སྐྱོ་བྲག་དགའ་དབང་།
ཁུ་ནག་(coca cola)ཟེར་བ་འདི། སྤྱི་ལོ་ ༡༨༨༦ ལོར་ཨ་རི་བ་འཇོན་ཕེམ་པར་ཊོན་གྱིས། ཨ་མི་རི་ཀའི་ཞིང་ཆེན་འཇོར་འཇི་ཡའི་རྒྱལ་ས་ཨེཊི་ལན་ཊར་ཧྥ་རན་སིའི་ཆང་རིགས་ཝིན་ལ་ཀོ་ཀའི་སྨན་རྫས་བསྲེས་ནས་གསར་གཏོད་བྱས་ཤིང་། སྤྱི་ལོ་ ༡༨༨༦ ལོའི་ཟླ་ ༥ ཚེས་ ༨ ཉིན་ཡུལ་དེའི་སྨན་ཁང་ཞིག་གི་བརྒྱུད་ནས་ཚོང་འགྲིམ་གྱིས་རྒྱལ་སྤྱིར་ཁྱབ་པ་ན་ཡུལ་སོ་སོར་ཅུང་ཟད་མ་འདྲ་བ་རེ་ཡོད།
ཁུ་ནག་གིས་བསིལ་བའི་ཚོར་བ་དམིགས་བསལ་བ་ཞིག་སྦྱིན་པས་ཚ་བས་མནར་བ་རྣམས་ཀྱིས་ཧ་ཅང་འཐུང་འདོད་པའི་མངར་ཁུ་ཞིག་ཡིན། ཁུ་ནག་གིས་ཕོ་བ་དང་རྒྱུ་མ་སོགས་ལ་གནོད་པ་དང་། སེམས་ཅན་གྱི་རུས་པའི་ནང་ནས་མཁྲེགས་ཤོས་ཡིན་པའི་སོ་ཡང་ཆུ་ཚོད་བཅུ་གྲངས་ཤིག་གིས་ཐལ་བར་སྒྱུར་ཐུབ་པར་བཤད། ཁོ་བོས་ཤེས་རྟོགས་བྱུང་བ་ལ་ཡང་ཁུ་ནག་འཐུང་དྲགས་པས་མཆིན་པ་རུལ་བ་དང་ཕོ་བ་བུག་རལ་དང་དབུགས་བསགས་ན་ཚ་སོགས་ཀྱིས་མི་ལྔ་དྲུག་ཅིག་མགྱོགས་པོ་གཤིན་ཡུལ་དུ་བརྫངས་སོང་། གལ་ཏེ་གསོན་རེ་ཡོད་པ་ཞིག་ཡིན་ན། སྐོམ་སེལ་གྱི་ཚོར་བ་དང་། ཚེ་སྲོག་གི་རྒྱུན་ཐག་བར་ལ་གདམ་ང་ཡོད་པར་འདུག་པས། རང་དོན་རང་གཅེས་དང་། ཆེ་ལེན་ཆུང་སྐྱུར་གྱི་བསམ་མནོས་རྒྱུན་གཏན་གཟབ་དགོས་པ་ཞིག་ཡིན་པར་སྣང་ངོ་། །
འགྲེལ་བཤད་ཡག་པོ་འདུག
ཆུ་ནག་ཀོ་ལ།
འཛམ་གླིང་སྟེང་ཆེས་ཚོང་ལས་ལ་མྱུར་བའི་བཏུང་བ་ནི་ཁོལ་ཁོལ་ཁུ་ནག་རེད། ད་སྐབས་བསྡོམས་རྩིས་ལྟར་ན་ཕལ་ཆར་རྒྱལ་ཁབ་༢༠༠ལྷག་གི་བཏུང་བར་གྱུར་ཡོད་པ་དང་། འཛམ་གླིང་ཡོངས་ནས་ཆ་སྙོམས་ཉི་མ་རེ་་རེ་ལ་ཁོལ་ཁོལ་ཁུ་ནག་དུང་ཕྱུར་༡༠ལྷག་འགྲེམ་འཚོང་བྱེད་བཞིན་ཡོད་པས། འཛམ་གླིང་སྟེང་ཆེས་ཚོང་ལས་མྱུར་བའི་བཏུང་བ་གཅིག་པུར་རང་བཞིན་གྱིས་འཕགས་ཡོད་པ་ཡིན།
ཁོལ་ཁོལ། ཧུམ། འདི་སུའི་སྐད་དུ་རེད།