མི་ནག་ཚང་ལུང་རིགས་རྒྱལ།
སང་ཉིན་ཐའེ་ཝན་གྱི་རྒྱ་མི་ཞིག་ལ་རྒྱ་ནག་གི་ཁུང་ཙིའི་ཞི་བདེའི་རྟགས་མ་རག་རྒྱུ་རེད། གནངས་ཉིན་པེ་ཅིན་གྱི་རྒྱ་མི་ཞིག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུ་རེད།
བར་སྐབས་ཤིག་ནས་བཟུང་རྒྱ་ནག་གིས་རྩ་བ་ཉིད་ནས་ཉན་འདོད་བྱེད་གི་མི་འདུག བསམ་བློ་དང་བསམ་བློ་བརྩད། འདུ་ཤེས་དང་འདུ་ཤེས་འགྲན། མཚོན་ཆ་དང་མཚོན་ཆ་གཏུགས། ཁྲོམ་རའི་ཁ་གཏད་ལ་ཁྲོམ་ར་བཤམས། དཔུང་རོགས་ཀྱི་མདུན་ལ་དཔུང་རོགས་ཁྲིད། རྟགས་མ་དང་རྟགས་མ་ངོམ། ཐ་ན་ས་སྒང་འདིའི་སྟེང་གི་མི་རེ་རེའི་ཁ་གཏད་ལ་མི་རེ་རེ་མི་སློང་བའི་ངེས་པ་མི་འདུག
ད་ཐེངས་ཀྱང་མངོན་གསལ་དོད་པོའི་སྒོ་ནས་གླན་ཀ་འཚོལ་གིན་འདུག དཔེར་ན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་འདི་ཐོག་དང་པོར་རྒྱ་མི་ཞིག་ལ་སྤྲད་པ་དང་མཉམ་དུ། གཟེངས་རྟགས་འདིའི་ཁ་གཏད་དུ་རྒྱ་ནག་གི་ཁུང་ཙི་ཞི་བདེའི་གཟེངས་རྟགས་ཞེས་པ་ཞིག་གསར་གཏོད་བྱས་ཏེ། གཟེངས་རྟགས་དེ་རྒྱ་ནག་དང་མཉམ་དུ་སྲིད་དོན་གྱི་འབྲེལ་བ་ཕྱེ་མཁན་ཐའེ་ཝན་གྱི་མི་ཞིག་ལ་སྤྲོད་རྒྱུ་རེད།
འདི་ནི་ནུབ་ཕྱོགས་ལ་ཁ་གཏད་བཅག་པ་ཡིན་ལ། རྒྱ་ནག་གི་དཔུང་རོགས་སུ་ལངས་མཁན་རྒྱལ་ཁབ་དེ་དག་ལ་ལྟ་སྐབས། འཛམ་གླིང་འདི་སླར་ཡང་གས་གཉིས་སུ་གྱེས་ལོས་འགྲོ་བསམ་པ་ཞིག་རེད། དཔེར་ན། རྒྱ་ནག་གི་ཁུང་ཙི་གཟེངས་རྟགས་འབུལ་བའི་ཉིན་མོར་སྐུ་མགྲོན་དུ་ཕེབས་མཁན་རྒྱལ་ཁབ་དག་ནི། ཨབ་རྒན་དང་། ཁོ་ལོམ་བྷི་ཡ། ཁུ་བྷ། ཨེ་རྗིབ། ཨི་རན། ཨི་རག ཁ་རྫ་ཀི་སི་ཐན། མོ་རོ་ཁོ། པཱ་ཀི་སི་ཐན། ཧྥི་ལི་ཕིན། ར་ཤི་ཡ། སུ་ཌེ་ཨ་རབ་བྷི་ཡ། སེར་བྷི་ཡ། སུ་ཌན། ཊུ་ནེ་ཤི་ཡ། ཡུ་ཀི་ར་ནེ། ཝེ་ནེ་ཛུ་ན། ཝེ་ཊི་ནམ་བཅས་རེད།
ཨ་རི་ལ་མཚོན་ན་རྒྱ་ནག་གི་གྲོགས་པོ་འདི་དག་གི་ནང་དུ་གྲོགས་པོ་གཅིག་ཀྱང་མེད་ཅེ་ན་མི་འགྲིག་པ་མེད། ཇི་འདྲའི་རྣམ་འགྱུར་གདུག་རྩུབ་ཅིག་རེད་ཨང་། ད་ཐེངས་ཀྱི་དཔུང་སྒྲིག་སྟངས་འདི་ལ་ལྟ་སྐབས། ཁུང་ཙི་ཞི་བདེའི་གཟེངས་རྟགས་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འདི་གཉིས་ཀྱི་རྒྱབ་ན་དམག་རྟ་དུང་ཕྱུར་མང་པོ་ཞིག་གི་རུ་སྒྲིག་ཡོད་པ་མཐོང་།
ཁུང་ཙི་ཞི་བདེའི་གཟེངས་རྟགས་དེ་ནམ་རྒྱུན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་སྔ་ཉིན་ལ་འཁེལ་རྒྱུ་ཡིན་པ་འདྲ།
ངའི་ལུང་བསྟན་གལ་ཆེན་ཞིག་ནི་མི་འགྱངས་པར། ༼གཅིག་བྱས་ན་ལོ་རྗེས་མར།༽ པན་ཆེན་ཆུང་སྲིད་ལ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུའམ། ཡང་ན། གངས་ཅན་བླ་མ་དང་། རག་རྡིས་ལ་སོགས་པའི་བོད་པ་ཞིག་ལ་ཡང་ཁུང་ཙི་ཞི་བདེའི་རྟགས་མ་རག་རྒྱུ་ཡིན་པ་དེ་རེད།
ཁུང་ཙི་ཞི་བདེ་རྟཌ་མ་རང་གཞན་འཚེ་བའི་རྟགས་མ། །
ནོ་སྦེལ་ཞི་བདེ་རྟཌ་མ་འཛམ་གླིང་ཞི་བདེའི་རྟགས་མ། །
༄།། སྤྱིར་བཏང་སྔོན་ནས་ད་ལྟའི་བར་དུ་རྟགས་མ་རིགས་མང་པོ་ཞིག་དང་པོ་སྲིད་དང་འབྲེལ་བ་མེད་ཀྱང་ག་ལེར་སྲིད་དང་འབྲེལ་ནས་རྙོགས་ཟིང་གི་རྩ་བ་ཞིག་ཏུ་ཆགས་པ་རེད། དེར་བརྟེན་ང་ཚོས་ངེས་པར་དུ་བསམ་གཞིག་དགོས་པ་ཞིག་ནི། སྤྱིར་འཛམ་གླིང་ཞི་བདེའི་གཟེངས་རྟགས་དེ་ཆབ་སྲིད་དང་འབྲེལ་བའི་སྟེང་ནས་སྤྲོད་བཞིན་ཡོད་མེད་དང་། དེ་སྔོན་ཡན་ཆད་འཛམ་གླིང་ཞི་བདེའི་རྟགས་མ་བཞེས་མཁན་རྣམས་ཀྱི་ནང་དུ། ཆབ་སྲིད་འབྲེལ་བ་མེད་པར་སྤྱི་ཚོགས་ལ་ཕན་པ་གཅིག་པུའི་སྒོ་ནས་ཞི་བདེའི་རྟགས་མ་ཐོབ་མཁན་ག་ཚོད་ཡོད་མེད་རྟགས་ཞིབ་ངེས་པར་དུ་དགོས་པ་རེད། དེ་རྗེས་རྒྱ་ནག་གཞུང་གིས་བྱེད་སྟངས་ལ་བརྟགས་དགོས། གཟེངས་རྟགས་ཀྱི་ལས་འཆར་འདི་དག་ཡང་ན་སྤྱི་ཚོགས་ཁྲོད་དུ་དོ་སྣང་མེད་པ་ཞིག་གམ། ཡང་ན་དམག་དང་སྲིད་དོན་གྱི་ལག་ཆར་འགྱུར་དང་མི་འགྱུར་ཐག་གཅོད་བྱེད་རྒྱུར་ཏོག་ཙམ་ཁག་པོ་རེད།
གནག་སེམས་གནོད་སེམས་འཚེ་བ་ལས་འཁྲུངས་པའི།
ཁུང་ཙིའི་གཟེངས་རྟགས་རྡུལ་ཕྲན་ཚོན་འདྲ་བས།
འགྲོ་རྣམས་ཞི་བདེར་ཁྲིད་པའི་དེད་དཔོན་ལ།
སྨོན་པའི་རྟགས་མ་དེ་དང་འདྲ་མ་ཡིན།
རེད་ཡ། ཀྲུང་གི་གུང་ཁྲན་ཏང་གིས་འདི་འདྲ་གསུངས་ཡོད།
གཏེ་བོ་ལིན་པེའོ་དང་ནི་ཁུང་ལོ་ཨེར།།
བློ་ལོག་ལིན་པེའོ་དང་ནི་ཁུང་ལོ་ཨེར།།
ཁོ་པ་ཚང་མ་གཏེ་ངན་ཐག་ཆོད་རེད།།
ཁ་ནས་ནམ་ཡང་བྱམས་སྐྱོང་དྲང་བདེན་བཤད།།
ཁོག་ནས་དུས་རྒྱུན་གཡོ་ཐབས་ངན་དགུ་བཅངས།།
རང་གཅུན་ལུགས་སྲོལ་འུར་སྒྲོག་ཆེར་སྤེལ་སྒོས།།
བློ་སེམས་གཅིག་གིས་རོ་ལངས་རྒྱགས་རྩིས་བསམ།།
གོང་གི་འདི་ནི་ལིན་དགག་ཁུང་དགག་གི་ཚིག་ཅུང་ཟད་ཡིད་ངོར་བསྡད་ཡོད་པ་དེ་ཡིན།།
ཨ་ཞང་ཚང་དངོས་ནས་རང་ང་ཞིག་འདུག་འདོད་མེད་ཐག་ཆོད་ཡིན་པ་དམིགས་བསལ་གྱིས་བོད་མི་ང་ཚོས་ངེས་པ་རྙེད་རན་རེད་ཡ་་་་
ཁྱེད་རང་གིས་གསུངས་པ་བཞིན་རྒྱ་པཎ་ཆེན་ལ་རྐུབ་བཀྱག་གི་སྐལ་བ་ཆད་ག་ལ་སྲིད། འོས་མིའི་ཁྲོད་དུ་འདུག གོ་ཐོས་ལ་ཁུང་ཙི་གཟེངས་རྟགས་ཐོབ་མཁན་ལེན་ཀྲན་གྱིས་རང་ལ་རྟགས་མ་དང་བྱ་དགའ་ཐོབ་པ་ཤེས་མི་འདུག མ་ཟད་གཞུང་ཕྱོགས་ནས་གནས་ཚུལ་དེ་ཁས་ལེན་གྱི་མེད་པ་འདྲ། ད་དངོས་གནས་རྒྱ་ནག་གཞུང་དེས་རང་མགོར་རང་གིས་ཆུ་བླུགས། སྔོ་ལོ་ལངས་ནས་འཕྱར་བཞིན་འདུག རྒྱ་ནག་གཞུང་དེ་འདུག་ཚོད་རང་གིས་མ་ཟིན་པས་ད་ཆ་རྒྱལ་སྤྱིའི་ཐོག་བཞད་གད་ཀྱི་གནས་ལ་འགྱུར་ཡོད་ཚོད་འདུག་ག