(སྨིན་་སྣང་མཛེས་ཀྱི་གླུ་སྐད་སྙན་མོ་སྙིང་ལ་ཟུག་རྗེས་བྲིས་པ།)
སྨན་ཆུང་སྣང་མཛེས་སྨྱུག་འཛིན་མ་ལས་གླུ་སྐད་དྭངས་མོ་མ་ཐོས་མོད།།
ཕྱི་ལུགས་ལོ་གསར་དགོང་ཚོགས་སྟེང་ནས་ལྷོད་ཤ་ཅན་གྱི་གླུ་སྐད་དེས།།
མདུན་གྱི་མགྲོན་པོའི་སྙན་དབང་ལྟ་ཅི་མཁའ་ཡི་སྤྲིན་ནག་ཕྱོགས་བཞིར་སྟོར།།
ཁོ་བོའི་ཡིད་སེམས་ཚིམས་པའི་རྟགས་སུ་ཁ་བཏགས་ཡུག་ཅིག་འཚབ་འཚུབ་སྒྲོན།།
ཉིན་འགའ་འགོར་བའི་དེ་རིང་ད་དུང་ཁྱོད་ཀྱི་གླུ་སྐད་སྔར་བཞིན་དུ།།
ནོར་བུ་གླིང་གའི་སྐྱེད་ཚལ་འདི་ན་སྡོང་ལོའི་མཉམ་དུ་ལྷུང་གིན་འདུག།
ང་དང་སློབ་གྲོགས་རེ་ཟུང་སེམས་ན་མཁའ་དབུགས་ལྷན་དུ་ལྡང་གིན་འདུག།
ཡང་བསྐྱར་ལྷན་འཛོམས་དགོང་ཚོགས་ཤིག་ནས་ཁྱོད་སྐད་ཨེ་གོ་འདོད་ཀི་ཡོད།།
གཟུགས་དང་མོ་སྒོས་ཡིད་སེམས་མ་ཕྲོགས་གླུ་སྐད་གཙང་མས་རྨས་དང་ཐལ།།
དམངས་གླུ་སྙན་མོའི་ནེམ་ཤ་དེ་ཡིས་སེམས་ཀྱི་འཁྱག་རོམ་དྲོས་དང་ཐལ།།
དགའ་བ་སྒོམ་པའི་གཤིས་ཀ་དེས་ཀྱང་མདུན་གྱི་ང་ཚོ་བཏུམ་དང་ཐལ།།
མ་གསང་སྐད་ཆ་དྲང་མོར་བཤད་ན་ཁྱེད་ངག་སྙན་མོས་བསླུས་དང་ཐལ།།
མྱི་ལྟིག་སེམས་པ་མྱི་ལ་ཤོར་ནས་གནམ་གཤིས་གྲང་ཡང་ཚ་སྣང་ཤར།།
སེམས་པ་རྨས་མ་རུམ་ནས་ཤོར་ཞིང་ཁ་བརྡའི་ནང་ནས་ཁ་བརྡ་བྱས།།
དགའ་སྐྱོ་ཆགས་སྡང་ཡི་གེར་འབེབ་པ་སྨྱུག་འཛིན་པ་ཡི་རང་གཤིས་རེད།།
མྱི་ལྟིག་ཉི་མ་འདི་ཚོའི་ནང་དུ་ཉི་མ་རིང་པོར་སྣང་ཚོད་རེད།།
ནོར་གླིང་གི་ནགས་གསེང་ཞིག་ནས། མྱི་ལྟིག་གི་གླེན་རྟགས་སྟོན་གི སྡོང་རྩེ་ནས་ཁམ་བུ་མཐོང་དུས། སྡོང་རྩ་ལ་གཅིན་པ་ཤོར་ཐ ། ཧ་ཧ། ལོ
ཁག་མེད་གི།།། སེམས་པ་ཤོར་སོང་ན་དཀའ་མོ་རེད་།།།། སེམས་པ་ཡེ་གེ་བཀོད་པ་དེ་ཡང་འགོག་མེད་ཟིག། དེ་ན་ན་ཟུག་ར་ཡོད་ཀྱི་རེད། སྤོབས་པ་ཡང་ཡོད་ཀྱི་རེད། བྲལ་བ་ཡང་ལས་ཡོད་། སྲོག་ལྟ་བུའི་སེམས་པ་དེ་ཚོ་། སེམས་ཀྱི་འཚར་ལོངས་ལ་ལྟོས་ན་་་་་་་་
ཁག་གླུ་སྐད་ལ་འཇོག་པ་མ་གཏོགས། ཡག་མོ་སྒོས་ཀྱང་བཀུག་འདུག་པ་ཚིག་ཤུགས་ཀྱིས་བསྟན་འདུག
གང་ལྟར་སེམས་འགྱུ་དྲང་བོར་སྨྲ་བ་ནི་སེམས་སོང་དེ་འགུག་པའི་ལྕགས་ཀྱུ་ལྟ་བུ་ཡིན་པས་ཤུགས་རྒྱོབས་ཡ་་་་་་་
སྨིན་སྣང་མཛེས་ཀྱི་གླུ་ངག་སྙན་མོ་ཐོས་འཛིན་སྟོང་གི་ལོངས་སྤྱོད་རེད།།
སྨིན་སྣང་མཛེས་ཀྱི་རྩོམ་རིགས་དེ་ཀོས་མིག་ལྡན་འབུམ་གྱི་སེམས་པ་གསོ།།
སྨིན་སྣང་མཛེས་ཀྱི་རེ་བའི་ལམ་ཆེན་བརྩེ་དུང་འགག་རྡོས་མ་བཀག་རོགས།།
སྨིན་སྣང་མཛེས་ཀྱི་ལང་ཚོའི་ནུས་སྟོབས་མི་ཁའི་མེ་ལྕེས་མ་བསྲེག་རོགས།།
མ་བཀག་རོགས། མ་འགོག་རོགས།
མ་སོང་རོགས། མ་འགྲོ་རོགས།
མ་བསད་རོགས། མ་གསོད་རོགས།
བོད་སྐད་ནང་ལ།
ཁྱུ་བྱུག་མ། སྐད་སྙན་མོ། ཡོད་ན།
ཁྱུ་བྱུག་ཕ། སྐད་སྙན་པོ་ཞེས་དགོས་སམ།
སྨིན་སྣང་མཛེས་ལགས་ཀྱི་པར་འདི་ངའི་ཟིན་བྲིས་ནས་བཤུས་པ་འདྲ།
མྱི་སྟིག་ཞི་མོ་དེ་སེམས་པ་ཤོར་ནས་གཉིད་ཡོག་གི་མེད་ཀ
མ་བཀག་རོགས། མ་འགོག་རོགས། མི་འགོག་རོགས།
མ་སོང་རོགས། མ་འགྲོ་རོགས། མི་འགྲོ་རོགས།
མ་བསད་རོགས། མ་གསོད་རོགས། མི་གསོད་རོགས།
འདི་ཚོའི་གནད་ཤེས་དགོས་ན། ཨ་ལགས་དམུ་དགེ་བསམ་གཏན་གྱིས་མཛད་པའི་བློ་གསལ་འཇུག་ངོགས་ལ་ཞིབ་པར་གཟིགས།
ཐག་གཅོད་མི་སྔ། དཔྱད་པ་མི་ཐུང་།
དེ་རང་ཡིན།
ཨ་སྐྱོང་སྟོབས་དགས་མཛད་པའི་ཚེ་ཏན་ཞབས་དྲུང་གི་ཐོན་མའི་ཞལ་ལུང་གི་དགག་ལན་ལ་ཡང་གཟིགས་འཚལ།། གཟུ་བོར་གནས་དགོས། ཕྱོགས་རིས་མི་རུང་། དཔྱད་པ་ཞིབ་དགོས།
ཐོན་མིའི་ཞལ་ལུང་དེ་མཚམས་རེར་བྲིས་པ་འདྲ་ཞིག་ཡོད། མཚམས་རེར་བཤུས་པ་འདྲ་ཞིག་ཡོད། ཡིད་མི་ཆེས་ན་རིམ་པས་དཔྱད་པ་ཐོངས། དཔེ་རྙིང་ཚོར་ཞིབ་ཀྱིས་བསྡུར་དང་ཤེས་ཡོང་། འགྲོ་ཕན་གྱི་དགག་ལན་དེ་ཡང་ཅུང་ཚ་མོ་འདྲ་ཞིག་ཡོད།
ང་མི་འགྲོ
ཁྱོད་མ་འགྲོ
ཁོ་འགྲོར་མ་ཆུགས།
ངའི་མཆན་བུ་”བཀག་མ་གནང་རོགས་”མ་འགོག་རོགས། ངའི་མཆན་བུ་མ་ཁོག་ཅིག
མ་གཞི་ཕོ་མོའི་བརྩེ་དུང་ནི་ཕོ་མོ་གང་དེ་གཉིས་བར་གྱི་དོན་དག་ཅིག་རེད། ཡིན་ནའང་། དེང་སྐབས་བོད་པ་ཚང་ལ་མང་གཙོ་དར་དྲགས་པས་རྐྱེན་གྱིས། ཕོ་མོའི་བརྩེ་དུང་འཁྲབ་ཚུལ་ཀྱང་དྲ་ཐོག་ན་ཕྱི་གསལ་ནང་གསལ་ཆགས་ཀྱིན་འདུག་གཱ ཧཧཧཧ
རེད་ཡ། དྲ་གྲོགས་ཚོ། མྱི་ལྟིག་འདི་ཕོ་མོའི་བརྩེ་དུང་གིས་ཚོར་འདུ་སྤྱིན་པ་ཆེས་ཐོག་མ་ཡིན་པ་འདྲ། དེའི་ཕྱིར་ཚོར་བ་རྣོ་ནི་རེད་ཡ།
དངོས་གནས་བཤད་ན། ཁུ་བྱུག་མ་དེར་ཕོ་བརྒྱའི་ཡིད་སེམས་དརྐུ་བའི་ནུས་མཐུ་ཧ་ཅང་ཆེ་ཡ།
ངའི་མཆེན་བུ་་་་བཀའ་མ་གནང་རོགས་
ངའི་མཆན་བུ་བཀག་མ་གནང་རོགས་
ཁ་སང་ངས་འདིར་མཆན་ཞིག་བཏབས་ཀྱང་དེ་རིང་མཐོང་རྒྱུ་མི་འདུག་གང་ཡིན་ནམ།