ཤིང་རྟ་ནས།
དྲ་གྲོགས་འགས། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་མ་དྲན་པ་ཞིག་ཁུག་རྟས་དྲན་ཆོག་གི་རེད། ཅེས་སོགས་ཟེར་འདུག་དེ་དངོས་གནས་རེད། བློ་སེང་གི་མ་དྲན་པ་ཞིག་ཁུག་རྟས་དྲན་ཆོག་གི་རེད་ལ་བློ་སེང་གི་མ་ཤེས་པ་ཞིག་ཀྱང་ཤེས་རྒྱུ་རེད། བོད་པའི་གཏམ་དཔེར། ཐད་ནས་བལྟ་དུས་བླུན་པོ་མཁས། ཞེས་པའི་དཔེ་བཞིན། ངས་ཀྱང་བློ་སེང་གི་སྐད་ཆ་བཤད་སྟངས་འདི་འགྲིག་མ་སོང་བསམ་བསམ་མཐོང་གི་འདུག བློ་སེང་ལ་རྒྱབ་སྐྱོར་ཡོད་མཁན་དག་གིས་ཁོའི་སྐད་ཆ་ཚང་མ་སྐྱོན་མེད་རེད་ཅེས་ནམ་ཡང་ཤོད་ཀྱི་མི་འདུག གཙོ་བོར་ལས་ཀ་ལས་སྟངས་རེད། བཀའ་ཁྲི་མཆོག་གིས་ཕྱག་ལས་གནང་སྟངས་ལ་རྒན་གཞོན་ཚང་མ་དགའ་ཞིང་མགུ་བའི་དུས་རེད། དེ་མཁྱེན་དགོས་པ་གཅིག་རེད། གཞན་ཡང་ཁུག་རྟ་ཕྱོགས་གཏོགས་ཀྱིས་བློ་སེང་ལ་སྐྱོན་གཅིག་གང་གི་ཐོག་ནས་བརྗོད་ཀྱི་འདུག་ཟེར་ན། བོད་ཀྱི་རིག་གནས་ཡག་པོ་ཤེས་ཀྱི་ཡོད་མ་རེད། བོད་ཀྱི་རིག་གནས་ལ་མཁས་པ་མེད་པའི་མི་ཞིག་བོད་ཀྱི་བཀའ་བློན་ཁྲི་པར་བྱུང་བ་ལོ་རྒྱུས་ཐོག་ཐེངས་དང་པོ་རེད་ཅེས་སོགས་རྒྱུས་མེད་སྔོན་ནས་རྒྱུས་གཏམ་མང་པོ་སྔོན་རྗེས་དུ་མར་བཤད་སོང་། དེ་དག་གིས་ལན་ངས་བཤད་དགོས་མ་མཆིས། བཤད་ཀྱང་ཕན་ཐོགས་ཀྱི་མ་རེད། འོན་ཀྱང་དེ་དག་གི་ལན་རེ་རེ་བཞིན་གོང་ས་མཆོག་གིས་བཀའ་སློབ་ཕེབས་འདུག་པས། ༸གོང་ས་མཆོག་གི་བཀའ་སློབ་གཅིག་ལུང་འདྲེན་འཕེན་འདོད་བྱུང་།
ཕྱི་ལོ་༢༠༡༢ ཟླ་ ༤ ཚེས ༡༨ ཉིན་ཁེ་ན་ཌའི་རྒྱ་ས་ཨོ་ཊཝར་(Canada Ottawa)བོད་མི་ཚོར་བཀའ་སློབ་སྩལ་བས་ལས་བཏུས། (“བློ་བཟང་སེང་གེ་ལགས་ཀྱིས་འགན་ཁྱེར་ནས་ཟླ་ཤས་ཕྱིན་ཡོད། ཧ་ཅང་ཡག་པོ་འདུག ལྷག་པར་དུ་དབྱིན་སྐད་ཐོག་ནས་འབྲེལ་བ་བྱེད་ས་མང་པོ་ཞིག་ལ་བློ་བཟང་སེང་གེ་ལགས་ཨ་རིར་སློབ་སྦྱོང་ཡུན་རིང་བྱས་ཏེ་ཉམས་མྱོང་གསགས་ཡོད་སྟབས། རན་པོ་དང་ནུས་པ་ཐོན་པོ་ཧ་ཅང་ཡག་པོ་འདུག བློ་བཟང་སེང་གེ་སྲིད་སྐྱོང་དང་པོ་བྱེད་སྐབས་ནས་ངོས་ཀྱིས་རྩེད་མོ་བསྩེས་ནས། རང་གིས་བོད་སྐད་དེ་སློབ་གྲྭའི་ཕྲུ་གུའི་སྐད་འདྲ་བོ་རྒྱག་གི་འདུག ཅེས་སྙད་བརྐོ་ཡི་ཡོད། དེ་ཁྱད་པར་གང་ཡང་མེད། དོན་དག་རེད། དོན་དག་ཧ་ཅང་ཡག་པོ་འདུག བསམ་བློ་གཏོང་སྟངས་ཀྱང་ཟླ་བ་གཅིག་མཇུག་གཉིས་མཐུད་སོགས་ཀྱི་ཐོག་བསམ་བློའི་ནང་བང་སྒྲིག་པོ་དང་བསམ་བློ་འཁོར་པོ་ཧ་ཅང་ཡག་པོ་འདུག དེ་དག་གལ་ཆེ་གི་རེད། ངོས་ཀྱི་སྒྲུང་ཞིག་ཤོད་ཀྱི་ཡིན། སྔོན་མ་རྒྱ་ལོ་དོན་གྲུབ་བཀའ་བློན་ཡིན་པའི་སྐབས་ཁོང་རང་བོད་ཡིག་ཀློག་རྒྱུ་ཕྲན་བུ་ཁག་པོ་ཡོད། རྩ་བའི་ལྷག་བསམ་ཡག་པོ་རེད། འ་རི་འུ་རི་ཕྲན་བུ་ཡོད། རྒྱ་ལོ་དོན་གྲུབ་བཀའ་བློན་ཁྲི་པ་ཁེལ་ཏེ་གསུམ་ཅུའི་དུས་དྲན་གྱི་བཀའ་ཤག་གི་གསུང་བཤད་ཀློག་སྐབས་བརྗོད་བྱ་དུ་བུ་གཅིག་ཚར་རྗེས་ཟ་ཞེས་བརྗོད་ཀྱི་འདུག ངོས་རང་རྒྱབ་ཕྱོགས་སུ་བསྡད་ཡོད་པས་ཕྲན་བུ་འཚེར་པོ་བྱུང་། སློབ་ཕྲུག་གིས་ཀློག་བརྡར་ཀློག་གི་ཡོད་པ་ལྟ་བུ་རེད། གོམས་བྱང་མེད་ན་དེ་འདྲ་ཡོང་གི་རེད། ང་ཚོ་བོད་པའི་གཏམ་དཔེར། མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་སྐེད་པ་ཞེས་བཤད་སྲོལ་ཡོད།”) ཅེས་སོགས་ཀྱི་བཀའ་སློབ་ཕེབས་འདུག་པ་དག་ཤར་ཁུག་སོགས་ཀྱིས་བློ་སེང་གི་སྐད་ཆ་བཤད་སྟངས་མི་འགྲིག་པ་དང་བོད་ཀྱི་རིག་གནས་མི་ཤེས་པའི་བཀའ་ཁྲི་བྱུང་མ་མྱོང་བའི་སྟོང་གཏམ་བཤད་པའི་ལན་རེ་རེ་བཞིན་གསུངས་མི་འདུག་གམ། གཞན་ཡང་༸ གོང་ས་མཆོག་གིས་བོད་པས་དབུ་ཁྲིད་འདེམས་རྒྱུ་ནོར་ཡོད་མ་རེད། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་མཁན་ཞིག་དབུ་ཁྲིད་དུ་སླེབས་ཡོད་རེད་ཅེས་པའི་བཀའ་སློབ་ཕེབས་པ་ཉུང་ཉུང་མ་རེད། ༸གོང་ས་མཆོག་ནི་ཕ་མགོ་བུས་གཡོག བུ་མགོ་དགྲས་གཡོག་བྱེད་མཁན་ཞིག་མ་རེད་འདོད། དེས་ན་ངས་བཤད་འདོད་པ་ནི། བོད་ཀྱི་ཆོས་རིག་ལ་མཁས་པའི་བཀའ་ཁྲི་ནི་ཟམ་གདོང་རིན་པོ་ཆེ་ཙམ་མ་གཏོགས་གཞན་དག་བཙན་བྱོལ་དུ་བྱུང་བའི་བཀའ་ཁྲི་དེ་ཚོ་ནི་བོད་ཡིག་ཤེས་མ་ཤེས་ཀྱི་ས་མཚམ་མང་ཆེ་བ་ཡིན་པ་དངོས་ཡོད་རེད། བྱས་རྗེས་ཀྱང་དམིགས་བསལ་འདི་ཡོད་ཅེས་འགྲང་དུ་མེད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་འཐེན་བྱེད་མཁན་ཤ་སྟག་རེད། བློ་སེང་ནི་བོད་པའི་ཁོར་ཡུག་གི་ཕྱི་ཕྱོགས་སུ་འཚར་ལོངས་བྱུང་སྟབས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེན་པོ་མེད་པའི་མི་ཞིག་རེད་དྲན་གྱི་འདུག ང་ཚོའི་སྟོབས་ཤུགས་ཡོངས་རྫོགས་ཀྱི་རྩ་བ་མཐུན་སྒྲིལ་ཡིན་པས་འགོ་ཁྲིད་ཀྱང་ཕྱོགས་འཐེན་མེད་པའི་མི་ཞིག་གལ་ཆེ་བ་ལས་ཁ་བདེ་བཤད་ཡམས་ཅན་ཞིག་དེ་ཙམ་གལ་ཆེ་བར་མི་སེམས། ད་དུང་མཁྱེན་དགོས་པའི་གནད་དོན་གཅིག་ཡོད་པ་ནི། བློ་སེང་ནི་མི་མང་གི་འོས་བསྡུ་ལམ་ནས་བཀའ་བློན་གྱི་ཁྲི་ཐོག་ཏུ་སླེབས་པ་ལས་མི་ཞིག་གིས་བཙན་བཀའ་གཏོང་ནས་མངགས་པའམ་ཁོ་རང་ཉིད་ཀྱི་མི་ཤུགས་རྒྱུ་ཤུགས་ལ་བསྟེན་ནས་སླེབས་པ་མིན་པར་ཤེས་དགོས། བཙན་བྱོལ་མི་མང་གིས་ལོ་གཉིས་ལྷག་ཙམ་ཞིག་བགྲོ་གླེང་གི་རྒྱུད་རིམ་གྱི་ཁྲོད་ནས་ཁོ་ལས་ལྷག་ཅིག་བཞག་རྒྱུ་མ་རྙེད་པ་རེད་མ་གཏོགས་ཁོ་སྐྱོན་མེད་རྫོགས་པའི་སངས་རྒྱས་རེད་བསམ་ནས་བཞག་མེད་པ་ཡང་ཤེས་དགོས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཆེ་ཕྲ་རྣམས་ཀྱང་གྲོས་ཚོགས་ཀྱི་འཐུས་མིའི་གྲོས་ཆོད་གཏན་འབེབས་བྱས་ཏེ་ལས་དོན་སྒྲུབ་པ་ལས་བློ་སེང་མི་གཅིག་གི་སྐད་ཆ་བཤད་ནོར་བྱུང་བ་ཙམ་གྱིས་ལས་དོན་འཐུས་ཤོར་འགྲོ་སྙམ་ཤར་བ་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ལས་མ་འདས། དེས་ན་རང་གི་འགོ་ཁྲིད་ཀྱི་བྱས་ཉེས་གང་ཡོད་རྒོལ་ལན་སློག་སྟེ་རྒྱང་སྒྲོགས་བྱེད་པ་ནི་རང་མགོ་རང་གིས་བརྡུངས་པའམ་དགྲ་དགའ་གཉེན་སྡུག་གི་སྐད་ཆ་ཞིག་མ་ཡིན་ནམ།
ཤིང་རྟ་ལགས་ནས་༧གོང་ས་༧མཆོག་གི་གསུང་ལུང་འདྲེན་དང་བཅས་ཧ་ཅང་ཡག་པོ་བྲིས་འདུག ཁུག་ཏ་ཡང་ཁག་མེད་ཁོ་དགེ་ཆོས་ཀྱི་སྐྱེ་བ་ཡིན་ཟེར་དེ་ཡིན་ན་བོད་གཞུང་ལ་ཞེ་འཁོན་ཡིན་འགྲོ། དེ་མིན་ད་ལྟའི་བཀའ་ཁྲིའི་ཕྱག་ལས་ལ་བཤོད་དགོས་པ་གང་ཡང་མེད་པ་ཚང་མས་མཁྱེན་གསལ་རེད། ཁུག་ཏ་ཡང་ཚང་དུ་འཛུལ་ནས་ཉལ་སྡད་ན་ཡག་ཤོས་རེད།
༧གོང་ས་མཆོག་གིས་མི་དམངས་ཀྱི་གདོང་ལ་བལྟས་ནས་བློ་སེང་ལ་བསྟོད་ཁུལ་མི་བྱེད་རང་བྱེད་རེད། ཤར་ཕྱོགས་ཁུག་རྟས་བློ་སེང་དངོས་པོ་དམར་རྗེན་ག་འདྲ་ཞིག་ཡིན་མིན་ཐད་ཀར་འཇིག་རྟེན་ཡོངས་གྲགས་བྱས་པ་རེད། དེ་གཉིས་ག་ནས་འདྲ ཧཧཧཧཧཧཧ
སྐད་ཆ་དངོས་ཡོད་ཐུན་པ་ཞིག་ཤོད་དགོད་པ་ལས་རང་གི་ཆར་སྣང་འགའ་བྲིས་ན་ཕན་པ་གང་ཡང་མེད། བློ་སེང་གིས་མི་མང་ཡིད་མགུ་པའི་ལས་ཀ་ག་རི་བྱས་སམ།
ཤེས་པ་སྣལ་དུ་ཕབ་ནས་ཤད་ན་མི་རྣ་བར་འགྲོ་གི་རེད། མི་དམང་ལ་མགོ་ཁྲི་བདམས་རྒྱུའི་དབང་ཆ་ཡོད་ན། མི་དམང་ལ་ཁོའི་ལས་ཀར་ཐེན་འདོན་བྱ་རྒྱུའི་དབང་ཆ་ཡང་ཡོད། རང་གི་འགའ་ཕྱོག་དང་མི་ཐུན་ན་རྒྱ་མིའི་མྱུལ་མ་དང་དོལ་ཚོགས་རེད་ཞེས་སྔར་ནས་ད་ བར་བརྗོད་ནས་རང་རིགས་ཤ་ཅན་གྱི་བོད་མི་མང་པོ་ཞིག་རྡ་ས་ནས་ཁ་བྲལ་དུ་ཏང་ཡོད།
རེད་ཡ་བློ་སེང་ལ་་་་ཡག་པའི་ཆ་མང་པོ་ཡོ་རེད་་་་་དཔེར་ན་་་་ཁོང་བཀའ་ཁྲི་ལངས་པ་ནས་བཟུང་ད་བར་་་་་་ཤ་རུས་གཅིག་པའི་སྤུན་ཟླ་ག་ཚོད་ལྟ་སྐྱོང་ཡག་པོ་བྱེད་སོང་་་་་་་ད་དུང་མ་འོང་པར་ག་ཚོད་བྱེད་ཀྱི་ཡོད་དམ། དངོས་གནས་ལས་སླ་པོ་མ་རེད་ད། གངས་ཅན་གྱི་ལྗོངས་དེ་་་་་མེ་འོད་ཀྱིས་བཞུས་ནས་་་་་སྐྱ་སེང་ངེར་་་་་་རང་བཙན་གྱི་ལྟ་གྲུབ་་་་་་་བབས་ནས་་་་་་ཧ་ཧ་་་་སྟོང་སང་གི་དབུ་མའི་ལམ།
བཀའ་ཁྲིས་བོད་ཡིག་ཡག་པོ་ཀློག་ཤེས་ཀྱི་འདུག བཀའ་ཁྲི་འདི་ཁ་བདེ་བོ་འདུག བཀའ་ཁྲི་འདི་འགྲོ་བདེ་བོ་འདུག བཀའ་ཁྲི་འདི་གཤིབ་བདེ་བོ་འདུག བཀའ་ཁྲི་འདི་མཐོང་བདེ་བོ་འདུག ད་ང་ཚོ་ཚང་མས་བཀའ་ཁྲིའི་གློག་བརྙན་ལ་བལྟ།
༼༧གོང་ས་མཆོག་གིས་མི་དམངས་ཀྱི་གདོང་ལ་བལྟས་ནས་བློ་སེང་ལ་བསྟོད་ཁུལ་མི་བྱེད་རང་བྱེད་རེད།༽ སྐད་ཆ་འདིས་སྙིང་ལ་ན་ཟུག་བཏང་བྱུང་ཡ།
ཁ་བརྡའི་འགན་འཛིན་ཨ་རིར་གནས་བཞུགས་དུས་བབ་རྩོམ་སྒྲིག་པ་ཟུར་པ་མཁས་པ་དགེ་འདུན་རབ་གསལ་ལགས། ཤར་ཕྱོགས་ཁུག་རྟས་དོན་དངོས་བདེན་གཏམ་གྱིས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་པ་དང་མཉམ་དུ། འགན་ཡང་བསྣམས་ཏེ་དངོས་མིང་བཀོད་དེ་བསམ་ཚུལ་འདོན་གྱི་འདུག་པ་དང། གོང་གི་ཤིང་རྟ་ཟེར་བའི་གབ་མིང་འོག་ཡིབས་པའམ་དྲ་འབུ་དེ་ག་རེ་བྱས་ནས་མདུན་ངོས་སུ་བཀོད་པ་ཡིན་ནམ། འདི་གཉིས་རྒྱ་མ་གཅིག་གི་སྟེང་བཞག་ན་འགྲིག་གམ། ད་དུང་ཕྱོགས་གཏོགས་ཟེར་གྱི་འདུག དེ་ཕུང་དཀྲུག་གི་སྐད་ཆ་མ་རེད་དམ། དེས་ན་དེ་ཁྱེད་ནས་གསལ་བཤད་བྱེད་དགོས་པ་འདི་ཡོད།
༡ ཤིང་རྟའི་དངོས་མིང་བཀོད་ན་འདི་མུས་བཞག་ན་འགྲིག་པ་དང།
༢ དངོས་མིང་མ་བཀོད་ཚེ་འདི་ལ་བཟང་སྤྱོད་ཀྱི་ཆ་ཙམ་ཡང་མེད་པ་ཁྱེད་ནས་ངོས་ལེན་ཞུ་དགོས།
༣ ཁྱེད་ཉིད་རྩོམ་སྒྲིག་པ་མིན་ཆོག་ཀྱང། འགན་ཁྱེད་ལ་ཡོད་སྟབས་ལན་འདེབས་ངེས་པར་དུ་བྱ་རོགས།
༤ རྩོམ་སྒྲིག་པ་ཡིན་ན། རྩོམ་སྒྲིག་པའི་སྒེར་གཤིས་ལ་འདི་དང་འབྲེལ་ནས་དྲི་བ་གཏོང་སྲིད་པས། རྩོམ་སྒྲིག་པ་རྡོ་རྗེ་དབང་ཕྱུག་དང་རིག་འབྱུང་དོན་གྲུབ་བཀྲ་ཤིས་གཉིས་ཡིན་ཟེར་བ་དེ་བདེན་པ་ཡིན་མིན་ལན་གནང་རོགས། ལན་མ་གནང་ན་ཡིན་པར་ཆ་འཇོག་བྱ་ངེས་བཅས།།
གུས་བ་དང་བཅས།།
གལ་མི་ཆེ་དེར། ལྷ་མཚོས་༧གོང་ས་མཆོག་ལ་བལྟ་ཚུལ་ཞིག་རེད། ཡིན་ནའང་བློ་སེང་ལ་ངན་སྨོས་མང་ཙམ་གནང་དང་ཁྱེ་ཅག་གི་རིན་ཐང་དང་། གཟི་བརྗིད། མི་རིགས་ཀྱིས་ལ་ཞེན་སོགས་མང་པོ་མཚོན་གྱི་འདུག ལྷག་པར་དུ་ཤར་ཁུག་ཕྱོགས་གཏོགས་པ་ཚོར་ཡིན་ད། མང་ཙམ་ངན་སྨས་བྱོས་དང་བློ་སེང་ཁོ་ཅི་བྱ་མེད་པར་འགྱུར་ངེས་རེད།
ལྷ་མཚོ་ཟེར་བར་ཞུ་རྒྱུར་
ཁ་བརྡ་དྲ་བ་འདི་བཀའ་ཁྲིར་སྐྱོན་རྐྱང་རྐྱང་གླེང་སའི་གླེང་སྟེག་ཡིན་ནམ།
ཤར་ཕྱོགས་ཁུག་རྟ་ཁོའི་དངོས་མིང་ཨེ་རེད། ཤིང་རྟ་ཟེར་བ་འདིས་གནས་ལུགས་དང་རྒྱུ་མཚན་བཤད་པ་ལས་ཤར་ཕྱོགས་ཁུག་རྟ་ལ་སྐྱོན་འཛུགས་ཚིག་གཅིག་མི་འདུག ཁྱོད་རང་མིག་ཡོད་ན་ཞིབ་བལྟ་གྱིས་དང་།
ཁུག་རྟ་ཟེར་བ་དེ་དོན་ངོ་མར་སུ་ཡིན་ནམ། ཁུག་རྟ་དང་ཤར་ཕྱོགས་ཁུག་རྟ ཤིང་རྟ་རྣམས་མི་གཅིག་ཡིན་ནམ།
ང་ངོ་མ་་མགོ་འཐོམ་སོང་།
ཀྲུང་གོ་དབུ་མའི་ལམ་ཚོགས་པའི་ཨུ་ཡོན་ཤར་ཕྱོགས་ཁུག་རྟ་སྲང་ལ་གཞལ་བ།
ཀུན་གྱིས་མཁྱེན་གསལ་ལྟར་དྷ་སའི་ནགས་ཁྲོད་ཀྱི་དབུ་མའི་ལམ་ཟེར་དུས་མི་ཚང་མའི་སེམས་ནང་ཕྱི་ཚུལ་དད་པའི་བག་གྱོན་ཤིང་དམིགས་ཡུལ་དང་ལས་དོན་ཚང་མ་གནས་སྐབས་ཀྱི་ཆེད་དང་། རང་སྐྱོན་འགེབས་ཆེད་ལས་འགུལ་འདྲ་མིན་བརྩམས་པའི་ཚོགས་པ་ཞིག་ཡིན་པ་ཤེས་ཐུབ།
༡ འཕྲལ་གྱི་གནད་དོན་གྱི་དབང་གིས་བཀའ་ཁྲིར་སྡིགས་པ།
ཁོས་ནམ་རྒྱུན་ཁ་ནས་ལ་རྒྱ་དང་སྙིང་སྟོབས་སོགས་སྐད་ཆ་སྦམ་པོ་ཞེ་གཅིག་ཤོད་མཁན་ཞིག་ཡིན་ནའང་། ཁོ་རང་གིས་གཞུང་ཞབས་ཀྱིོ་བླང་དོར་གྱི་འགྲོ་སྟངས་འབྲུ་དོན་ལས་ཕྱི་རུ་གྱར་ནས་བཀའ་ཁྲིས་ཁྲིམས་ལུགས་གཞིར་བཟུངགི་གནས་ནས་སྐྲད་པར་བརྟེན་གྲོད་ཁོག་དང་གནས་མལ་ལ་དཀའ་ངལ་ཅུང་འཕྲད་པར་རེད། དེའི་དབང་གིས་ཁོས་སྐུ་བློ་སེང་གིས་ཡག་སྡུག་གང་བྱས་ཀྱང་དགག་པ་ཡོད་ཡོད་པ་རེད།
༢ གྲོད་ཁོག་མ་རྒྱགས་པར་ཀྲུང་གོའི་དབུ་མའི་ལམ་ཚོགས་པར་ཞུགས་པ།
དྷ་སའི་སྲང་ལམ་ནས་ཡར་མར་འཁྱམས་ཉུལ་བྱེད་བཞིན་གྲོད་ཁོག་རྒྱང་ས་མ་རག་པར་བརྟེན་བཙན་བྱོལ་ནང་གྲགས་ཅན་མི་སྣ་སྐུ་ངོ་ཟླ་བ་ཚེ་རིང་རྨོག་རི་བསྟན་པ་གཉིས་ཀྱིས་གོ་སྐབས་བཟུང་ནས་རང་དང་འདྲ་བའི་མི་ཡར་འཐེན་པ་རེད། དུས་དེ་ནས་བཟུང་ཤར་ཁུག་གི་ཕོ་བ་ལ་སེམས་ཁྲལ་མེད་པར་གྱུར། དེ་ནས་བཟུང་ཁོས་ཐོ་བ་དང་ཟོ་ར་ལྷན་སྦྱར་གྱི་དར་དམར་དང་སྐར་ལྔའི་དར་དམར་ལ་ངོ་བསོ་བསྟོད་ནས་རང་བཙན་དང་རང་བཙན་པ་ལ་སྡིགས་མོ་བྱ་འགོ་ཚུགས་སོང་། དེང་སང་ཁ་བརྡ་དྲ་ཚིགས་ཟེར་བ་དེ་བོད་ཀྱི་འཐབ་རྩོད་ཀྱི་ལྡོག་ཕྱོགས་ནས་ལང་མཁན་ཀྲུང་གོ་བོད་ལྗོངས་དྲ་བ་ཟེར་བ་དང་གཅིག་པ་གཅིག་རྐྱང་ཆགས་འདུག
༣ ལྟོ་གོས་ཀྱི་དགེ་ཆོས་ཀྱི་མིང་གནས་ལ་བརྩོན་པ།
དང་ཐོག་ཁོ་བཙན་བྱོལ་དུ་ཡོང་དུས་བླ་བྲང་དང་ཕ་གཞིས་ཀྱི་སླད་དུ་སྤྲུལ་སྐུ་ཡང་རྫུས་ཡོད།འོན་ཀྱང་ཁུངས་འཕེར་པའི་དམ་ཕྲུགས་མ་རག་སྟབས་ལས་དོན་དེ་འགྲུབ་མེད།
མདོ་བསྡུས་པ།
གང་ལྟར་བྱེའུ་ཁུག་རྟ་དེ་ཟས་གོས་གནས་མལ་སླད་དུ་ག་རེ་ཡིན་ན་བྱེད་ཕོད་མཁན་བསམ་ཕོདམཁན་བཤད་ཕོད་མཁན་ཏེ། མའོ་ཡིས་གསུངས་པའི་ཕོད་པ་གསུམ་ལྡན་དེ་རེད་ལ།སྐུ་ངོ་ཟླ་བ་ཚེ་རིང་ལ་མཁོ་བའི་ཀྲུང་གོ་དབུ་མའི་ལམ་གྱི་ཏང་ཡོན་མཚན་ཉིད་དང་ལྡན་པ་དེ་ཡང་རེད།
ད་ལྟ་ལས་དོན་ཞིག་གི་སླད་དུ་ནུབ་ཕྱོགས་ཡུལ་དུ་བསྐྱོད་བཞིན་ཡོད་པས་ཚུར་འཁོར་དུས་གོང་གི་དོན་ཚན་རྣམས་ཞིབ་པར་འབྲི་རྒྱུ་ཡིན།
http://www.tibetexpress.net/bo/view-all-blogs/viewpost/8761
དེ་ཕོ་ལགས།
དེ་ག་ནས་ཡིན།
༡ ཁ་བརྡ་དྲ་བ་འདི་དངོས་གནས་དྲང་གནས་མིང་དོན་མཚུངས་པའི་སྤྱི་ཚོགས་མེ་ལོང་རང་རེད།
༢ ཤར་ཕྱོགས་ཁུག་རྟ་མིང་འདི་ཁོང་གི་སྨྱུག་མིང་རེད། དེ་བོད་ལ་དྲ་བའི་རིག་གནས་མ་དར་སྔོན་ནས་དུས་དེབ་མང་པོའི་སྟེང་ངས་མཐོང་མྱོང། ཁོང་གི་དེབ་དག་ཏུའང་ཤར་ཕྱོགས་ཁུག་རྟའི་མིང་འདི་འཁོད་འདུག
༣ ཁོང་ལ་སྐྱོན་བརྗོད་བྱས་མེད་ན་ཕྱོགས་གཏོགས་ཟེར་བ་དེ་ག་རེ་རེད། ཕྱོགས་ཁག་སུས་སྒྲིལ་གྱི་འདུག དེ་ཁུངས་སྐྱེལ་གནང་རོགས། ཨ་ཁུ་དེ་ཕོ་ལགས།
དྲང་ཐིག་ཤེལ་དཀར་ལྷག་པ་ཟླ་བ་ཚེ་རིང་ལ་མི་དགའ་བ་གསལ་བོ་རེད། དེ་འདི་དང་འབྲེལ་བ་ག་རེ་འདུག
༡ ཤར་ཕྱོགས་ཁུག་རྟ་གཞུང་ཞབས་མ་རེད།
༢ གྲོད་ཁོག་རྒྱག་མ་རྒྱག་ཟེར་བ་འདི་སྐད་ཆ་ཐབས་ཆག་མ་རེད་དམ། འོ་ན་རྡ་སའི་གཞུང་དང་གཞུང་འབྲེལ་མིན་པའི་ལས་བྱེད་ཚང་མ་གྲོད་ཁོག་རྒྱག་གི་མེད་མཁན་རེད་དམ།
༣ ཐམ་ག་མ་རེག་པའི་ཁུངས་སྐྱེལ་ག་རེ་ཡོད། ཐམ་ག་ཞུས་པའི་དུས་ཚོད་ནམ་ཞིག་རེད། སྙིང་རྗེ། སྐད་ཆ་འདི་ལྟར་བྱེད་ན། བློ་སེང་ཕྱི་སྡོད་རྒྱ་མི་མ་རེད་དམ། ཁོང་ལ་ལ་རྒྱ་ཡོད་དམ། དེ་གྲོད་ཁོག་ཆེད་མ་རེད་དམ། ཕན་ག་རེ་ཐོག་སོང། བློ་སེང་བཀའ་ཁྲིར་ལངས་པ་དང་གྲོད་ཁོག་དང་གཏམ་གྲགས་ཀྱི་ཆེད་དུ་མ་རེད་དམ། མིན་པའི་ཁོང་སྒྲུབ་བྱེད་ལ་ཁོང་གི་སེམས་དམར་པོ་ཁྱེད་ནས་སྟོན་ཐུབ་བམ།
༤ བློ་སེང་གིས་རྒྱ་མོ་དགའ་རོགས་རྒྱུད་ཐའེ་ཝན་ནས་སློབ་ཡོན་རག་པ་མ་རེད་དམ། ཁྱེད་སྒུག་ཆོག ད་ལྟ་ནུབ་ཕྱོགས་ན་ཡོད་ན། ནུབ་ཕྱོགས་ཀྱི་བློ་སེང་དང་རྒྱུས་ཡོད་མཉམ་ལས་མཉམ་འདུག་ཚོར་ཁོང་གི་རྒྱུན་གཤིས་སྐད་ཆ་འདྲི་རོགས།
རེ་རེ་བྱས་ནས་ངེད་གཉིས་ནས་བྲིས་ཆོག སྒུག་ནས་འདུག་ཡ། ཤེལ་དཀར་ལྷག་པའམ་དྲང་ཐིག་ལགས།།
མི་གཉོམ་ཆུང་དྲང་པོ་བདེན་པ་མཐོང་མཁན་དགེ་ཆོས་འདྲ་བའི་སྐྱེ་བུ་རྣམས་རྒྱལ་གྱུར་ཅིག །།།།
ཧཧཧ་ལྷ་མཚོ་ལགས།
ཁྱོད་རང་ཤར་ཕྱོགས་ཁུག་རྟ་ལ་དགའ་ཞེན་ཡོད་མཁན་ཞིག་རེད་བཞག
ང་ཡང་ཁོ་ལ་དགའ་དངོས་གནས་ཡིན་ཁོ་མཐོང་མ་མྱོང་ཡང་།
ཁོ་ཡི་རྩོམ་དེ་ཚོ་ཚིག་སྦྱོར་དང་སྙན་ཆ་གང་གི་ཐད་ནས་ངས་དགའ་མོས་སྔོན་ནས་བྱེད་ཀྱི་ཡོད།
ཡིན་ཡང་ད་སྐབས་ཤིང་རྟ་ཟེར་བ་འདིས་ཁོར་སྐྱོན་ཚིག་གཅིག་བརྗོད་མི་འདུག་ཁྱོད་ཀྱིས་ཞིབ་བལྟ་གྱིས་དང་།
ཕྱོགས་རྟོགས་ཟེར་བ་དེ་ནི་དྲ་འབུ་ཁ་ཤས་ཀྱིས་བློ་སེང་སྐྱོན་བརྗོད་གང་ཐུབ་བྱས་དང་བྱེད་བཞིན་པ་དེ་དག་ལབ་པ་ལོས་ཡིན། དེ་ཙམ་གྱིས་ཁུག་རྟས་ཤོག་ཁག་སྒྲིག་གི་འདུག་ཟེར་བ་གོ་ཨེ་དགོས་ན།
ལགས་སོ། དྲ་གྲོགས་དེ་ཕོ་ལགས། ངེད་གཉིས་བརྡ་མ་འཕྲོད་པ་མི་འདུག གསལ་བོ་ཆགས་སོང།
ང་དགའ་ལབ་ན་མི་ཤེས། ངའི་བསམ་ཚུལ་ལ། བདེན་པ་བཤད། རྣམ་དཔྱོད་བཏོན། དཀའ་ལས་རྒྱག་མཁན་དེ་བཙན་བྱོལ་ནང་མི་ཉམས་ཆུང་ཡིན་དུས་ཕྲག་དོག་དང་དཀྲུག་ཤིང་གིས་སྒྲིབ་འགྲོ་ཡི་འདུག དཔེར་ན། གླིང་ཚ་ཚེ་བརྟན་རྡོ་རྗེ་ལྟ་བུ་རེད། ལུས་སྲོག་ལོངས་སྤྱོད་བློས་གཏོང་གི་ཡིན་ལབ་ཀྱང་ཁྱི་སྤྱང་གི་རྫོང་དེའི་བློར་མ་བབས་ན་བདེན་པ་གཡུག་འཇོག་གི་བསམས།
རྒྱུ་མཚན་དེ་ཡིན།
གོང་དུ་ཞབས་མཆན་༡༢པ་དྲང་ཐིག་གིས་བཀོད་པའི་བོད་ཀྱི་བང་ཆེན་གྱི་དྲ་ཐོག་ལ་བལྟ་དུས།http://www.tibetexpress.net/bo/view-all-blogs/viewpost/8761དབུ་མའི་ལམ་ནི་ཀྲུངགོའི་དབུ་མའི་ལམ་ཟེར་བ་དེ་ཡིན་པར་ཤེས་སོང་། དེ་བཞིན་ཀྲུང་གོ་དབུ་མའི་ལམ་གྱི་ཚོགས་པ་ཞིག་ཡོད་པ་ཡང་ཤེས་སོང་། དེ་བཞིན་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་ནི་ཀྲུང་གོ་དབུ་མའི་ལམ་ཚོགས་པའི་ཨུ་ཡོན་ཡིན་པ་ཤེས་སོང་།
ཡང་དྲ་ཐོག་དེར་ཀུན་གྱིས་མཁྱེན་གསལ་ལྟར་དྷ་སའི་ནགས་ཁྲོད་ཀྱི་དབུ་མའི་ལམ་ཟེར་དུས་མི་ཚང་མའི་སེམས་ནང་ཕྱི་ཚུལ་དད་པའི་བག་གྱོན་ཤིང་དམིགས་ཡུལ་དང་ལས་དོན་ཚང་མ་གནས་སྐབས་ཀྱི་ཆེད་དང་། རང་སྐྱོན་འགེབས་ཆེད་ལས་འགུལ་འདྲ་མིན་བརྩམས་པའི་ཚོགས་པ་ཞིག་ཡིན་པ་ཤེས་ཐུབ། ཅེས་བཤད་འདུག ཚིག་འདིས་བརྒྱ་ཆ་བརྒྱ་༧གོང་ས་མཆོག་ལ་དོན་གྱིས་སྐྱོན་བརྗོད་བྱེད་བཞིན་འདུག དེའི་ཞོར་ལ་༧གོང་ས་མཆོག་གི་དགོངས་པའི་ལམ་དབུ་མ་དེ་མ་རིག་རྨོངས་པའི་དགོངས་ཨུ་ཐུག་ཐབ་ཟད་ཅིག་ཡིན་པར་བཤད་འདུག བཤད་སྟངས་འདི་ཚོར་བལྟས་ན། ཡི་གེ་དེ་འབྲི་མཁན་སྐུ་ངོ་ཁམས་རྫུན་བང་ཆེན་བརྒྱ་ཆ་བརྒྱ་ཡིན་ས་རེད། ད་ཉིན་ཤས་ནས་མི་ངན་འདི་རིགས་ཀྱིས་ཀྲུང་གོའི་ཏ་ལའི་བླ་མ་ཟེར་བ་ཞིག་འབྲི་ཐག་ཆོད་རེད། ད་འདི་འདྲ་རེད།
དྲ་གྲོགས་ལྷ་མཚོ་ལགས
གླིང་ཚ་ཚེ་བརྟན་རྡོ་རྗེ་ལབ་མ་ཡོང་མ་གཏོགས་ང་མིག་ཆུ་ཤོར་ཁི
ཁོང་མ་བུ་གསུམ་གྱི་ལ་རྒྱ་དང་སྙིང་སྟོབས་འགྲུལ་བཞུད་རེ་རེ་བཞིན་མིག་ལམ་དུ་འཁོར་ཡོང་གི་འདུག
དེ་དང་ལྷན་དུ་རང་རིགས་ལ་བརྩེ་ཞེན་གྱི་རྦ་རླབས་དྲག་ཏུ་འཕྱུར་བའི་འདས་གསོན་གྱི་དཔའ་བོ་ཕོ་མོ་ཚོ་དྲན་ཡོང་གི་འདུག ད་ང་ཚོས་ཕ་རྒོལ་བྱེད་པ་ལས་ཚུལ་རྒོལ་མི་བྱེད་སེམས་ཐག་གོ་མོའི་རྡོ་ཡིན།
ལྷ་མཚོ་ཟེར་བ་འདིས་གོང་ས་མཆོག་གིས་མི་མང་གི་ངོ་སྲུང་བྱས་རབ་དང་། ཤར་ཁུག་དྲང་པོ་ཡིན་རབ་བཤད་ཡོང་གི་འདུག ཧཧཧཧཧཧཧཧ ད་ངོ་རྒོད་སྤྱད་ཅིག་མིན་ན་ཅི་ཡིན། ད་དུང་མི་མང་གིས་བཀའ་ཁྲི་ལ་རྒྱབ་སྐྱོར་ཡོད་པ་ཡང་གོང་གི་སྐད་ཆ་འདིས་བསྟན་མི་འདུག་གམ། བཤད་མ་ཤེས་རང་མགོ་ཆུ་འདྲེན་ཞེས་པ་འདི་འདྲ་ལ་ཟེར། ཧཧཧཧཧཧཧཧཧཧ
ད་བར་རྩོམ་པ་པོ་ཤར་ཁུག་ལགས་ཀྱིས་ཕྱག་ལས་གནང་སྟངས་ནི་རྒྱུ་མཚན་ལྡན་པ། དྲང་པོ་དྲང་བཞག མང་གཙོའི་འགན་ཁུར་བ། ཁྲིམས་དང་མཐུན་པ་སོགས་མདོར་ན། འོས་འཚམས་ཤ་སྟག་རེད། ད་དུང་མུ་མཐུད་དེ། མདུན་སྐྱོད་བྱེད་རོགས་ཞེས་ང་ཚོས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་བཞིན་ཡོད། ཤར་ཁུག་ལགས། ཡིན་ན་ཡང་ཁྱེད་ཀྱིས་གཟབས་གཟབས་གནང་དགོས། གང་ཡིན་ཞེ་ན། བཙན་བྱོལ་ནང་རྒྱའི་གསོས་ཕྲུག་མི་ངན་འགའ་རེས་དྲ་འབུ་སོགས་ཀྱི་མིང་རྫུན་འོག་ན་ཁྱེད་ལ་མིག་བཅེར་ནས་བལྟས་བསྡད་ཡོད། ནམ་རྒྱུན་གཟོབས། དེ་བཞིན་ད་དུང་གཞུང་གིས་འགྲིག་གི་མེད་སར་ངེས་པར་སྐྱོན་བརྗོད་གནང་དགོས། བཀའ་དྲིན་ཆེ།
གཞན་ཡང་ཤར་ཕྱོགས་ཁུག་རྟས་དངོས་མིང་གི་ལམ་ནས་བསམ་ཚུལ་བཤད་ཀྱི་འདུག་ལ། ཤིང་རྟ་གབ་མིང་འོག་ཡིབ་འདུག་ཟེར། ཤརཕྱོགས་ཁུག་རྟ་ཞེས་པ་དེ་དངོས་མིང་རེད་དམ། ཧཧཧཧཧཧཧད་ངོ་མ་རྒད་མོས་གྲོད་ཁོག་ན་སོང་། ཤར་ཁུག་གི་དངོས་མིང་ནི་བློ་བཟང་ཆོས་འབྱོར་ཡིན་པ་ཡོད་ད་རྒན་མོ་ལྷ་མཚོ་ལགས། ཧཧཧཧཧཧཧ
ངོ་མ་རེད་རྒྱ་ཡི་གསོས་ཕྲུག་མི་ངན་དེ་ཚོས་རང་གི་དབུ་ཁྲིད་ལ་གཞི་མེད་སྐྱོན་བརྗོད་ཀྱང་ཀྱང་ལས། ཁ་ཕར་བསྐོར་ནས་དགྲ་བོ་ལ་བཤད་པ་མཐོང་དཀོན་པོ་ཡིན།
གྲོགས་པོ་མང་པོ་ཞིག་གིས་ད་དུང་ཡང་ཁུག་རྟ་དེ་ཡག་པོ་ཞིག་ཤེས་གི་ཡོད་ས་མ་རེད།
དེ་རིང་ངའི་འདི་ནས་ཁུག་རྟའི་སྐོར་ཅུང་ཙམ་གླེང་འདོད་བྱུང་། དངོས་མིང་བློ་བཟང་ཆོས་འབྱོར་འམ་སྨྱུག་མིང་ལ་ཁུག་རྟ་འབོད་པའི་གང་ཟག་འདི་ནི་ཨ་མདོ་རེབ་གོང་གི་ཡ་ནང་བཙན་མོ་སྡེ་བ་ནས་ཡིན་ལ། སྤྱི་ལོ་གཉིས་སྟོང་གསུམ་ལོ་ལ་རྒྱ་གར་དུ་འབྱོར་འདུག་ལ། ཁོ་རང་བོད་ནས་རྒྱ་གར་དུ་སླེབས་དུས་ནས་དགེ་ཆོས་མཆོག་གི་སྤྲུལ་སྐུ་ཡིན་མདོག་གིས་རྙོག་དྲ་ལོངས་བ་གང་འདུག་ལ། རྒྱ་གར་ལ་འབྱོར་བ་དང་སྐུ་སྒེར་ཡིག་ཚང་ལ་ཅི་ཞིག་གི་རྫུན་གཏམ་པ་མ་ཤེས་ལ་ཅང་མ་འགོར་བར་རྡི་ལི་བོད་ཁྱིམ་ནང་དུ་བསྡད་དེ་དེ་རུ་སློབ་སྦྱོང་བྱེད་ཀྱིན་འདུག། སྐབས་དེ་ཁོ་རང་གྲྭ་བ་ཡིན་པ་མ་ཟད་གྲྭ་ཆས་གྱོན་ནས་རྡི་ལི་རུ་ཨ་མདོ་ཕྱོགས་གི་བུ་མོ་ཞིག་དང་
འབྲེལ་འདྲེས་བྱེད་ཀྱིན་ཡོད་པ་སྐབས་དེ་ང་རང་རྡི་ལི་ཡོད་དུས་གྲོགས་པོ་འགས་གླེང་སོང་ལ།མ་ཟད་ཉིན་གཅིག་ང་རང་མ་ཅང་ཀྲེ་ལ་འགྲོ་བའི་སྐབས་སུ་ཁུག་རྟ་དང་བུ་མོ་དེ་གཉིས་མཉམ་ཏུ་འགྲོ་གིན་ཡོད་པ་བདག་གིས་དངོས་སུ་མཐོང་སོང་། ཡིན་ཡང་བུ་མོ་དེ་ཡིན་པ་རྗེས་སུ་མ་གཏོགས་ཧ་གོ་མ་སོང་།
དེ་ནས་ལོ་གང་མཚམས་ཞིག་གི་རྗེས་སུ་གངས་སྐྱིད་དཀྱིལ་དུ་བཀའ་ཤག་ནང་དུ་གནས་སྐབས་ལས་བྱེད་ཀྱིས་མིང་ཐོག་ནས་ལོ་གཉིས་ལྷག་ལ་ལས་ཀ་ལས་འདུག་ལ། ཟམ་གདོང་བླ་མའི་ཁོ་རང་བློ་ལ་བབས་ཡོད་པ་ཡང་གོ་ཐོས་བྱུང་། དེ་ནས་བློ་སེང་བཀའ་ཁྲི་ལ་བསྡད་རྗེས་ཀྱིས་གླེང་སློང་དག་ངའི་བསམ་ན་གྲོགས་པོ་ཚང་མའི་གོ་ཡོད་ཀྱིས་རེད་བསམ། ཁུག་རྟ་བོད་དུ་ཡོད་དུས་གྲྭ་བ་རེད་འདུག་ལ།སྐད་ཆ་དྲངས་མོ་བཤད་ན་ཁོ་རང་བོད་ཡིག་གི་འབྲི་ལ་བློ་སེང་ལས་ཡག་པོ་ཡོད་ན་ཡང་གཞན་ཁོ་རང་བཀའ་ཁྲི་མཆོག་དང་བསྡུར་ན་བོང་བུ་རྟ་ལ་འགྲན་པ་དང་གཅིག་པ་ཡིན། ཁུག་རྟ་ཁོང་སྒེར་དོན་ལ་གཞུང་དོན་འགན་མི་འཁུར་མཁན་ཞིག་ཡིན་པ་ཟླ་ཁ་ཤས་སྔོན་ལ་རེབ་གོང་བ་དག་གིས་བོད་ནང་གི་རང་ལུས་མེ་རུ་སྒྲོན་པ་དག་གི་ཆེད་དུ་སྔོ་སྨོན་གསུངས་དུས་ཡང་ཁོ་རང་གི་སྒེར་དོན་བསམ་ནས་དེ་རུ་རོགས་པ་བྱེད་དུ་མ་སླེབས་པ་མ་ཟད་རེབ་གོང་དག་ལ་ཞལ་འདེབས་བསྡུས་དུས་ཁོ་སྤྲད་མེད་པ་མ་ཟད། སྐད་ཆ་གཟུགས་པ་རྐྱང་རྐྱང་བཤད་འདུག་ཞེས་གྲོགས་པོ་ཞིག་གི་བཤད་སོང་། དེའི་རྐྱེན་ཀྱིས་རེབ་གོང་བ་དག་ནག་པོ་བཟོ་བྱེད་ཀྱིས་ཡིག་རྙོག་ཉུང་ཙམ་འབྲི་རོགས་ཞུ།
གོང་གི་རྩོམ་ཉོག་དེ་དག་ཡིན་པ་ནི། ཤར་ཕྱོགས་ཁུག་རྟས་ཀྲུང་གོའི་བོད་ལྗོངས་དྲ་བའི་རྩོམ་སྒྲིག་པ་ཉིང་ཀྲེང་ལ་ལན་ཚ་ཐག་ཆོད་ཅིག་བྲིས་ཡོད་པར་ཕྲག་དོག་གིས་མ་རྟེན་ནས་བྲིས་པ་ཞིག་རེད། འདི་ནི་ང་ཚོ་བོད་མིའི་གཤིས་ཀ་ངོ་མ་རེད་ལབ་ཀྱང་ཆོག བོད་ཀྱི་གཏམ་དཔེ་ལ་ཕྱི་མི་ཐུབ་པར་ནང་། ཟེར་བ་དེ་རེད། ཤར་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱིས་འཇོན་ན་རྒྱའི་རྩོམ་སྒྲེིག་པ་ཉིང་ཀྲེང་ལགས་ལ་ལན་ཞིག་བྲིས་དང་། དེ་ནས་ཧ་གོ་ཡོང་། གཞན་ང་ཚོའི་བློ་སེང་ལ་སྐྱོན་བརྗོད་ལོས་བྱེད། བློ་སེང་གིས་ཁོ་ལས་ལྷག་མེད། ཁོ་པར་འོས་ཤོག་བླུགས་དང་འཇོན་ངེས་ཡིན་ཞེས་མང་ཚོགས་མགོ་སྐོར་བཏང་སྟེ། ང་ཚོས་འོས་ཤོག་བླུགས་པ་རེད་མ་གཏོགས། མང་ཚོགས་ཀྱིས་ང་ཚོར་མི་མེད་སོང་བས་ཁྱེད་བཞུགས་རོགས་གནང་ཞེས་ཞུ་བ་ཕུལ་མེད་ལ། མང་ཚོགས་ཀྱིས་བཙན་དབང་གིས་བློ་སེང་བཀའ་ཁྲིའི་ཁྲི་ཐོག་ཏུ་བཞག་མེད་པ་ཚང་མས་ཤེས་དགོས། ཁོ་རང་གིས་ཁས་བླངས་པ་ནང་བཞིན་ད་འཇོན་གྱི་མེད་པ་འདི་རེད། སྐབས་དེར་ང་ཚོའི་སྐྱོན་བརྗོད་ཚ་ཐག་ཆོད་ཅིག བྱས་ཏེ། མ་འོངས་པར་མགོ་བདེ་ཁ་བདེ་ཚོས་མང་ཚོགས་དབུ་སྐོར་གཏང་མི་ཕོད་པ་ཞིག་ང་ཚོས་ངེས་པར་དུ་བཟོ་དགོས་ངེས་རེད།
ལས་མེད་འཁྱམས་པོ་ཁྱེད་ཚོ་མི་ལས་ཀ་བྱེད་མཁན་ལ་ཁ་རྐྱང་རྐྱང་བཏང་ནས་སྡོད་ཨང། སྡར་མ་མི་གཡོག་རྒྱུགས་ནས་ཉི་མ་མ་འཁྱོལ་སྐབས་ཉོག་གཏམ་བཤད། སྐྱག་པའི་དམངསགཙོ། སྙང་མའི་བཀའ་ཁྲི། ག་རེའི་སྒྲིག་འཛུགས། སངས་རྒྱས་རང་འགོ་མ་ཐོན་པར་གཤིན་པོའི་ཡར་འདྲེན་ཨས། མ་གཞི་ནས་བོད་དོན་ཕྱིར་བསྒྲགས་བྱས་ནས་རྒྱབ་སྐྱོར་ཐོབ་པར་བྱེད་པ་དང་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེ་བློ་སེང་ལ་སོགས་པའི་ཕྱི་སྡོད་བོད་མིའི་འོས་འགན་རེད་ལ་་ལས་ཀ་གཅོ་བོ་དེ་རེད། བློ་སེང་གིས་ལས་ཀ་ཡག་པོ་བྱེད་ཀྱི་འདུག ད་ག་རེ་འགྲིག་གི་མི་འདུག་གམ ལྟས་ངན་ཉི་ཤུ་རྩ་གཅིག་ཁྱེད་་ཚོ་ཡིན་ན། དེ་གསང་སྤྱོད་འདིར་སྡོད་ཀྱི་མིན། དྲི་ངན་ལས་གཞན་ཅི་ཡང་མི་འདུག
དྲ་གྲོགས་ཚོས་གསུངས་བ་ལྟར་ཤོར་ཕྱོགས་ཁུག་ནི་ སྐར་ལྔའི་དར་དམར་འཆར་མཁན་གྱི་མི་ཞིག་རེད། ཁུག་རྟས་གླག་ཕོགས་ནི་སུ་སི་གནས་སྡོད་སྐར་ལྔའི་དར་དམར་འོག་ལ་ལས་ཀ་བྱེད་མཁན་ཁག་གཅིག་གི་རྒྱུད་ནས་ཡོང་གི་ཡོད་འདུག་་དེ་ཚོ་དྲ་གྲོགས་ཚོའི་ཤེས་རྟོགས་ཆེད་བྲིས་པ་ཡིན།
ད་ནི་བོད་པ་དེ་ཚོ་ནི། བོད་ཀྱི་གཏམ་དཔེ་ལ་ཕྱི་མི་ཐུབ་པར་ནང་།
ཞེས་པ་ལྟར་དངོས་གནས་རེད་འདུག སོ་སོའི་འགོ་ཁྲིད་ལ་སྐྱོན་བརྗོད་བྱས་ན་དགྲ་དགའ་གཉེན་སྡུག་
མ་གཏོགས་མེད་པ་ཤེས་བཞིན་ད་དུང་འདི་འདྲ་ཞིག་ལབ་ཀྱི་འདུག
ཡ་ཡ་ད་ཁྱེད་ཚོས་ལོབ་དང་རྒྱ་ཚང་དགའ་གྱི་རེད། བོད་ཚང་སྡུག་གི་རེད།
ཨ་ཁ་ཨ་ཁ་ཁ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གྲོགས་མ་འགྲོ་འདུག་མང་ན།། རྐང་ལག་ཐང་ཆུ་འབྱར་འགྲོ།
ཤར་ཕྱོགས་ཁུག་རྟའི་ལོ་རྒྱུས་རོབ་བསྡུས་ཤིག་འདིར་དྲངས་ན།
ཤར་ཕྱོགས་ཁུག་རྟའི་ལོ་རྒྱུས་རོབ་བསྡུས།
རྩོམ་པ་པོ་ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ལགས་ནི་
༡༩༨༢ ལོར་རེབ་གོང་དུ་སྐྱེས། ཆུང་དུས་ནས་བློ་རིག་བཀྲ་ལ་སྨྲ་དག་པ།
༡༩༩༧ ལོར་སློབ་འབྲིང་མཐར་ཕྱིན་རྗེས་རབ་ཏུ་བྱུང། སློབ་འབྲིང་བར་རིག་པ་རྣོ་ལ་སློབ་སྦྱོང་ཐོག་མིག་དཔེ་འོས་པའི་སློབ་མ་ཞིག་ཡིན་འདུག
རབ་ཏུ་བྱུང་རྗེས་ནང་དོན་རིག་གནས་དང་སྙན་གཞུང་སོགས་ལ་སྦྱངས་པས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡོད་པར་བཤད། སྐབས་དེར། བོད་ནང་སྙན་དེབ་གཉིས་བཏོན་པར་བཤད་ཀྱང། གཅིག་གི་མིང་ལ་༼ དུས་རབས་ཀྱི་རླུང་རྟ༽ཟེར། གཞན་དེ་མིང་ཤེས་མ་སོང།
དགོན་པར་སྡོད་སྐབས། སློབ་གཉེར་ཐོག་རིག་པ་བཀྲ་ལ་འབྲི་རྩལ་མཁས་པས་ཆེ་དྲག་རྣམས་ཀྱི་ཞབས་ཞུ་ནང་མ་ཡིན་ཚུལ་གསུངས་བས། ཆུང་དུས་ནས་ལས་ཀ་ཆེན་པོ་བྱེད་རྒྱུའི་གོ་སྐབས་ཐོབ་འདུག
༢༠༠༣ ལོར་རྒྱ་གར་དུ་འབྱོར་རྗེས། གསར་མཇལ་སྐབས་མི་མང་ནང་༧གོང་ས་མཆོག་ཁོང་གི་ལག་པར་འཇུས་ཚུལ་གོ་རྒྱུ་འདུག མཚན་ཉིད་སློབ་གྲྭར་ནང་དོན་རིག་གནས་སྦྱངས་པར་བཀའ་ཕེབས་པ་བཞིན་ལོ་གསུམ་ལ་སྦྱངས། སྐབས་དེར་སྙན་ངག་གི་དེབ་༼་ཟུར་གསུམ་ ༽ཞེས་པ་ཞིག་བཏོན་འདུག་པས། སྐུ་ཞབས་ཞོགས་དུང་ལ་མཁས་དབང་ཟེར་མཁན་གཞོན་སྐྱེ་ཁྲོད་ཁོང་ཐོག་མ་ཡིན་འདུག སྐབས་དེར་ཞོགས་དུང་ལ་སྡུག་དམོད་བྱེད་བཞིན་པའི་སྒང་ཡིན་འདུག སློབ་གྲྭར་སྡོད་སྐབས་ ༢༠༠༥ ལོར་༧གོང་ས་མཆོག་གིས་གཟིམ་མཇལ་གནང་སྟེ། ཁོང་གིས་སྤྲུལ་སྐུའི་ལམ་ལུགས་ལ་སྒྲིག་གཞི་བཟོ་དགོས་ཚུལ་ཞུས་པས་རྗེས་སུ་༧གོང་ས་མཆོག་གིས་གཙུག་ལག་ཁང་གི་གསུང་ཆོས་སར་བསམ་ཚུལ་ཡག་པོ་འདུག་ཚུལ་ཡོངས་བསྒྲགས་ཀྱང་གནང་བ་རེད་ཟེར། སྐབས་དེར་ཆོས་བཀའ་བློ་ཉི་ལགས་ཡིན་ས་རེད། སྐབས་འདི་ནས་ཟམ་གདོང་རིན་པོ་ཆེ་ཁོང་ལ་དོ་སྣང་བྱུང་འདུག གཞན་ཡང་ཁོང་གིས་ལོ་དེར་༧གོང་ས་མཆོག་གིས་དགོངས་གཞི་དང་བོད་མི་མང་བར་གྱི་ཟམ་པ་ལྟ་བུའི་༼ ཨ་མའི་བུ ༽་ཞེས་པའི་ཆེད་དེབ་སྐད་གྲགས་ཅན་ཞིག་ཀྱང་བཏོན་འདུག དེབ་དེ་མི་རབས་གསར་པའི་བསམ་བློའི་སྣེ་འདྲེན་ལྟ་བུར་གླེང་མཁན་ཡང་འདུག
༢༠༠༦ ལོར་ཐའེ་ཝན་དུ་སྐུ་སྒེར་ཡིག་ཚང་གིས་ཐའེ་ཝན་དུ་གཏོང་འཆར་གྱིས་སློབ་གྲྭ་ནས་ཐོན་དགོས་བྱུང་ཡང། ལག་ཁྱེར་མ་རག་སྟབས། ལྡི་ལིར་ཨིན་ཇིའི་སློབ་གྲྭ་ཚད་ལྡན་ཞིག་ཏུ་ཟླ་བ་ ༨ ལྷག་ལ་ཨིན་ཡིག་སྦྱོང་གི་བཏང་འདུག སྐབས་དེར། ཁོང་གིས་ཝ་ནའི་ཆེད་དེབ་སྟེང ༼་དགེ་ཚུལ་སློང་གི་སྡོམ་པ་ཅུང་ཙམ་དཔྱད་པ་༽ཞེས་པའི་རྩོམ་ཡིག་ཅིག་ལ་བརྟེན། སྐུ་ཡིག་ཏུ་ཕྲ་མ་བཅུགས་ནས་མཐར་ཁོང་གིས་དགོངས་སེལ་མ་ཞུས་སྟབས་སློབ་མཚམས་ཆད་འདུག
༢༠༠༧ མ་ཟིན་ཙམ་ནས་བཀའ་ཤག་གི་བཀའ་འབྲེལ་འོག་བཀའ་དྲུང་ཁྱབ་ཁོངས་ངེས་མེད་ལོ་རྒྱུས་འབྲི་རྩོམ་ཚན་པར་ཡིག་ཆ་ཞིབ་འཇུག་གི་ལས་ཁུར་ཞུས་འདུག ལས་ཞོར་ ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་སྐབས་བཙན་བྱོལ་ནང་གི་རྩོམ་པ་པོ་རྣམས་ཀྱི་ཆེད་རྩོམ་བསྡུས་ནས་ཞི་རྒོལ་ལ་རྗེས་དྲན ༼ ཁྲག་གི་རྡོ་རིང་༽ཡང་ཁོང་གིས་རྩོམ་སྒྲིག་འགྲེམས་སྤེལ་བྱས་འདུག དེབ་དེར་རྒྱ་ནག་གི་བཅའ་ཁྲིམས་བཀོད་ཡོད་པས། དམིགས་བསལ་ཚོགས་ཆེན་སྐབས་ཆེན་པོ་རྣམས་ཀྱིས་དེབ་དེ་རྩད་གཅོད་ཀྱིས་གནད་འགག་རྟོགས་མཁན་དུ་གླེང་འདུག སྐབས་དེར་བཀའ་ཟུར་ལྷན་ཚོགས་སྐབས་ཁོང་གི་དེབ་དེ་ཀུན་གྱིས་བསྣམས་ནས་བཅའ་ཁྲིམས་གསར་མཐོང་ལྟ་བུ་བྱེད་ཀྱི་འདུག་སྐད། དེ་ནས་ ༢༠༠༩ ལོའི་ལོ་མགོར་ཡོ་རོབ་རྒྱལ་ཁབ་ཁ་ཤས་སུ་ལྟ་བསྐོར་དུ་བསྐྱོད་སྐབས། ཁོང་གིས་ཕྱི་རྒྱལ་ནས་འདུག་རྒྱུ་རྨི་ལམ་དུའང་མི་འདུག་ཅེས་སྐབས་དེའི་ཁོང་ལ་རོགས་རམ་གནང་མཁན་སིད་སིར་གནས་སྡོད་སྐུ་ཞབས་སངས་རྒྱས་ཀྱིས་གླེང། ཡོ་རོབ་ནས་ཚུར་འཁོར་མཚམས་ཐའེ་ཝན་དུ་མ་བསྐྱོད་པར་ལས་ཁུངས་དེའི་ལས་བྱེད་ནང་བོད་ཡིག་ཐོག་ཞིབ་འཇུག་པ་རྩེ་གྲས་ཆགས་པ་དེང་སང་གླེང་མཁན་མང་པོ་འདུག ༢༠༠༩ ལོར་སྐུ་ཡིག་གིས་ཁོང་ལ་གོ་སྐབས་སླར་ཡང་གནང་བ་སྟེ་༧རྒྱལ་བ་རིན་པོ་ཆེས་རྩོམ་ཡིག་གི་རྙོག་གླེང་དེ་མཁྱེན་ནས་ཐད་ཀར་བཀའ་ཕེབས་པ་ཡིན་ས་རེད། སྐབས་དེར་ཁོང་ལ་དམིགས་བསལ་གྱིས། ༧གོང་ས་མཆོག་ལྡི་ལི་ནས་ཡོ་རོབ་ཏུ་ཕེབས་སྐབས་ལྡི་ལིར་བཅའ་བཞུགས་གནང་སའི་མགྲོན་ཁང་ཆེན་པོ་ཞིག་ཏུ་ཁོང་ཐའེ་ཝན་དུ་ཕེབས་སྐབས་གཟིམ་ཆུང་མཇལ་ཁ་གནང་འདུག ཐའེ་ཝན་ནས་ལོ་གཅིག་རིང་སློབ་སྦྱོང་བྱས་རྗེས་ཐའེ་ཝན་དུའང་མ་བསྡད་པར་རྡ་སར་སླེབས་མ་ཐག བཀའ་ཤག་གིས་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་སུ་ཐད་བསྐོས་གནང་སྟེ་ལས་དོན་བྱས་པ་སོགས། དེ་སྔ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ངོས་འཛིན་ཡང་དག་གནང་ཡོད་འདུག
ལན་འདེབས་ཚོགས་ཆུང་ནང་ལོ་གཅིག་རིང་རྒྱ་ནག་ལ་ལན་འདེབས་རྩོམ་ཡིག་གནད་དུ་འཁེལ་བ་རྒྱལ་སྤྱིའི་སྟེང་བཀྲམས་ཐུབ་ཡོད་པ་བཅས་དང། གཞན་ཡང། ཁོང་གིས་ཞིབ་འཇུག་བྱས་པ་། ༼ ས་མཐའི་རྐང་རྗེས། མི་ཚེའི་ལག་ཡོང༽་ཞེས་པ་དང། བསམ་ཚུལ་བྲིས་པ། ༼ ཤར་ཕྱོགས་ཁུག་རྟའི་དཔྱད་རྩོམ་ཕྱོགས་བཏུས། ༽སྙན་ངག ༼ མཛའ་མོར་སྦྱར་བའི་སྙན་ངག། ༽སྤྱི་ཚོགས་བསམ་ཚུལ། ༼ བློ་བཟང་སེང་གེ་དང་ཤར་ཕྱོགས་ཁུག་རྟ༽། ཆབ་སྲིད ༼ རྒྱ་ནག་ལན་འདེབས་ཕྱོགས་བཏུས༽་སོགས་མི་རིང་བར་པར་འགྲེམས་ཀྱིས་ཀློག་པ་པོར་སྤྱན་བསྟར་ཞུ་རྒྱུ་ཡིན་འདུག་པ་བཅས། དེང་རབས་ན་གཞོན་ཁྲོད་གཟེངས་སུ་ཐོན་པའི་རྩོམ་པ་པོ་དང་བསམ་བློ་བ་ཞིག་ཡིན།།།
ད་དུང་དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་དང་ཆབ་སྲིད་དཔྱད་གླེང་རྩོམ་སྒྲིག་པ་སོགས་བཀོད་མི་འདུག་པས། ང་དང་ང་འདྲ་བས་ནི་འགྲན་བཟོད་པའི་གང་ཟག་ཅིག་མིན་པ་དང། ཕྲག་དོག་བྱེད་ས་ཞིག་མིན་པ་ཧ་ཅང་གསལ་བོ་རེད་འདུག
ཆོ་མེད་པའི་སྐད་ཆ་མང་མ་མང་མེད་རེད། དོན་དག་རྡོག་རྡོག་དེ་ཤོད་དང། ཤར་ཁུག་དང་བོད་ཀྱི་བཀའ་ཁྲི་གཉིས་འགྲན་བསྡུར་བྱེད་གི་ཡོད་རེད་བ། གད་མོའི་གནས་རེད་ཤར་ཁུག་གི་བོད་ཀྱི་བཀའ་ཁྲི་མཆོག་གི་བ་སྤུ་རྐང་གཅིག་ལ་ཡང་འགྲན་ཟླ་ཆོག་གི་མ་རེད། བུ་རྒོད་པོ་ཡིན་ན་བྱས་རྗེས་སྟོན་དང། བཙན་བྱོལ་སྒྲིག་འཛུག་ལ་སྐྱོན་བརྗོད་ཕྲན་བུ་བྱེད་རྒྱུ་རག་སྐབས་འཇོན་ཐང་སྟོན་ཡོད་འདོག་འདོག་ཤ་ཚ་ཤར་ཁུག་ཚོགས་པ། དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་དུས་༧གོང་ས་མཆོག་ལ་སྨོད་གི་ཡོད་འདོག་འདོག་གི་༧གོང་ས་མཆོག་གི་མཚན་ཁུར་ནས་སྡིག་ར་གཏོང། སྔོན་མའི་དབུ་ལམ་དང་ད་ལྟའི་དབུ་ལམ་བར་ཁྱད་པར་ག་ཚོད་འདུག་དེ་ནི་མིག་མཐོང་ལག་ཟིན་རེད། སྔོན་མའི་དབུ་ལམ་དེས་བོད་པ་རང་ཚུགས་ཟིན་ཐུབ་པ་གང་ཞིག་ལ་ཕར་ཕྱོགས་དགྲ་བོར་སྐྲག་དངངས་སྐྱེས་པ་བཟོ་ཐུབ་ཡོད་རེད། ཡིན་ན་ཡང་ད་ལྟའི་དབུ་ལམ་པ་དེས་བོད་པ་རང་ཚུགས་ཤོར་གཅུག་པ་གང་ཞིག་ལ་དགྲ་ལ་སྐྲག་དངངས་སྤུ་རྩེ་ཙམ་ཡང་སྟོན་མི་ཐུབ་པའི་ཁར་བོད་འདི་སིར་བུ་གྱུར་སྐབས་ནས་བོད་དེ་རྒྱ་འོག་ཡོད་པ་སྒྲུབ་པའི་རྒྱ་གུང་ཁྲན་གི་ཚོགས་པ་ཞིག་རེད། རྡ་སའི་ཤར་ཁུག་ཚོགས་པའི་དབུ་ལམ་པ་ལགས། དབུ་མའི་ལམ་དེས་གོ་དོན་ནི་གཉིས་ཕན་ཡོད་པ་ཞིག་ལ་གོ་དགོས། ད་ལྟ་ཁྱེད་ཚོའི་བརྩོད་བཞིན་པའི་འཐབ་བརྩོད་དེ་གཉིས་ཕན་ཡིན་པ་ཤར་ཁུག་གཙོས་པའི་མི་གྲངས་ཁ་ཤས་ལས་སུས་ཁས་ལེན་གི་རེད། ད་དུང་བོད་ཆོལ་ཁ་གསུམ་གི་གཙུག་ཏུ་བཀུར་བའི་བོད་ཀྱི་བཀའ་ཁྲི་མཆོག་ལ་མི་ངན་རེད་ཟེར། དངོས་གནས་བསམ་བློ་ཐོང་དང། ཁྱོད་རང་ཚོ་འདྲ་བའི་མི་ཁ་ཤས་གི་སྲིད་སྐྱོངས་མཆོག་མི་སྡུག་པོ་ཡིན་པ་སྒྲུབ་པ་ནི་གད་མོའི་གནས་རེད། ༧གོང་ས་མཆོག་གིས་སྐབས་དང་དུས་ལ་བབས་པའི་མི་ཞིག་རག་བྱུང་གསུངས་པའི་མི་བུ་རླབས་ཆེན་ཞིག་དང་སྤྲུལ་བརྫུན་གྲྭ་ལོག་བོད་ཡིག་ཐབས་ཆག་ཤེས་མཁན་ཏང་ཡོན་བློ་བཟང་ཆོས་འབྱོར་འམ་ཤར་ཁུག་གཉིས་འགྲན་བསྡུར་བྱེད་ཨང་གད་མོའི་གནས་མིན་ན་གང་རེད། གོང་དུ་དྲ་འབུ་ཁ་ཤས་ཤར་ཁུག་ལ་བསྟོད་པ་བྱེད་ཁུལ་བྱེད་སྟངས་ལ་བལྟས་ན་ཤར་ཁུག་གི་མིང་གཞན་པའི་ཐོག་རང་བསྟོད་བྱས་པ་འདྲ་འདུག། མ་ཚད་ཤར་ཁུག་གི་དངོས་མིང་མ་སྨྲོས་ན་ཡག་པོ་ཡིན་པའི་རྒྱུ་མཚན་དང། གཞན་གྱི་དངོས་མིང་མ་སྨྲས་ན་སྡུག་པོ་ཡིན་པའི་རྒྱུ་མཚན་ཁུར་ཤོག། ཁ་བརྡའི་དྲྭ་ཚུགས་དེ་ད་ལྟའི་དབུ་ལམ་པས་ཉོས་ཟིན་པའི་རྒྱ་ཚོགས་གི་གཏམ་མོལ་བྱེད་ས་ཞིག་དང། རང་གཞུང་ལ་སྨད་ར་བྱེད་སའི་དྲྭ་ཚུགས་ཞིག་ལས་དོན་དངོས་ཐོག་བོད་ལ་ཕན་པའི་དྲྭ་ཚུགས་ནི་མིན་པ་ཐག་གི་ཆོད་འདུག། ཤར་ཁུག་ཟེར་མཁན་དེ་དང་ང་གཉིས་སྒེར་ངོ་ཡང་མི་ཤེས་ལ་གནོད་དགོས་པའི་རྒྱུ་མཚན་མེད། ཡིན་ན་ཡང་བོད་ཀྱི་རྩ་དོན་ཐོག་འགན་འདྲ་མཚུངས་ཡོད་དུས་ཁྱོད་གི་་བཤད་པའི་སྐད་ཆ་ཉོན་དགོས་པའི་རྒྱུ་མཚན་མེད། ཤར་ཁུག་ཚོགས་པ་མིན་པའི་དྲྭ་གྲོགས་ཚོར། ཤར་ཁུག་དང་སྲིད་སྐྱོངས་གཉིས་དུས་དང་རྣམ་པར་ཀུན་ཏུ་འགྲན་བསྡུར་མ་བྱེད་རོགས་མ་གཏོག་སྲིད་སྐྱོངས་མཆོག་གི་ཚེ་བསོད་ནམས་དང་ལས་དབང་ཐང་ལ་ཡང་གནོད་ངེས་རེད། བོད་ཀྱི་སྲིད་སྐྱོངས་མཆོག་རྒྱལ་ལོ།
གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒུག ས་འབུ་ཐག་ནུར་བདེ་བའི་ཆེད་དུ་རྒུག
མདོར་ན་རྫུན་མིང་འོག་གི་དྲ་འབུ་དག གཅིག་ལས་གཅིག་མགྱོགས་རང་རང་མཁས་ལ་སྐྱོ།།
འོ་ཛི་ལ ཤར་ཕྱོགས་ཁུགས་རྟ་ལགས་ལ་སྐྱབས་སུ་མཆི། སྤྲུལ་སྐུ་འདྲ་པོ། མཁས་དབང་འདྲ་པོ ༧གོང་ས་མཆོག་དང་བཀའ་ཟུར་ཟམ་གདོང་གིས་ཐུགས་ཟིན་འདྲ་པོ། འོ་ཛི་ལ དཔེ་ཡག་པོ་འདུག དེ་རིང་གཞི་ནས་ཧ་གོ་སོང་།
སེང་གེ་དང་ཁུག་རྟའི་བར་ལ་ཕྲ་མ་མ་བཤད་ན་བཟང་།
དབྱིན་ཡིག་བཀའ་ཁྲི་ཡག
བོད་ཡིག་ཤར་ཁུག་བཟང་།
གོ་ས་བཀའ་ཁྲི་མཐོ།
ཕོ་གསར་ཤར་ཁུག་རྫིག
གྲོགས་པོ་རྣམས་པ། བོད་ཡིག་སུ་བཟང་དང་དབྱིན་ཡིག་སུ་ཡག་དེ་གནད་འགག་མ་རེད། གཙོ་བོ་དེ་བོད་དོན་ཆེད་སུ་ཡིས་དཀའ་ལས་མང་བ་རྒྱག་གི་འདུག སུ་ཡིས་ནུས་པ་ཆེ་བ་འདོན་བཞིན་འདུག་དེ་གཙོ་བོ་རེད། ཤར་ཁུག་གིས་བཀའ་ཁྲིའི་སྐྱོན་འཚོལ་ཐབས་བྱེད་པ་དེ་ཡང་འགྲིག་པ་རེད། སྐྱོན་ལ་མཛུབ་མོ་བཙུགས་ནས་ཡོ་སྲང་བྱེད་དགོས་པ་དེ་ཡང་གལ་ཆེན་རེད། དེ་མིན་སྐྱོན་འཛུགས་ཁོ་ན་བྱེད་པ་ལས་བསམ་འཆར་གཅིག་ཀྱང་མེད་ཚེ་དེ་ནི་ཆོ་མེད་ལོང་གཏམ་རང་རེད། ངའི་ངོས་ནས་བརྗོད་ན། ད་བར་བཀའ་ཁྲིས་དཀའ་ལས་རྒྱག་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ལ་ནུས་པའང་གང་ཙམ་མཐོན་གྱི་འདུག དེ་ནི་དོན་དངོས་རེད། བོད་མི་རིགས་ཀྱི་མངོན་འདོད་སྒྲུབ་ཐུབ་མཁན་གཅིག་བྱུང་ན་བཀའ་ཁྲི་དེས་བོད་ཡིག་མ་ཟད་བོད་སྐད་མ་ཤེས་ཀྱང་འགྲིག་གི་རེད། དེ་མིན་བོད་ཡིག་མཁས་པ་ཞིག་གིས་བཀའ་བློན་བྱས་ཀྱང་དམིགས་བསལ་གྱི་ནུས་པ་མཐོན་པའི་ངེས་པ་མེད།
ཤར་ཁུག་ལྟ་བུ་ཁྲོམ་པའི་རྦལ་བ་ཞིག་ཁྲི་ལ་བསྐོད་ན་རྒྱ་དར་དམར་པོ་ཞིག་བཙན་བྱོལ་བའི་གཞུང་གི་མདུན་ནས་བསྒྲེངས་ཏེ་། དེ་ནི་ཁོ་བོའི་རྒྱལ་ཁ་ཞིག་ཏུ་བརྩི་ངེས་རེད་། རབ་ཡིན་ན་བོད་མི་ཡོངས་གཅིག་སྒྲིལ་ཀྱི་བསྐོར་ལ་བསམ་བློ་གཏང་ན་ཡག་པོ་རེད་།
མ་མཐོང་དགུ་མཐོང་མི་བུས་མཐོང་། །
རང་མགོ་མ་ཐོན་སངས་རྒྱས་མཐོང་། །
མ་ཐོས་དགུ་ཐོས་མི་བུས་ཐོས། །
མང་གཙོར་ཁ་བཙུམ་དགོས་པར་ཐོས། །
མ་གསུངས་དགུ་གསུངས་ཀླུ་ཡིས་གསུངས། །
སེངྒེ་ཁུག་རྟའི་འབྱེད་ཆོས་གསུངས། །
མ་སྡུར་དགུ་སྡུར་སྨྱོན་པས་སྡུར། །
བཙན་པོར་འབངས་དང་ཁྱད་པར་སྡུར། །
རེབ་གོང་བ་ལགས། རེབ་གོང་བས་རེབ་གོང་བ་ལ་གུས་བརྩི་དང་རྒྱབ་རྩ་ལངས་ཆོག་ན་བོད་མིས་བོད་མིའི་དབུ་ཁྲིད་ལ་གུས་བརྩི་བྱེད་དང་བྱེད།
ཤར་ཁུག་གིས་སྲིད་སྐྱོང་བློ་སེང་ལགས་ལ། འོས་ཐོབ་པའི་ལོ་དང་པོ་ནས་སྐྱོན་བརྗོད་བྱས་པ་འདིས་མི་འདི་ལ་བོད་མའི་ལ་རྒྱ་མེད་པ་དང་དགྲ་གཉེན་ངོ་མ་ཤེས་ལྟ་བུའི་ནོར་བ་རེད།
འོན་ཀྱང་། བཀའ་ཁྲིའི་ལོ་ཚད་འཁྱུར་མཚམས་ལ་བཀའ་ཁྲིའི་ཕྱག་ལས་ལ་སྐྱོན་བརྗོདགསལ་སྟོན་བྱེད་མ་ཐུབ་ན། བློ་སེང་ལ་མ་དགའ་བ་ཙམ་མ་གཏོགས་དོན་ལ་མ་འཇོན་པ་ཡིན་པར་ངོ་འཛིན་དགོས།
བཀའ་ཁྲི་ལགས་འཇོན་ཀྱང་མ་འཇོན་རུང་ཁོ་ལ་རྒྱབ་སྐྱོར་ཡོད། གང་ཡིན་ཅེས་ན་ཁོང་ནི་མི་སེར་དཀྱུས་མ་ཞིག་འོས་ཤོག་བླུག་ནས་ཐོབ་པ་ཡིན་སྟབས་རྒྱབ་སྐྱོར་གཙང་མ་ཡོད། མི་སུ་ཞིག་ཡིན་རུང་ནོར་སྲིད་པ་རེད། ཡིན་ཡང་ནོར་བ་དེ་བཟོ་བཅོས་རྒྱབ་ཆོག་གི་རེད། དམངས་གཙོ་འགྲོ་ལུགས་ལ་བསམ་ཆར་དང་སྐྱོན་བརྗོད་བྱེད་རྒྱུ་ཧ་ཅང་གི་གལ་ཆེནའང་རེད་སྙམ། །
བཀའ་ཁྲིའི་ཕྱག་ལས་གནང་ཕྱོགས་ལ་ད་བར་འདོད་པ་གང་བཞིན་ཡོད། ཟམ་གདོང་གི་དེ་སྔོན་ཕྱག་ལས་གནང་ཕྱོགས་ལ་འདོད་པ་གང་མ་སོང་། རྡ་ས་ན་མཚམས་སུ་བཞུགས་པ་འདྲ་མཐོང་སོང་།
༡། ང་རང་ཉིད་བཀའ་ཁྲི་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ངས་རང་གི་འོས་ཤོག་ཁོང་ལ་འཕངས་པ་ཡིན། ངས་ཁོང་ལ་འོས་ཤོག་འཕེན་དུས་ཁོང་སྐྱོན་སྣ་གཅིག་ཀྱང་མི་འདུག་ཅེས་འཕངས་པ་མིན། ཁོང་ལ་འུད་ཤོབ་ཆེ་བ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཏིང་ཚུགས་མིན་པ། རང་ངོམ་ཆེ་བ་བཅས་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་ཁོང་ལ་འོས་ཤོག་མ་འཕངས་ན་བོད་གཞུང་དེ་སྔོན་མའི་མི་རྙིང་སྐོར་ཞིག་ལ་སྐོར་བ་བརྒྱབ་ནས་སྡོད་རྒྱུ་ཡིན་པ་འདྲ། ད་བོད་གཞུང་འཛིན་མཁན་གྱི་མི་ཐོག་དེ་བརྗེ་རན་འདུག ༧ རྒྱལ་བ་རིན་པོ་ཆེའི་ཐུགས་རིག་དྭངས་པའི་སྐབས་འདིར་གཞོན་སྐྱེས་ཤིག་དབང་ཐོག་ལ་སླེབས་ན་ཡག་པོ་འདུག ནོར་འཁྲུལ་བྱུང་ཁོམ་དང་། དེ་ཡོ་བསྲང་གནང་ཁོམ། དེ་ཡོ་བསྲང་གནང་མཁན་ཚང་མ་ཡོད་པ་རེད། ངའི་བསམ་བློ་གཏོང་སྟངས་འདི་ད་དུང་ཡང་འགྱུར་མེད།
༢། ངས་བློ་སེང་ལ་རྒྱབ་སྐྱོར་བྱས་པ་ཡིན་ན་དེ་ལ་སྐྱོན་བརྗོད་བྱས་མི་ཆོག་པ་ཞིག་ཏུ་བསམ་གྱི་མེད། སྐྱོན་བརྗོད་བྱེད་པ་ནི་འཇོན་མི་འཇོན་གྱི་དོན་དག་མ་རེད། དེ་ནི་དམངས་གཙོའི་ཐོབ་ཐང་ཞིག་རེད། དམངས་གཙོའི་ཐོབ་ཐང་གི་ནང་དུ་འཇོན་ན་སྐྱོན་བརྗོད་བྱས་ཆོག་པ་དང་མི་འཇོན་ན་སྐྱོན་བརྗོད་བྱས་མི་ཆོག་པའི་རྣམ་དབྱེ་ཡོད་པ་མ་རེད། སྐྱོན་བརྗོད་བྱས་ཚད་ཡང་དག་ཡིན་དགོས་པའི་ངེས་པ་ཡང་ཡོད་པ་མ་རེད། གཞུང་འཛིན་པའི་ལས་དོན་ནོར་འཁྲུལ་ཞུགས་པ་ནང་བཞིན་སྐྱོད་བརྗོད་བྱེད་མཁན་གྱི་གཏམ་ལ་ཡང་ནོར་འཁྲུལ་ཞུགས་ཆོག་གི་རེད།
༣། སྐྱོན་བརྗོད་ལ་འགྲིག་མ་འགྲིག་ཡོང་གི་རེད། ཡིན་ན་ཡང་སྐྱོན་བརྗོད་བྱེད་མཁན་མེད་ན་མ་འགྲིག་པ་རེད། ངས་མཐོང་སྣང་ལ། བཀའ་ཁྲི་བློ་སེང་ལྟ་བུ་ལ་ལྷག་པར་དུ་སྐྱོན་བརྗོད་བྱེད་མཁན་ཞིག་དགོས་ཀྱི་ཡོད། རྡ་ས་ན་ཁོང་ལ་”ང་བཀའ་ཁྲི”ཟེར་བའི་མཚང་མིང་ཞིག་བཏགས་ཡོད་པ་རེད་ཟེར། ངས་ཁོང་གི་གཏམ་བཤད་ལ་ཐེངས་ཁ་ཤས་ཉན་པ་ཡིན། ང་དང་ང་ཟེར་རྒྱུ་ཅུང་མང་ནས་སུན་སྣང་འདྲ་ཞིག་ཀྱང་སྐྱེས་སོང་། བཀའ་ཤག་ན་བཀའ་བློན་གཞན་པ་མེད་པ་ལྟ་བུ་ཞིག་གི་ཚོར་བ་སྟེར་གྱི་འདུག་ཅིང་། རྡ་སའི་མཚང་མིང་དེ་ལ་ཅི་མ་བདེན་སྙམ་པ་ཞིག་སྐྱེས། ད་རེས་ཨེ་ཤར་ཡང་རྒྱང་བསྒྲགས་ཀྱི་བཅར་འདྲིའི་སྐབས་ང་ཟེར་རྒྱུ་ཧ་ཅང་ཇེ་ཉུང་ལ་སོང་འདུག དེ་ནི་བཀའ་ཁྲི་ལ་ནང་ཚགས་ཀྱི་བློ་སྟོན་བྱེད་མཁན་ཡོད་ན་ཡང་ཐང་། ཤར་ཕྱོགས་ཁུག་རྟ་ལྟ་བུ་རྣམས་ཀྱིས་སྐྱོན་བརྗོད་གནད་སྨིན་བྱས་པའི་འབྲས་བུ་ཡང་ཡིན་རྒྱུ་རེད། སྐྱོན་བརྗོད་ལྔ་བྱས་ནས་སྐྱོན་བཅོས་གཅིག་བྱུང་ན་ཡང་ང་ཚོ་བོད་ཀྱི་ཁེ་བཟང་རེད། བཀའ་ཁྲིའི་རྒྱན་ཆ་རེད། སྐྱོན་བརྗོད་ལ་མ་སྡང་རོགས། སྐྱོན་བརྗོད་བྱེད་མཁན་ནོར་ན་སྐྱོན་ཡོད་པ་མ་རེད། བོད་དོན་ལ་གྱོང་ཕོག་གི་མ་རེད། བཀའ་ཁྲི་ནོར་ན་མ་འགྲིག་པ་རེད། དེས་བོད་དོན་ལ་གྱོང་ཕོག་གི་རེད།
རྡ་རམ་ས་ལའི་རི་གྲོང་ན་མི་ངར་མ་རྐྱང་རྐྱང་ཡོད་གི །བོད་ཀྱི་རང་ཚུགས་ཡོད་པའི་སྲིད་དོན་པ་དང་ཤེས་ཡོན་གྱི་ནུས་པ་ཐོན་པ་ཞིག་བྱུང་ན་དེ་གས་འགྲིག་པ། སྲིད་ཕྱོགས་ལ་ཆོས་ལུགས་པས་ཐེ་ཇུས་མ་བྱེད་ན་ཡག །བོད་ཡིག་བཟང་ངན་གྱི་འགྲན་རྩོད་མེད་ན་ལེགས།
ཤར་ཁུག་ལགས། བཀའ་དྲིན་ཆེ། ད་བར་ཁྱེད་ཀྱིས་དངོས་གནས་ཤ་སྟག་གསུངས་སོང་། འོན་ཀྱང་དེང་སང་དྲང་བདེན་འགྲོ་ས་དཀའ་ནི་རེད།
གཞན་ང་ཚོའི་བློ་སེང་ལ་སྐྱོན་བརྗོད་ལོས་བྱེད། བློ་སེང་གིས་ཁོ་ལས་ལྷག་མེད། ཁོ་པར་འོས་ཤོག་བླུགས་དང་འཇོན་ངེས་ཡིན་ཞེས་མང་ཚོགས་མགོ་སྐོར་བཏང་སྟེ། ང་ཚོས་འོས་ཤོག་བླུགས་པ་རེད་མ་གཏོགས། མང་ཚོགས་ཀྱིས་ང་ཚོར་མི་མེད་སོང་བས་ཁྱེད་བཞུགས་རོགས་གནང་ཞེས་ཞུ་བ་ཕུལ་མེད་ལ། མང་ཚོགས་ཀྱིས་བཙན་དབང་གིས་བློ་སེང་བཀའ་ཁྲིའི་ཁྲི་ཐོག་ཏུ་བཞག་མེད་པ་ཚང་མས་ཤེས་དགོས། ཁོ་རང་གིས་ཁས་བླངས་པ་ནང་བཞིན་ད་འཇོན་གྱི་མེད་པ་འདི་རེད། སྐབས་དེར་ང་ཚོའི་སྐྱོན་བརྗོད་ཚ་ཐག་ཆོད་ཅིག བྱས་ཏེ། མ་འོངས་པར་མགོ་བདེ་ཁ་བདེ་ཚོས་མང་ཚོགས་དབུ་སྐོར་གཏང་མི་ཕོད་པ་ཞིག་ང་ཚོས་ངེས་པར་དུ་བཟོ་དགོས་ངེས་རེད།
བཀའ་ཁྲི་འདི་ཡག་ཉེས་གང་ལྟར་ཡང་མི་མང་གིས་བསྐོས་པ་ཞིག་ལས་གཞན་སྒེར་སུས་ཀྱང་ཐད་བསྐོས་བྱས་
པ་མ་རེད་པ། བྱས་ཙང་ཁྱེད་རང་ཚོས་མདོ་དོན་ཨ་མ་རྡོག་རྡོག་དེ་བོད་མི་མང་ལ་ངོ་རྒོལ་རྒྱག་གིན་ཡོད་རེད།
མི་སུ་ཡིན་ཡང་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་ཟེར་བ་ལྟར་ཡོང་སྲིད་ཀྱི་རེད་པས། ཁྱེད་རང་ཚོའི་དམིགས་
ཡུལ་མཐར་ཐུག་དེ་བོད་མི་མང་ལ་མགོ་ན་དབུ་ཁྲིད་མེད། འོག་ན་མགོ་མཇུག་མེད། ཁྱི་རྒན་བདག་མེད་ལྟ་
བུར་ཆགས་ནས་དགྲ་དགའ་གཉེན་སྡུག་ཅིག་བྱུང་ན་ཅི་མ་རུང་བསམ་པ་དེ་རེད་པ། ༧རྒྱལ་བ་རིན་པོ་ཆེས་དབུ་མ་
ཁྲིད་པའི་གོ་སྐབས་དང་བསྟུན་ནས་བོད་མི་རིགས་ཕུང་ལ་སྦྱར་ཡ་རེད་པ། ཁྱོད་ཚོ་ཚང་མ་ལ་སྐྱག་པ་ཟོ་ཟེར་
ཡ་ཡིན། དེ་མ་གཏོགས་བཤད་རྒྱུ་ཅང་མེད།
ལྡོང་ཚ་ཚང་ཟེར་བའི་དྲ་འབུ་འདིས་
༼བློ་སེང་གིས་ཁོ་ལས་ལྷག་མེད། ཟེར་ནས་མང་ཚོགས་མགོ་སྐོར་བཏང་སྟེ། ང་ཚོས་འོས་ཤོག་བླུགས་པ་རེད་མ་གཏོགས། ༽ཟེར་གནས་ལུགས་མེད་པའི་སྐད་ཆ་མ་ཤོད་བོད་པ་འདི་ཚོ་དེ་འདྲ་བའི་མི་གཅིག་གིས་མགོ་སྐོར་
གཏོང་ཆོག་ཆོག་གི་གླེན་པ་རེད་ལབ་ཡིན་པས། ཁོ་ལས་ལྷག་གཅིག་བཀའ་ཁྲི་བཞག་རྒྱུ་ཡོད་ན་སྟོན་ཤོག
ལོ་གཉིས་ལྷག་ཙམ་ཞིག་བགྲོ་གླེང་གི་རྒྱུད་རིམ་ཁྲོད་ནས་ཁོ་ལས་ལྷག་གཅིག་མ་རག་པ་རེད་ཧ་ཨེ་གོ།
ཁོ་བཟང་པོ་རེད་ལབ་པ་མིན་ཀྱང་བོད་པ་ཚང་ཕོ་ཟད་མོ་ལ་ཐུག་ཅེས་པའི་དཔེ་བཞིན་རེད་ཚར་བ་རེད།
ཡ་ཁོ་ལས་ལྷག་ཅིག་བགྲང་རྒྱུ་ཡོད་ན་་་རེ་རེ་བཞིན་མིང་སྟོན་དང་་་ཁྱོད་ཨ་མའི་བུ་ཡིན།
དེས་ན་ཁྱོད་སུ་ཡིན་པའང་ཧ་གོ་ཡང་ཧ་ཧ་ཧ་་་་་་་་་་་་་་་་་་་་་
ཤར་ཁུག་བ་གོ་ས་ཐོབ་པ་ཡིན་ན་བོད་མི་ལྷག་བསམ་པ་འགས་བོད་ཆེད་ལས་འགུལ་རེ་སྤེལ་བ་ཡིན་ན་ཁོ་དང་ཁོའི་ཕྱོགས་ཚོགས་པས་ལག་དུ་རྒྱ་དར་མ་བཟུང་ན་དབུ་མ་བ་མིན་ཚུལ་དང་༧གོང་ས་མཆོག་གི་ཐུགས་དང་མི་མཐུན་ཚུལ་བཤད་དེ་རྒྱ་དར་ལག་ཏུ་རྒྱ་དར་འཁྱེར་དགོས་ཚུལ་བཅས་མི་མང་འགོ་བསྐོར་དེ་སྔོན་བཏངས་བ་བཞིན་མ་འོངས་བའང་གཏོང་གི་རེད་། དེ་ལྟ་བ་རིགས་ལ་ནམ་ཡང་དོགས་བཟོད་བྱོས་།།
ལྡོང་ཚའི་སྐད་ཆ་ནི་ཆུ་ནང་ལ་རྟུག་དྲི་བཏང་བ་དང་ཁྱད་པར་མི་འདུག དབུ་ཁྲིད་ཀྱི་འོས་གཞིར་ལང་སྐབས་ངས་ལས་ཀ་བྱེད་ཀྱི་ཡིན་ངས་འཇོན་གྱི་ཡོད་ཁྱོད་ཚོས་ང་ལ་འོས་ཤོག་བླུག་ཤོགས་ཟེར་བ་ལས། ངས་འཇོན་གྱི་མ་རེད་ངས་ལས་ཀ་བྱེད་ཀྱི་མིན་ཟེར་མཁན་སུ་འདུག ལྐུགས་པ་་་སྐད་ཆ་དེ་ཙམ་ལས་བཤད་མ་ཤེས་ན་ཁ་བཙུམ་ན་དགའ་གི་རེད།
ད་འདི་ནས་ཚང་མས་མཚམས་འཇོག་རོགས། བཀའ་ཁྲི་ནི་བོད་མི་ཚང་མའི་མགོ་ཁྲིད་རེད། སྐྱོན་ཡོད་ན་སྐྱོན་བརྗོད་བྱས་ན་ལེགས། བོད་མིའི་སྤྱི་ཚོགས་ལ་ཕན་གྱི་རེད། གལ་སྲིད་སྐྱོན་མེད་ན་སྐྱོན་བརྗོད་བྱས་ཀྱང་སྟོང་བ་རེད།
བོད་མི་ཚང་མ་གླེན་པ་ཡིན་ག་ལ་སྲིད། འདི་ནས་ཁ་ཤས་ཞེན་ཁོག་རང་གི་ཐོག་ཡོང་གི་འདུག ཞེན་ཁོག་དེ་བོད་མི་ནང་ཁུལ་ལ་ཕན་ལས་གནོད་ཀྱི་རེད། ཆིག་སྒྲིལ་དགོས་ཟེར་གྱི་ཡོད་རེད། འདི་འདྲའི་ཟ་ཟུར་ལ་རྒྱ་མི་འཛུལ་གྱི་རེད། རྒྱ་མི་དགའ་ས་ཡང་དེ་ཡིན། རྒྱ་མི་དགའ་ས་ང་ཚོས་བཟོ་བཞིན་འདུག ང་ཚོའི་ནུས་པའང་ང་ཚོས་གཏོར་བཞིན་འདུག བཀའ་ཁྲིས་ཆིག་སྒྲིལ་གླེང་བཞིན་པ་རེད། བོད་ཀྱི་མགོ་ཁྲིད་ལ་རྩིས་ཀྱི་ཡོད་མཁན་ཟེར་ཚོས་ཀྱང་མགོ་ཁྲིད་ཀྱི་གསུང་ལ་རྩིས་ཀྱི་མི་འདུག བོད་མི་ཟེར་བ་དེ་འདི་འདྲ་ཞིག་ཡིན་སྟབས། རྒྱ་མི་ལག་ནས་སྡུག་གྱོང་ཉོ་དགོས་བྱུང་བ་རེད། གནམ་སྒམ་མ་བོད་མི་འདི་ཚོ་་་་་་་་་་་་་་
རེབ་གོང་བ་དེ་སུ་རེད། ང་ཡང་རེབ་གོང་བ་ཞིག་ཡིན་ཡིན་ཡང་ཁྱོད་ཀྱིས་ཅིའི་ཕྱིར་ཁུག་རྟའི་དགེ་ལས་སྐྱོན་མི་གླེང་བ་ཡིན། རྒྱུ་མཚན་དེའི་རྐྱེན་ཀྱིས་ཁྱོད་རང་ཁུག་རྟའི་རྒྱབ་རྩ་ལངས་གིན་འདུག།ཕྱོགས་ཞེན་བྱེད་ཀྱིན་འདུག། སྐད་ཆ་ག་འདྲ་ཞིག་ཡིན་ཡང་དགེ་སྐྱོན་གཉིས་ཀ་གླེང་དགོས་པར་འདོད། ཅིའི་ཕྱིར་ཁྱོད་ཀྱིས་ཁུག་རྟ་དགེ་ཆོས་སྤྲུལ་སྐུ་ཡིན་པས་ངོ་ཚ་ཁྲེལ་མེད་གི་ལས་ཀ་བྱས་པ་དག་མི་གླེང་། ཅིའི་ཕྱིར་ཁྱོད་ཀྱིས་ཁུག་རྟའི་རྡི་ལི་རུ་སློབ་གཉེར་བྱེད་དུས་སུ་ཅི་ཞིག་བྱས་པ་མི་གླེང་། ཁྱོད་ཀྱིས་ཅིའི་ཕྱིར་ཁུག་རྟའི་ཐན་ཝན་གི་རྒྱ་མོ་དེ་དང་ཁོང་ཚོ་བར་གི་རྙོག་དྲ་དེ་མི་གླེང་།་ཁྱོད་ཀྱིས་ཅིའི་ཕྱིར་ཁུག་རྟའི་བློ་སེང་ལ་དང་གོང་ས་མི་བུ་གཞན་དག་ལ་དམའ་འབེབ་དང་མཐོང་ཆུང་བཤད་ཡོད་པས་རྩོམ་དག་མི་གླེང་། ཁྱོད་ཀྱིས་ད་དུང་ཁོ་རང་གཞོན་སྐྱེས་ཁྲོད་ཀྱིས་སྔོན་ཐོན་པ་དང་བསམ་བློ་བ་ཞེས་བྲིས་འདུག། ཁྱོད་ཀྱི་ཅིའི་ཕྱིར་ཁུག་རྟའི་སྒེར་འཛིན་རིང་ལུགས་ཡིན་པ་མི་གླེང་། གལ་སྲིད་ཁུག་རྟ་བསམ་བློ་བ་ཞིག་ཡིན་ན་བོད་གངས་ཅན་པའི་བསམ་བློ་ཚད་དེ་ཕལ་ཆེར་འཇོག་ས་ཞིག་མེད་པ་འདྲ། ཁུག་རྟའི་བོད་ཡིག་ག་ཚོད་ཅིག་ཤེས་ཀྱང་ས་སྐུ་ནི་ས་སྐུ་ཡིན་པས་གསེར་སྐུ་ཞིག་འགྲན་ན་དེའི་མིང་ལ་སྒོང་ང་རྡོ་ཐོག་ཟེར་ལ།