ཐེ་བོ་ཤེས་རབ་རྒྱ་མཚོ།
དགའ་འོས་པ་ཞིག་ལ་ཆུ་ཚོད་ཁ་ཤས་སྔོན་《དུས་བབ་》ཀྱིས་ཁེ་ཉིན་པར་རྒྱ་ནག་གིས་མྱི་སྐད་ཆེས་ཐོག་མར་བཤད་པའི་གསར་འགྱུར་དེ་ངའི་མིག་ལམ་དུ་བསྐྱལ་ནས་སླེབས་བྱུང་།
དེ་དང་བསྟུན་ནས་མཆན་བུ་བ་ཞིག་གིས་བོད་ཀྱི་རྒྱལ་གླུ་འདི་ཡང་ བསྒྱུར་བཅོས་གཏང་དགོས་པའི་བསམ་འཆར་རྙིང་ཟད་དུ་གྱུར་བ་ཞིག་དྲུད་ནས་སླེབས་ བྱུང་། མཆན་བུ་བའི་བསམ་འཆར་འདི་གསར་པ་གང་ཡང་མིན་སྟབས་འདིས་ང་ལ་འགུལ་སྐྱོད་ཅི་ཡང་ བཏང་མ་བྱུང་།
རྒྱ་ནག་གིས་དུས་རབས་ཉེར་གཅིག་པ་ཚེས་ནས་ཡུན་རིང་མ་བགོར་བའི་ དེ་རིང་འདི་ལྟར་མྱི་སྐད་ཚིག་གཅིག་བཤད་པ་འདི་འཛམ་གླིང་དང་ལྷག་པར་དུ་རྒྱ་ནག་ རང་ཉིད་ལ་མཚོན་ནས་བཤད་ན་བཀྲ་ཤིས་པའི་གཏམ་བཟང་ཞིག་ཡིན་མོད། འོན་ཀྱང་ཤ་གསེང་རུས་གསེང་ན་གདུག་རྩུབ་དང་ཞེ་འཁོན་གྱིས་མེ་ལྕེ་འབར་ཞིང་ཁ་སྣ་ མིག་གསུམ་ནས་ཚིག་རྩུབ་དང་གཡོ་སྒྱུ་ཡི་དུ་ཞག་ནག་ལྷོག་ལྷོག་འཕྱུར་བཞིན་པའི་ རྒྱ་ནག་མི་མང་ལ་ལིས་ ཡུས་ ཞཱན་གྱི་དྭངས་ཤིང་གཙང་བའི་མྱི་སྐད་འཇམ་པོ་འདི་དང་ལེན་བྱེད་པའི་བློ་སྟོབས་ ཡོད་སྲིད་དམ། འདི་ནི་ང་རང་ཉིད་ལ་ད་ལྟ་ཐེ་ཚོམ་ཡིན།
ཁེ་ཉིན་པར་གྱི་རྒྱ་ནག་གི་མྱི་སྐད་འདིས་ང་ལ 2006 ལོའི་ སྐད་ཆ་ཞིག་ཕྱིར་དྲན་བྱེད་དུ་བཅུག་བྱུང་། སྐད་ཆ་དེ་ནི་བོད་ནས་དུས་འཁོར་དབང་ཆེན་ཞུ་རུ་ཕེབས་པའི་རྒྱ་ཡིག་ལ་ཤིན་ཏུ་མཁས་ པའི་དགུང་ལོ་གཞོན་པའི་བླ་མ་ཞིག་གིས་ཨུ་མར་ཝ་ཏི་ནས་ང་ལ་བཤད་པ་ཡིན། དུས་དབང་གྲོལ་བའི་བར་གསེང་གི་ཞལ་ལག་སྐབས་ངས་ཁོང་ལ་དེང་སང་བཙན་བྱོལ་ནང་དུ་ བོད་ཀྱི་རྒྱལ་གླུ་ལ་བསྒྱུར་བཅོས་གཏང་དགོས་པའི་བསམ་འཆར་བཤད་མཁན་ཡོང་གི་ཡོད་ ཚུལ་ཞུས་པ་ཡིན། སྐབས་དེར་ཁོང་གིས་བསམ་གཞིག་ཞིབ་མོ་བྱས་རྗེས་འདི་ལྟར་བཤད་བྱུང་།
ངས་རྒྱལ་ཁབ་མང་པོ་ཞིག་གི་རྒྱལ་གླུའི་ནང་དོན་ལ་དཔྱད་ཞིབ་ བྱས་མྱོང་ཡོད། ལྷག་པར་དུ་རྒྱ་ནག་གི་རྒྱལ་གླུའི་ནང་དོན་དང་བོད་ཀྱི་རྒྱལ་གླུའི་ནང་དོན་གཉིས་ ཆ་བསྡུར་ནས་དཔྱད་ཞིབ་བྱས་པ་ཡིན། བོད་ཀྱི་རྒྱལ་གླུའི་ནང་དོན་འདིས་ཐུན་མོང་མ་ཡིན་པའི་བོད་མི་རིགས་ཀྱི་བསམ་ པའི་འཛིན་སྟངས་མཚོན་ཐུབ་པར་མ་ཟད། འདིས་བོད་མི་རིགས་ཀྱི་ཆེས་བླ་ན་མེད་པའི་ཕུགས་འདུན་ཡང་མཚོན་གྱིན་འདུག་ཟེར། ད་དུང་ཁོང་གིས་མུ་མཐུད་ནས་ཁྱོད་ཀྱིས་རྒྱ་ནག་གི་རྒྱལ་གླུའི་ནང་དོན་ལ་དཔྱད་ ཞིབ་ཅིག་བྱོས་དང་། ཁོང་ཚོས་འཛམ་གླིང་གི་ལོ་རྒྱུས་ཐོག་ཤེས་རིག་གི་ཕ་སའི་གྲས་ ཀྱི་གཅིག་རང་ཉིད་ཡིན་པའི་ཁས་ལེན་བྱེད་ཀྱིན་ཡོད་པ་མ་རེད་དམ། ལོ་ངོ་དྲུག་ཅུ་མ་ཟིན་ཙམ་གྱི་རིང་འདིར་ཁོང་ཚོའི་གནམ་འོག་ཏུ་ཞོགས་རེ་བཞིན་ འཇགས་མ་མྱོང་བའི་རྒྱལ་གླུ་དེའི་ནང་དོན་དེ་ཤེས་རིག་དར་མྱོང་བའི་རྒྱལ་ཁབ་ཅིག་ གི་རྒྱལ་གླུ་ཞིག་དང་འདྲ་བོ་འདུག་གམ། ཁོང་ཚོའི་རྒྱལ་གླུ་དེས་ཀླ་ཀློའི་དུས་སྐབས་ཤིག་མཚོན་གྱིན་འདུག ཁོང་ཚོའི་རྒྱལ་གླུ་དེས་ཁོང་ཚོའི་བསམ་བློ་མུན་པོ་དེ་དང་རང་གཤིས་གཏུམ་དྲག་དེ་ མཚོན་གྱིན་འདུག་ཟེར།
ངས་སྐབས་དེར་ཁོང་གི་སྐད་ཆ་ལ་ལན་ཅི་ཡང་བཏབ་མེད། འོན་ཀྱང་དུས་དེ་ནས་བཟུང་ངས་ཁོང་གི་སྐད་ཆ་དེར་བསམ་གཞིག་ཡང་ཡང་བྱས་པ་ཡིན།
ངས་འདི་ནས་ཁ་རི་ཁ་ཐུག་གི་བསམ་ཚུལ་ཞིག་ཞུ་ཆོག་པ།
ང་ཚོའི་རྒྱལ་གླུ་འདི་ལ།
རྩོམ་མཁན་དང་གཉིས་ཀྱི་ཐོག་ནས་སྐྱོན་ཡོད།
རྩོམ་མཁན་གྱི་ངོས་ནས་བཤད་ན་ཤུགས་ལྡན་བསྟེན་ཅིང་དར་སྤེལ་གཏོང་མཁན་གྱི་གཙོ་བོ་ཁྲི་བྱང་རིན་པོ་ཆེ་མཆོག་གིས་བརྩམས་པའི་རྒྱུ་མཚན་ལ་བརྟེན་ནས་མི་དགའ་བ་བྱས་མཁན་ཧ་ཅང་མང་།
བརྗོད་བྱའི་སྟེང་ནས་བཤད་ན་ཆེས་ཧ་ཅང་མང་ཐལ་དང་། དེ་བཞིན་དུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་མཚན་དངོས་སུ་སྨོས་པའི་ཐོག་ནས་རྒྱལ་པོ་རིང་ལུགས་ཀྱི་ལམ་སྲོལ་དང་མཐུན་པ་ཞིག་ལས་ད་ལྟའི་༧གོང་ས་མཆོག་གི་དགོངས་གཞི་མཐུན་པའི་ང་ཚོ་བོད་ཀྱི་རྒྱལ་གླུ་ཞིག་ཆགས་མེད།
དེའི་ནང་དུ་དགའ་ལྡན་ཞེས་ཚིག་དངོས་སུ་ཡོད་རེད། དགའ་ལྡན་ཕོ་བྲང་ཞེས་པ་འདི་འབྲས་སྤུང་ལ་ཡོད་པའི་༧གོང་ས་ལྔ་པ་ཆེན་པོའི་བླ་བྲང་གི་མིང་རེད།
ད་ལྟ་དེ་འཇུག་བསྡུ་ཟིན་པར་༧གོང་ས་མཆོག་གིས་བཀའ་ཡང་ནས་ཡང་དུ་ཕེབས་ཟིན་པ་རེད།
ཞིང་པའི་བུ་ཐུགས་རྗེ་ཆེ། སྐྱོན་དང་པོ། གང་ཟག་ལ་མི་རྟོན་ལ་དོན་ལ་རྟོན་ཟེར་བ་དེ་ལ་གོ་བ་ཇི་ལྟར་བླང་ན་འགྲིག་གམ། སྐྱོན་གཉིས་པ། བོད་ཟེར་བ་འདི་ཡང་ཆེས་གནའ་དུས་ཤིག་ལ་ལུང་གཤོང་ཆུང་ཆུང་ཞིག་གི་མིང་ཡིན་སྐད་འདུག
ཐེ་བོ་ཤེས་རབ་མགྱོགས་གི་ཡ། ད་ལྟ་བཞུགས་ཡོད་དམ།
དགའ་ལྡན་ཕོ་བྲང་ནི་རྒྱལ་མཆོག་སྐུ་ཕྲེང་གསུམ་པའི་སྐབས་ནས་བཞུགས་གནས་ཕོ་བྲང་གི་མིང་ཡིན་པར་བཤད།
ད་བར་ང་ཚོའི་རྒྱལ་གླུ་དེའི་ཚིག་གོ་བདེ་པོ་མེད་པ་དང་ ཕྲག་དྲག་པ་ མཐོ་དྲག་པ་སོགས་བསམ་ཆར་ཤོད་མཁན་འདུག་པས་དེ་དངོས་གནས་རྒྱུ་མཚན་ཞིག་རེད་ འོན་ཀྱང་ཚིག་རྩོམ་མཁན་ཤུགས་ལྡན་བརྟེན་མཁན་རེད་ཟེར་བ་ད་རེས་མ་གཏོགས་གོ་མ་མྱོང་ལ་དེ་རྒྱུ་མཚན་ཡང་དག་པ་ཞིག་མ་རེད་ གཞས་ཚིག་ནང་ཤུགས་ལྡན་གྱི་སྐོར་ཟུར་རྩམ་མེད་ན་ཡང་རྩོམ་མཁན་ཤུགས་ལྡན་རྟེན་མཁན་ཡིན་པས་ཡང་མ་དག་པ་རེད་ཟེར་ན ་ཉིན་ཞིག རྒྱ་བ་རེན་པོ་ཆེའང་ཤུགས་ལྡན་རྟེན་མཁན་གྱི་དགེ་ཕྲུག་རེད་ཟེར་གྱི་རེད་ དེ་ལྟར་བྱས་པ་ཡིན་ན་ཁ་ཕྱོགས་མི་འདྲ་བ་མ་མཏོགས་་རིགས་གནས་གསར་རྗེའི་བྱུང་ཁུངས་དང་གཅིག་པ་རེད་ རྩ་བའི་གཞས་ཚིག་དེ་འགྱུར་སྡོག་གཏངས་དགོས་པ་རེད་ ད་ལྟའི་བོད་གཞུང་དེ་ད་བར་གཞུང་ས་དགའ་ལྡན་ཕོ་བྲང་གི་མུ་མཐུས་པ་ཞིག་ཡིན་པ་དང་ད་ལྟའང་ཆོས་སྲིད་གཉིས་ལྡན་ཕྱེད་རྩམ་ཡིན་པ་་་བོད་པ་ཚང་མས་ཤེས་གསལ་རེད་
ཁ་སྔོན་རྒྱ་ནག་གི་སྲིད་འཛིན་དང་ཨོ་བྷ་མ་གཉིས་ཐུག་འཕྲད་སྐབས་ཨོ་བྷ་མས་བོད་མིའི་ཛ་དྲག་གི་གནས་སྟངས་སྐོར་དེ་ཙམ་གླེང་མ་སོང་བ་འདིས། ཨོ་བྷ་མའི་སྲིད་གཞུང་གིས་བོད་ཀྱི་དྲང་བདེན་གནས་ལུགས་ལ་རྒྱབ་སྐྱོར་ཤུགས་ཆེར་ཡོད་མེད་གསལ་བོ་བསྟན་སོང་བ་འདི་ལྟ་ཡང་། དྲ་གྲོགས་རྣམ་པས་འདིའི་སྐོར་ལ་སྐད་ཆ་མི་བཤད་པར་རྒྱལ་གླུའི་བསྐོར་ལ་བཤད་ནས་གང་ཡང་ཡོང་རྒྱུ་ཡོད་པ་མ་རེད། ད་ལྟའི་དུས་ཚོད་འདིར་རྒྱལ་གླུ་རྩོད་པའི་དུས་མ་རེད། དང་བོ་རྒྱལ་གླུ་ལེན་ས་དང་རྒྱལ་དར་སྒྲེངས་སའི་རྒྱལ་ཁབ་ཚུར་ལེན་ཐབས་ལ་ཤུགས་རྒྱབ་དགོས་པ་རེད། རང་རིགས་བོད་རྒྱལ་ཁབ་རྒྱལ་བའི་ཉིན་མོ་དེ་ནས་ ག་ལེར་ག་ལེར་དུས་ཚོད་དང་བསྟུན་ནས། རྒྱལ་དར་དང་རྒྱལ་གླུ་གང་ཞིག་བསྒྱུར་བཅོས་དགོས་མིན་ཐད་ནས་མདོ་དབུས་ཁམས་གསུམ་གྱི་མཁས་པ་དང་ཆབ་སྲིད་པ་རྣམ་པས་གསལ་བོ་བཟོས་ཡོང་གི་རེད། རང་རིགས་བོད་རྒྱལ་ཁབ་དང་གཞིས་བྱེས་གཉིས་ལྷན་འཛོམས་མ་ཡོང་བར་དུ་འདི་རིགས་གླེང་མ་ཡོང་ན་བཟང་གི་རེད། གླེང་གི་གླེང་གི་སོང་ན་རྩོམ་མཁན་དང་རྩོམ་གྱི་ངོ་བོར་བུད་འགྲོ་གི་རེད། དེ་ནས་རང་ཤུགས་ཀྱིས་ཤུགས་ལྡན་དང་དགའ་ལྡན་ཕོ་བྲང་ཟེར་བ་སོགས་གླེང་ཡོང་གི་རེད། བཤད་ཀི་བཤད་ཀི་ཆོས་ལུགས་ཕན་ཚུན་བར་ལ་ཤོར་ནས་རྙོག་དྲ་ཆགས་འགྲོ་གི་རེད། དེས་ན་ད་ནས་བོད་མ་རྒྱལ་བའི་བར་དུ་འདི་རིགས་མ་གླེང་རོགས་་་་་འདིས་བོད་ཆབ་སྲིད་དང་ཆོས་རྒྱུད་བར་ལ་གནོད་ཡོང་གི་འདུག མ་གླེང་རོགས རྩོད་མ་རྒྱག་རོགས་ ཁ་དྲོ་བཀྲ་ཤིས།
ལགས་སོ་ ལགས་སོ་ ཁྱེད་བདེན རྩམ་དགའི་བཀའ་བཞིན་ཞུ