རྩོམ་པ་པོ། L C Gupta བསྒྱུར་མཁན། དགའ་བ་མཇེ་ཕྲུག
ཁུ་བ་ལག་འབྱིན་ནམ་ལག་པས་སྤྱོད་པ་ནི་འཁྲིག་རོགས་དངོས་སུ་མེད་ཀྱང་རང་ངོས་ནས་ཆགས་སྲེད་སློང་བ་དང་ཞི་བར་བྱེད་པའི་ཐབས་ལམ་ཞིག་ཡིན། འཛམ་གླིང་ཡུལ་གྲུ་གང་སར་རིགས་རུས་དང་སྤྱི་ཚོགས་ཀྱི་ལུགས་སྲོལ་སྣ་ཚོགས་ཁྲོད་ན་མངོན་གསལ་དོད་པར་གྱུར་ཡོད། འདི་ཉིད་འཁྲིག་ཚོར་ཕྱིར་འདོན་གྱི་ཆེད་དུ་ཡིན་ཞིང་འཛམ་གླིང་ན་སྐྱེས་པ་ཕལ་མོ་ཆེས་ཐེངས་གཅིག་གམ་དེ་ལས་མང་བ་རོལ་སྤྱོད་བྱས་མྱོང་ཡོད། བུད་མེད་ཀྱི་ནང་ལ་ལག་པས་སྤྱོད་པའི་གྲངས་ཚད་དེ་ཙམ་མི་འབེལ་རུང་དོན་དངོས་ཐོག་འདོད་དོན་རྩ་ཆེན་ཞིག་ལ་འཛིན་ནས་དར་ཁྱབ་ཆེན་པོ་བྱུང་། གང་ལྟར་ཀྱང་ལག་པས་སྤྱོད་ཐབས་འདི་འཁྲིག་སྤྱོད་ཀྱི་ཁ་སྐོང་དང་འཁྲིག་རོགས་ག་གེ་མོ་དེའི་ཚབ་ལྟ་བུ་བྱེད་དེ་ལོངས་སྤྱོད་བྱེད་རྒྱུར་བྱུང་བ་ཞིག་རེད།
༡ གནོད་འཚེ་ཆེ་བའི་ཤུགས་རྐྱེན།
ལག་པས་སྤྱོད་ཐབས་འདི་ཉེས་ཚབས་ཆེན་པོ་ཡིན་པ་འུར་བརྗོད་བྱས་ཡོད། ཚད་རྒལ་དང་ལང་ཤོར་བ་མིན་ན་ལག་པས་སྤྱོད་པ་ཙམ་གྱིས་ཕྱིའི་ལུས་ཁམས་ལ་གནོད་འཚེ་གང་ཡང་ཡོང་མི་སྲིད། ལག་པས་སྤྱོད་པའི་རྐྱེན་གྱིས་བྱུང་ངེས་པའི་གནས་ཚུལ་འགའ་ཡོད་པ་ནི་སེམས་ཁྲལ་དང་ཉེས་པའམ་རང་ཉིད་ཀྱིས་རང་ཉིད་ལ་ཉེས་འཛུགས་བྱེད་པའི་ཀུན་སློང་ཞིག་སྐྱེ་སྲིད། མི་རབས་བགྲེས་པ་ཚོས་ཁུ་བ་ལག་འབྱིན་ནམ་ལག་པས་སྤྱོད་པ་ནི་མི་དགེ་བ་དང་གདུག་པ་ཅན། སྤྱི་མཚུངས་མིན་པའི་བྱ་བ་ཞིག་ལ་ངོས་འཛིན་སྟེ་ཕྲུ་གུ་ཚོའི་མིག་དཔེ་ངན་པར་འགྱུར་བའི་བློ་ཚབས་སྐྱེ་བཞིན་ཡོད།
༢ ཆོས་ལུགས་འདྲ་མིན་གྱིས་ལག་པས་སྤྱོད་ཐབས་ལ་ལྟ་ཚུལ།
འཇིའུ་དང་ཡི་ཤུའི་ཆོས་ལུགས་ཀྱིས་འཁྲིག་སྤྱོད་ཀྱི་རོལ་ཚུལ་ལག་པས་སྤྱོད་ཐབས་རིགས་ལ་སྐྱོན་བརྗོད་བྱས་ཤིང་སྡིག་ཅན་དུ་རྩིས་ཏེ་མི་རེ་ངོ་རེའི་ནག་ཉེས་མཐོལ་བཤག་བྱེད་དགོས་པའི་ལྟ་ཚུལ་ངེས་ཅན་ཞིག་ཡོད། དར་ཁྱབ་བྱུང་བའི་གནས་ཚུལ་འདིའི་རིགས་ཀྱིས་ཉེས་པ་བསགས་པའི་སེམས་ཚོར་སྐྱེ་རུ་འཇུག་གི་ཡོད། ངོ་གནོང་བ་དང་གནོང་འགྱོད་ཀྱིས་ཁེངས་ཏེ་མིས་ལག་པས་སྤྱོད་ཐབས་ཀྱི་སྒང་ལ་དམག་འཁྲུག་སློང་བར་བྱེད་ཀྱི་ཡོད། ཞོགས་པ་ནམ་ཡིན་སེམས་ཐག་གཙང་གཅད་ཀྱི་བློ་ཞིག་ཡོད་ཀྱང་ཕྱི་དྲོར་དམ་ཚིག་བོར་བཞིན་མཆིས། ཧིན་དུའི་ཆོས་ལུགས་ཁུངས་སུ་ཁུ་བ་ལག་འབྱིན་སྡིག་པའམ་མི་དགེ་བའི་ལྟ་ཚུལ་ངེས་ཅན་དེ་འདྲ་མེད་ཀྱང་གཉེན་སྒྲིག་མ་ཟིན་པའི་སྐྱེས་པ་བུད་མེད་གཉིས་ཀར་སྲུང་སྡོམ་དགོས་པའི་ལྟ་ཚུལ་ཞིག་མཆིས།
༣ ལག་པས་སྤྱོད་ཐབས་གནོད་རྐྱེན་དུ་འགྱུར་བ།
གལ་སྲིད་མི་སུ་ཞིག་གིས་ཁུ་བ་ལག་འབྱིན་གྱི་སྣང་བརྙན་འབའ་ཞིག་ཡིད་ལ་བསྟུད་མར་བཅང་ཞིང་འཚོ་བའི་གྲུབ་དོན་མང་པོ་ཞིག་དེ་དང་འབྲེལ་ནས་གནས་དགོས་ཁེལ་ཚེ། ད་གཟོད་ཆག་སྒོ་ཞིག་འབྱུང་མི་ཡོང་ངམ་སྙམ་པའི་སེམས་འཚབ་སྐྱེ་དགོས་པའི་དུས་ལ་བབ་ཡོད། གང་ལྟར་ཡང་། སུ་ཞིག་གིས་ཚད་འཛིན་རང་བཞིན་གྱི་སྒོ་ནས་རོལ་སྤྱོད་བྱེད་ན་གནོད་སྐྱོན་གང་ཡང་ཡོང་མི་སྲིད་པ་ཞིག་རེད།
༤ ལག་པས་སྤྱོད་ཐབས་ཀྱིས་འདེད་ཤུགས།
སྐྱེས་པ་བུད་མེད་སུ་ཡིན་རུང་འཁྲིག་སྤྱོད་ཀྱི་ཁ་ཕྱོགས་ཁུ་བ་ལག་འབྱིན་ཁོ་ནར་བསྟེན་ཞིང་འཁྲིག་པའི་སྤྱོད་ཐབས་གཞན་དག་ཡོད་ཚད་དང་ལེན་མི་བྱེད་པའི་གནས་ཚུལ་རིགས་བྱུང་བ་ནི་ཁོང་ཚོར་སེམས་ཁམས་མི་སྐྱིད་པའི་གནད་དོན་ཞིག་བྱུང་བའི་རྟགས་མཚན་རེད། ཡུན་རིང་མི་འགྱང་བར་སེམས་ཁམས་སློབ་གསོ་བའམ་སེམས་ནད་སྨན་པར་བརྟེན་རྒྱུ་གལ་འགངས་ཆེ།
༥ བུད་མེད་ཀྱི་མེ་ཏོག་གསར་པ་དང་ལག་པས་སྤྱོད་ཐབས།
ལག་པས་སྤྱོད་པར་བུད་མེད་ཚོའི་མེ་ཏོག་གསར་པ་སྒོ་འབྱེད་འགྲོ་བ་ཞིག་མིན། མེ་ཏོག་གསར་པ་འདོར་བར་སྐྱེས་པ་ཞིག་དང་འཁྲིག་སྤྱོད་ཀྱི་རོལ་མྱོང་བྱེད་དགོས། ལག་པས་སྤྱོད་པ་ནི་ལུས་འབྲེལ་གྱི་འཁྲིག་སྤྱོད་རོལ་ཚུལ་ཞིག་མིན། ལག་པས་སྤྱོད་སྐབས་སུ་བུད་མེད་ཀྱི་མཚན་མའི་ནང་ཁོག་གི་སྐྱི་མོ་སྲབ་མོ་དེར་རེག་ཚོར་བྱེད་པ་གལ་གནད་མ་མཐོང་།
༦ ལོ་ན་བགྲེས་པའི་སྐབས་སུ་ལག་པས་སྤྱོད་ཐབས་ལ་་བསྟེན་པ།
ལོ་ཚོད་ཆེ་བའི་དུས་སུ་ཁུ་བ་ལག་འབྱིན་ལ་བསྟེན་ཡང་རྒྱུན་ལྡན་ལྟ་བུ་ཞིག་ཡིན་པས་སུ་ཞིག་ལ་འདོད་མོས་བྱུང་ཚེ། ལག་པས་སྤྱོད་པར་དགག་བྱ་གང་ཡང་མེད།
༧ ལག་པས་སྤྱོད་ཐབས་གོམས་གཤིས་སུ་གྱུར་བ།
ལག་པས་སྤྱོད་ཐབས་ལ་ལོབས་པ་ནི་དོར་མི་ནུས་པའི་གོམས་གཤིས་ཤིག་ལ་འགྱུར་སྲིད་པའང་ཡིན། སྐབས་འགར་མི་རེ་འགས་འདོད་པའི་ཚོར་སྣང་དང་མོས་པ་ཡོད་མེད་ལ་ལ་ལྟོས་པར་གློ་བུར་དུ་ཁུ་བ་ལག་པས་འདོན་པར་གོམས་ནས་ཡོད། དེ་ཡང་གནས་དང་དུས་ཀྱི་ཁྱད་པར་མེད་ཅིང་ལྷག་པར་དུ་གཟུགས་པོ་བཀྲུ་བའི་སྔོན་རྗེས་སུ་གང་བྱུང་དུ་རོལ་བའི་གོམས་གཤིས་ཤིག་ལྡན། ཕྱིས་སུ་མི་ཕལ་ཆེ་བས་གནས་ཚུལ་དེ་དང་གཡོལ་ཡོད་ན་ཅི་མ་རུང་སྙམ་པའི་འགྱོད་སེམས་ཀྱི་ཀུན་སློང་ཞིག་ཀྱང་སྐྱེས་ནས་ཡོད།
༨ དཀའ་ངལ་སྨན་པར་བཤད་པ།
ཁུ་བ་ལག་འབྱིན་བྱེད་ཀྱིན་པའི་བུ་ཞིག་ལ་མཚོན་ན་སྨན་པར་སྦ་གསང་མེད་པར་གནས་ཚུལ་བཤད་རྒྱུར་ངོ་གནོང་དགོས་པ་ཞིག་ཏུ་འགྱུར་ཡོད། སོང་ཙང་ཁོས་དཀའ་ངལ་ལྟེ་བ་དེ་ཐད་ཀར་མི་བརྗོད་པར་དཀའ་ངལ་དེས་རྐྱེན་བྱས་ཏེ་གནས་ཚུལ་འགའ་དང་གདོང་ཐུག་རྒྱག་པ་དག་བཤད་པར་འབད། དཔེར་ན། དྲན་ཤེས་བརྟན་པོ་མེད་པ་དང་། མགོ་གཟེར་བ། འདར་སིག་རྒྱག་པ། རྔུལ་ཆུ་འཐོན་པ། གཉིད་མི་ཁུག་པའི་སྐོར་ལ་སློབ་སྟོན་ཞུ་ཁུལ་བྱེད་ཀྱི་ཡོད། ཕུལ་བྱུང་སྨན་པས་ཁུ་བ་ལག་འབྱིན་གྱི་གནད་དོན་ཁ་གསལ་དཔོག་ནུས་ཤིང་བུ་དེའི་ལོ་ཚོད་ལ་གཞིག་སྟེ་གནས་ཚུལ་དེའི་རིགས་རྒྱུན་ལྡན་ཡིན་པའི་སློབ་གསོ་གཏང་ངེས་རེད།
༩ ཚོད་འཛིན་ལྡན་པའི་ལག་པས་སྤྱོད་ཐབས།
ཚོད་འཛིན་ངེས་ཅན་ཞིག་ནམ་ཡང་ཡོད་པ་མ་ཡིན། རང་རང་སོ་སོས་ཚོད་རན་མིན་ཐག་གཅོད་བྱེད་རྒྱུ་ཞིག་རེད། རྦད་དེ་ལང་ཤོར་བ་མིན་ན་དུས་ཡུན་ཐུང་ཐུང་ནང་ལ་ལག་པས་སྤྱོད་ཐབས་ལ་བསྟེན་རྒྱུ་མང་སོང་རུང་སེམས་དང་ལུས་ཁམས་ལ་གནོད་འཚེ་གང་ཡང་ཡོད་པ་མ་རེད། ཁུ་བ་ལག་འབྱིན་ལ་དབྱིངས་ཞུགས་ཆེ་དྲགས་ན་བཟའ་ཚང་དང་ཕོ་མོའི་འབྲེལ་ལམ་ལ་ཆག་སྒོ་མི་འབྱུང་བ་མི་སྲིད།
༡༠ ཕོ་མོ་ཟུང་འབྲེལ་གྱི་འཁྲིག་སྤྱོད་ལས་ལག་པས་སྤྱོད་ཐབས་ལ་བསྟེན་ནས་སྤྲོ་སྣང་སྐྱེ་ཆེ་བ།
ཕོ་མོའི་ལུས་འབྲེལ་ལས་ལག་པས་སྤྱོད་ཐབས་དགེ་མཚན་མེད་པ་མ་ཡིན། འཁྲིག་རོགས་གཞན་ཞིག་མཁོ་སྣང་མེད་ཅིང་གཞན་དེའི་འདོད་མོས་ཡོད་མེད་ལ་བསྟུན་མི་དགོས་པར་ཆེས་སྟབས་བདེའི་སྒོ་ནས་རང་ཀྱིས་རོལ་མྱོང་བྱེད་ཆོག ཕོ་མོའི་ཆགས་ཚོར་འཕེལ་བར་མཚན་མར་རེག་ཚོར་སློང་བར་ལུས་འབྲེལ་ཁོ་ནས་ཚོར་ཤུགས་དྲགས་པོ་ཞིག་སྦྱིན་མི་ནུས་པས། མི་ཁ་ཅིག་གིས་དངོས་ཡོད་ཀྱི་ལུས་འབྲེལ་བྱུང་བ་ལས་ཁུ་བ་ལག་འབྱིན་ནམ་ལག་པས་སྤྱོད་ཐབས་ཀྱིས་འཁྲིག་ཚོར་བདེ་བ་མཐར་ཐུག་སྟེར་བ་འདོད།
༡༡ བུད་མེད་རྣམས་ཀྱིས་ལག་པས་སྤྱོད་ཐབས་ལ་བསྟེན་པའི་ཐུན་མོང་གི་རྒྱུ་རྐྱེན།
བུད་མེད་ཚོས་ལག་པས་སྤྱོད་ཐབས་ཀྱིས་འདོད་བློ་ཚིམ་པའི་མྱོང་སྣང་སྐྱེ་བཞིན་མཆིས། གཉེན་སྒྲིག་མ་བྱེད་པའི་གཞོན་ནུ་མ་དག་གིས་ལག་པས་སྤྱོད་པའི་རྒྱུ་མཚན་གཙོ་བོ་ནི་ཁོང་ཚོར་དགའ་རོགས་མེད་པའམ་ཡང་ན་གཉེན་སྒྲིག་མ་ཟིན་པའིི་སྔོན་ལ་སྐྱེས་པ་གཞན་གྱིས་བཀོལ་སྤྱོད་བྱེད་དུ་བཅུག་འདོད་མེད་པས་ཡིན། བུད་མེད་གཞན་འགས་དགའ་རོགས་སམ་བཟའ་ཚང་བར་ཆག་སྒོ་བྱུང་བ་དང་འཁྲིག་རོགས་ས་ཐག་རིང་བ། ཆགས་སྲེད་མཉམ་མྱོང་བྱེད་མཁན་དངོས་སུ་མེད་པས་སོ་སོའི་ལག་པ་སྤྱད་དེ་འདོད་པ་ཚིམ་པ་བྱས། ཆགས་ཤུགས་ཆེ་བའི་བུད་མེད་འགས་གཉེན་སྟོན་མ་བྱེད་པའི་སྔོན་དང་དགའ་རོགས་ཁ་ཐོར་སོང་བ། བཟའ་ཟླ་ནད་ཀྱིས་མནར་བ། རྨས་སྐྱོན་
བྱུང་བ། ཡང་ན་ཚེ་ལས་འདས་པ་སོགས་ཀྱི་རྐྱེན་བྱེད་ནས་ལག་པས་སྤྱོད་ཐབས་ལ་མི་བསྟེན་ཀ་མེད་བྱུང་གི་ཡོད། སྦྲུམ་མའི་སྐབས་སུ་སྐྱེས་པ་དང་འགྲོགས་འདྲིས་མི་བདེ་བས་བུད་མེད་མང་པོས་ལག་པས་སྤྱོད་པར་བྱས། སེམས་སྐྱོ་བ་དང་ཁེར་རྐྱང་གི་སྣང་བ་འཁོར་བ། སྡུག་བསྔལ་གྱིས་མནར་བ་བྱེད་ཚེ་གཉིད་སྟབས་བདེ་བའི་ཆེད་དུ་ལག་པས་སྤྱོད་ཀྱི་ཡོད། དེ་བཞིན་བུད་མེད་སྐོར་ཞིག་གིས་བཟའ་ཟླའམ་དགའ་རོགས་དང་ཡིད་ཚིམ་པའི་འཁྲིག་སྤྱོད་ཅིག་མི་ཡོང་བའི་རྐྱེན་གྱིས་ལག་པས་སྤྱོད་དགོས་ཁེལ་བའི་གནས་སུ་གྱར།
༡༢ བུད་མེད་རྣམས་ཀྱིས་ལག་པས་སྤྱོད་པར་ཞེད་སྣང་བྱེད་ཀྱི་ཡོད་དམ།
སྤྱོད་ཐབས་དེས་བུད་མེད་རྣམས་ཀྱི་ཕྱིའི་ལུས་པོར་སྤྲོ་སྣང་སྦྱིན་གྱི་ཡོད་པ་གསལ་པོ་ཡིན། དངངས་འཚབ་ཀྱིས་ཁེངས་པའི་སེམས་པ་རྒྱ་ཡན་དུ་གློད་པར་རམ་འདེགས་བྱས་ཀྱང་། སྲབ་ཞིང་འཇམ་པའི་ཚོར་ཤེས་ཀྱི་མ་ལག་དེ་དག་འཕྲོ་བརླག་འགྲོ་མི་ཡོང་ངམ་སྙམ་པའི་ནང་བསམ་བློར་དོ་ཕོག་གཏོང་གི་ཡོད།
༡༣ ལག་པས་སྤྱོད་ཐབས་ལ་བསྟེན་གྱིན་པའི་བུད་མེད་ཅིག་ལ་སྤྱི་ཚོགས་ཀྱིས་ལྟ་སྟངས།
སྤྱི་ཚོགས་ཁྲོད་ལ་གཞོན་ནུ་མ་ཚོར་ཆེད་མངགས་ལག་པས་སྤྱོད་ཐབས་ལ་བསྟེན་མི་འོས་པའི་སློབ་གསོ་ཞིག་སྤེལ་ཡོད། གལ་སྲིད་ཕ་མས་བུ་མོ་སུ་ཞིག་གིས་མཚན་མ་དང་ནུ་མ་སོགས་རེག་ཚོར་སློང་བ་དོ་སྣང་བྱུང་ཚེ། བུ་མོ་དེར་གཤེ་གཤེ་གཏོང་ཞིང་རྗེས་འབྲས་ངན་པ་འབྱུང་བའི་སྡིགས་ར་བསྐུལ་གྱི་ཡོད། ཨ་ཧྥེ་རི་ཁའི་ནང་ལ་བུ་མོ་ས་ཡ་མང་པོའི་བྱ་ལེ་བྲེག་པ་ཡང་ལག་པས་སྤྱོད་ཐབས་ལ་མི་བསྟེན་པའི་ཐབས་ཇུས་ཤིག་གོ །
༡༤ ལུས་འབྲེལ་དངོས་བསྟེན་དང་ལག་པས་སྤྱོད་ཐབས་གཉིས་ཀྱི་བློ་འདོད་ཚིམ་མིན་གྱི་ཁྱད་པར།
ལག་པས་སྤྱོད་སྐབས་ཀྱི་འདོད་བློ་ཁེངས་ཚུལ་ནི་ཕྱི་ཚུལ་གྱི་རང་བཞིན་དང་། བློ་ཡིད་ཚིམ་པའི་ཚོར་སྣང་དེ་ཙམ་གྱི་གཏིང་ཟབ་ཅིང་ཡུན་རིང་བ་ཞིག་མིན། གཞན་ཞིག་དང་་དངོས་སུ་ལུས་འབྲེལ་བྱེད་དེ་ཕོ་མོའི་མཚན་མ་རེག་ཚོར་གྱི་བདེ་བ་ཁོ་ན་སྐྱེ་ཆེད་མ་ཡིན་པར། སེམས་ཀྱི་གཏིང་ནས་འདོད་བློ་ཚིམ་ཚུལ་དམིགས་བསལ་བ་ཞིག་ཡོད། སོང་ཙང་། ལག་པས་སྤྱོད་ཐབས་ནི་ཁེར་རྐྱང་གི་རྣམ་པ་དང་འཁྲིག་རོགས་གཞན་ཞིག་སྟོང་བའི་ཐབས་ལམ་ལ་ཞུགས་པ་ཡིན།
༡༥ གཉེན་སྒྲིིག་མ་བྱེད་སྔོན་ལ་ལག་པས་སྤྱོད་ཐབས་ལ་བསྟེན་པའི་བུད་མེད་ཀྱིས་གཉེན་སྒྲིག་ཟིན་རྗེས་འཁྲིག་སྤྱོད་ཀྱི་རྩལ་མཆོག་ཏུ་གྱུར་བ་ཞིག་ཡོང་སྲིད་དམ།
དེ་ལོས་ཡིན། རང་ཉིད་ཀྱིས་རང་ཉིད་ལ་བདེ་བ་སྟེར་ནུས་པའི་ཐབས་ལ་བརྟེན་ནས་རང་སོ་སོའི་ལུས་ཀྱི་འཁྲིག་ཚོར་ངོས་འཛིན་སླ་བར་གྱུར་ཡོད། བུད་མེད་དེའི་རིགས་ཀྱིས་གཞུག་མའི་ཚེ་རོགས་ལ་འཁྲིག་སྤྱོད་ཀྱི་ཡ་ལན་བཟང་བ་བཤད། གཉེན་སྒྲིག་མ་བྱེད་པའི་སྔ་རོལ་དུ་ལག་པས་སྤྱོད་ཐབས་ལ་བསྟེན་པའི་བུད་མེད་ཚོས་གཉེན་སྟོན་བྱས་རྗེས་བུད་མེད་གཞན་ལས་ལྷག་པའི་འཁྲིག་སྤྱོད་ཀྱི་ཚོར་བའི་མཐར་ཐུག་ལ་རོལ་མཁས་པ་འགྱུར་བ་ཡིན།
༡༦ ལག་པས་སྤྱོད་ཐབས་ལ་བསྟེན་མཁན་ཚོར་འགྱོད་པའི་ཚོར་སྣང་སྐྱེ་བའི་རྒྱུ་རྐྱེན།
ནང་སེམས་ཀྱི་ཚོར་བ་ནི་ང་ཚོའི་མི་གཤིས་སྒྲིག་གཞིའི་གྲུབ་བྱ་ཞིག་ཡིན་ལ། གཅིག་མཐུན་གྱི་རྒྱུ་རྐྱེན་ནི་ཆོས་ལུགས་དད་མོས་ཀྱི་ཤུགས་རྐྱེན་ངན་པ་དེ་ཡིན། ཕ་མས་རྒྱུན་དུ་ལག་པས་སྤྱོད་ཐབས་དང་འབྲེལ་བའི་དགག་ཆའི་ཁ་ཏ་བསྒྲགས། ཤུགས་རྐྱེན་འདི་དག་གི་གསོག་འཇོག་རྒྱབ་གནོན་ནི་རྒྱུན་དུ་སོམ་ཉིའི་དྲ་བར་ཚུད་པའམ་ཡང་ན་འགྱོད་པའི་ཚོར་བ་ཞིག་སྐྱེ།
༡༧ བུ་མོའི་ཁྲོད་ཀྱི་ལག་པས་སྤྱོད་ཐབས།
བུ་མོའི་ལག་སྤྱོད་ནི་རྒྱུན་དུ་བུ་དང་འདྲ་བར་ཐད་ཀར་དང་ཨུ་ཚུགས་ཅན་ཞིག་མིན། ཁོང་ཚོས་མིས་བཟོས་པའི་དངོས་རྫས་སྲ་མོའི་རིགས་མོ་མཚན་ལ་བརྡར་བར་མོས་པ་ཆེ། དེར་བརྟེན། ཐ་ན་སྡོང་མགོར་འཛེགས་པའམ་འདྲེད་པའི་གློག་ཤིང་ལྟ་བུའི་བྱ་འགུལ་ལའང་ནུས་པ་ཡོད། ད་ལྟའི་དུས་བབ་འདིར་གློག་གི་ཡོ་ཆས་དང་འཕྲུལ་ཆས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁོང་ཚོའི་སྐྱེས་འཕེལ་མ་ལག་ལ་རེག་ཚོར་སློང་ཐུབ། དཔེར་ན། ཆུ་འཁོར་གྱི་བཞུར་རྒྱུན་དྲག་པོ་དེ་ཁྲུས་བྱེད་མཁན་ལ་མཚོན་ན་བཙན་ཤེད་རང་བཞིན་གྱི་ངར་སློང་དངོས་པོ་ཞིག་དང་འདྲ། མཚན་མ་ཐ་དད་དང་འཁྲིག་སྤྱོད་བྱེད་པར་གོམས་རྗེས། ལག་པས་སྤྱོད་ཐབས་ཀྱི་རྣམ་པ་འགྱུར་སྲིད། བུ་མོ་འདི་དག་གིས་མཛུབ་མོའམ་ཅ་དངོས་མཁྲེགས་པོའི་རིགས། འཇམ་ཤ་དོད་པའི་མདོང་དབྱིབས་ཀྱི་དངོས་རྫས་སོགས་མཚན་མར་འདོན་འཇུག་བྱེད་ཀྱི་ཡོད།
༡༨ བུད་མེད་ཅིག་གིས་མོའི་མི་ཚེ་གང་བོར་ལག་སྤྱོད་བྱས་མ་མྱོང་ཟེར་ན་བདེན་པར་འཛིན་ཐུབ་བམ།
སྤྱིར་བཏང་བཤད་ན། འདི་བདེན་པ་མ་རེད། འོན་ཀྱང་། ཁོ་མོས་ཕལ་ཆེར་དོན་དག་དེ་སྣང་བ་མ་བྱུང་བ་འདྲ། བུད་མེད་མང་པོ་ཞིག་གིས་བྲོ་འཁྲབ་པ་དང་། ལྕགས་རྟ་ཞོན་པ། སྔས་མགོའི་སྟེང་དུ་སྐྱེ་འཕེལ་མ་ལག་ལ་གཙུབ་བརྡར་བྱེད་པའམ་ཡང་ན་ལུས་པོ་བཀྲུ་སྐབས། གལ་ཏེ་ཆུ་ཐད་ཀར་བྱ་ལེའི་སྟེང་དུ་བབས་ན། རེག་ཚོར་འཕྱུར་སྲིད། དོན་དངོས་ཐོག་ལག་སྤྱོད་བྱེད་མེད་པའི་མི་དེ་དག་གིས་དུས་ཐག་མ་ཉིད་ནས་མཚན་མ་ཐ་དད་དང་འཁྲིག་སྤྱོད་བྱེད་པར་ཞུགས་པའམ་ཡང་ན་ཁོ་ཚོའི་འདོད་ཆགས་ནི་དལ་བས་ལག་སྤྱོད་ལ་བརྟེན་ནས་འདོད་སྲེད་ཚིམ་པ་བྱེད་དགོས་མེད་པ་གྱུར་ཡོད།
༡༩ རྒྱུན་སྤྱོད་དངོས་རྫས།
སྐྱེས་པ་དང་བུད་མེད་ཚང་མས་དངོས་གཟུགས་ལ་བརྟེན་ནས་གཙུབ་བརྡར་བྱས་ཏེ་རེག་ཚོར་འཕེལ་བ་བྱས། སྔས་མགོ ལག་ཕྱིས། བརླ་བར་འཇུག་པ་དང་མལ་གདན་གྱི་སྣེ་ཟུར་ལ། སྟབས་བདེ་བའི་སྒོ་ནས་བརྡར་ནས་རེེག་ཚོར་སླེབས་ཐུབ། གསང་ལམ་ནང་དུ་འཇམ་པའི་མདོང་དབྱིབས་ཀྱི་དངོས་རྫས་འཇུག་སྟེ། ཆགས་པའི་ཚོར་བ་འཕེལ་བ་བྱས། སྣུམ་དང་མར་སོགས་དངོས་པོ་དེར་བྱུག་ན་རེག་ཚོར་སློང་བར་རམ་འདེགས་བྱེད་ཀྱི་ཡོད།
༢༠ ལག་སྤྱོད་ལ་བསྟེན་པའི་སློབ་མའི་སྦྱངས་འབྲས་མི་བཟང་ངམ།
ལག་པས་སྤྱོད་པ་ནི་འཁྲིག་སྤྱོད་ཀྱི་སེམས་ངལ་ཞི་བའི་ཐབས་མཆོག་ཅིག་ཡིན། ཁོང་ཚོ་ཚད་བརྒལ་གྱི་དབྱིངས་ལ་ཞུགས་པ་དང་དགའ་རོགས་སྒྲིག་པ། བཙན་ཤེད་ཀྱིས་ལག་སྤྱོད་བྱེད་དུ་བཅུག་པ་མིན་ན་དུས་ཚོད་ཡོད་ཚད་སློབ་སྦྱོང་གི་ཁྲོད་དུ་བཀོལ་ཆོག གཞོན་ནུ་འདི་ཚོ་སྒེར་སེམས་ཅན་མིན་ལ་རྗེས་སུ་མཚན་མཐུན་དགའ་རོགས་སུ་འགྱུར་བའང་མེད།
༢༡ ཕན་ཚུན་ལག་པས་སྤྱོད་པ།
ལག་པས་སྤྱོད་པ་ནི་སྤྱིར་བཏང་མི་ཞིག་གིས་གསང་བ་ཡོངས་སུ་བྱེད་པའི་གནས་ཚུལ་འོག་ཁེར་རྐྱང་དུ་སྤེལ་བའི་བྱེད་སྒོ་ཞིག་ཡིན། འོན་ཀྱང་། གལ་ཏེ་མི་གཉིས་ཀྱིས་ཕན་ཚུན་ལག་པས་སྤྱོད་པ་ན། ཕལ་ཆེར་སྐྱེས་པ་ཞིག་ཡིན་སྲིད་ལ། བུད་མེད་ཅིག་ཀྱང་ཡིན་སྲིད། དེ་ནི་ཕན་ཚུན་ལག་སྤྱོད་ཟེར་བ་དེ་ཡིན།
༢༢ ལག་སྤྱོད་བྱེད་པའི་དགེ་མཚན།
ལུས་པོ་དང་ཀུན་སྤྱོད་ལ་གནོད་འཚེ་མི་འབྱུང་བ་མ་ཟད། ལག་པས་སྤྱོད་ཚུལ་འདི་ཉིད་ལུས་སེམས་བདེ་ཐང་སྲུང་འཛིན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་སྲིད། ལག་སྤྱོད་ནི་སློབ་སྦྱོང་གི་ཉམས་མྱོང་ཞིག་ཡིན་ལ། ལྷག་པར་དུ་ལང་ཚོའི་དུས་ཀྱི་བུ་དང་བུ་མོ་ལ་མཚོན་ན། ཁོ་ཚོར་རང་གི་མཚན་མ་ཤེས་རྟོགས་དང་ཆགས་སྲེད་ཀྱི་ཡ་ལན་ཚོད་འཛིན་བྱེད་པའི་སྦྱོང་བརྡར་བཟང་པོ་ཞིག་ཀྱང་འཐོབ་འགྲོ འདིས་རྗེས་ཕྱོགས་ཀྱི་འབྲེལ་བ་ཆེས་ཆེར་ལེགས་བཅོས་བྱེད་ཐུབ། འཁྲིག་སྤྱོད་ཀྱི་མཐོ་རླབས་སླེབས་དཀའ་བའི་བུད་མེད་དེ་དག་ལ་མཚོན་ན། ལག་པས་སྤྱོད་ཐབས་ཀྱིས་ཁོ་མོ་ཚོར་སྤྲོ་སྣང་སྟེར་སྲིད། ཁྱོ་ཤུག་གི་ངོས་ནས་བཤད་ན། ལག་པས་སྤྱོད་ཐབས་ལ་བསྟེན་ཚེ། བཟའ་ཟླ་ན་བ་དང་། ཟླ་མཚན་འབབ་དུས། མངལ་ཆགས་པའི་དུས་མཇུག་གམ་ཕྲུ་གུ་སྐྱེས་མ་ཐག་པའི་དཀའ་ངལ་སེལ་ཐུབ།
༢༣ ལག་པས་སྤྱོད་ཚུལ་ལ་ཡོངས་ཁྱབ་ཀྱིས་དང་ལེན།
སེམས་ངལ་ཞི་བའི་ཐབས་ལམ་ལེགས་པོ་ཞིག་ཏུ་རྩི་ཆོག་ལ། ཕོ་མོའི་འབྲེལ་བའི་ཁྲོད་དུ་འཁྲིག་སྦྱོར་བྱེད་མི་ཐུབ་པའི་མིའི་ཡིད་ཚིམས་པའམ་ཡང་ན་ཕོ་མོའི་འབྲེལ་བའི་ཁྲོད་ཀྱི་མི་ལ་སྤྲོ་སྣང་འཕར་མ་ཞིག་སྟེར་བའི་ཆ་ནས། རང་གིས་རང་ལ་བདེ་ཚོར་སྦྱིན་པ་ནི་མིའི་རིགས་ཀྱི་ཆགས་སྤྱོད་ཁྲོད་དུ་རྒྱུན་ལྡན་དང་བདེ་ཐང་གི་ཆ་ཞིག་ཡིན་པས། ལོངས་སྤྱོད་དང་དང་ལེན་བྱེད་དགོས།
ཡག་པོ་བྲིས་འདུག ཕན་བྱུང་།
དྲི་བ་ཞིག་ཡོད། ལག་པ་མེད་མཁན་ཚོས་ཇི་ལྟར་བྱེད་འོས་སམ། ཁ་སང་དྲ་ཐོག་ལ་མི་ལག་གཉིས་ཀ་མེད་མཁན་ཞིག་འདུག སྙིང་མ་རྗེ། ཁོ་ལ་བུད་མེད་ཐོབ་པའི་རྐྱེན་ཉུང་བས། ད་ལག་གཡེམ་ཀྱང་ཁག་པོ་བྱས་སོང་།
འདོད་ཆགས་ལུས་ལ་ཡོད་དང་གཅིག །
དངུལ་ལོར་ལུས་ལ་ཡོད་དང་གཉིས། །
ཡོད་པ་ཙམ་གྱིས་མི་གནོད་གསུམ། །
བློ་ལ་བཞག་ན་མི་གནོད་བཞི། །
་
སེམས་ནང་འདོད་ཆགས་བྱུང་དང་གཅིག །
དངུལ་འདོད་ཆོག་ཤེས་མེད་དང་གཉིས། །
མཐོང་ཚད་དགྲ་རུ་མཐོང་དང་གསུམ། །
དེ་གསུམ་འཛོམས་ན་སྡུག་བསྔལ་བཞི། །
་
འདོད་ཆུང་ཆོག་ཤེས་ཡོད་དང་གཅིག །
དད་སེམས་ཕན་སེམས་ཡོད་དང་གཉིས། །
ལ་རྒྱ་སེམས་ཤུགས་ཡོད་དང་གསུམ། །
དེ་གསུམ་འཛོམས་ན་ཕན་བདེ་བཞི། །
ལུས་ལ་འདོད་ཆགས་རྒྱས་པ་བདེ་བའི་རྒྱུ། །
སེམས་ལ་འདོད་ཆགས་རྒྱས་པ་སྡུག་བསྔལ་རྒྱུ། །
ནང་ལ་དངུལ་ལོར་ཡོད་པ་བདེ་བའི་རྒྱུ། །
སེམས་ནང་དངུལ་ལོར་གསོག་འདོད་སྡུག་བསྔལ་རྒྱུ། །
ཚན་རིག་བྱས་ན་ཉིན་ཞག་སུམ་ཅུའི་ནང་། །
ཁུ་བ་ཉེར་གཅིག་འབྱིན་ན་ལུས་གཟུངས་ཕན། །
ཆོས་ལུགས་བྱས་ན་ལུས་སེམས་གཉིས་གནོད་གསུངས། །
ལག་རྒྱོ་ལ་ཡང་ཕན་གནོད་གཉིས་ཀ་ཚང་། །
དགའ་བ་མཇེ་ཕྲུག་རང་། དགའ་བ་མཇེ་ཕྲུག་རེད་མི་འདུག དགའ་བ་མཇེ་རྒན་རེད་ཤག ཧ་ཧ། ཀུ་རེ་ཡིན་ནོ།།