོ་ཡོང་གི་ཡོད་པ་རེད།
དེའི་སྐབས་ཀྱི་ངའི་དྲི་བ་ཡང་དེ་རེད། ཁྱེད་རང་གི་ཁུ་བ་དེ་བུ་མེད་སོགས་ལ་འཁྲིག་པ་སྤྱད་པ་རྨིས་ནས་ཕོ་ཡོང་གི་འདུག་ཡང་ན་ཁུ་བ་མ་ཕོ་སྔོན་ལག་བྱིལ་སོགས་བྱས་ནས་ཁུ་བ་འདོན་ཐབས་བྱེད་ཀྱི་ཡོད། ཡང་ན་ངེད་ཚོ་འཇིག་རྟེན་པ་ཚོས་མི་ཤེས་པའི་གསང་བའི་ཉམས་ལེན་གཞན་ཞིག་ཡོད།
གཟུམས་ཁམས་མི་བདེ་བ་དང་སེམས་ལ་རྣམ་རྟོག་རྒོད་པའི་སྐབས་དེ་འདྲར་འཇིག་རྟེན་པའི་བུད་མེད་དང་ཨ་ནེ་སོགས་ལ་སྤྱད་པ་རྨིས་ནས་ཁུ་བ་ཤོར་བ་དང་དངས་སྐྲག་ཅིག་དང་བཅས་གཉིད་སད་ཡོང་སྲིད་པ་དང་། ཡང་ལུས་སེམས་བདེ་བ་དང་། ཆོས་མཐུན་གྱི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་སྐབས། ལྷ་མོ་དང་མཁའ་འགྲོ་མ་སོགས་མཉམ་དགའ་མགུར་སྤྱད་པ་རྨིས་ནས་ལུས་སེམས་བདེ་བ་ཆེན་པོས་ཁྱབ་པ་དང་བཅས་ཁུ་བ་གཟན་ཁུག་ཏུ་བབས་ཅིང་གཉིད་སད་ཡོང་སྲིད་པ་དེ་འདྲ་ཡང་ཡོང་སྲིད་པ་ཞིག་ཡིན་པར་འདོད་པས་དེ་དོན་དེ་ལྟར་ཏུ་ཡིན་ནམ།
“ཉིན་གྱིས་མི་ཚད་རྨི་ལམ་ན་ཡང་འཁྲུལ། །”ཅེས་བརྗོད་པ་ལ་བལྟས་ན། བོད་ཀྱི་བུས་རྨི་ལམ་དེ་འཁྲུལ་པ་མིན་པར་བདེན་པར་འཛིན་གྱི་ཡོད་པ་འདྲ།
དེ་འདྲའི་ཞེ་འདོད་ནི་མདོ་སྔགས་གང་གི་ལུགས་ཡིན་ནམ།
མདའ་ཚན་པས་དྲི་བ་ཁག་པོ་ཞིག་དྲིས་བཞག ཁྱེད་ཀྱི་ལྟར་ན་མི་ཞིག་ཡིན་ཆད་དུས་དང་དུས་སུ་ཁུ་བ་མ་བཏོན་ན་འགྲིགས་་ཀྱི་མེད་པ་འདྲ་དང་། དུས་དང་དུས་སུ་ཁུ་བ་མ་བཏོན་ན་འཚོ་མི་སྲིད་པ་འདྲ་ཞིག་གསུངས་འདུག
འོ་ན་བདག་ཅག་གི་སྟོན་པ་རྒྱལ་པོ་ཟས་གཙང་གི་སྲས་སུ་འཁྲུངས་ཤིང་། རྡོ་རྗེ་གདན་དུ་སངས་རྒྱས་པ་དེས་སངས་རྒྱས་པའི་རྗེས་སུ་དུས་དང་དུས་སུ་ཁུ་བ་བཏོན་ཡོད་ཅེས་བརྗོད་དམ་དེ་ལས་ལྡོག་སྟེ་བརྗོད།
ཁུ་བ་ཤོར་བ་འདི་ལ་རྣམ་གྲངས་མང་གི ངའི་ངོ་ཤེས་ཞིག་གིས་ཆུང་མའི་རིམ་ནས་རྨི་ལམ་ཟ་ཟི་ཞིག་དང་འདྲེས་ནས་ཁུ་བ་ཤོར་བར་མ་ཟད། ཁུ་བ་དེ་རང་གི་ཆུང་མའི་གཟུགས་པོའི་སྟེང་དུ་ཤོར་བ་ན། ཆུང་མ་གཉིད་ལས་སད་ནས་ཁོ་ལ་རྒྱག་རེ་རྒྱབ། ཁོ་བློ་བུར་དུ་དངངས་སྐྲག་དང་བཅས་གཉིས་ལས་སད། རྒྱུ་རྐྱེན་དེས་དབང་གིས་ཆུང་མ་དང་ཁོང་གཉིས་མ་འགྲིག་པར་ལོ་རྒན་པ་ཞིག་གིས་བར་འདུམ་བྱས་འདུག ཁ་ཤས་ཞིག་ནམ་རྒྱུན་ཁུ་བ་ཤོར་གི་ཡོད་ཚོད། འདི་དག་ནི་ཆགས་པ་སྤྱད་དང་མ་སྤྱད་ཀྱི་རྒྱུ་མཚན་ཞིག་མ་རེད། ན་ཚ་ཞིག་ཡིན་ཚོད། ཨ་མདོ་ཕྱོགས་ནས་འདི་ལ་ཟར་མོ་བླ་རྐུ་ཞེས་ཟེར་ཞིང་། ནད་གདོན་གྱི་ཆོ་འཕྲུལ་ཞིག་ཏུ་བརྩི་བར་མ་ཟད། འདི་ལ་བླ་མ་གྲུབ་ཐོབ་དེ་འདྲས་བྱབས་ཁྲུས་བྱེད་པ་དང་། གཟུངས་སྔགས་སོགས་འདོན་རྒྱུ་ཡོད་ཀི རྒྱ་གར་ལྷོ་ཕྱོགས་ན་ས་ཏོ་བྷ་བྷ་དེ་ཚོ་ལ་ཡང་ཐིག་སྐུ་ཚོན་ཁྲ་ཅན་པ་དེ་འདྲ་ལྟེ་བ་ལ་དཀྲུས་ནས་སྔགས་རྒྱགས་པའི་ཕྱག་ལེན་དེ་འདྲ་ཡོད་ཟེར། ན་ཚ་འདི་ཅན་པོ་ཕོ་ཡིན་ན་བཅོས་པའི་ཐབས་ལ་མ་འབད་ན་ཁུ་བ་དཀར་པོ་འཛགས་འཛགས་པའི་མཐར་ཁུ་བ་དམར་བོ་ཐོན་པའི་འགོ་འཛུགས། དེ་ནས་ཅུང་མ་འགོར་བར་ཤི་འགྲོ་བའི་ཉེན་ཁ་ཡོད་པ་རེད།
ཡང་ང་ཚོ་ཆུང་ཆུང་སྐབས་ཞིག་ལ་རྒྱ་ནག་གི་སྨན་པ་ཞིག་གིས་བཤད་ན་ཁུ་བ་མ་བཏོན་ན་ཤི་འགྲོ་ཟེར། འདི་བདེན་མིན་མི་ཤེས་ཀྱང་རྨི་ལམ་དུ་ཁུ་བ་ཤོར་བ་ཁ་ཤས་ལ་ལོ་ཚད་ལ་རག་ལས་པ་དེ་འདྲ་ཡོད་སྲིད། དེ་ནི་ན་ཚ་མ་ཡིན་པར་གཟུགས་པོའི་གནས་སྟངས་ཞིག་གི་སྟེང་ནས་ཡིན་རྒྱུ་རེད།
ཡང་སྔོན་མ་ཞིག་ལ་ཆབ་ཆ་ནས་ཡིན་པའི་བུ་ཞིག་བླ་མ་ཞིག་གིས་བཀག་ནས་ནང་ལ་འགྲོ་མ་བཅུགས་པར་བཞག་འདུག དེ་ལ་ཁུ་བ་ཤོར་བའི་ན་ཚ་འདུག དེ་ནི་ཆུང་མ་དང་ཆགས་པ་སྤྱོད་རྒྱུ་མང་དྲག་ནས་ཚད་ལས་བརྒལ་བ་ལས་བྱུང་བའི་ན་ཚ་ཞིག་རེད་ཟེར། ཚད་ལས་བརྒལ་སོང་ན་ཡང་ཁུ་བ་འགོག་མི་ཐུབ་པའི་ན་ཚ་དེ་འདྲ་ཡོང་གི་ཡོད་ཚོད། ཟླ་གསུམ་ལ་དགོན་པར་བཞག་ནས་དེ་ནས་རིམ་གྱིས་དྲག་བསྐྱེད་ལ་སོང་འདུག འདི་འདྲ་ལ་ཨ་རི་སོགས་ན་དམིགས་བསལ་སྨན་ཁང་ན་ཐབས་ཤེས་ཡོད་མེད་མ་ཤེས་ཀྱང་། ཟི་ལིང་དང་རྒྱ་གར་སོགས་ན་དེ་སྔ་ཁ་ཡོད་ལག་ཡོད་ཀྱི་སྨན་ཞིག་ཡོད་ཚོད་མི་འདུག
དེ་བས་ན་གནའ་རབས་ཀྱི་ཆོས་ལུགས་ཕྱོགས་ན་ཡོད་པའི་ཕྱག་ལེན་དེ་ལས་བཟང་ཞིག་ན་ཚ་འདིའི་རིགས་ལ་ཡོད་མི་སྲིད། སྲིན་མོ་བླ་རྐུ་འམ་གསར་མོ་བླ་རྐུ། ཡང་ན་ཟར་མོ་བླ་རྐུ་ཞེས་ཟེར་བའི་ན་ཚ་ཞིག་ཏུ་ངོས་འཛིན་ཞུ་བཞིན་པ་རེད།
དགོངས་དག ངས་ནད་གདོན་ཞིག་ཏུ་ངོས་འཛིན་ཞུ་བ། གཅིག་བྱས་ན་ངས་མདའ་ཚན་པ་དང་ཀླུ་སྨྱོན་གཉིས་ཀྱི་བཤད་བཞིན་པ་དེ་མིན་ཡང་སྲིད།
རྣམ་འབྱོར་བ་རྣམ་ཀྱི་ཁུ་བ་ཤོར་དང་མི་ཤོར་ཟེར་བ་འདི་ནི་གནས་ཚུལ་གཞན་ཞིག་རེད། ཇི་སྐད་དུ་གཞུང་ལས། ཀུན་ཏ་མི་འབྱིན་ཚངས་སྤྱོད་བསྟེན།། གསུངས་པ་ལྟར། རྣམ་འབྱོར་བས་ཁུ་བ་ཕྱུང་བ་ཡིན་ན་དེ་ནི་ཁྲིམས་དང་འགལ་བ་ཞིག་རེད། ཡས་བབས་མས་བརྟན་གྱི་དགའ་བཞིའི་སྒོ་ནས་རྣལ་འབྱོར་བ་ཕོ་མོ་གཉིས་ཀྱི་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བ་ལས་ཁུ་བ་ཤོར་སུ་བཅུགས་ན། དེ་ནི་སྔགས་ལམ་དང་འགལ་བ་རེད། འདི་ལ་དགེ་འདུན་ཆོས་འཕེལ་གྱི་འདོད་བསྟན་ན། འཕོ་མེད་དགའ་བའི་དཔལ་ལ་རྟག་ཏུ་རོལ། ། ཟེར་ཡོད་པ་རེད། ཁུ་བ་འཕོ་པ་མེད་པའི་སྒོ་ནས་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བའི་དོན་ལོས་ཡིན། དེ་ཡང་བརྒྱད་དང་བརྒྱད་ཀྱི་མཐར་ལ་ཉེར་སོན་པའི། །མི་འགྱུར་རྡོ་རྗེ་དགའ་བའི་གློག་ཞགས་ཀྱིས། །བརྟན་གཡོའི་དངོས་པོ་གཅིག་ཏུ་བཟླུམ་མཛད་པ། ། ཟེར་བ་ལྟར་དགའ་བ་མྱོང་དགོས་པ་ལས། ཁུ་བ་ས་འཐོར་གནམ་འཐོར་གྱི་ཉམས་སུ་མྱོང་བ་ཞིག་ཡོད་པ་མ་རེད།
ལུས་ཟུངས་བདུན་གྱི་མཐའ་མ་ཁུ་བ་ཟེར་བ་དེར་དྭངས་སྙིགས་སུ་ཕྱེས་པའི་དྭངས་མ་དེ་ལུས་ཀྱི་གཟི་མདངས་སམ་བླ་ཡིན་པ་དང་། སྙིགས་མ་ནི་ཕྱིར་འཕོ་ཞིང་མངལ་འཛིན་པའི་རྒྱུ་བྱེད་མཁན་ད་ལྟ་ཁྱོད་ཚོས་གླེང་བཞིན་པའི་ཁུ་བ་དེ་རེད།
xxxxxxxxxxxxxxxxxxxxx
གཟུགས་ཁམས་རྒྱུན་ལྡན་ཅན་རྣམས་ཀྱི་ཁུ་བ་ཕོ་བའི་ཚད་དང་། རྒྱུན་ལྡན་མ་ཡིན་པ་རྣམས་ཀྱི་ཁུ་བ་ཕོ་བའི་ཚད་གཅིག་པ་མ་རེད། དེ་ལ་དུས་ཚོད་ཀྱི་དབྱེ་མཚམས་ཤིག་ཡོད་པ་རེད་བསམས་སོང་། སྨན་པ་ཞིག་གིས་ཅིག་གསུངས་དང་།
བོད་ལ་ཧེ་རུ་ཀ་གསུམ་ཡོད་པ་ལས་ ཉམས་རྟོགས་དབྱིངས་སུ་སད་ནས་དགོངས་བརྒྱུད་མགུར་གླུ་བསྡུ་མཁན་གཙང་སྨྱོན་ཧེ་རུ་ཀ སྐྱ་མིན་སེར་མིན་འདོད་སྲེད་ཀྱི་བསྟན་བཅོས་རྩོམ་མཁན་སྙན་ངག་པ་ཀླུ་སྨྱོན། སྨན་སྔགས་ཟུང་འབྲེལ་གྱི་བསྟན་པ་སྤེལ་མཁན་ཉི་ཟླ་ཧེ་རུ་ཀ།
ཀླུ་སྨྱོན་ལགས་་། ཁྱེད་ལ་ཚམས་འདྲི་ཞུ། ཨ་ཧོ།་་་་་་་་་་་་་ཁྱེད་ཀྱི་སྙན་ངག་གི་རྩོམ་ཡིག་ཁུ་ཁྲག་མེ་རུ་འབར་བའི་རྨི་ལམ་འདི་དག་ཀློག་སྐབས་བདག་ལ་ཚོར་བ་ཞིག་ཡང་སྦྱིན་སོང་བས།
དེ་ནི་ཁྱེད་ལ་བྲི་རྩོམ་གྱི་ཁྱད་ཆོས་བཟང་པོ་དང་ཁྱེད་ལ་ཚོར་བ་ཟབས་མོ་ཞིག་ཡོད་པ་མཚོན།། ངས་བྱས་ན་དེ་ནི་རྨི་ལམ་ཞིག་ཨ་ཡིན་དྲན།་་ ཁྱེད་ལ་འདོད་ཆགས་གི་ཉམས་མྱོང་ཆེན་པོ་ཡོད་པའི་ཆ་ནས། དེ་དང་སྦྱར་ཏེ་ཚོར་བ་དངོས་སྙན་ངག་དུ་བྲིས་པ་མིན་ནམ་སྙམ།། གང་ཡིན་རུང་ཡིད་སྨོན་སྐྱེས་འོས་པ་ཞིག་འདུག ཐུགས་རྗེ་ཆེ།།
འཕན་པོ་བསྟན་དར་པས།། །།
ཀླུ་སྨྱོན་ལགས་་། ཁྱེད་ལ་ཚམས་འདྲི་ཞུ། ཨ་ཧོ།་་་་་་་་་་་་་ཁྱེད་ཀྱི་སྙན་ངག་གི་རྩོམ་ཡིག་ཁུ་ཁྲག་མེ་རུ་འབར་བའི་རྨི་ལམ་འདི་དག་ཀློག་སྐབས་བདག་ལ་ཚོར་བ་ཞིག་ཡང་སྦྱིན་སོང་བས།
དེ་ནི་ཁྱེད་ལ་བྲི་རྩོམ་གྱི་ཁྱད་ཆོས་བཟང་པོ་དང་ཁྱེད་ལ་ཚོར་བ་ཟབས་མོ་ཞིག་ཡོད་པ་མཚོན།། ངས་བྱས་ན་དེ་ནི་རྨི་ལམ་ཞིག་ཨ་ཡིན་དྲན།་་ ཁྱེད་ལ་འདོད་ཆགས་གི་ཉམས་མྱོང་ཆེན་པོ་ཡོད་པའི་ཆ་ནས། དེ་དང་སྦྱར་ཏེ་ཚོར་བ་དངོས་སྙན་ངག་དུ་བྲིས་པ་མིན་ནམ་སྙམ།། གང་ཡིན་རུང་ཡིད་སྨོན་སྐྱེས་འོས་པ་ཞིག་འདུག ཐུགས་རྗེ་ཆེ།།
འཕན་པོ་བསྟན་དར་པས།། །།
ཨ་རོགས། ཀླུ་སྨྱོན། ཁྱོད་ཀྱི་རྨི་ལམ་འདིའི་དོན་ངས་ཤེས་ཀི ཅི་ཞིག་སྟོན་གྱི་ཡོད་པ་ཡང་ཤེས་ཀི དུས་ཚོད་མེད་པ་མ་གཏོགས་འདི་ལ་འགྲེལ་ཆེན་ལྡེབ་བརྒྱ་ཡོད་པ་ཞིག་འབྲི་དགོས་རུང་ བློ་ལ་བཟུང་མེད་པའི་ཡིག་ཆ་ཁ་ཤས་རེ་ཀློག་དགོས་ན་མ་གཏོགས་དཀའ་ངལ་གཞན་ཅི་ཡང་མེད་ཀི ད་ཁྱོད་ཀྱིས་གསང་བདག་སྒྲོལ་བའི་མགོན་པོའི་གསང་རྣམ་དམར་ལྡང་མ་ལ་བལྟ་དགོས་ཀི གསང་རྣམ་དེ་ཡོད་ས་ང་དང་མི་གཉིས་གསུམ་ཞིག་མ་གཏོགས་བོད་ཁ་བ་ཅན་ན་མེད་པ་ཐག་ཆོད་ཀྱང་བཀའ་རྒྱ་ཟབ་དྲགས་པས་སྟེར་ནི་མི་ཕོད། གསང་རྣམ་འདི་འཇམ་བཞད་ཀྱི་རྣམ་ཐར་བཙན་པོ་མ་ལ་བཀའ་རྒྱ་ཟབ་ཟེར་བ་ལྟ་བུ་ཞིག་གཏན་ནས་མིན། པར་སློག་ནི་རྒྱག་མི་ཆོག ད་ཐབས་ཤེས་གཅིག་ཡོད་པ་དེ་ཁྱོད་ངའི་སར་ཤོག་དང་། ཤོག་སྨྱུག་དང་པར་ཆས་སོགས་གང་ཡང་མེད་པའི་ནགས་གསེབ་ཅིག་ནས་ངས་ཁྱོད་ལ་ཚར་གཅིག་ཀློག་གི་འཇུག གལ་ཏེ་བློ་ལ་ཟིན་སོང་ན་འགྱོད་པ་མེད།
ཉིད་ཀྱིས་གསུངས་པ་དེ་གསང་བདག་སྒྲོ་ཕུག་པའི་གསང་རྣམ་རེད་དམ། གུ་བཀྲའི་ཆོས་འབྱུང་ལས་གསང་བདག་སྒྲོ་ཕུག་པའི་ཐུན་མོང་ཡོངས་གྲགས་ཀྱི་རྣམ་ཐར་དེ་ཚར་ཁ་ཤས་བཀླགས་ཚར། ཡིན་ན་ཡང་དེ་རིང་མ་གཏོགས་གསང་བདག་སྒྲོལ་བའི་མགོན་པོའི་གསང་རྣམ་དམར་ལྡང་མ་ཟེར་བ་ཞིག་མཐོང་བ་ཕར་ཟད་གོ་ཡང་མ་མྱོང་། ཨ་རོགས་མྱི་ལྡང་། ངོ་མ་ཡིན་ན་་་་་་
ཨ་ལགས་དྲིན་པོ་ཆེ། མྱི་ལྡང་དང་། ཡིག་ལྡང་འདི་ཚོར་ཆགས་བཞག་རྒྱུ་ཟུ་མེད་གི་མོ། ངོ་མ་བཤད་ན་སྤོབས་པ་མཐས་མི་ཤེས་གི་མོ། ཁོང་གི་རྩར་ག་འདྲས་ཕེབས་འཆར་ཡོད།
ངོ་མ་ལོས་ཡིན། ཡིན་ན་ཡང་དམར་སྡང་མ་ཟེར་བ་དེ་ངས་རྩེད་མོ་ལྟ་བུར་བྲིས་པའི་སྐད་ཆ་ཡིན། མཚན་ངོ་མ་མི་འགྱུར་བདེ་ཆེན་རྡོ་རྗེའི་རོལ་མོ་མཆོག་ཏུ་གསང་བ་ཟེར། ཁོང་གིས་གསང་སྔགས་ཀྱི་སྤྱོད་པ་སྤྱི་དང་ཁྱད་པར་ཆགས་ལམ་ཇི་ལྟར་ཉམས་བཞེས་མཛད་ཚུལ་གྱི་ཉིན་ཐོ་ལྟ་བུ་ཞིག་རེད། འདི་ནང་གི་སྐབས་འགའ་རེ་ངོ་མཚར་བསམ་གྱིས་མི་ཁྱབ། འདི་ལ་བལྟས་ན་དགེ་ཆོས་ཀྱི་འདོད་བསྟན་ཕར་བཞག་ནུབ་ཕྱོགས་པའི་དེང་རབས་ཚད་མཐོའི་ཆགས་སྤྱོད་རྣམས་ཀྱིས་ཀྱང་རྗེས་ཆོད་ཐུབ་མེད་ས་འགའ་རེ་འདུག ངས་ངོ་མ་ཡིན། སྣང་སྲིད་དག་པ་རབ་འབྱམས་རྟོགས་མེད་མཁན་ཞིག་གིས་དེ་འདྲ་ཧ་ཅང་དཀའ་རྒྱུ་རེད། ཁོང་སྐུ་གཤེགས་ཁར་སློབ་མ་ཚོ་ལ་ཞལ་ཏ་གནང་ནས་གསང་རྣམ་དེ་ཐུམ་རིམ་པ་བདུན་གྱིས་དྲིལ་ཏེ་ཁོག་གི་ཕྱག་ཏུ་བཞག་ནས་སྐུ་གདུང་དང་མཉམ་དུ་ཞུགས་ལ་སྦྱང་རྒྱུའི་བཀའ་ཕེབས་པ་རེད། འོན་ཀྱང་སློབ་མ་འགའ་ཞིག་གིས་བཀའ་བཞིན་མ་བསྒྲུབ་པ་འདྲ། གང་ལྟར་ད་སྐབས་གསང་བའི་ཐོག་ནས་ལུང་རྒྱུན་ཡང་བཞུགས་ནི་རེད། འོ། གྲ་གྲོགས་འགའ་རེས་ང་ལ་སྤོབས་པ་མཐའ་ཡས་ཟེར་འདུག་ཀྱང་། ང་སྤོབས་པ་མཐའ་ཡས་མིན་ཀོ ང་བློ་གྲོས་མཐའ་ཡས་ཡིན།
འོ། ༧གོང་ས་མཆོག་གིས་འདི་གཟིགས་ཡོད་པ་འདྲ། གང་ཡིན་ཟེར་ན་ལོ་མང་པོ་ཞིག་གི་སྔོན་རིགས་ལྡན་ཡབ་ཡུམ་གྱིས་སྦྱོར་བ་མཛད་པ་གསང་བདག་སྒྲོལ་མགོན་གྱིས་དངོས་སུ་གཟིགས་ཚུལ་ཞིག་གསུངས་སོང་། སྒྲོལ་མགོན་གྱིས་རང་གིས་ཇི་ལྟར་གཟིགས་རབས་གསང་རྣམ་འདིའི་ནང་དུ་ཞིབ་ཆ་དང་བཅས་ཏེ་གསུངས་ཡོད། གསང་རྣམ་ནི་གྲགས་ཆེན་པོ་མ་རེད། གང་ཡིན་ཟེར་ན་གསང་རྣམ་ནི་འཇལ་མྱོང་མཁན་ཕར་བཞག་འདི་འདྲ་ཞིག་ཡོད་པ་གོ་མྱོང་མཁན་ཡང་ཧ་ཅང་དཀོན་པོ་ཡིན། བཙན་བྱོལ་ནང་གི་ཡིག་ཆ་འབུམ་ཕྲག་གི་བདག་པོ་དེ་ཚོས་འདིའི་མཚན་ཙམ་ཡང་གོ་ཡོད་རྒྱུ་མ་རེད། འོན་ཀྱང་དཔེ་རྙིང་ལག་བྲིས་མ་ཤིན་ཏུ་རྙིང་པ་ཡིན་པས་སྐབས་སྐབས་སུ་ཡིག་འབྲུ་འགའ་རེ་ཀློག་ཐུབ་ཀྱི་མི་འདུག
ད་ཡིན་ན་སྒྲོལ་མགོན་འདི་ཏྰ་ར་ནྰ་ཐ་ཡིན་པ་འདྲ། ཁོང་ནི་བོད་པའི་བླ་མའི་ཁྲོད་ཀྱི་སྣང་བ་སྐྱིད་ཤོས་ཀྱི་བླ་མ་ཞིག་ཡིན་ཡ།
ཨ་རོགས་མྱི་ལྡང་། གྲོགས་ནང་ཚགས་ལ་དགོངས་ནས་ད་ནི་དཔེ་དེའི་འདྲ་བཤུས་ཤིག་བསྐུར་མི་ཐུབ་བམ། སྡིག་པ་གང་ཡོད་ངས་འཁུར་ཆོག
འདྲ་བཤུས་ཤིག་བསྐུར་མི་ཐུབ་ན་skypeབརྒྱུད་ནས་ཤོག་ལྷེ་རེ་རེ་བཞིན་ཅིག་སྟོན་མི་ཆོག་གམ། ཁྱོད་འདིས་མི་ལ་ཧེབ་བརྩངས་ཚར་ནས་ཅིག་མ་སྦྱིན་ན་སྡིག་པ་ཡོད་ནི་རེད་ཀོ
ངས་ལྟ་ན་ཉན་ན་འདོད་ནི་རེ་ཡོད་ལུགས་གོ་རྗེས་དེ་ལག་ཏུ་གཅིག་མ་ཆུད་ན་གཉིད་ཁུག་ནི་མ་རེད་ཡ། ཨ་ཤུ་རེ་ཁོ།
བློ་གྲོས་མཐའ་ཡས་ལགས། གསང་བ་དེ་གསང་བར་རང་གི་ངོ་བོར་བཞག་རོགས། ལྟ་འདོད་ཚད་ཀྱིས་ལྟ། བཤད་འདོད་ཚོད་ཀྱིས་བཤད་ན་གསང་བ་གང་ལ་བུད་ཐལ། ངོ་མ་མི་རུང་གི་ཡ།
ཨ་ལགས་དྲིན་ཆེ་ལགས། ལྟ་རྒྱུ་རིག་རྒྱུ་མང་ན་ལས་མི་ཉུང་གི མ་ཚད་འཁྲབ་ནའང་འཁྲབ་ཆོག་གི གལ་སྲིད་གཉིད་མ་ཁུག་ན་ཨ་ལགས་ལ་ཐབས་ཤེས་ཡོད་གི་མོ། ཤུགས་རྒྱོབ། ད་ཡིན་ད།
ཨ་ད་ངོ་མ་སྐྱིད་ཀི་ཡ། གཞན་ཧེབ་ལངས་སའི་གསང་བ་རེ་རང་གི་ལག་ཏུ་ཡོད་དུས་ངོ་མ་ཅིག་སྐྱིད་ཀི ཡ་་ཨ་ལགས། དེས་ན་ཡིག་འབྲུ་རེ་རེ་ལ་ཨ་སྒོར་ལྔ་རེ་གནང་རྒྱུ་བྱོས། དེ་ནས་བདག་དབང་ཁྱོད་ལ་ཕུལ་ཆོག ཁྱེད་ལ་ཡི་གེ་མེད། ང་ལ་ཁ་ལག་ཟ་བྱེད་ཀྱི་དངུལ་མེད། ད་ངེད་གཉིས་ཚོང་བྱེད་ཡ། ཧ་ཧ་ཧ་ཧ། རྩེད་མོ་ཡིན། ཁྱོད་ངའི་ཡོང་ན་ངས་ཚར་གཅིག་སྟོན་ཆོག སྨྱུ་གུ་དང་ཤོག་གུ་ཕར་བཞག དུག་ལོག་ཀྱང་གསང་དོར་མ་གཏོགས་གྱོན་མི་ཆོག
འོ། བུད་མེད་ཅིག་ཁྲིད་ཤོག་ལ་བལྟ་ཚར་དུས་ལག་པ་འཆང་ཆོག་ཆོག་གྱིས་མ་གཏོགས། གསང་རྡོར་ཆག་འགྲོ་ན་ཐང་། གཞན་ཞིག་ཡིན་ན་ལག་པས་ཅིག་བཟོ་ཆོག་ཀྱང་སྔགས་པ་ཚོ་ལ་གསང་སྔགས་ཀྱི་རྩ་ལྟུང་ལྔ་པ་ཡིན་པས་ལག་པས་ཅི་ཡང་བྱེད་ཐབས་མེད། མཁའ་འགྲོ་ཉིད་རང་ནས་གྲ་སྒྲིག་དགོས་པ་མ་གཏོགས་ངས་གྲ་སྒྲིག་བྱེད་ཐུབ་ཀྱི་མ་རེད། འདི་ཕྱོགས་སུ་ཉོ་རྒྱུ་ནི་གཏན་ནས་མི་རག།
དེ་ཕྱོགས་སུ་ཉོ་རྒྱུ་ནི་གཏན་ནས་མི་རག་གི་མེད་ཨ་ལས་སྡུག
དེ་ཕྱོགས་སུ་ཉོ་རྒྱུ་གཏན་ནས་རག་གི་མེད་ན་ཨ་ལས་སྡུག
ད་མྱི་ལྡང་འདིས་ང་གཅེར་བུར་འཕུད་ས་རེད་ཀོ ཡིན་ན་ཡང་ང་གཅེར་བུར་འབུད་རྒྱུར་ཐེ་ཚོམ་ཅི་ཡང་མེད། གཏེར་སྟོན་དུང་མཚོ་རས་པ་ཡིན་ནམ་ཞིག་གིས་མེ་འབར་མཚོ་ནས་གཏེར་འདོན་དུས་ཀྱང་གསང་དོར་གཅིག་བུ་གྱོན་ནས་མཚོ་ནང་དུ་མཆོངས་པ་ཡིན་བསམས་ལ། གཏེར་སྟོན་བསོད་རྒྱལ་ལས་རབ་གླིང་བས་ལྷ་སའི་གཙུག་ལག་ཁང་ནས་བོད་གཞུང་གི་ལས་བྱེད་རྣམ་པའི་མདུན་ནས་གཏེར་འདོན་དུས་ཀྱང་ཕྲུག་ཁེར་རྐྱང་ཞིག་མནབས་ནས་གཏེར་བཏོན་ལུགས་རྣམ་ཐར་དུ་འཁོད་ཡོད། ད་གཅེར་བུར་འབུད་རེས་བྱེད་ན་གཅེར་བུར་འབུད་རེས་བྱེད། ཞེ་བསམ་པས་གཅེར་བུར་འབུད་རེས་ཤིག་བྱེད།
དྲིན་ཅན་ཚོ། རྩེད་མོ་རྩེས་ནས་མ་སྡད་པར་དེ་རིང་གི་འོས་སྒམ་འཕྲོག་གཅོམ་གྱི་སྐོར་ལ་བསམ་ཚུལ་འདྲ་མཆིས་ན་གསུངས་རན་རེད། འོས་སྒམ་གྱི་རིན་གུང་ཧ་ཅང་ཆེན་པོ་ཡིན་པས་སུའི་ལག་ཏུ་ཐོབ་ན་རྒྱུ་ཐོག་རྒྱག་ངེས་རེད།
ཨ་ནུ་ཐང་ལགས། རིན་གུང་ཟེར་ན་ཇི་ཞིག་ཟེར་གྱི་ཡོད་ནི་རེད། རིན་གོང་དང་དོན་གཅིག་པ་རེད་དམ།
ཨ་ནུ་ཐང་ལགས། ངས་ལབ་དུས་ཁྱོད་ཀྱིས་ཉན་གྱི་མི་འདུག ད་བློ་གྲོས་མཐའ་ཡས་ཚང་གིས་ཀྱང་ཟུར་ཟ་ཞིག་འཕེན་མི་འདུག་གམ། ངོ་མ་ཁྱོ་སྙིང་རྗེ་ནི་སུ་རེད་ཡ།
གཏེར་སྟོན་གདུང་འཚོ་རས་པས་མེ་འབར་མཚོ་ནས་གཏེར་བཏོན་པའི་ལོ་རྒྱུས་གང་ཡང་མེད། མེ་འབར་མཚོ་ནས་གཏེར་བཏོན་མཁན་དེ་པདྨ་གླིང་པ་ཡིན་ནི་རེད།
ང་ལ་ཡང་རྒྱོ་འདོད་སྐྱེས་བུའི་གདུང་སེལ་ཟེར་བའི་དཔེ་རྙིང་ཞིག་ཡོད། དྲ་གྲོགས་ཚོ་ཉོད་འདོད་ཡོད་པས། ཧ་ཧ་
བློ་གྲོས་མཐའ་ཡས་ལགས། ངའི་རྩར་ཡོད་པ་དེ་ཁྱེད་ཀྱི་རྩར་ཡོད་ས་མ་རེད། དེ་བས་ང་གཉིས་བརྗེ་པོ་རྒྱག་ན་འགྲིགས་ཀྱི་མ་རེད་པས།
བློ་མཐའ།
༼ཨ་ད་ངོ་མ་སྐྱིད་ཀི་ཡ། སྐྱོན་བརྗོད་བྱེད་བསམ་ཡང་ཧ་ཅང་ཐལ་ན་སྐུར་འདེབས་སུ་འགྲོ་གི་རེད།༽ད་ངོ་མ་སྐྱིད་ཀི་དང་འགྲོ་གི་ཟེར་བའི་གི་༼ཀི༽སྒྲ་གཉིས་གཅིག་པ་མ་རེད་དམ།
སུམ་རྟགས་ཀྱི་གཞུང་ལུགས་གང་དུ་རྗེས་འཇུག་ད་ཡི་རྗེས་སུ་ཀི་ཐོབ་ཚུལ་དང་མཐའ་མེད་ཀྱི་རྗེས་སུ་གི་ཐོབ་ཚུལ་གསུངས་འདུག
བོད་ཀྱི་ཡིག་སྐད་དང་མཐུན་པའི་ཚིག་སྦྱོར་ནི་སྤེལ་མི་ཤེས། གྲོང་གསེབ་ཀྱི་རྒན་རྒོན་གྱི་སྐད་ཆ་བཤད་ནས་བོད་ཀྱི་ཡིག་སྐད་ལ་ལྷད་པ་མ་ཞུགས། བོད་ལ་སྤྱི་སྐད་ཅིག་མེད་ཀྱང་སྤྱི་ལ་དབང་བའི་ཡིག་སྐད་ཅིག་ཡོད་པས་ཁྱེད་ཚོའི་མི་རེ་ཟུང་གིས་མིག་དཔེ་ངན་པ་མ་སྟོན་ན་ལེགས་ཤིང་དེ་ནི་མི་རིགས་འདིའི་དགྲ་བོ་རེད། ཚེ་སྲོག་གཅོད་མཁན་གྱི་དགྲ་བོའི་རྣམ་ལ་དེ་རེད། དེ་ལྟར་བྱས་ན་ཆོལ་གསུམ་གྱི་སྐད་ཡིག་ཁ་ཁར་གྱེར་ནས་མི་རིགས་འདིའི་སྐད་ཡིག་རྩ་ཐོར་དུ་འགྲོ་བའི་སྔ་སྟས་རེད། ངན་བྱས་རྒྱན་དུ་མ་འདོད།
འོག་གི་གནས་ཚུལ་འདི་ཡིས་ཁྱེད་ལ་ཕན་ཐོགས་ཡོང་བའི་རེ་བ་ཡོད།
འཇིགས་མེད་བཀྲ་ཤིས་ཀྱིས།
༄༅།།ན་ནིང་༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པའི་སྐབས། དེང་སང་བོད་པའི་སྤྱི་ཚོགས་སྤྱི་དང། ལྷག་པར་རླུང་འཕྲིན་སོགས་ཀྱི་ནང་བོད་ཀྱི་སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་དང་མི་མཐུན་པའི་ཐ་སྙད་གསར་བཟོ་མང་པོ་ཡོང་གི་ཡོད་པ་མི་ལེགས་ཚུལ་དང། སྔོན་གྱི་མཁས་པས་བཟོས་པའི་ཐ་སྙད་ཀྱི་འགྲོ་སྟངས་ལ་ནོར་འཁྲུལ་མེད་སྟབས་ཐ་སྙད་གསར་བཟོ་བྱེད་དགོས་དོན་མེད་ཚུལ་བཀའ་སློབ་ཕེབས་ཡོད། འདི་ཡང་བོད་རང་གི་སྐད་ཡིག་ལ་གཅེས་སྤྲས་བྱེད་སྟངས་ཀྱི་ཆ་ནས་གསུངས་པ་ཡིན་འདུག
དེས་ན་ང་ཚོས་བོད་ཡིག་ཐོག་ནས་རྩོམ་ཡིག་འབྲི་བ་དང། གསར་འགྱུར་སྤེལ་བ། ཡིག་བསྒྱུར་དང་རྩོམ་སྒྲིག་བྱེད་པ། དེ་བཞིན་དྲ་རྒྱའི་ཐོག་ཟིན་བྲིས་དང་ཟིན་ཐོ། བསམ་ཚུལ་དང་བསམ་འཆར། དྲི་བ་དང་ལན་འབྲི་བ་སོགས། མདོར་ན་བོད་སྐད་བོད་ཡིག་གི་ཐོག་ནས་སྒྲུབ་བཞིན་པའི་ལས་དོན་འདི་ཐམས་ཅད་ཀྱི་ནང་དུ། སུམ་རྟགས་དག་གསུམ་གྱི་འགྲོ་སྟངས་དང་མི་མཐུན་པའི་ཐ་སྙད་གསར་བཟོ་བྱས་ན། བོད་རང་གི་སྐད་ཡིག་ལ་གནོད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་ལ་བརྟེན་ཚང་མས་གཟབ་དགོས་པར་གདའ། དེ་ཡང་ཚན་རིག་སོགས་ཤེས་བྱ་གསར་པ་དང་འཕྲུལ་ཆས་སོགས་དངོས་པོ་གསར་པ་དག་ལ་ཐ་སྙད་གསར་པ་བཟོ་མི་རུང་བའི་དོན་མིན་པར། སྔོན་ནས་ཡོད་བཞིན་པའི་ཐ་སྙད་ཀྱི་སྦྱོར་ཚུལ་དང་། མིང་ཚིག་གི་འབྲི་ལུགས་སོགས་ལ་དགོས་མེད་ཀྱི་བཟོ་བཅོས་དང་ཡུལ་སོ་སོའི་ཕལ་སྐད་དུ་བྲིས་ན་མི་ལེགས་པའི་དོན་ཡིན་ངེས་ཏེ། དཔེར་ན། དུས་ཆེན་སྲུང་བརྩི་ལ་སྲུང་གཙི། རྒྱ་ནག་ལ་དགྱ་ནག རྩོད་ཀྱི་ཡོད་དང་ལེན་གྱི་ཡིན་ལ་རྩོད་ཀི་ཡོད་དང་ལེན་གི་ཡིན། ཡོད་པ་རེད་ལ་ཡོག་རེད། ཡིན་ནའང་ལ་ཡིན་ནའི་སོགས་སུ་འབྲི་བཞིན་པ་དང་། གཞན་ཡང་། བརྗོད་བྱ་གསར་པ་དང་རྗོད་བྱེད་གསར་པ་ཞེས་པའི་ཁ་གཡང་འོག སྙན་རྩོམ་དང་དཔྱད་རྩོམ། གཏམ་བཤད་དང་བགྲོ་གླེང། ཐ་ན་གླུ་གཞས་ཚུན་ཆད་དུ་འབྲི་བ་པོོ་རང་གིས་ཀྱང་ཇི་བཞིན་འགྲེལ་མི་ཤེས་པའི་ཚིག་སྦྱོར་གསར་པ་གོ་རྒྱུ་མེད་པ་སྣ་ཚོགས་ཤིག་སྤེལ་དང་སྤེལ་བཞིན་པ་དེ་དག་མི་འགྲིག་པར་གསུངས་པ་ཞིག་ཡིན་སྙམ། སྤྱིར་ཐ་སྙད་དང་ཚིག་སྦྱོར་ནི་ཕ་རོལ་པོར་དོན་བརྡ་སྤྲོད་པའི་ཆེད་ཡིན་ཙ་ན། བརྡ་འཕྲོད་ཐབས་ལ་གསར་བཟོ་བྱས་པས་ཕན་ཐོགས་ཆེ་ན་གསར་བཟོ་བྱེད་འོས་ཀྱང། དེ་འདྲའི་དགོས་པ་མེད་པར་གསར་བརྗེ་དང་གསར་གཏོད་ཟེར་བའི་འུར་འདྲོགས་ཙམ་ལ་བརྟེན་ཏེ་རང་སྣང་གང་དྲན་གྱིས་གསར་བཟོ་དང་ཕལ་སྐད་དུ་བྲིས་ཚེ། མ་རྟོགས་ལོག་རྟོག་དང་ཐེ་ཚོམ་གྱི་རྒྱུར་འགྲོ་བར་མ་ཟད། བོད་ཀྱི་ཁྱད་ནོར་དུ་གྲགས་པའི་བཀའ་བསྟན་འགྱུར་གྱིས་གཙོས་སྔོན་གྱི་མཁས་པས་བརྩམས་པའི་བཅུ་ཕྲག་རིག་པའི་གཞུང་ལུགས་ཀྱི་གསུང་རྩོམ་རི་བོའི་གཏོས་དང་མཉམ་པ་དེ་ཐམས་ཅད་རིམ་པས་གོ་མི་ཐུབ་པས་བེད་མེད་ཉམས་བརླག་ཏུ་འགྲོ་བ་དང། མཐར་བོད་མི་རིགས་རྩ་འཐོར་དུ་འགྲོ་བའི་རྐྱེན་བྱེད་པ་སོགས་བོད་རང་གི་མི་རིགས་རིག་གཞུང་དང་བཅས་པ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ངེས་པ་ཡིན། གནད་དོན་འདི་སྔོན་གྱི་མཁས་པ་ཆེན་པོ་དག་གིས་ཀྱང་གསལ་པོར་གསུངས་ཡོད་པ་འདིར་དྲན་གསོའི་ཚུལ་དུ་དྲངས་ན། ས་སྐྱ་པཎྜི་ཏའི་མཁས་འཇུག་ལས། བརྡ་སྤྲོད་བྱེད་པ་འདོད་རྒྱལ་སྒྲ། །དོན་ཆེན་སྒྲུབ་པ་མ་གཏོགས་པ། །སླན་ཆད་མི་སྦྱར་དོན་དེ་ལ། །བརྡ་འཇུག་ན་ཡང་མི་རྟོགས་ཕྱིར། ། ཞེས་དང། དེའི་རང་འགྲེལ་དུ། བརྡ་སྤྲོད་པའི་མཁས་པ་དག་གིས་བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན་གསར་པ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་པ་མི་སྦྱར་ཏེ། མ་རྟོགས་པ་དང། ལོག་པར་རྟོག་པ་དང། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། དཔེར་ན་སྨན་པ་དང་། མངོན་དཔྱོད་མཁན་པོའི་བརྡ་བཞིན་ནོ།། ཞེས་དང།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་ལས། རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་གཟབ་དགོས་པ་ལགས། ཞེས་གསུངས། ༸གོང་ས་མཆོག་དང་མཁས་པ་ཆེན་པོ་རྣམས་ཀྱི་གསུང་འདི་དག་ལ་རྒྱུ་མཚན་ཤིན་ཏུ་ཆེ་བ་ནི་དེང་སང་མིག་མཐོང་ལག་ཟིན་ཏུ་འགྱུར་བཞིན་པ་འདི་ཡིན་པས། གནས་ལུགས་འདི་དག་ང་ཚོ་བོད་སྐད་བོད་ཡིག་བཀོལ་མཁན་ཀུན་གྱི་སེམས་ལ་ངེས་པ་བྱས་ཏེ་དེ་ཇི་བཞིན་ལག་ལེན་དུ་བསྟར་རྒྱུ་གལ་ཆེའོ།།
ཧཧཧ།ད་ཡིན་ན་ཀླུ་སྨྱོན་ངོ་མ་བླ་སྨྱོན་རེད་ཚར་འདུག་ཁག་མེད་ཡ་ཨ་རི་ལ་བསྡད་ནས་གྲྭ་ཆས་ཕུད་ན་ཕོ་གཞན་ལྟར་ལས་ཀ་བྱེད་དེ་དངུལ་ལོ་ནི་བསོག་མི་ཐུབ་།འདོད་ཆགས་ཀྱིས་མྱོས་ཀྱང་ཕོ་གཞན་ལྟར་རྒྱོ་ནི་རྒྱབ་མི་ཐུབ་རྨི་ལམ་འདྲ་གཏོང་ནས་འཁྲུལ་གཏམ་བཤད་ནས་སྡོད་འོ།།ཧཧཧཧཧ
ཨ་ནུ་ཐང་ཞབས་འདྲེན་མ་ཞུ། ད་ཡི་རྗེས་སུ་ཀ་དྲངས་ཚུལ་ནི། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང། །མཐའ་མེད་ཀྱི་རྗེས་སུ་ག་ཐོབ་པ་ནི། མོ་ཡིས་མོ་ཡི་མིང་མཐའ་དྲང་། །ཞེསཔའི་དོན་ཙམ་ཡང་མ་ཤེས་པ་རེད་དམ།
སྤྱིར་བཏང་བློ་གྲོས་པས་༼ཨ་ད་ངོ་མ་སྐྱིད་ཀི་ཡ། ༽ཞེས་ཡུལ་སྐད་བྱེ་བྲག་པ་འདི་དག་དྲྭ་ཐོག་ཏུ་བེད་སྤྱོད་གནང་བ་འདི་ནི། ངོ་མ་བོད་ཀྱི་སྐད་ཡིག་ཉམས་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་སྣང་།
གཙང་བུ་ལགས།
སྒྲ་མཚུངས་དང་བརྗོད་བདེ། རྟགས་མཚུངས་སོགས་ཀྱིས་དགག་ལེན་ཞིག་འབྲི་སྐབས་གཞི་ནས་ཁྱེད་ལ་བདེན་པ་ཡོད་པ་འཚོལ།
དེ་ལྟར་བཤད་ན་ཁྱེད་ལ་བདེན་པ་ཡོད་པས་གསལ་བཤད་གནང་བ་ཐུགས་རྗེ་ཆེ། ངས་གནད་དོན་དེ་ལ་བསམ་བློ་འཁོར་མ་སོང་། བློ་གྲོས་ལ་དགོངས་དག མ་ཤེས་བ་རེད། འཇུག་གི་སྐད་ཆ་ཀུན་དེ་ལྟར་རང་ཡིན།
ནོར་བཅོས།
གཙང་བུ་ལགས།
སྒྲ་མཚུངས་དང་བརྗོད་བདེ། རྟགས་མཚུངས་སོགས་ཀྱིས་དགག་ལེན་ཞིག་འབྲི་སྐབས་གཞི་ནས་ཁྱེད་ལ་བདེན་པ་ཡོད་པ་འཚོར།
དེ་ལྟར་བཤད་ན་ཁྱེད་ལ་བདེན་པ་ཡོད་པས་གསལ་བཤད་གནང་བ་ཐུགས་རྗེ་ཆེ། ངས་གནད་དོན་དེ་ལ་བསམ་བློ་འཁོར་མ་སོང་། བློ་གྲོས་ལ་དགོངས་དག མ་ཤེས་བ་རེད། འཇུག་གི་སྐད་ཆ་ཀུན་དེ་ལྟར་རང་ཡིན།
ཨོ་ཡ། གྲོགས་པོ་ཚོ། ཡུལ་སྐད་བྱེ་བྲག་པ་ཞིག་དྲ་ཐོག་རུ་བཀོལ་བ་བོད་པའི་སྤྱི་སྐད་ཉམས་པའི་རྒྱུ་རུ་འགྲོ་གི་རེད་ཟེར་ན་དགོངས་དག དེ་བདེན་པ་རེད། ངོས་ལེན་ཡོད། འོན་ཀྱང་སྐབས་རེ་རྩེད་མོ་བརྩེས་ནས་དེ་འདྲ་འབྲི་ཤོར་གྱི་འདུག དེ་མིན་གྲོགས་པོ་ཞིག་གིས་རྒྱོ་འདོད་སྐྱེས་བུའི་གདུང་སེལ་ཟེར་བ་ཞིག་ཡོད་རབས་གསུངས་སོང་བ་དེ་སུས་གསུངས་རེད་དམ། སྤྱིར་བཏང་བླ་མ་གྲུབ་ཐོབ་ཆེན་པོ་དེ་འདྲས་གསུངས་པ་ཡིན་ན་རིན་ཐང་ཆེ་གི་མ་གཏོགས་དེ་མིན་དེང་སང་world sex དང་free sex video སོགས་ནས་འཇིག་རྟེན་གྱི་རྒྱོ་ལུགས་ཡོད་ཚད་བལྟ་ཆོག་པས་ཡིག་སྣ་ཞིག་ལ་འགྲམ་ཆུ་ལྡང་དགོས་དོན་གང་ཡང་མི་འདུག ཧ་ཧ་ཧ་ཧ་ཧ་ཧ།
འོན་ཀྱང་། ངས་བཤད་པ་གནས་ལུགས་ཡེ་ནས་མེད་པ་མིན་ཏེ། བརྗོད་བདེ་དབང་གིས་མོས་ཕོ་དྲངས་ན་མ་ཆོག་པ་མེད་ལ་སུམ་རྟགས་གཞུང་དང་མཐུན་ཞིང་བོད་ཀྱི་སྐད་སྒྲ་དང་མཐུན། རྒྱུ་མཚན་ནི་བོད་ཀྱི་ས་ཁུལ་ལ་ལར་ད་དུང་ཡང་ག་ལ་འགའ་འབོད་པས་ཡིན། དེ་བརྟེན་ཀི་སྒྲ་ལ་གི་ལས་དུས་ཀུན་ཀི་བཞག་ན་ལེགས་ཤིང་སྒྲ་གདངས་ལ་རྕོད་གཞི་མེད་པས་ཡིན།
ཨ་ནུ་ཐང་བསོད་ནམས་ལགས། བརྗོད་བདེ་ལ་འདི་འདྲའི་ཐག་བཅད་སྔ་རྒྱུ་མེད། སྔ་ནས་ད་བར་རྩོད་རྙོག་འདིའི་སྟེང་ནས་འབྱུང་བཞིན་ཡོད། དགོངས་འཇག་འཚལ།
ཁུ་ཁྲག་རླུང་གིས་རྩུབ་ནག་རོ་སྐ་ལ།།
མཁྲིས་པས་རོ་སྐྱུར་མདོག་སེར་དྲི་མ་བསྣམས།།
བད་ཀན་སྐྱ་འབྱར་རོ་མངར་བསིལ་བ་སྟེ།།
བློ་གྲོས་མཐའ་ཡས་ལགས།
གསང་བ་ཡིན་ན་ཀླུ་སྨྱོན་འམ་རྩ་སྨྱོན་ཧེ་རུ་ཀ་ལ་སྤྲོད་བ་ལྟ་ཅི་མིག་ལ་སྟོན་མི་ཉན།
གང་ཡིན་ཟེར་རྩ་སྨྱོ་ངོ་མ་ཆགས་ན་སློབ་མ་ལ་ཆག་པ་སྤྱོད་ངེས་སོང་དེ་དོན་དགོང་འཇག་ཞུ།
I guys
དེ་དུས་བླ་ཡི་མར་མེ་གསོན་པ་འདྲ།།
དེ་དུས་ཚེ་ཡི་མེ་ཏོག་བཞད་པ་འདྲ།།
དེ་དུས་སྙན་ངག་ལྷ་མོས་འཁྱུད་པ་འདྲ།།
དེ་དུས་ཡིད་དབང་ཚོར་བས་སྦགས་པ་འདྲ།།