( ཁེ་ན་ཊའི་གྲོང་ཁྱེར་ཝན་ཁོ་ཝར་ལ་རྟེན་གཞི་བྱས་ཡོད་པའི་ཁྲ་འགུ་དགོན་དུ༼ཀརྨ་དགུ་བརྒྱའི་དུས་དྲན་༽དང་ ༼༢༠༡༡ བྱང་ཨ་མེ་རི་ཁའི་བཀའ་བརྒྱུད་སྨོན་ལམ༽འཚོགས་ཉེའི་སྐོར། )
ཆུ་སྐྱེས་སྒྲོལ་མ།
༄༅། ཀརྨ་པ་དགུ་བརྒྱའི་དུས་དྲན་ནི། དཔལ་རྒྱལ་བ་ཀརྨ་པ་སྐུ་ཐོག་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་ལོ་འཁོར་དགུ་བརྒྱ་འཁོར་བར་རྗེས་དྲན་ཞུ་བའི་དུས་དྲན་ཅིག་ཡིན་པ་དང༌། དུས་དྲན་འདི་ནི་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༠ ཟླ་ ༡༢ པའི་ནང་ཐོག་མར་དབུ་འཛུགས་གནང་བ་དང༌། འདི་ལོའི་ཕྱི་ཟླ་ ༡༢ བར་ལོ་གཅིག་རིང་དུས་དྲན་སྲུང་བརྩི་གནང་གི་ཡོད།
དུས་དྲན་སྲུང་བརྩི་འདིའི་དམིགས་ཡུལ་སྐོར། ལོ་སྔོན་མའི་ཕྱི་ཟླ་ ༡༢ པའི་ནང་གནས་མཆོག་རྡོ་རྗེ་གདན་ནས་དུས་དྲན་དབུ་འབྱེད་སྐབས་རྒྱལ་བ་ཀརྨ་པ་མཆོག་གིས་བཀའ་ཕེབས་གསལ་ལ། ལོ་༩༠༠ ལྷག་གི་ལོ་རྒྱུས་ཡོད་པའི་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་ཀརྨ་པའི་ཐུགས་རྗེའི་གྲིབ་བསིལ་འོག་འཚོ་མཁན་ཞིག་ཡིན་པའི་ཆ་ནས་ད་རེབས་ཀྱི་མཛད་སྒོ་འདི་ལོ་རྒྱུས་ཀྱི་བྱུང་རབས་ནང་རྗེ་ཀརྨ་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ཅི་བསྐྱངས་རྣམས་གསལ་འདེབས་དང༌། མ་འོངས་པར་ཡང་བསྟན་པ་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན། ཅེས་དང༌། གཞན་ཡང་ད་ལྟའི་དུས་རབས་འདིར་ཚནའཕྲུལ་སོགས་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང༌། ནང་སེམས་ཀྱི་བདེ་བ་དེ་ཙམ་ཡར་རྒྱས་ཡོང་གི་མེད་སྟབས༌། གཞོན་རབས་ཚོས་ནང་ཆོས་ལས་གསུངས་པའི་ཡ་རབས་བཟང་སྤྱོད་ལས་བརྩམས་ཏེ། ནང་སེམས་ཀྱི་བདེ་བ་སྐྲུན་ཐབས་ལ་འབད་འབུངས་ཡོང་བའི་རེ་བའི་ཐོག་ནས་མཛད་སྒོ་འདི་གོ་སྒྲིག་གནང་བ་ཡིན་ ཅེས་དུས་དྲན་འདི་སྲུང་བརྩིའི་དམིགས་ཕྱོགས་སྐོར་གསལ་སྟོན་གནང་ཡོད།
ཀརྨ་དུས་གསུམ་མཁྱེན་པ་མཆོག་ནི། ཡབ་སྒོམ་པ་རྡོ་རྗེ་མགོན་དང༌། ཡུམ་ལྷ་ཐོག་བཟའ་སྒང་ལྕམ་མིང་འདྲེན་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གཉིས་པའི་ལྕགས་སྟག་ཕྱི་ལོ་ ༡༡༡༠ ལོར་སྐུ་བལྟམས་པ་དང༌། དགུང་ལོ་ལྔ་བཅུ་པར་མཚུར་ཕུར་བྱོན་ནས་གནས་དེར་དགོན་པ་དང་གཙུག་ལག་ཁང་ཆགས་པའི་ཐུགས་སྨོན་མཛད། དགུང་ལོ་བརྒྱད་ཅུ་བཞེས་པ་ས་བྱ་ཕྱི་ལོ་ ༡༡༨༩ ལོར་མཚུར་ཕུ་དགོན་པ་དངོས་སུ་ཕྱག་བཏབས་གནང་ནས་སྒྲུབ་བརྒྱུད་བསྟན་པ་དར་རྒྱས་ཡུན་གནས་ཀྱི་རྨང་བཏིངས། མཚུར་ཕུ་དགོན་པ་ནི་སྟོད་ལུང་དུ་ཡོད་ཅིང༌། དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན།
ཕྱི་ལོ་ ༢༠༡༠ ལོར་དུས་དྲན་མཛད་སྒོ་དབུ་འབྱེད་བསྐྱངས་གནང་བ་ནས་བཟུང༌། རིམ་པས་འཛམ་གླིང་ཤར་ནུབ་ཀྱི་ས་ཁུལ་མངཔོ་ཞིག་ཏུ་ཡོད་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཁོངས་གཏོགས་དགོན་སྡེ་ཁག་དང༌། དེ་བཞིན་ཆོས་ཚོགས་ཁག་བཅས་ནས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་རིམ་པ་མང་པོ་ཞིག་སྤེལ་དང་སྤེལ་མུས་སུ་ཡོད་པ་དང༌། ད་ལམ་བྱང་ཨ་མེ་རི་ཀའི་ཁུལ་དུ་རྟེན་གཞི་བྱས་ཡོད་པའི་ཀཾ་ཚང་དགོན་སྡེ་དང༌། ཆོས་ཚོགས་ཁག་ཐུན་མོང་གི་ཐོག་ནས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༢ ནས་ཚེས་ ༢༦ ཉིན་བར་ཁེ་ན་ཊའི་གྲོང་ཁྱེར་ཝན་ཁོ་ཝར་ལ་ཡོད་པའི་ཁྲ་འགུ་དགོན་པའི་ནང༌། ༼ཀརྨ་དགུ་བརྒྱའི་དུས་དྲན་༽ སྲུང་བརྩི་རྒྱ་ཆེ་བ་ཞིག་གནང་གི་ཡོད་པ་དང༌། ད་རེས་ཀྱི་དུས་དྲན་འདི་དང་སྟབས་བསྟུན་ནས། བྱང་ཨ་མེ་རི་ཀའི་ནང་རྟེན་གཞི་བྱས་པའི་དགོན་སྡེ་དང་ཆོས་ཚོགས་ཁག་ལྷན་འཛོམས་ཀྱིས་འཛམ་གླིང་ཞི་བདེར་དམིགས་པའི་༼༢༠༡༡ ལོའི་བྱང་ཨ་མེ་རི་ཀའི་བཀའ་བརྒྱུད་སྨོན་ལམ་༽ཡང་གོ་སྒྲིག་གནང་གི་ཡོད་པར། ཨ་རི་དང་ཁེ་ན་ཊ་གཙོས་པའི་ཡུལ་གྲུ་མང་པོའི་ནང་གནས་བཞུགས་བླ་སྤྲུལ་དགེ་འདུན་མང་པོ་འདུ་འཛོམས་གནང་གི་ཡོད་པ་རཻད། ད་རེས་ཀྱི་མཛད་སྒོ་འདིར། ཆོས་ཕྱོགས་ནས་སྨོན་ལམ་དང༌། གར་འཆམ་སོགས་དང་འབྲེལ་བའི་ཆོ་ག་སྣ་ཚོགས་ཕྱག་བསྟར་གནང་གི་ཡོད་པ་ཕུད། གཞས་པ་དང་གཞས་མ་ཁག་ཅིག་ཆེད་དུ་མགྲོན་འབོད་ཀྱིས་ st. james Hall 3214 West 10 th Avenue ལ་གསུང་གཞས་རོལ་ཚོགས་ཤིག་ཀྱང་གོ་སྒྲིག་ཞུ་ཡི་ཡོད་པ་རེད།
ཀརྨ་དགུ་བརྒྱའི་དུས་དྲན་མཛད་སྒོའི་ཆ་ཤས་དམིགས་བསལ་བ་ཞིག་ནི། ཀརྨ་དུས་གསུམ་མཁྱེན་པའི་འདྲ་སྐུ་གསུང་བྱོན་གདན་ཞུའི་སྐོར་ཆགས་ཡོད། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཀུན་ཏུ་གནས་སྐོད་དད་ལྡན་སེར་སྐྱ་མང་ཚོགས་ལ་བྱིན་རླབས་འཇུག་པ་དང༌། དེ་བཞིན་བསོད་ནམས་ཀྱི་ཚོགས་གསོག་བླ་ན་མེད་པ་ཡོང་བར་དམིགས་ཏེ། ཤིན་ཏུ་ནས་རྩ་ཆེ་བ་དུས་གསུམ་མཁྱེན་པའི་སྐུ་བརྙན་གསུང་བྱོན་དེ་ལོ་ངོ་གཅིག་གི་རིང་དུས་དྲན་སྲུང་བརྩི་ཞུ་ཡུལ་ཁག་ཏུ་གདན་ཞུས་ཀྱིས་དད་ལྡན་མང་ཚོགས་ནས་མཇལ་ཁ་དང་བྱིན་རླབས་ཞུ་བའི་གོ་སྐབས་བླ་ན་མེད་པ་ཞིག་ཀྱང་མཛད་སྒོའི་ཆ་ཤས་སུ་བཀོད་སྒྲིག་གནང་ཡོད་པ་རེད།
༄། །བསྟན་འགྲོའི་དོན་བཟང་རེད། །རྗེས་སུ་ཡི་རང་ཡོད། །བཞེད་དགོངས་ལྷུན་འགྲུབ་ཤོག །བསྟན་པ་དར་རྒྱས་ཤོག །
འོ། ངོ་སྤྲོད་ཡག་པོ་གནང་འདུག
མཚན་བརྗོད་ལས། ཅོད་པན་བཟང་པོ་མཐོན་ཀའི་རྩེ།།སྐྲ་སོགས་མཐོན་ཀ་ཆེན་པོ་འཆང་།།ནོར་བུ་ཆེན་པོ་འོད་ཆགས་དཔལ།།སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན།།ཞེས་པ་མཁའ་འགྲོའི་འབུམ་གྱི་དབུ་སྐྲ་ལས་གྲུབ་པའི་ཞྭ་ནག་མཐོན་ཐིང་གི་ཅོད་པན་བཟང་པོ་གསོལ་བར་ལུང་བསྟན་ཡིན། འགྲོ་བའི་ཁམས་དང་མོས་བར་ཐུགས་རྗེའི་སྤྲུལ་བའི་རོལ་དཀར་བསམ་གྱིས་མི་ཁྱབ། མར་མི་དྭགས་གསུམ་གྱི་བསྟན་པ་དར་ཞིང་རྒྱས་བར་ཤོག།
མིག་བརྒྱད་པ་ལགས། ཁྱེད་ལ་མིག་མང་དྲགས་པས་སྐྱོན་བྱུང་བ་འདྲ། མཚན་བརྗོད་ལས། ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་སོགས་མཐོན་ཀ་ཆེན་པོ་འཆང་། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། །ཞེས་པ་འདི་རྗེ་བཙུན་འཇམ་དཔལ་དབྱངས་ལ་སྐུའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པར་མཛད་པ་ལས། ལུང་བསྟན་གནང་བ་གང་ནས་ཡིན། སྤྱིར་འཇམ་དཔལ་རྩ་རྒྱུད་དུ་ལུང་བསྟན་གྱི་ཚིག་མང་པོ་ཡོད་པ་ལས་འཇམ་དཔལ་མཚན་བརྗོད་ནས་ལུང་བསྟན་པར་འདོད་རྒྱུ་ཅུང་ཁག་པོ་མིན་ནམ། འོན་ཀྱང་སྐུ་ཉིད་ལ་དད་པ་ངེས་ཅན་ཞིག་དབང་གིས་དེ་ལྟར་མི་འདོད་ག་མེད་བྱུང་ན་དགོངས་དག་ཞུ་རྒྱུ་ཡིན།
འོ་ན་སྤྱོད་འཇུག་ལས། འཇིག་རྟེན་བསོད་ནམས་བློ་གྲོངས་ཐེངས་འགའ་འབྱུང་། །ཞེས་པ་འདིས་ཀྱང་ག་གེ་མོའི་གྲོགས་པོ་བསོད་ནམས་བློ་གྲོས་ལུང་བསྟན་གནང་བ་འདྲ།
སྤྱིར་ང་ཚོ་བོད་ཀྱི་ཆོས་རྒྱུད་འཛིན་པ་ཚོས་རང་གི་བླ་མར་བསྟོད་པ་བྱེད་ཆེད་དང་ཆེ་བ་སྟོན་བྱེད་དུ། ལུང་མང་པོ་ཞིག་བཙན་གྱིས་ཁྲིད་ནས་རང་གི་བླ་མ་ག་གེ་མོ་ལུང་བསྟན་པར་བཤད་པ་ནི་ངོ་ཚ་བའི་གནས་ཙམ་རེད། སྐད་ཆ་དེ་འདྲ་བ་དད་པ་དང་དག་སྣང་ཁོ་ན་ལས་དཔྱད་པ་ཆེར་མི་ཞུགས་པའི་གདུལ་བྱ་འདུལ་བྱེད་དུ་གསུང་ཆོག་མོད། དེང་གི་དུས་འདིར་དེ་ལྟར་བཤད་ན་ཧ་ཅང་དཀའ་ལས་ཁག་པོའི་གནས་སུ་གྱུར་ཡོད།
གོང་དུ་བཤད་པ་དེ་ནི་མར་མེ་དྭགས་གསུམ་བརྒྱུད་པ་དང་བཅས་པར་མ་དད་པ་དང་མ་མོས་ནས་བརྗོད་པ་མིན་པར་སྤྱིར་ཆོས་བརྒྱུད་ཀུན་གྱི་བཤད་ཚུལ་དེ་འདྲའི་སྐྱོན་ཡོད་པར་བཤད་པ་ཡིན།
སྒྲུབ་པའི་བཀའ་བབས་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།
དུས་དྲན་གོ་སྒྲིག་ལེགས་པོ་གནང་འདུག་ལ་ང་ཚོ་བཀའ་བརྒྱུད་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་ཡུན་རིང་དུ་གནས་གྱུར་ཅིག
བཀའ་པའི་སྤྱི་འཐུས་ར་བཟི་སྟེ་ཞབས་འདྲེན་ཞུ་བཞིན་པའི་གནས་སྟངས་འདི་ལ་ང་ཚོས་ཞིབ་འཇུག་ཡག་པོ་ཞིག་གནང་ན་མ་ཏོག་བོད་སྤྱི་པའི་ལས་དོན་ལ་གནོད་གཞི་འགྱུར་སྲིད་པས་དེ་ལའང་བསམ་བློ་བཏང་རན་རེད།
xxxxxxxxxxxxxxxxxxxx
འོ་ད་ནི་གསར་འགྱུར་ཡག་རུ་འགྲོ་འདུག དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་དང་པོ་འཁྲུངས་ནས་ལོ་དགུ་བརྒྱ་འཁོར་བའི་དུས་དྲན་བཟོ་འདུག དཔེ་མི་སྲིད་པའི་ཡག་པོ་རེད་འདུག དགའ་བསུ་གྲངས་མེད་ཞུ། གསར་འགོད་པས་བཀའ་བརྒྱུད་པའི་མགྲིན་ཚབ་བྱས་ནས་གསུངས་པའམ། བཀའ་བརྒྱུད་པའི་གནད་ཡོད་མི་སྣ་ཚོས་དེ་ལྟར་གསུངས་པ་ཡིན། ཆ་མ་འཚལ་མོད། འོན་ཀྱང་སྔར་རྡོ་རྗེ་གདན་ནས་ཚོགས་པའི་དགུ་བརྒྱའི་དུས་དྲན་དེ་ནི་རྒྱ་ནག་གོང་མའི་དབུ་བླར་བསྡད་ནས་ལོ་དགུ་བརྒྱ་འཁོར་བའི་དུས་དྲན་རེད་ཟེར་ནས་དུས་བབས་ནང་དུ་ལུང་དྲངས་འདུག ༼བོད་སིལ་བུའི་སྐབས་རྒྱལ་བསྟན་ཉག་ཕྲ་བའི་སྐབས་ཀརྨ་པ་སྐུ་ཕྲེང་ན་རིམ་གྱིས་རྒྱ་ནག་གོང་མ་རིམ་བྱོན་གྱི་དབུ་བླར་ཕེབས་ཏེ། བསྟན་པ་བསྐྱོངས་པའི་བཀའ་དྲིན་བརྗོད་ཀྱིས་མི་ལང་པ་བསྐྱངས་ཏེ། ད་བར་མི་ལོ་ ༩༠༠ འགྲོ་བཞིན་ཡོད་དུས་ང་ཚོས་ངེས་པར་དུ་རྗེས་དྲན་ཞུ་འོས་པ་ཞིག་ཡིན་ཞིང་། ཁྱད་པར་ཀརྨ་པ་སྐུ་ཕྲེང་དགུ་པ་ནས་བཟུང་༧གོང་ས་སྐུ་ཕྲེང་རིམ་བྱོན་བར་འབྲེལ་བ་དམ་ཟབ་བྱུང་ཡོད་ཟེར།༽ འདི་ལྟར་ལུང་དྲངས་འདུག
གལ་སྲིད་དུས་བབས་སུ་ལུང་དྲངས་པ་ལྟར་ཀརྨ་པ་རྒྱ་ནག་གོང་མར་བསྡད་པའི་དུས་དྲན་ལོ་སྔོན་མ་ནས་ཚོགས་པ་དང་། བླ་མ་ཟམ་གདོང་རིན་པོ་ཆེས་བོད་གཞུང་ཟེར་མི་ཆོག་པ་བཟོས་ནས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞི་འོག་གི་རང་སྐྱོང་ས་ཁུལ་ཞིག་ཏུ་བཟོ་ཐབས་གནང་བཞིན་པ་འདི་དག་དུས་ཀྱི་གོང་བསྒྲིགས་ནས་བལྟས་ན། བླ་མ་ཚང་མ་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ཕྱོགས་ལ་རྒྱུགས་རྩལ་འགྲན་བསྡུར་བྱེད་ཀྱི་ཡོད་པ་འདྲ་འདུག
དེ་མིན་རྣམ་རྟོག་གཞན་ཞིག་ནི་ན་ནིང་གི་དགུ་བརྒྱའི་དུས་དྲན་ཚོགས་ནས་ཅང་མ་འགོར་བར་རྒྱ་གར་གཞུང་གིས་དོག་པ་བྱེད་པའི་འགོ་བཙུགས་ནས། ཀརྨ་བླ་བྲང་དང་། རྡ་སའི་ཕྱོགས་ཀྱི་བོད་སྤྱི་ཚོོགས་ནང་དུ་བརྟག་བྱེད་བྱས་ནས་སྒོར་མང་པོ་ཞིག་གི་ཁྲིམས་འགལ་དང་། ཁང་སའི་ཁྲིམས་འགལ་སོགས་མང་ཐག་ཆོད་ཞིག་བྱུང་སོང་། ན་ནིང་ནི་དགུ་བརྒྱའི་དུས་དྲན་ཟེར་བ་དེ་དགུ་བརྒྱག་རྡུལ་ཕྲན་ལྟ་བུ་ཞིག་བྱུང་སོང་། འོན་ཀྱང་འཁྲུངས་སྐར་གྱི་ངོ་བོར་བསྒྱུར་ན། བོད་འབངས་སུ་འདྲ་ཞིག་ཡིན་ན་ཡང་དགའ་བསུ་བྱེད་དགོས་ངེས་རེད།།
སྨོན་ལམ་ལ་རྗེས་སུ་ཡི་རང་ཞུ། །ནང་འཁྲུག་ཏེ་བསྟན་པའི་ཆག་སྒོ་ཡིན། །ཀརྨ་གཉིས་ཐུགས་སྣང་མཐུན་པར་ཤོག །བཀའ་བརྒྱུད་ཀྱི་བསྟན་པ་དར་བར་ཤོག །རྒྱལ་པོ་དང་བླ་མ་སོ་སོ་རེད། །ཆབ་སྲིད་དང་ཆོས་དད་ཁ་ཁ་རེད། །སྤྱན་རས་གཟིགས་བྱེ་བ་བརྒྱ་སྟོང་རེད། །ཕྱག་སྟོང་གི་ཕྲིན་ལས་མ་སྨོད་ཅིག །
སྨོན་ལམ་ལ་རྗེས་སུ་ཡི་རང་ཞུ་ཐུབ་ས་མ་རེད། རྒྱ་ནག་གོང་མའི་བུད་མེད་འབུམ་གྱི་སྐྲ་གི་བཟོས་པའི་ཞྭ་ནག་དེ་རྒྱའི་དམུ་གབ་ཡིན་ས་རེད། ཀརྨ་པའི་སྐུ་འཕྲེང་རིམ་བྱོན་གྱི་བོད་ཀྱི་ལོ་རྒྱུས་ཐོག་སླར་གསོ་མི་ཐུབ་པའི་ཡང་སྲིད་ངོས་འཛིན་གྱི་ལམ་ལུག་དང་ཆོས་ལུགས་ཕྱོགས་རིས་རྩོད་རྙོག་ལམ་ལུགས་ཀྱི་ནག་ཉེས་ཆེན་པོ་གཉིས་གི་དབུ་དྲང་ནས་དགུ་བརྒྱའི་མཛད་སྒོ་དེ་ཡང་ཐེངས་གཉིས་ཚོགས་ཡོད་ས་རེད། ད་དུང་བོད་ཀྱི་གནད་དོན་ཐོགས་ཕྱོགས་སྐྱོད་ཕྱིན་དུས་རག་གི་ཐེངས་གཉིས་བཟི་བའི་ བཀའ་མཐུས་ཀརྨ་ཆོས་འཕེལ་བཀའ་བརྒྱུད་པའི་མཐུས་མི་བྱུང་པ་དེ་ཡང་བརྟེན་འབྲེལ་ཉིས་འགྲིག་ཟེར་བ་དེ་ཡིན་ས་རེད་ད།
ཀརྨ་པ་མཁྱེན་ནོ། ཀརྨ་ཆོས་འཕེལ་མཁྱེན་ནོ། གང་ལ་གང་འདུལ་གྱི་རྣམ་པ་དུ་མ་ལ་བརྟེན་ནས། མུ་མཐུད་སྐུ་འཕྲེང་རིམ་པ་མང་པོ་བྱོན་ནས་ ནག་ཕྱོགས་ཀླ་ཀློའི་དཔུང་རྣམས་འདུལ་བར་ཤོག
ངས་བལྟས་ན། ཀརྨ་ཆོས་འཕེལ་ལམ། སྤྱི་འཐུས་ཀརྨ་ཆོས་འཕེལ་འདི་ཏེ་ལོ་པའི་སྤྲུལ་པ་མིན་འགྲོ་བསམས་ཀྱི་འདུག ཏེ་ལོ་པ་ཡང་ཆང་མང་པོ་བཏུངས་ནས་འགྲོ་དོན་བྱས་མ་མ་རེད་པས།
བདག་གི་རེ་བ་དངོས་དེ་ནི་ཞྭ་དམར་དང་སི་ཏུ་གཉིས་རྡོ་རྗེ་མཆེད་པོ་ནང་མཐུན་པ་དང་། ཀརྨ་པ་གཉིས་ཀ་ལ་ཕྱོགས་རིས་མེད་པ་གཅིག་ཏུ་མཐུན་ན་འགྲོ་མགོན་བཀའ་བརྒྱུད་ཀྱི་བསྟན་པ་སྤྱི་དང་ཁྱད་པར་ཀཾ་ཚང་གི་བསྟན་པ་རིན་པོ་ཆེ་ནི་ཛམ་གླིང་ནོར་འཛིན་ཟླུམ་པོའི་སྟེང་དུ་ཡུན་རིང་གནས་ནས་སེམས་ཅན་ལ་ཕན་བདེ་སྒྲུབ་ཐུབ་པ་ལས་གཞན་ཕྱོགས་ཞེན་དང་ང་བཟང་ཁྱོད་ངན་གྱི་བསྟན་པ་ལ་ཡི་རང་མེད། མཐེ་བོང་གནམ་ལ་སྒྲེང་ནས་ནང་འཐུན་གྱི་དགུ་བརྒྱའི་སྨོན་ལམ་འཚོགས་པའི་རེ་འབོད་དང་རེ་བསྐུལ་ཡོད། བདག་གི་རྨི་ལམ་ངན་པ་ལ་ཅི་ལྟ་ཁྱེད་རྣམ་པ་ནང་མཐུན་ཐབས་ཤིག་རེམ་རེམས། སངས་རྒྱས་བསྟན་པ་དང་བཀའ་བརྒྱུད་ཀྱི་བསྟན་པའི་སྙིང་པོ་གནས་ལུགས་ཕྱག་རྒྱ་ཆེན་པོའི་རང་བཞིན་ཀུན་གྱིས་རྟོགས་པར་སྨོན་ལམ་ཡོད་པར་མཁྱེན་ནོ། ཨེ་མ་ཧོས་གུས་ཕུལ། །
དབང་གི་དམ་ཚིག་དང་འགལ་ནས་ལོ་གསུམ་འདས་ན་གསོར་མི་རུང་བས་དམ་ཚིག་གསོ་ཐབས་བྲལ་བ་རེད། འོན་ཀྱང་སྐྱེས་བུ་དམ་པ་ཁོང་རྣམ་པ་ལྟ་བུ་ལ་དམ་ཚིག་ཉམ་པའི་ཉེས་གྲིབ་སོགས་སྐྱོན་གྱིས་གོས་མེད་པའི་རེ་བ་ཡོད།
དབང་འདུས་ཀྱི་མཆན་ལས་གསོར་མི་རུང་ཟེར་བའི་མིང་ཚིག་འདི་མཐོང་དུས་ངའི་ཡིད་ལ་འཇམ་དཔལ་མཚན་བརྗོད་ནང་གི་མིང་ཚིག་ཞིག་དྲན་སོང་། རང་གི་ལག་གི་རྡོ་རྗེ་མཆོག། ཡང་དང་ཡང་དུ་གསོར་བྱེད་པ།། འདི་རེད། ཚིག་རྐང་འདིའི་ནང་གི་གསོར་ཟེར་བའི་མིང་ཚིག་དེའི་དོན་ཅི་ཞིག་རེད། ངའི་སེམས་ལ་འདིའི་སྐབས་ཀྱི་གསོར་ཟེར་བ་དེ་བསྐོར་བའི་དོན་མིན་ནམ་སྙམ། དེ་ཡང་ཁ་སྐད་དུ་ཤིང་བཟོའི་ལག་ཆ་ནང་དུ་གསོར་འབུག་ཟེར་བ་ཞིག་ཡོད་པ་དེ་ལ་གཞིར་བཞག་ནས་བཤད་པ་མ་གཏོགས། ཁུངས་ཐུབ་ཀྱི་ཡི་གེ་ཞིག་མཐོང་མ་སོང་པས། སུ་ཞིག་གིས་མཁྱེན་ན་དེའི་སྐོར་ཁ་གསལ་ཞིག་གསུང་རོགས།།
ཁ་སྐད་གཞིར་བཞག་བྱས་ནས་བཤད་ན། རང་གི་ལག་གི་རྡོ་རྗེ་མཆོག། ཡང་དང་ཡང་དུ་བསྐོར་བྱེད་པ།། ཟེར་བ་འདྲ་བོ་ཞིག་ཐོབ་ཀྱི་འདུག་མོད། འོན་ཀྱང་དོན་ཐོག་ཏུ་འབྱོར་མིན་མི་ཤེས། ཡང་ན་ནད་གསོ་བ་ལྟ་བུ་ཡིན་སྲིད་མོད། འོན་ཀྱང་ཕྱག་གི་རྡོ་རྗེ་དང་འབྲེལ་ནས་ནད་གསོ་བའི་གསོ་ལ་འགྲེལ་སྟངས་འབྱོར་མོ་ཞིག་མི་འདུག
དབང་འདུས་ལགས། ༼མཚན་བརྗོད་ལས། ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་སོགས་མཐོན་ཀ་ཆེན་པོ་འཆང་། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། །ཞེས་པ་འདི་རྗེ་བཙུན་འཇམ་དཔལ་དབྱངས་ལ་སྐུའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པར་མཛད་པ་ལས། ལུང་བསྟན་གནང་བ་གང་ནས་ཡིན།༽ ཁྱེད་ཀྱིས་བརྗོད་པ་འདི་ལས་འཕྲོས་ཏེ་ཅུང་ཟད་དཔྱད་ན། སྤྱིར་བཏང་མཁས་པ་སོ་སོས་འགྲེལ་སྟངས་མ་འདྲ་བ་ཡོད་པ་ཤེས་དགོས་པ་གལ་ཆེ། ཤོ་ལ་ཀ་འདིས་འཇམ་པའི་དབྱངས་ཀྱི་སྐུའི་ཡོན་ཏན་བརྗོད་པའི་འགྲེལ་སྟངས་ཤིག་གཞུང་ཚད་ལྡན་གང་ནས་ཀྱང་གསུངས་མེད་ལ། འཇམ་དཔལ་མཚན་བརྗོད་ཅེས་པའི་མིང་ཙམ་ལ་འཁྲུལ་བ་ཡིན་པའི་རྟགས་སོ།། འཇམ་དཔལ་རྩ་རྒྱུད་ནི་རྒྱུད་སྡེ་བཞིའི་ནང་ནས་བྱ་བའི་རྒྱུད་དང་། མཚན་བརྗོད་འདི་བླ་མེད་ཀྱི་རྒྱུད་དང་དེའི་ནང་ནས་དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་སྟོན་བྱེད་ཀྱི་གཞུང་ཞིག་ཡིན་ལ། རྒྱུད་དོན་འཆད་ཚེ་དྲང་དོན་ངེས་དོན་སོགས་མཐའ་དྲུག་ཚུལ་བཞིའི་སྒོ་ནས་འཇུག་ཚུལ་ཡོད་པ་ཡོངས་སུ་གྲགས་པ་ལྟར་རེད། ཡང་ཁྱེད་ཀྱིས་འཇམ་དཔལ་མཚན་བརྗོད་ནང་ལུང་བསྟན་པའི་ཚིག་མེད་པར་འདོད་པ་མི་འཐད་དེ། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས།།མ་འོངས་རྣམས་ཀྱིས་གསུང་འགྱུར་ལ།།ཞེས་པ་རྒྱུད་ཀྱི་བདག་པོ་སྟོན་པ་རྡོ་རྗེ་འཆང་གིས་སྔགས་ཀྱི་ཐེག་པ་ཡང་ཡང་གསུངས་པ་དང་གསུང་བར་འགྱུར་བའི་ལུང་བསྟན་མིན་ན་ཅི་རེད། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་ཞེས་པའི་གཞུང་ཚིག་གཅིག་པོ་འདི་ལའང་འགྲེལ་ཚུལ་བརྒྱ་ཕྲག་མང་པོར་འདུག་ན་གང་འཐད་ལྡན་ཡིན་མིན་རིགས་པ་དང་མི་འགལ་བར་དཔྱོད་དགོས་པ་མ་ཡིན་ནམ། དེ་ཡང་གཞུང་ཚད་ལྡན་ཅིག་གཞིར་བཟུང་ནས་དཔྱོད་དགོས་པ་ལས་ཁྱེད་ལྟར་གང་བྱུང་གིས་དཔྱད་ན། རྟོག་ཅིང་དཔྱོད་པའི་རྟོག་གེ་བ།།དེ་ལ་སྦྱོར་བའི་དངོས་གྲུབ་རིང་།།ཡང་ན་བླུན་པོ་དད་པ་ལྡན།།དེ་ལ་སྦྱོར་བའི་དངོས་གྲུབ་ཐོབ།།ཅེས་གསུངས་པ་མ་ཡིན་ནམ། རོལ་རྩེད་ཙམ་ཞུ་བ་ཡིན། དགོངས་འགལ་མེད་པར་ཞུ།།
ཡོན་རྒྱལ་རབས་ཀྱི་མཐའ་མ་རྒྱལ་པོ་ཐོ་ཀན་ཐེ་མུར་ནས་རྗེ་ཀརྨ་རོལ་པའི་རྡོ་རྗེ་གདན་ཞུ་གནང་སྟེ་རྒྱ་ནག་ཏུ་ཕེབས་ནས་འགྲོ་དོན་བསྐྱངས། དེ་དུས་ཁོང་དགུང་ལོ་ཉེར་བཞི་རེད། མདོ་སྨད་ཙོང་ཁའི་ཡུལ་དུ་ཕེབས་དུས་རྗེ་ཙོང་ཁ་བ་དགུང་ལོ་གསུམ་རེད། ཡུམ་གྱིས་ཁྲིད་ནས་བླ་མ་འདི་ལ་མཇལ་ཁ་ཞུས་པར་བླ་མ་འདིས་མ་འོངས་མངོན་གཟིགས་ཀྱིས་ཕྲུ་གུ་འདི་སྐྱེས་མཆོག་དམ་པ་ཞིག་ཏུ་འོངས་བའི་ལུང་བསྟན་གནང་། དགེ་བསྙེན་བསྒྲུབས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་གསོལ། རྗེ་ཙོང་ཁ་བའི་བླ་མ་ཐོག་མ་ཁོང་རེད། རྡོ་ཡེ་དགེ་བཤེས་ཀྱིས་བརྩམས་པའི་རྣམ་ཐར་ཚིགས་བཅད་བཅུ་བདུན་པ་ལས། དགུང་ལོ་གསུམ་པར་གྲུབ་དབང་ཀརྨ་བས།།དགེ་བསྙེན་བསྒྲུབས་ཤིང་བདུན་པར་ཆོས་ཀྱི་རྗེ།།དོན་འགྲུབ་རིན་ཆེན་དྲུང་ནས་རབ་ཏུ་བྱུང་།།ཞེས་གསུངས་པ་ལྟར་རྗེ་ཙོང་ཁ་བའི་རྣམ་ཐར་རྒྱས་བསྡུས་ཀུན་ན་ཡོངས་སུ་གྲགས་པ་ཞིག་རེད། དེས་ན་གོང་གི་མཆན་བུ་འདེབས་མཁན་ཁ་ཤས་ཀྱིས་དོན་མེད་ཀྱི་ཁ་སྡིག་ལས་ངན་ཚབས་ཆེན་གསོག་གིན་འདུག ཆོས་དང་སྐྱེས་བུ་དམ་པ་ལ་བརྟེན་པའི་སྡིག་པ་ནི་ཤིན་ཏུ་མི་བཟད་པ་ཡིན་པས་གཟབ་དགོས། སྔོན་ནས་ད་ལྟའི་བར་རྒྱ་ནག་དང་སོག་ཡུལ། ཕྱི་རྒྱལ་ཡུལ་ཁག་མང་པོར་བོད་ཀྱི་ནང་ཆོས་ཀྱི་དྲི་མ་ཅུང་ཟད་འགོས་བའང་བླ་མ་དེ་དག་གི་མཛད་པ་འཕྲིན་ལས་དང་ཐུགས་རྗེ་ལས་བྱུང་བ་སྙོན་མེད་རེད། དེ་མིན་ན་བོད་ཀྱི་ནང་ཆོས་དར་ཁྱབ་ཇི་ལྟར་འགྲོ་སོམས་ཤིག རྒྱལ་དབང་ལྔ་པ་དང་ལྕང་སྐྱ་རོལ་བའི་རྡོ་རྗེ། རྡོ་ཡེ་དགེ་བཤེས་སོགས་ཀྱིས་རྒྱ་ནག་ཏུ་ཕེབས་ནས་དད་ལྡན་མང་པོ་ལ་ཆོས་འཆད་པ་མ་ཡིན་ནམ།
༄༅། །སྨོན་ལམ་གྱི་དམིགས་ཡུལ་གཙོ་བོ་ཀཾ་ཚང་ནང་མཐུན་བྱུང་བར་ཐུགས་སྨོན་གནང་དགོས། །འུར་འུར་ཟིང་ཞིང་གི་སྒོ་ནས་མུ་མང་འདུ་ཐབས་ཀྱི་རྗེས་དྲན་བརྒྱ་སྟོང་ལས། དད་དམ་གཙང་མའི་ནང་མཐུན་གྱི་གསོལ་སྟོན་གཅིག་ལས་དགའ། དགའ་དགོས་པ་ཞིག་ནི་༧གོང་ས་ཆེན་པོས་ཞི་བདེའི་ལམ་སྟོན་འོག་ཞྭ་དམར་ནག་གཉིས་ཀ་མཐུན་ལམ་གྱི་ཕྱོགས་ལ་བསྐྱོད་བཞིན་པ་རེད། །
༡༽ཀརྨ་པ་ཨོ་རྒྱན་ཕྲིན་ལས་ཀྱིས། ཀཾ་ཚང་ཡབ་སྲས་བདུན་གྱི་ཞབས་བརྟན་གྱི་མཇུག་ཏུ། །རང་ངོས་ནས་དད་ཞེན་མ་ནོར་ཙམ་ཡོད་པའི་སྟོབས་དེས་ཐུགས་ནང་གཙང་མའི་ཕྲིན་ལས་ཇི་ལྟར་བཞེད་པ་མཐའ་དག་གེགས་མེད་ཏུ་གྲུབ་པས་འཚོ་ཞིང་གཞེས་ནས། བདག་སོགས་གདུལ་བྱ་རྣམས་དད་པ་དང་དག་པའི་སྣང་བ་ཁོ་ན་ལ་སྦྱོར་བའི་ཕྲིན་ལས་མཛད་དུ་གསོལ་བའི་སྨོན་འདུན་ཤུགས་དྲག་བཅས།། ཀརྨ་པར་འབོད་པ་ཨོ་རྒྱན་ཕྲིན་ལས་པས། རབ་བྱུག་བཅུ་བདུན་པའི་མགོ་ཟླ་བའི་ཚེས་༣་ནང་ལོ་༢༥༤༩་་ཕྱི་ལོ་༢༠༠༥་ཟླ་༡༢་ཚེས་༤་ཉིན་རྒྱུད་པ་གྲྭ་ཚང་དུ་སྦྱར་བ་དགེ། །༢༽ཀརྨ་པ་ལས་མཐའ་ཡས་རྡོ་རྗེས། དཱིལླིར་གསུང་བཤད་ཏུ། ངོས་རང་ནས་ཨོ་རྒྱན་ཕྲིན་ལས་ཀྱི་ལེགས་མཛད་ལ་རྗེས་སུ་ཡི་རང་ལས་སྐུར་འདེབས་དང་ངོ་རྒོལ་ཀྱི་བྱེད་སྒོ་སྤེལ་མ་མྱོང་། རང་རེ་ཆོས་རྒྱུན་ཀཾ་ཚང་ནག་ཏུ་ཕན་ཚུན་དགྲར་འཛིན་གྱི་བསམ་བློ་ནམ་ཡང་གཏོང་མི་རུང་། རང་ས་ནས་སྒྲུབ་བརྒྱུད་ཉམས་བཞེས་དང་མཛའ་ཞིང་བརྩེ་བའི་སྒོ་ནས་ནང་བསྟན་འཛིན་སྐྱོང་གི་བྱ་བ་ཁུར་ཏུ་ཁྱེར་དགོས། །༣༽ཉེ་ཆར་ཧོང་ཀོང་ཏུ་གནང་བའི་གསུག་བཤད་ཅིག་ཏུ། ཞྭ་དམར་པས། ༡ངས་སྤྲུལ་སྐུ་ངོས་འཛིན་གྲུབ་པ་དང་༧གོང་ས་མཆོག་ལ་སྙན་ཞུ་བྱས་ཏེ་སྐུ་མདུན་ཏུ་གཅར་བར་ཞལ་བཞེས་ཡོད་ནའང་བཀའ་རྒྱུད་སྤྱི་མཐུས་ཀྱི་དགག་པ་ཆེ་བས་འཇོག་དགོས་བྱུང་། །༢དགེ་ཚུལ་སྒྲུབ་པར་༧གོག་ས་མཆོག་གི་ཞལ་བཞེས་གཙང་མ་དང་དུས་ཚོས་ངེས་གཏན་ཁེལ་ནའང་སྔར་བཞིན་ཕྱི་འཐེན་བྱེད་དགོས་བྱུང་། །༣ཨ་རི་ནས་༧གོང་ས་མཆོག་ལ་ཆུ་ཚོད་གཅིག་ཙམ་མཇའ་གཅར་ཞུས་ཏེ་ཕྱོགས་གཉིས་འགྲིག་ཐབས་ལ་བཀའ་དགོངས་གནང་ནའང་ཕྱི་ཉིན་བཀའ་བརྒྱུད་མིང་འཛིན་རེ་གཉིས་ཀྱིས་རྒྱ་གར་ཏུ་ངོ་རྒོལ་བྱུང་བས་ལམ་འགྲོ་མ་བྱུང་། ༤ན་ཉིན་ཟླ་༧་པར་༧གོང་ས་མཆོག་གིས་ཆེད་འབོད་ཀྱིས་སི་ཏུའི་བཀའ་ཤོག་གི་ལོ་རྒྱུས་ངས་ཤེས་ཡོད། ཕན་ཚུན་འགྲིག་ཐབས་བྱེད་དགོས་ཞེས་བཀའ་ཕེབས་པར། ཞྭ་དམར་པས། ངས་ནམ་ཡང་གྲོས་མོལ་བྱེད་རྒྱུ་ལས་ངོ་རྒོལ་རྡོ་རྡུང་བྱེད་པའི་བྱ་བ་རྩོམ་མ་མྱོང་། ༧གོང་ས་མཆོག་གིས་མཐུན་ཐབས་ཀྱི་འབད་བརྩོན་གནང་བར་། ལན་མང་ཞུས་པ་བཞིན་གུས་བཀུར་དང་། དེ་ལྟར་འགྲུབ་པའི་རེ་བ་ཡོད། ༧གོང་ས་མཆོག་གིས་ཞལ་རྩེད་ཏུ། རྒྱ་བོད་གཉིས་ཀར་དབུ་མའི་ལམ་ཏུ་འགྲོ་བའི་རེ་བ་འདོན་གྱིན་ཡོད། །དེ་བཞིན་ཀཾ་ཚང་འང་དབུ་མའི་ལམ་ཞིག་འགྲོ་དགོས། རང་རྒྱལ་གཞན་ཕམ་གྱི་དགོངས་ཚུལ་བཞེས་མཁན་ཡོད་རྒྱུ་མ་རེད་ལ། གནང་ཡང་མི་རུང་ཞེས་བཀའ་སློབ་གནང་ཚུལ་འཁོད་འདུག །ང་ཚོས་བཀྲ་ཤིས་བདེ་ལེགས་གི་དར་དཀར་འབུལ་བའི་དུས་ལ་ཇེ་ཉེ་རེད། ཚང་མས་འབད་བརྩོན་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ། །
བདག་ཅག་གི་སྟོན་པའི་གནས་མཆོག་རྡོ་རྗེ་གདན་དུ་བཀའ་རྒྱུད་སྨོན་ལམ་ཚོགས་གནང་བར་རྗེས་སུ་ཡིད་རངས་ཞུ་བ་དང་། དཔལ་རྒྱལ་བ་ཀརྨ་པ་མཆོག་གི་མཛད་བཟང་བསྟན་འགྲོའི་སྤྱི་དཔལ་དུ་རྒྱས་པའི་སྨོན་འདུན་ཞུ།
སྨོན་ལམ་གོ་སྒྲིག་པ་རྣམས་ནས་ཐུགས་སྣང་་དགོས་པ་ཞིག་ལ་བཀའ་རྒྱུད་སྤྱི་འཐུས་ཐུགས་པ་ར་བཟི་ཀརྨ་ཆོས་འཕེལ་དེ་གདན་འདྲེན་མ་ཞུས་ན་ལེགས་ཤིང་། སླར་ཡང་རྡོ་རྗེ་གདན་དུ་ར་བཟི་སྐྱུག་གོང་བཤད་ནས་སྨོན་ལམ་ཆེན་པོ་ཐུགས་པ་དཀྲུགས་པ་བཞིན་དཀྲུགས་ཡོང་། ཀརྨ་ཆོས་འཕེལ་ལ་གྲང་མོ་ལས་ཚ་བོ་འགྲོ་ས་མེད། གང་ལགས་ཆེས་ན་ཁོང་གི་ཁོག་པའི་ནང་དུ་ཉ་མང་པོ་ཚེ་ཐར་གཏོང་ཆེད་གསོས་ཡོད། སྤྱི་འཐུས་ཚོགས་འདུའི་སྐབས་སུ་ཡང་གསོལ་ཇ་མཆོད་ས་མེད།
དབུས་གཙང་ཆོས་ཀྱི་ཞིང་ནས་སྤྲད་པའི་གེགས།
རིགས་འཚོ་མ་ཟིན་ར་བཟིའི་རྒྱལ་པོ་ཞིག
ཀ་རྒྱུད་གཙུག་གི་ནོར་བུས་བཏེགས་པ་དེ།
བོད་འབངས་བསོད་ནམས་ཟད་པའི་མངོན་རྟགས་ལགས།
དྲྭ་གྲོགས་ཚོ། ཀརྨ་པ་ཤེས་འཇོན་ཅན་ཞིག་རེད་འདུག འདི་འཛམ་གླིང་གང་སར་སྐད་གྲགས་ཇི་ཆེ་རེད། འདི་ང་ཚོའི་བླ་མ་མང་པོའི་གོང་དུ་ཤར་ན་དཔེ་བསགས་ས་རེད། ད་གང་བྱེད་དགོས་འདུག གོང་དུ་དྲྭ་གྲོགས་ཚོས་གསུང་རྒྱུ་འདི་འདྲ་རེད། ཕྲག་དོག་གི་ཚིག་རྐྱང་རེད། རྒྱ་ནག་གོང་མ་སྐོར་མང་པོ་བཤད་འདུག རྒྱུ་མཚན་དང་ལྡན་པ་གང་ཡང་མི་འདུག ཀརྨ་དུས་མཁྱེན་ཐོག་མར་སོག་པོའི་རྒྱལ་པོར་འབྲེལ་བ་་བྱུང་བ་ལས། དེ་སྐབས་རྒྱ་ནག་གོང་མ་གང་ལ་ཡོད། ཀརྨ་པ་ན་ནིང་འཁྲུངས་ནས་ལོ་ངོ་དགུ་བརྒྱ་ཏག་ཏག་འགྲོ་བ་རེད། འཁྲུངས་མ་ཐག་རྒྱ་ནག་གི་གོང་མར་འབྲེལ་བ་བྱུང་བ་རེད་ཟེར་ན་སྐྱུག་བྲོའི་ཚིག་དང་ཁྱོད་རང་བདེན་པ་མ་ཡིན་པ་དམར་རྗུན་པར་ཕུད་འདུག དེ་དུས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡང་སོག་པོའི་རྒྱལ་པོའི་དབུ་བླར་ཕེབས་པའི་སྒང་ཡིན། བོད་ཀྱི་གཟིགས་ནས་གསུང་པར་འཚལ།
དྲི་མེད་ལྷག་བསམ་ནས་མཆན་ལེགས་པོ་ཞིག་བྲིས་འདུག
ངོ་ཐོག་ཆོས་ལུགས་ནང་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་དང་དག་སྣང་ནོར་བུས་ཁྱབ་པ་ཞིག་འདོད་ཚེ་འདི་ལྟའི་མཆན་འབྲི་སྟངས་ལ་ཡ་ཆ།
ཀརྨ་ཆོས་འཕེལ་བཀའ་རྒྱུད་པའི་སྤྱི་འཐུས་སུ་འདེམས་མཁན་ཀརྨ་པ་དུས་གསུམ་མཁྱེན་པ་གཅིག་པོ་མིན།
ལྷག་པར་དུ་དམངས་གཙོའི་འགྲོས་ལ་འོས་སུ་ལ་བླུག་དང་མི་བླུག་མི་བུ་ག་གེ་མོ་ཞིག་གིས་བཙན་གྱིས་བྱེད་མི་ཆོག་ལ་དེ་ལྟར་བྱེད་པའི་ནུས་པའང་ཐོན་མི་སྲིད།
མཆན་འདི་ལྟར་འབྲི་སྟངས་ལ་ལྟས་ན་དམངས་གཙོའི་འོས་འཕེན་གྱི་འགྲོ་ལུགས་མ་ཤེས་པའི་སྐྱོན་དུ་ཟད།
ཀརྨ་ཆོས་འཕེལ་ར་བཟི་བྱས་ཀྱང་རུང་མ་བྱས་ཀྱང་རུང།
དེ་ནི་ཁོ་རང་སྒེར་གྱི་གནས་སྟངས་ཤིག་ལས་བཀའ་རྒྱུད་པའི་ཆོས་རྒྱུད་ཀྱི་སྐྱོན་ཞིག་མིན།
དེས་ན་ཀརྨ་ཆོས་འཕེལ་ལས་འཕྲོས་ཏེ་བཀའ་རྒྱུད་པའི་ཆོས་རྒྱུད་སྤྱི་དང་བྱེ་བྲག་ཏུ་ཀརྨ་པ་མཆོག་ལ་སྐྱོན་བརྗོད་དང་མི་རུང་གཏམ་ཚོགས་སྤེལ་བ་ནི་ཆོས་རྒྱུད་ཆོས་ལུགས་དབར་གྱི་ཞེ་འཁོན་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་དབར་ལ་འགལ་ཟླ་བཟོ་གཞི་ཞིག་ལས་ཀརྨ་ཆོས་འཕེལ་ལ་ཕན་གནོད་གང་ཡང་བསྒྲུབ་མི་ནུས་སོ།
དེས་ན་མེ་སྟག་ཕྲ་མོས་ཤིང་ཕུང་བསྲེག་པར་མི་བྱའོ།
འཇང་ཕྲུག་གཡུ་ལྷ་ལགས། ཁྱོད་རང་གི་ཀརྨ་པའི་སྐོར་ལོ་རྒྱུས་ཤེས་ཀྱི་མེད་ཚོད། ཀརྨ་པའི་དབུ་ཞྭ་མཐཽང་གྲོལ་བྱིན་ཆེན་དེ་ཉིད་གྲུབ་ཐོབ་ཨུ་རྒྱན་པ་སྐབས་སུ་བྱུང་བ་ལས། རྒྱ་ནག་རྒྱལ་པོས་ཕུལ་བ་མ་རེད་ཞུ་རྒྱུ་ཡིན་བོད་ཀྱི་ལོ་རྒྱུས་སུ་གཟིགས། ཁྱི་རྒན་ཀུ་ཅོ་འདོན་པ་ལ། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། འདི་ལྟར་མི་གནང་རོགས་ཞུ།
རྨི་ལམ་གྱི་རེ་བསྐུལ་ཡང་སྐྱར་མ། ན་མོ་གུ་རུ་ས་མ་ཡེ། དམ་ཚིག་རྣམ་བཀོད་དང་། རྔམ་ཀློག མདོ་རྒྱས། སྙིང་པོ་རྒྱན། གླང་ཆེན་རབ་འབོག་སོགས་རྒྱུད་ཀྱི་དགོངས་དོན་མཁྱེན་པ་ཚོས་གཟིགས་དང་བླ་སློབ་ནང་འགལ་བྱུང་བའི་དམ་རལ་དེ་དག་བླ་སློབ་ཞལ་དངོས་སུ་བཞུགས་དུས་སུ་བཅོས་མ་ཐུབ་ན་བླ་སློབ་གང་རུང་ཚེ་ལས་འདས་པར་གྱུར་ན་གཏན་ནས་བཅོས་ཐབས་མེད་པ་ཞིག་གསུངས་ཡོད། ཇི་སྐད་དུ། རྣལ་འབྱོར་སྤྱི་ཁྲུས་འགྱོད་ཚངས་དོང་སྤྲུག་གི །བཤགས་པས་མི་འདག་མེད་ཕྱིར་ཉམས་སུ་བླངས། ཞེས་པའི་དོན་ལ་ཐུགས་བཞེས་གནང་བར་འཚལ། དམ་ཚིག་མ་བཅོས་པར་ཤི་ན་གཉིས་ཀས་རྡོ་རྗེ་དམྱལ་བའི་སྡུག་བསྔལ་མྱོང་དགོས་པ་ནི། ཇི་སྐད་དུ། མ་བཤགས་ཚེ་འདིར་ཡིད་མི་འོང་བས་མནར། །ཕྱི་མ་རྡོ་རྗེའི་དམྱལ་བ་ཞེས་བྱ་བ། །མནར་མེད་དོ་ཟླ་མེད་པའི་གནས་སུ་སྐྱེ་ །ཞེས་རྒྱུད་ལས་དངོས་སུ་གསུངས་ཡོད། དེས་ན་ཞྭ་དམར་གྱིས་ཡང་ཡང་མཐུན་ལམ་དང་ཆིག་སྒྲིལ་ལ་བརྩོན་ཀྱང་སི་ཏུའི་ཕྱོགས་ལ་ཁ་ཕོ་རུས་ཅན་མང་པོ་དང་ང་ཡིན་ཁོ་ཡིན་བཤད་པ་མང་པོ་འདུག་པས་དངོས་ནས་མཚམས་འཇོག་གནང་རོགས་དང་། ང་ཚོས་གནས་ཁྱད་པར་ཅན་རྒྱ་གར་རྡོ་རྗེ་གདན་ལྟ་བུ་ལ་དགུ་བརྒྱའི་དུས་སྟོན་གྱི་སྐབས་སུ་ཁ་མིན་དོན་ཞེ་མིན་གཏིང་ནས་ཀརྨ་པ་གཉིས་ཀ་ཁྲི་གཅིག་ཏུ་མངའ་གསོལ་གྱི་གསོལ་སྟོན་གྱི་སྨོན་ལམ་ཆེན་མོ་ཞིག་འཚོགས་རྒྱུ་བྱུང་ནས་ཆོས་མཆེད་གཉིས་དང་ཀརྨ་པ་གཉིས་ཀ་ཐོད་པ་རློན་སྟུག་གིས་གཉེན་པོ་སྟོབས་བཞི་ལྡན་པའི་སྒོ་ནས་བཤགས་པར་བྱས་ན། སྤྱིར་སྡིག་པ་ལ་ཡོན་ཏན་མེད་རུང་བཤགས་ན་འདགས་པ་ནི་སྡིག་པའི་ཡོན་ཏན་མ་ཡིན་ནམ། རྒྱལ་བསྟན་སྤྱི་དང་ཀ་བསྟན་གཞི་རྩ་ཟིན་པ་རེད། དེ་ལྟར་བྱས་ན། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཅེས་སེམས་བསྐྱེད་དང་སྣང་སྲིད་རྣམ་དག་ཅེས་པའི་ཁ་ཏོན་འདོན་པ་རྣམས་ལག་ཏུ་ལེན་པ་རེད། དེ་མིན་ཁ་ཁོག་མི་མཚུངས་པའི་བསྟན་པ་ལས་བསྟན་པ་ཡང་དག་མ་རེད། ནང་མཐུན་པའི་ཀརྨ་པ་རིས་མེད་གཅིག་བྱུང་ན་སྐྱེ་དགུ་བདེ་བའི་དགུ་བརྒྱའི་དུས་དྲན་རྣམ་དག་ཅིག་རེད། དེས་ན་བདག་གིས་ཀྱང་མགུར་གླུ་ཀརྨ་པ་དགྱེས་པའི་ཐབས་ཤེས་ལྡན་པའི་རོལ་ཆས་དང་བཅས་གླུ་བྲོ་ཞིག་འཐེན་ངེས་ཡིན། ། དེ་མིན་སྐུ་འདྲ་དང་ཁང་པ་ཆེན་པོ་ཡིས་ཀར་བསྟན་ཟིན་གྱི་མ་རེད། དེང་དུས་སྤྲུལ་སྐུའི་བསྟན་པའི་ས་མཚམས་གང་ལ་སླེབས་ཡོད་ཕལ་ཆེ་བས་ཧ་གོ་རྒྱུ་རེད། བསྟན་པའི་སྙིང་པོ་བཤད་སྒྲུབ་ཕྲིན་ལས་ནང་འཐུན་པར་འབད་པ་འདི་རེད། དེ་མེད་ན་བླ་གྲྭ་མཁན་སྤྲུལ་ཞེས་པའི་རྐང་འདྲེན་དང་བསྟན་པའི་ཞབས་འདྲེན་ཡིན་པ་ཤེས་དགོས། མུ་འཐུད་དུ་དེ་འདྲ་དག་བྱས་ན་ནམ་ཞིག་ཀརྨ་པ་གཉིས་ཀ་མ་རེད་ཟེར་བ་ཡང་ཡོང་སྲིད་པ་རེད། མདོར་ན་སི་ཏུ་རིན་པོ་ཆེ་དང་ཞྭ་དམར་རིན་པོ་ཆེ་མཁྱེན་ཟེར་མཁན་དང་ཀརྨ་པ་མཁྱེན་ནོ་ཞེས་འབོད་མཁན་དག་གི་ངོ་ལ་བལྟས་ནས་ནང་མཆེད་མཐུན་ཐབས་སུ་རེ་འབོད་བྱེ་བའི་ངུ་ངག་དང་སྨོན་ལམ་ཤོར་ཐལ། དྲི་མེད་ལྷག་བསམ་གྱིས་བསྐུལ་བ་ལྟར་ཤྲྰི་ཨནནྟ་བཛྲས་གུས་ཕུལ། །
ཡ་དྲ་གྲོགས་ཚོ་དོན་མེད་ཁ་སྡིག་བསོག་མ་འདུག དགུ་བརྒྱའི་དུས་དྲན་ནི་དུས་གསུམ་མཁྱེན་པ་འཁྲུངས་ནས་ལོ་དགུ་བརྒྱ་འཁོར་བའི་དུས་དྲན་རེད། མ་གཞི་དུས་དྲན་དེ་༢༠༡༠ལ་རེད་མོད་གནས་ཚུལ་ལ་བསྟུན་ནས་༢༠༡༡ལ་འཚོགས་གནང་བ་རེད། འདི་ནི་དགུ་བརྒྱའི་དུས་དེ་ཉིད་ལས་གཞན་པའི་དངོས་ཤུགས་རྒྱུད་གསུམ་ནས་བཤད་པ་འདྲ་མིན་གང་ཡང་བཤད་རྒྱུ་ཡོད་པ་མ་རེད། འདི་ནི་རྒྱ་ནག་གོང་མའི་དབུ་བླར་ཕེབས་པའི་དུས་དྲན་མ་རེད། དེས་ན་སུ་ཞིག་ནས་དེ་ལྟར་ཡིན་པ་བཤད་པ་དང་འབྲི་བ་སོགས་བྱས་ཀྱང་གཞི་རྩ་བྲལ་བའི་རྫུན་གཏམ་རང་ཆགས་པ་རེད། མཆན་འབྲི་བ་ཞིག་ནས་ཀརྨ་པའི་བོད་ལ་གསོ་མི་ནུས་པའི་བྱས་ཉེས་བཞག་ཡོད་པ་བཤད་འདུག དེ་ནི་སྙིགས་མའི་སྐྱེ་བོ་དུག་གསུམ་གྱི་གཞན་དབང་དུ་གྱུར་པའི་རང་རྟགས་ཡོངས་སུ་བསྟན་པ་རེད། ཡང་དྲ་འབུ་འགས་དགུ་བརྒྱའི་དུས་དྲན་རྗེས་སུ་གནས་ཚུལ་བྱུང་བ་ཁག་དུས་དྲན་དང་འབྲེལ་བ་ཡོད་སྐོར་དང་། ཟམ་གདོང་བླ་མར་རྒྱ་ནག་གི་འབངས་སུ་རྒྱུགས་འདོད་ནས་བོད་གཞུང་ཕྱིར་བསྡུ་མཛད་པ་ལྟར་དགུ་བརྒྱའི་དུས་དྲན་ཡང་དེ་འདྲ་བ་ཞིག་ཡིན་སྐོར་བརྗོད་འདུག དུས་དྲན་རྗེས་ཀྱི་གནས་ཚུལ་ཁག་ནི་དུས་དྲན་འཚོགས་དང་མ་འཚོགས་མེད་པར་ཡོང་གཏན་ཁེལ་བ་ཞིག་རེད་འདུག་པས་དུས་དྲན་དང་འབྲེལ་བ་ཡེ་ནས་མེད་པ་རེད། ཟམ་གདོང་བླ་མར་དེ་ལྟ་བུའི་འཆར་གཞི་ཡོད་མེད་མི་ཤེས་ཀྱང་། དགུ་བརྒྱའི་དུས་དྲན་ནི་དམིགས་ཡུལ་དེའི་ཆེད་དུ་མིན་པ་མ་ཟད། དེ་འདྲའི་དམིགས་ཡུལ་རྨི་ལམ་ན་ཡང་མེད་ངེས་རེད། དྲི་མེད་ལྷག་བསམ་འདི་ནམ་རྒྱུན་བཀའ་བརྒྱུད་ནང་འཁྲུགས་ཁ་སྒོ་ན་ཡོད་ཡོད་པ་རེད། ཡིན་ན་ཡང་ད་རེས་བཀའ་བརྒྱུད་པ་ནང་འགྲིགས་དགོས་གལ་སོགས་གསུངས་འདུག་པས་ཡིད་རང་ཞུ་འོས་སུ་ཆེ། ཕར་ཤེད་ན་འཚོགས་པའི་དགུ་བརྒྱའི་དུས་དྲན་བཟང་ངན་ཅི་འགྱུར་ཀུན་སློང་ལ་རག་ལས་པས་ཁོ་རང་ཚོས་ཀུན་སློང་ལ་ལྟ་རྒྱུ་ལས་འདི་ནས་ཐག་ཆོད་ཐུབ་ཀྱི་མ་རེད་སྙམ།།
འདུལ་བ་ཁོ་ནར་རྩལ་དུ་འདོན་མཁན་ཀརྨའི་མིང་ཅན་འཕྲིན་རྡོར་ཁྱེད། །
སོ་ཐར་འདུལ་བའི་ཕམ་བཞིའི་ནང་ནས་གཉིས་ནི་ཉམས་ཀྱང་གཉིས་ནི་ལྷག །
ཡང་སྲིད་མང་པོ་ངོས་ངོས་འཛིན་མཛད་དེ་མི་ཆོས་བླ་མའི་རྫུན་ལ་གཏམ་སྨྲས། །
ས་ཡ་མང་པོའི་ནག་ཚོང་བརྒྱབ་སྟེ་ཤོ་གམ་འདྲལ་བའི་རྩ་སྟོང་ཅན། །
རྒྱ་གར་གཞུང་ལ་འངུལ་གྱི་ཁྲལ་དང་འདུལ་བའི་སྡོམ་པ་བརྗེ་བོ་བརྒྱབ། །
ཁྱེད་ནི་འདུལ་བར་ཤིན་ཏུ་མཁས་ཤིང་འདུལ་བའི་ལག་ལེན་ཁྱེད་གཏུགས། །
ཞྭ་དམར་རིན་པོ་མཆོག་ནི། སྤྲུལ་སྐུ་རྩོད་མེད་ཅིག་ཡིན་ན་ཡང་། བོད་སྤྱི་ལ་སྨོན་ལམ་གྱི་དབང་གིས་ཕན་མི་ཐོགས་པའི་བླ་ཆེན་ཅིག་ཡིན་པར་བརྟེན། འོས་སྤྲུལ་མཐའ་ཡས་རྡོ་རྗེ་ལགས་ནི། ༸རྒྱལ་དབང་༸ཀརྨ་པ་༡༦འི་ཡང་སྲིད་དུ་ནམ་ཡང་ངོས་ལེན་མེད་ལགས། དམ་ཚིག་མཐུན་དགོས་པ་ནི། བོད་མིའི་སྤྱིའི་ཆོས་ཅིག་ཡིན་པ་ཡང་འདོད་ལགས།
དབུ་ཞ་དབུ་ལ་བཞེས་དང་།
དབུ་ཅང་རྒྱབ་ལ་སྐྱོན་དང་།
རྒྱ་མོ་མཁའ་འགྲོ་འབུམ་གྱི།
དབུ་སྐྲའི་དབུ་ཞ་མཆོད་དང་།
མཁན་ཆེན་དགྱེས་པ་རྡོ་རྗེའི་གསུང་ལ་མངོན་པར་བསྟོད་དོ། །རྗེས་དྲན་གནང་ན་ཀཾ་ཚང་ཡབ་སྲས་གོང་མ་རྣམས་ཐུགས་སྣང་མཐུན་ཚུལ་ལ་རྗེས་དྲན་བྱ་འོས། མཐུན་སྒྲིལ་ཡོང་བར་ཤོག ཀརྨ་པའི་ཡང་སྲིད་སུ་ཞིག་ཡིན་ནའང་མཐུན་སྒྲིལ་མེད་པར། སེམས་ཅན་བདེ་སྐྱིད། བསྟན་འགྲོའི་དོན། སྡོམ་པ་གསུམ། འཛམ་གླིང་ཞི་བདེ་སོགས་གསུང་རྒྱུར་ཅུང་ཟད་འཛེམས་བག་མ་བྱས་ན་གཞན་གྱིས་སྐྱོན་བརྗོད་གནང་གི་འདུག ད་རྣམ་གཉིས་མཐུན་པོ་ཡོང་འགྲོ་འདུག དེ་ལ་དཀྲུགས་ཤིང་རྒྱག་མཁན་གྱི་དམ་སྲི་འདྲ་བྱུང་ན་རྟེན་འབྲེལ་གཞན་དུ་འགྱུར་བས་གཟབ་དགོས། ༡༽ཀརྨ་པ་ཨོ་རྒྱན་ཕྲིན་ལས་ཀྱིས། །འཁོར་ཡུག་སྲུང་སྐྱོབས་ཀྱི་རྩ་བ་སེམས་ཀྱི་ཕྱོགས་རིས་དང་ཆགས་སྡང་ཞི་ཐབས་རེད། བདག་ལས་གཞན་གཅེས་ཟེར་བ་འདྲ་བོ་དེ་ཡོང་ན་འཁོར་ཡུག་གཅེས་སྤྲས་ལའང་་དོ་སྣང་ཡོང་གི་རེད། ཅེས་དང་། ༢༽ཀརྨ་པ་མཐའ་ཡས་རྡོ་རྗེས། སྒྲུབ་རྒྱུད་ཀཾ་ཙང་གི་ཉམས་བཞེས་གནང་མ་ཞིག་ཡོང་དགོས་ན། རྗེ་དྭགས་པོ་ལ་མིག་དཔེ་བྱས་ཏེ། བསྟན་རྩ་འདུལ་བ་དང་། ཐེག་ཆེན་གཞུང་ཤིང་གཞན་ཕན་གྱི་བྱང་ཆུབ་སེམས། སྔགས་ཀྱི་སྲོག་རྩ་དམ་ཚིག་སྲུང་བར་བསམ་བློ་གཏོང་རྒྱུ་གལ་ཆེ། ཞེས་གསུངས། རྣམ་གཉིས་བྱང་ཆུབ་སེམས་ལ་བློ་མཐུན་ན་རྩོད་པ་བྱེད་པའི་ཡུལ་ཟད་པས། བླ་མའི་ཐུགས་བཞེད་སྒྲུབ་དགོས་ཟེར་མཁན་ཚོས་ཕན་ཚུན་ཐུགས་སྣང་འོ་ཆུ་གཅིག་ཏུ་འདྲེས་པའི་ཐབས་ལ་འབད་པར་མཛོད།
གངས་ཅན་མཁས་པ་བློ་བཟང་གྲགས་པ་ཡིས།།ས་རྙིང་བཀའ་བརྒྱུད་བླ་མ་དུ་མའི་དྲུང་།།
དབང་ལུང་མན་ངག་མཐའ་ཡས་གསན་བསམ་གནང་།།ཡི་དམ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་།།
དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།།གངས་ཅན་བསྟན་པའི་སྲོལ་འབྱེད་པདྨ་འབྱུང་།།དེ་དོན་རྒྱུད་ལ་སྦྱོར་མཛད་ཨ་ཏི་ཤ།།དེ་ལ་འཁྲུལ་བ་སེལ་མཛད་བློ་བཟང་གྲགས།།རྣམ་གསུལ་དབྱེར་མེད་ཚད་མས་ལུང་གིས་གྲུབ།།ལྔ་རིག་སྣང་བའི་ཉིན་བྱེད་ས་པཎ་རྗེ།།མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་བ།།ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ།།བོད་ཀྱི་འཇམ་དབྱངས་རྣམ་གསུམ་གུས་བས་མཆོད།།གྲུབ་བརྙེས་གཙུག་རྒྱན་མར་བ་ལོ་ཙཱ་ནས།།རྒྱུད་རྒྱལ་གསང་བ་འདུས་པའི་མན་ངག་གི།།ཆོས་རྒྱུད་འཛིན་པ་བློ་བཟང་གྲགས་པའི་དཔལ།།གངས་ཅན་བསྟན་པའི་སྲོག་ཤིང་གཅིག་བུ་ཡིན།།
བསྟན་འཛིན་བུ་སློབ་མཐུན་པའི་དཔེ་དང་གཅིག།ལམ་བརྒྱད་ཁྱིམ་གཅིག་འཇུག་པའི་དཔེ་དང་གཉིས།།ཀུན་ཀྱང་ཐུབ་བསྟན་རྒྱས་པའི་དཔེ་དང་གསུམ།།དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་ཤོག།
དགུ་མིག་ཏུ་ཚུད་པ། དགུ་མིག་དྲུག་མིག ལྟས་ངན་དགུ་དགུ་བརྒྱད་ཅུ་གྱ་གཅིག དགུ་རྫོགས་གནང་གང་། དགུ་བཟློག སྲིན་པོ་མགོ་དགུ ངན་པ་དགུ་འཛོམས། བོད་ཤོར་བའི་ལོ་ང་བཅུ་ང་དགུ ང་ཚོ་བོད་ཀྱི་མོ་རྩིས་ཀྱི་རིག་གཞུང་ལྟར་ན་ཨང་གྲངས་དགུ་བ་དེ་ཡག་པོ་ཞིག་ཏུ་མི་རྩིས་པ་འདྲ་འདུག དེ་བཞིན་དུ་ཁ་ཆེ་དང་ཡེ་ཤུ་གཉིས་ཀས་ཀྱང་ནེའུ་ཡོག་དོན་རྐྱེན་དེ་དགུ་གཅིག་གཅིག་ལ་བཟོས་འདུག་པས་ཨང་གྲངས་དགུ་བ་དེ་ཡག་པོ་ཞིག་ཏུ་བརྩི་གི་མེད་ཚོད། མོ་བ་ཀུན་ཤེས་ནས་དཔལ་དགྱེས་པ་རྡོར་རྗེའི་རྨི་ལམ་ལ་བརྟག་པའི་ཞལ་གདམས། དགུ་བརྒྱའི་དུས་ཆེན་འདི་བཀྲ་ཤིས་པའི་དུས་ཆེན་ཞིག་ལ་འགྱུར་བར་སྨོན།།
མཆན་འབྲི་བ་དག་གི་ནང་ལ་བལྟས་ན་ངོ་ནས་ཡིད་སྨོན་ཤོར་དགོས་པ་ཞིག་འདུག ཚང་མ་བཀའ་བརྒྱུད་པ་ཐུགས་མཐུན་ཁྲིམས་གཙང་གི་ཕྱོགས་ལ་སྐུལ་འདེད་བྱེད་མཁན་རྐྱང་རེད་འདུག བཀའ་བརྒྱུད་པའི་དགེ་འདུན་པ་དཀྱུས་མ་རིམ་བཏེགས་ན་ཐོན་པ་ཕྱོགས་མཐར་འཁྱམས་པ་ཁ་ཤས་ངོ་ཤེས་ཀྱི་ཡོད། ཁོང་ཚོ་ཚང་མ་ཡང་དེ་བཞིན་རེད། རིམ་བཏེགས་ལ་འགྲོ་རྒྱུ་བྱུང་ན་ཟེར་ནས་མིག་ཆུ་འདོན་མཁན་དེ་འདྲ་ལ་ཡང་ཐུག་མྱོང་། ལྟོས་དང་བཀའ་བརྒྱུད་པའི་ནང་མ་མཐུན་པ་དེ་ཕྱི་ལོག་གི་རྐྱེན་གང་ཡང་མ་རེད། ལྷག་པར་དུ་ང་ཚོ་ལྟ་བུ་དྲ་འབུ་དག་གིས་བཀའ་བརྒྱུད་པའི་ནང་མ་མཐུན་པ་ཇི་ལྟར་བཟོ་ཐུབ། འོན་ཀྱང་ང་ཚོས་ནང་མཐུན་པའི་ཕྱོགས་ལ་རེ་བ་དང་བློ་གྲོས་འདོན་ཐུབ་ཀྱི་རེད།
ངས་བལྟས་ན་བཀའ་བརྒྱུད་པའི་ནང་མ་མཐུན་པ་དེ་མི་དཀྱུས་མ་སུ་ཞིག་གིས་ཀྱང་བཟོས་ཡོད་པ་མ་རེད། དེ་ནི་ཁོང་ཚོ་ནང་གི་ཆེས་ཆེ་བའི་བླ་མ་ཞྭ་དམར་བ་དང་། སུ་ཏི་རིན་པོ་ཆེ་གཉིས་ལ་ཐུག་འདུག ཁོང་གཉིས་ཐུགས་མཐུན་སོང་ན་ཀརྨ་ཀཾ་ཚང་ནང་མཐུན་ཡོང་ཡོང་པ་རེད། ཁོང་གཉིས་ཀ་ཐུགས་མ་མཐུན་པ་བྱས། དེ་བཞིན་དུ་ཁོང་གཉིས་ཀས་མ་མཐུན་པའི་འགལ་བ་དེ་བརྒྱུད་འཛིན་ཆེད་དུ་ཕྱོགས་སོ་སོ་ནས་བླ་མ་རེ་གསོ་སྐྱོང་གནང་ཞིང་། དེ་བཞིན་དུ་རང་ཕྱོགས་ཀྱི་དེ་དག་མ་དང་། གཞན་ཕྱོགས་ཀྱི་དེ་རྫུན་མ་རེད་ཟེར་ནས་འགལ་བ་ཆེ་རུ་བཏང་བགས་ཆགས་ངན་པ་བགོས། འགལ་བ་གཏིང་ཟབ་རུ། ད་དུང་འགལ་བ་དེ་མི་རབས་རྗེས་མའི་ནང་དུ་མུ་མཐུད་དུ་གནས་པའི་ཆེད་དུ་དེབ་འདྲ་མིན་བྲིས། དེ་ལྟར་བྱས་ན་འགལ་བ་དེ་ཇི་ལྟར་སེལ་དགོས་པ་རེད། ང་ཚོའི་སྨོན་ལམ་བརྒྱབ་པ་ཙམ་གྱིས་སེལ་ཐུབ་བམ།
ཕྱོགས་གཉིས་ཀའི་བླ་ཆེན་དག་ལ་ང་ཚོ་དྲ་འབུ་རྣམས་ཀྱི་བསམ་བློ་འདི་ཙམ་ཡོད་ན་ཀརྨ་ཀཾ་ཚང་ནང་ཐུགས་མཐུན་ཡོང་བ་བཤད་མི་དགོས་པ་ཞིག་རེད། གང་ལྟར་ཀྱང་ཀརྨ་བ་རྣམ་གཉིས་ནས་དབྱེན་བཟླུམ་མཆོད་རྟེན་དེ་གདན་ས་རིམ་བཏེགས་ནས་བཞེངས་ཏེ། གདན་ས་རིམ་བཏེགས་ལ་ཀརྨ་པ་སྐུ་གོང་མ་བཞུགས་པ་ལྟ་བུའི་ཐུགས་མཐུན་ཁྲིམས་གཙང་དང་། ཆོས་སྤྱོད་སློབ་གཉེར་དབྱར་མཚོ་ལྟར་རྒྱས་ཐུབ་པའི་སྨོན་འདུག་བཅས།།
མཁྱེན་ཡངས་སྒོམ་སྡེ་བ་སླེབས་སོང་དགའ་བསུ་ཞུ།
ཀརྨ་པ་ནི་༧རྒྱལ་བ་རིན་པོ་ཆེའི་རྗེས་ནས་བོད་གཞིས་གཉིས་ཀྱི་སེམས་ཤུགས་གཞི་གཅིག་སྒྲིལ་ཐུབ་མཁན་གྱི་སྐྱེས་ཆེན་ཞིག་རེད་བསམ་གྱི་ཡོད་ལ། ད་སྐབས་བཙན་བྱོལ་ན་མང་གཙོ་དང་དམངས་གཙོ་ཞེས་མང་པོ་ཞིག་བཤད་ནས་སྡོད་བཞིན་པ་དེས་བོད་ཀྱི་སྤྱི་ཚོགས་ཧྲལ་ཧྲུལ་འདི་སྔར་ལས་ཀྱང་རལ་པོ་ཞིག་ཏུ་གཏོང་རྒྱུ་མ་གཏོགས། དེས་བོད་ལ་གནས་སྐབས་རིང་ཅང་ཕན་གྱི་མ་རེད། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལ་འཛུལ་རྒྱུ་ཡིན་ཟེར་ཞོར་དུ་དེ་ལས་ལྡོག་པའི་ཆབ་སྲིད་ཀྱི་ལམ་ལུགས་ཞིག་འཛུགས་ཀྱིན་ཡོད་པ་འདི་དུས་ཚོད་འཕྲོ་བརླག་རེད། ཀརྨ་པ་མཁྱེན་ནོ།
དྲྭ་གྲོགས་ཁག་གཅིག་གིས་བསམ་ཚུལ་འདྲ་མིན་མང་དག་ཞིག་གསུངས་འདུག་པར་ངས་ཀྱང་དེའི་སྐོར་དཔྱད་པ་ཅུང་ཟད་བགྱིད་ཁུལ་གྱིས་གླེང་བར་འདོད་དེ། དང་པོ་ཁ་གཅིག་ན་རེ། རྒྱ་མིའི་བུ་མོའི་སྐྲ་འབུམ་གྱིས་བཟོས་པའི་དབུ་ཞྭ་ཞེས་པ་དང་། དེ་བཞིན་ཀརྨ་པ་གཉིས་མཐུན་སྣང་ཞེས་པའི་གཉིས་ཚིག་དང་། དེ་ལྟར་༧ཞྭ་དམར་རིན་པོ་ཆེ་དང་། སི་ཏུ་རིན་པོ་ཆེ་རྣམ་གཉིས་དབར་བརྩོད་པ་ཞེས་པ་སོགས་རང་སྣང་གང་དྲན་གྱི་ཚོར་བ་དག་ཕྱོགས་བསྡོམས་ཀྱི་དྲྭ་ངོས་སུ་བཀོད་འདུག་པར། དང་པོ་ལྟར་ན་ཆེས་མི་རིགས་ཏེ། ༧ཀརྨ་པའི་དབུ་ལ་མཁའ་འགྲོ་འབུམ་གྱི་དབུ་ཞྭ་ཞེས་པ་དེ་བླ་མའི་རྣམ་ཐར་ལ་སྦྱངས་པ་མ་བྱས་པར་ཕྱོགས་རིས་སླད་པས་ཀུ་ཅོ་ཕྱོགས་མཚམས་ཀུན་ཏུ་སྤེལ་བ་ལགས་ཏེ། གང་ལགས་ཞེས་ན། ༧ཀརྨ་པའི་དབུ་ལ་རང་བྱུང་གི་གཅོད་པན་དེ་རྣམ་པ་ཀུན་ཏུ་གང་ཟག་ལས་ཅན་མ་གཏོགས་གཞན་རྣམས་ལ་མི་མངོན་པའི་ཚུལ་དུ་ཡོད་པ་ལས་དེ་རྒྱ་ནག་གོང་མ་དང་། རྒྱ་གར་གོང་མ་སོགས་ནས་ཕུལ་བ་ཞིག་གཏན་ནས་མིན། དེ་ལྟ་བུའི་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེ་དེ་ཀརྨ་པ་སྐུ་ཕྲེང་ལྔ་པས་སྒྲོན་པའི་སྐབས་སུ་ལས་ཅན་གྱི་རྒྱ་ནག་རྒྱལ་པོ་ཞིག་གིས་མཇལ་བ་དང་། ཁོང་ནས་སེམས་ཅན་ཐམས་ཅད་ཀྱི་དེ་མཇལ་རྒྱུ་བྱུང་བ་ཞིག་བཟོས་ན་ཅི་འབྱུང་ཞེས་གསོལ་བར་ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པས་རིགས་པར་ཞལ་གྱི་བཞེས་ནས་བྱིན་གྱིས་བརླབས་པས་དབུ་ཞྭ་དེ་ང་ཚོ་ཚང་མའི་མཇལ་རྒྱུ་ཡོད་པ་དེ་བྱུང་བ་ལས་རང་འབྱུང་གི་གཅོད་པན་དེ་ནི་མ་ཡིན། དེ་བཞིན་དུ་ཀརྨ་པ་གཉིས་མཐུན་སྣང་དམ་ཚིག་གཙང་མ་གནང་དགོས་པའི་བཀའ་སློབ་རིམ་པར་གནང་འདུག་པར། དང་ཐོག་ཀརྨ་པ་གཉིས་ཞེས་པའི་གཉིས་ཚིག་དེ་ནོར་བའམ་ཡང་ན་ཆབ་སྲིད་ཀྱི་དགོས་གལ་དུ་གཟིགས་ནས་གསུང་པ་ཡིན་མིན་མི་ཤེས་ཀྱང་། གང་ལྟར་ཡང་ཀརྨ་པའི་ཡང་སྲིད་དེ་བོད་ཀྱི་སྤྲུལ་སྐུ་གཞན་དང་མི་འདྲ་བའི་ལམ་ལུགས་ཤིག་ཡོད་པས་དེའང་རབ་བྱུང་ན་༧རྗེ་གོང་མ་རང་གིས་མ་འོངས་མངོན་གཟིགས་ཀྱིས་ཚུལ་དུ་འདའ་ཁའི་ཞལ་ཆེམས་ཞེས་པ་ཞིག་འཇོག་སྲོལ་ཡོད་པ་གཞིར་བཟུང་། བཀའ་བརྒྱུད་རྒྱལ་བ་ཡབ་སྲས་རྣམས་ཀྱིས་ཁྲི་འདོན་མཛད་སྲོལ་ཞིག་དང་། དེ་ལ་རྒྱབ་རྟེན་གྱི་ཚུལ་དུ་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ལས་འཕྱུངས་པའི་གུ་རུའི་ལུང་བསྟན་དང་། ད་ལན་དམིགས་བསལ་ཞིག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲིབ་མེད་ཡེ་ཤེས་ཀྱི་གཟིགས་པ་རྣམ་གཉིས་རྩེ་མཐུན་ཐོག་བརྙེད་སོན་བྱུང་སྟེ་༧རྗེ་གོང་མ་ན་རིམ་གྱི་གདན་སར་མ་འགྲིགས་ལྷུན་འགྲུབ་ཀྱིས་ལྷ་མི་ཀུན་གྱི་མགོན་དཔུང་དུ་མངའ་གསོལ་ཁྲི་འདོན་ལུགས་མཐུན་བཞིན་མཛད་ཟིན་པའི་ཡང་སྲིད་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལས་གཞན་པའི་གཉིས་པ་གསུམ་བཞི་པ་སོགས་གང་ཡང་མེད་ན་དེ་ལུགས་དགོངས་པར་མངའ་བར་འཚལ། ཞྭ་དམར་རིན་པོ་ཆེ་དང་། སི་ཏུ་རིན་པོ་ཆེ་རྣམ་གཉིས་དབར་བརྩོད་གླེང་བྱེད་དགོས་པ་མ་མཐོང་སྟེ། གདན་ས་སོ་སོ་དང་། བྱེད་སྒོ་སོ་སོ་ཡིན་པས་སོ། དེ་མ་ཡིན་པར་ཀརྨ་པའི་སྐོར་ཡིན་གསུང་ན་འགན་འཁྲི་བའི་ལས་ཡིན་པས་དེ་ལྟར་བྱེད་རྒྱུ་དེ་རྣམ་པ་ཀུན་ཏུ་ན་ཆོས་ཕྱོགས་དང་མཐུན་ཞིང་མི་ཆོས་དང་ཡང་མཐུན་ནོ། རྗེས་སུ་རིམ་པའི་མཇལ་ཡོང་།
ཞལ་ཆེམས་ཁྲིམས་ཁང་ནས་བརྟག་དཔྱད་བྱས་ཏེ་བདེན་པ་ཡིན་ན་དེ་ཞྭ་མར་པས་ངོས་ལེན་བྱེད་གསུང་འདུག མཆོག་གླིང་ལུང་བསྟན་སི་ཏུ་དང་མཐུན་པོ་འདུག ཞིག་གླིང་ལུང་བསྟན་དང་། ཀཿཐོག་རིག་འཛིན་ཆེན་པོའི་ལུང་བསྟན། ཀརྨ་པ་ཡབ་སྲས་ཀྱི་གསང་གཏམ་མཁའ་འགྲོའི་ཞལ་ལུང་སོགས་ཞྭ་དམར་པའི་རྒྱབ་རྩ་རེད། དེ་དག་ཡིན་མིན་ཟུར་ཏུ་བཞག སྔོན་གྱི་རྩོད་སྙོག་གླེང་སློང་མ་བྱས་པར། ད་ལྟ་ཅི་ལྟར་མཐུན་སྒྲིལ་བྱེད་ཚུལ་ལ་འབད་པ་བྱེད་དགོས་པར་སྣང་། །གདན་ས་སོ་སོ་ཡིན་པའི་དབང་ཏུ་བྱས་ན། དཔལ་སྤུང་དང་མཚུར་པུ་བླ་བྲང་གཅིག་མིན་པས་འབྲེལ་བ་མེད། ཞྭ་དམར་ནག་ནང་ཆེན་གཅིག་དང་། བཅུ་དྲུག་པ་དང་ད་ལྟའི་ཞྭ་དམར་མི་ཚང་གཅིག་དང་། སྐུ་ཚ་དམར་པོ་ཡིན་པས་འབྲལ་ཐབས་མེད་ཟེར་བ་སོགས། དེ་འདྲའི་རིགས་པ་ལ་བརྟེན་ན་མཐུན་པོ་ཡོང་དཀའ་བས། འདི་འདྲའི་ང་ཡིན་ཁོ་ངན་གི་རྩོད་པ་མ་བྱས་པར་བསྟན་པ་དང་། མི་རིགས། ཀཾ་ཚང་གི་བསྟན་པའི་ལ་རྒྱར་གཟིགས་ཏེ། ཐུགས་ཀུ་ཡངས་པོ་གནང་རོགས་ཞུ། །
མཆོག་གླིང་ལུང་བསྟན་དེ་སི་ཏུ་པའི་ཕྱོགས་གཏོགས་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེའི་དག་སྣང་ནང་ཀརྨ་པ་འདིར་འཁྲུངས་སོང་ཞེས་པའི་ཚིག་དེ་ག་འདྲ་ཞིག་ལ་གོ་དགོས་ན་ཡག་པོ་བྱས་ནས་གསུང་རོགས། སྐབས་དེ་དུས་༧སྐྱབས་མགོན་རིན་པོ་ཆེ་ལ་གཟུགས་མེད་དེས་ཀརྨ་པ་ས་ཕྱོགས་ག་སར་འཁྲུངས་ཡོད་པའི་བརྡ་དེ་འདྲ་བསྟན་ཨེ་ཡོད་ན། དྲྭ་གྲོགས་ཁྱེད་ཀྱིས་ཞིག་གླིང་དང་། ཀ་ཐོག་སོགས་ཀྱི་ལུང་དེ་གསལ་པོ་ཞིག་དྲྭ་སྟེང་དུ་འགོད་གནང་ཐུབ་ན་ཐམས་ཅད་ལ་ཕན་ངོ་ཤར་བས་ཐུགས་བཞག་ཞུ།
འབྲོང་བུ་སོག་ཚ་ལགས། ཉིད་ཀྱི་དགོངས་པ་ལྟར། མཆོག་གླིང་རྣམ་ཐར་ཏུ་ཀརྨ་བཅུ་བདུན་པ་བཀྭན་ཏིང་ཏཱ་ཡི་སི་ཏུ་དང་མཉམ་དུ་བཞུགས་ནས་གདུལ་བྱ་རྒྱས་ཚུལ་གསུང་། སྐུ་ཕྲེང་བཅུ་དྲུག་པ་ཞིག་ངོས་འཛིན་བྱས་མ་ཐག་སྐུ་གཤེགས་པའི་ལོ་རྒྱུས་ཡང་འདུག ད་ལྟའི་སྐུ་ཕྲེང་ཨོ་རྒྱན་ཕྲིན་ལས་རིན་པོ་ཆེ་དག་ཡང་མཐུན། ། གཏེར་ཆེན་ཞིག་པོ་གླིང་པ་འོད་གསལ་སྒྱུ་མའམ། པདྨ་གར་གྱི་དབང་ཕྱུག་ལ་གཏེར་ལུང་མི་འདྲ་བ་ཁག་ལྔ་བཞུགས། ༡དམག་བཟློག་ཉེར་ལྔ་། ༢བསྟན་པ་གསོ་ཐབས། ༣ས་བཅོས་ལུང་བྱང་། ༤ཆོས་བདག་ལུང་བསྟན། ༥གཏེར་གྱི་བཀའ་ཐེམ་སྟེ་ལྔ་བོའི་ནང་དུ་ཀརྨ་པའི་སྐོར་གསུང་གསལ་ཡོད། ཁྱད་པར་ཕྱི་མ་གཉིས་ཀྱི་ནང་དུ་རྗེ་ཞྭ་ནག་བཅུ་གསུམ་པའི་རྗེས་ནས་ཞྭ་དམར་པ་དང་ཀརྨ་པ་ངོ་བོ་དབྱེར་མེད་དུ་ཡབ་སྲས་དང་། ཚ་ཞིང་། བླ་སློབ་ཀྱི་ཚུལ་གྱིས་བསྟན་པ་སྐྱོང་ཚུལ་གསུང་ཡོད། ཡི་གེ་རྙིང་པ་རྫོང་སར་ཏུ་བཞུགས། དེ་ལ་བར་ཆད་གཏོག་མཁན་ཚོའི་མིང་དང་ལོ་རྟགས་ཀྱང་ཡོད། ཞྭ་དམར་སྐུ་ཕྲེང་ཉེར་གཅིག་བར་གུ་རུའི་སྤྲུལ་བ་འབྱུང་ཚུལ་བོད་ཀྱི་ཆོས་འབྱུང་མང་པོའི་ནང་གསལ། ཀཿཐོག་སི་ཏུའི་ལམ་ཡིག་ཏུ་མཚུར་ཕུའི་སྒར་ཆེན་ལུང་བསྟན་ནང། རྗེ་བཅུ་བདུན་པ་ལ་མཐའ་ཡས་རྡོ་རྗེ་ཞུ་བ་ཡང་བཞུགས། ཀཿཐོག་རིག་འཛིན་ཚེ་དབག་ནོར་བུར་སྒོས་ལུང་བརྒྱད་བྱ་བ་བཞུགས། དེའི་ནང་དུ། མི་དབང་སྒོས་ལུང་ནི་མི་དབང་བསོད་ནམས་སྟོབས་རྒྱལ་ལ་གནང་བའི་ལུང་བསྟན་ཡིན་པས་གྲགས་ཆེ། ཞྭ་དམར། ཞྭ་ནག སི་ཏུ་སོགས་ལ་སྒོས་ལུང་ཡོད། །སྟང་ཚང་རྡོ་རྗེ་གྲོ་ལོད་ཀྱི་གསང་བའི་ལུང་བསྟན་བཀའ་རྒྱ་མར། རྟེན་འབྲེལ་མ་ལོག་ན་༧གོང་ས་བཅུ་བཞི་བ་དགུང་ལོ་བརྒྱ་དང་། དེ་ནས་ཚེ་སྒྲུབ་གནང་ན་༡༢༠་བཞུགས་ཅེས་ལུང་བསྟན་ཡོད་པ་དང་། ཀརྨ་བཅུ་བདུན་པ་ལ་རྩོད་པ་བྱུང་ཚུལ། དམ་སྲི་མང་པོས་དཀྲུགས་ཤིང་བྱེད་ཚུལ། ཞྭ་དམར་པས་སྒྲུབ་རྒྱུད་གཙང་མ་འཛིན་ཚུལ། དེས་ཀརྨ་པ་ལ་དོན་བགྲྱུད་གཏད་ཚུལ། དེ་ལ་བར་ཆེ་རྩོམ་མཁན་མ་སྲི་ཚོའི་མིང་བཅས་ཡོད། ལུང་བསྟན་ཡི་གེ་འདི་༧གོང་ས་མཆོག་ལ་རྒྱུས་ཡོད་པས་འདྲི་རོགས་ཞུ། སྔོན་ཆད་འབྲས་ལྗོངས་སྐུ་ངོ་འབའ་ཉག་གི་ནང་དུ་ཡོད་པའི་ལུང་བསྟན་ཡིག་རྙིང་དེ་༧གོང་ས་མཆོག་ལ་ཕུལ་ཟིན། རྫོང་སར་སྒོ་་སྣ་སྤྲུལ་སྐུའི་དཔེ་བཤུས་གནང་པ་དེ་མི་ཁ་ཤས་ལ་ཐོབ་ཡོད། སྒོ་་སྣ་སྤྲུལ་སྐུའི་འདིའི་སྐོར་སྐུ་ངོ་འཇུས་ཆེན་ལ་ཞུས་ཏེ་ཆབ་སྲིད་པ་དེ་ཚོས་ཉན་རོགས་མི་བྱེད་འདུག་ཅེས་མི་མང་ནང་ནས་གསུང་མྱོང་། བདག་ལ་ཡང་གེ་ཕལ་མོ་ཆེའི་དཔེ་བཤུས་ཡོད་ཀྱང་གླེང་མོ་བྱེད་འདོད་མེད། གལ་སྲིད་གླེང་བ་ཡིན་ན། ཁ་བརྡའི་དྲ་བ་འདི་ནས་ནག་གསོད་རྒྱང་འབུད་གཏོང་ངེས་རེད། འདི་འདྲའི་རིགས་མ་གླེང་པར་ད་ལྟའི་གནས་བབས་ཀྱི་སྒོ་ནས་མཐུན་ཐབས་བྱེད་དགོས།
ནོར་བཅོས། ཞྭ་དམར་པས་སྒྲུབ་རྒྱུད་གཙང་མ་འཛིན་ཚུལ། དེས་ཀརྨ་པ་ལ་དོན་བརྒྱུདད་གཏད་ཚུལ། དེ་ལ་བར་ཆད་རྩོམ་མཁན་དམ་སྲི་ཚོའི་མིང་རུས་བཅས་ཡོད། (ཕྱོགས་གཉིས་ལ་བདེན་པ་རེ་བཤད་རྒྱུ་འདུག དེ་ཚོ་རང་སར་བཞག་ནས་མ་འོངས་པར་མཐུན་སྒྲིལ་བྱེད་པའི་ཐབས་ལ་བརྩོན་པར་མཛོད། ད་ལྟ་མི་གཞན་གྱིས། འཕྱ་སྨོད་ཀྱི་ཚུལ་དུ། སྙོག་དྲ་ཁྱོད་ཀྱིས་མ་བསླང་ན་སུ་ཡིས་སློང་། ཁ་གཏད་ང་ཡིས་མ་བཅག་ན་སུ་ཡིས་ཆོག དུས་གསུམ་མི་མཁྱེན་པའི་ཀརྨ་པ། བརྒྱུད་པ་ཨེ་ཟིན་ཐུགས་སྲས་གཉིས་ལ་ལྟོས། ཟེར་ནས་ཁ་གཏོང་བ་འདི་ལ་དགོངས་པ་ཆེ་བཞེས་གནང་དགོས )
སི་ཏུ་རིན་པོ་ཆེ་དང་། རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་༡༧པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རྒྱལ་མཆོག་གྱུར་ཅིག
ཞྭ་དམར་རིནཔོ་ཆེ་དང་མཐའ་ཡས་རྡོ་རྗེ་ཕམ་འགྱུར་ཅིག འཆམ་འགྱུར་ཅིག དགེར་འགྱུར་ཅིག བདེན་པ་རྒྱལ་གྱུར་ཅིག
ཡང་སྤྲུལ་བྱམས་བརྩེ་མ། །
ན་མོ་གུ་རུ་ས་མ་ཡ་ས་ཏྭ་ཡེ། །
དྲུག་པ་རྡོ་རྗེ་འཆང་ཆེན་ཀུན་ཏུ་བཟང་། །
བདེ་སྟོང་རིག་པའི་ཕྱག་ཆེན་རིན་པོ་ཆེའི། །
གཞི་ལམ་འབྲས་བུའི་དོན་ལ་བྱང་ཆུབ་ནས། །
བཀའ་བརྒྱུད་སྒྲུབ་པའི་རྒྱལ་མཚན་བསྒྲེངས་གྱུར་ཅིག །
ཅེས་ཀུན་སློང་དང་སྨོན་འདུན་སྔོན་བསུས་ནས་དེ་གླེང་སློང་དངོས་དེ་ནི་བཀའ་དག་སྡོམ་གཙང་ཞིག་ལ་འབོད་བསྐུལ་ཞུ་བ་དེ་ཡིན། འཇིག་རྟེན་མི་ནག་གི་ཁ་དཔེ་ལ་ཡང་།
ཕུ་ནུ་ནང་འཁྲུག་བྱུང་ན་གང་ངན་རྒྱལ་ཟེར་རྒྱུ་བོ་གོ་མྱོང་ངམ། ཕམ་རྒྱལ་དང་ཆགས་སྡང་བཤད་པའི་དུས་མ་རེད། དྲང་བདེན་དང་གཟུར་གནས། བྱམས་བརྩེ་དང་ཆིག་སྒྲིལ་བཤད་པའི་སྐབས་རེད། བཀའ་བརྒྱུད་ཀཾ་ཚང་པ་ཁྱིམ་ཚང་ཞིག་ལ་བསམ་ནས་བཤད་ན་ཕ་རྡོ་རྗེ་འཆང་ཆེན་དང་མ་ཕྱག་རྒྱ་ཆེན་པོ་ཁས་བླངས་ནས་བཟུང་། ཕུ་ནུ་ནང་མཐུན་དེ་གལ་ཆེན་པོ་རེད། བསྟན་པ་ལྟ་ཅི་ཁྱིམ་ཚང་ནང་མ་མཐུན་ན་ཆགས་སྡང་རྨོངས་ཚོགས་ག་རེ་ཡོད་མེད་ཤེས་གསལ་རེད། དེས་ན་གོང་གི་འབྲོང་བུ་སོག་ཚས་ཁྲ་འགུ་རིན་པོ་ཆེས་རྗེས་སུ་འབྲངས་ནས་ཀརྨ་པ་དམིགས་བསལ་སྤྲུལ་སྐུའི་ངོས་འཛིན་ཞིག་ཡོད་རབས་བཤད་འདུག་ཀྱང་། མདོ་རྒྱུད་བསྟན་བཅོས་དང་འགལ། བྱམས་བརྩེ་དྲང་བདེན་དང་ལས་འབྲས་ལ་རྒྱབ་འགལ་བྱུང་ན། དེས་ལུགས་སྲོལ་དེ་བླང་དོར་ཅི་བྱ་རང་ལག་རེད། གང་ལྟར་ཁ་བརྡ་དྲ་བ་ལ་དགོངས་གསོལ་སྔོན་དུ་བཏང་ནས་དྲི་མེད་ལྷག་བསམ་གྱི་གཏེར་ལུང་ཚོ་བཀོད་ན་གཟུར་གནས་ཚོ་ལ་ཕན་ས་རེད། ངས་ཀྱང་སྔོན་མ་གཏེར་ལུང་ཚོ་མཇལ་མྱོང་ཡང་ད་ནི་སྣང་ལ་མ་ངེས་པ་གྱུར་འདུག དེ་ཚོ་བཀོད་རོགས། དེ་ཚོ་བསུབས་ཀྱིན་མ་རེད། ས་མཐའ་འདི་ནས་དཔེ་དཀོན་གྱི་ཡི་གེ་དག་ཤིན་ཏུ་དཀོན་པས་དེ་ལུགས་གནང་རོགས། ང་ཚོས་ལྷག་བསམ་རྣམ་དག་གིས་བགྲོ་གླེང་མདོར་བསྡུས་ཞིག་བྱ། ཁྱད་པར་དྲི་མེད་ལྷག་བསམ་འདི་རྣམ་དཔྱོད་ཤེས་ཡོན་མཐོང་ཐོས་ཀྱི་ཤེས་རྒྱ་ཤིན་ཏུ་ཆེན་པོ་ཞིག་ཏུ་མཇལ་བས་མུ་འཐུད་དུ་བསྟན་འགྲོའི་དོན་ལ་ཐུགས་ཁུར་གནང་བར་མཁྱེན། པདྨ་གེ་སར་སང་ཅུང་ཟད་ཐལ་མ་ཆེའམ།
ཆོས་བརྒྱད་འཆང་བའི་མདུད་པ་དབྱིངས་སུ་སངས། །
ཚད་མེད་རྣམ་བཞིའི་བྱང་སེམས་རྒྱུད་ལ་འབྱོར། །
ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་འདུས་སྡེ་རྣམས། །
བཤད་སྒྲུབ་ཕྲིན་ལས་ས་གསུམ་ཁྱབ་པར་ཤོག །
ཨེ་མ་ཧོས་ཕུལ། །
ད་དངོས་གནས་ཁ་བརྡ་ཚང་གི་དྲྭ་རྒྱར་ཟིན་བྲིས་བཏབས་མཁན་ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཕྱོགས་གཏོགས་རྣམས་ཀྱི་ཁེངས་འདུག་དགའ་བའི་རྗེས་སུ་ཡི་རངས་ཡོད། ཡར་རྒྱས་རེད། བོད་ཀྱི་རིག་གཞུང་ལ་ཕན་ཐུབ་ཡོང་བར་སྙམ། སྐུ་རྩེད་ཡིན། ཧཧཧཧཧཧཧཧཧཧཧ
དྲི་མེད་ལྷག་བསམ་ལ་དྲང་མོར་བཤད་ན། ཁྱོད་ལ་གཏེར་ལུང་དེ་འདྲ་ཡོད་ན་དྲ་བའི་ནང་དུ་མ་བཀོད། གཏེར་ལུང་ཟེར་བ་དེ་ཚོ། ལྷག་པར་དུ་ཁྱོད་ལ་ཡོད་ཟེར་བའི་གཏེར་ལུང་དེ་ཚོ་གང་ཟག་ས་ཐོབ་ཚོས་སྤྱོད་ཡུལ་ཡིན་རྒྱུ་རེད། ས་བཀྲམ་གནམ་བཀྲམ་བྱས་ཡ་དེ་འདྲ་ཡིན་རྒྱུ་མ་རེད། ང་ལ་མཚོན་ན་ཡང་དེ་ཀློག་སྙིང་སྤྲོ་མོད། འོན་ཀྱང་ང་ཚོའི་ཀློག་པའི་ཆེད་དུ་དྲ་རྒྱར་བཀྲམ་ན་དེ་ཅིར་འགྱུར་མི་ཤེས་པ་རེད། གང་ཡིན་ཟེར་ན་ངས་སྔོན་ཆད་སི་ཏི་ལ་རྙེད་པའི་ལུང་བསྟན་དེ་ཀློག་མྱོང་། ཚིག་རྐང་ཁ་ཤས་ལས་མི་འདུག དེའི་རྗེས་སུ་ལུང་བསྟན་དེ་དགག་པ་གླང་ཆེན་གྱིས་འཁྱོགས་ཚད་ཞིག་ཕྱག་མཛོད་སྟོབས་དགའ་ནས་བརྩམས་འདུག དེ་འདྲ་ལ་རྟེན་ནས་བཀའ་བརྒྱུད་པའི་ནང་འགལ་ཆེ་རུ་ཆེ་རུ་འགྲོ་བཞིན་པ་རེད། ལུང་བསྟན་ཡིན་ན་འདྲ། དགག་པ་ཡིན་ན་འདྲ། གང་ཞིག་ཡིན་ན་ཡང་གུ་ཡངས་ཀྱི་ཕྱོགས་ན་མི་འདུག ངའི་ཕྱོགས་བདེན་པ་ཡིན། ཁྱེད་ཀྱི་ཕྱོགས་རྫུན་མ་རེད་ཟེར་བ་དེ་རེད་འདུག དེའི་རྐྱེན་གྱིས་དྲི་མེད་ལྷག་བསམ་ཁྱེད་ངོ་ནས་ལྷག་བསམ་ལ་དྲི་མ་མེད་པ་ཡིན་ན་ལུང་བསྟན་དེ་ཚོ་དྲ་རྒྱ་ནང་དུ་གདན་འདྲེན་མ་ཞུས་ན་ཡག་ས་རེད།
ཤེས་ལྡན་དྲྭ་གྲོགས་དྲི་མེད་ལྷག་བསམ་ལགས། དེང་སྐབས་དུས་ཀྱིས་འགྱུར་འགྲོས་དང་བསྟུན་ནས་མི་མང་དམངས་གཙོའི་རང་དབང་ཡིན་ཁུལ་གྱིས་ཀླད་མེད་འགས་༧རྒྱལ་བ་ཀརྨ་པ་དང་། ཀུན་གཟིགས་ཞྭ་དམར་རིན་པོ་ཆེ། བྱམས་མགོན་སི་ཏུ་རིན་པོ་ཆེས་དབུས་བཀའ་བརྒྱུད་པའི་བླ་ཆེན་རྣམས་ལ་ཁ་རྡུང་དྲག་པོ་བཏང་སྟེ་རང་ཉིད་ཙམ་མ་ཟད། སེམས་ཅན་གཞན་དག་ཀྱང་ལོག་ལམ་དུ་གཞུག་རྒྱུའི་གྲ་སྒྲིག་རྩོམ་བཞིན་འདུག་པས་ཤེས་ལྡན་ཁྱེད་ཉིད་དེ་ལས་རྒྱང་རིང་དུ་བྱོལ་ནས་རིག་པ་དང་ལུང་ཡང་དག་པའི་རྗེས་སུ་ཞུགས་བཞིན་ཡོད་པའི་རེ་བས་འཁུམས། ཁྱེད་ཀྱིས་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་གོང་དུ་སྐུ་ཕྲེང་གཅིག་འཁྲུངས་མ་ཐག་ཞིང་གཞན་དུ་བསྟན་པའི་བཀའ་མོལ་ཞིག་གསུང་འདུག་པས། དེ་ལྟར་ཡིན་ན་༧རྒྱལ་བ་ཀརྨ་པ་སྐུ་གོང་མ་རིག་པའི་རྡོ་རྗེས་ཕྱག་བྲིས་འགའི་ནང་ཁོ་བོ་ཀརྨ་པའི་མཚན་འཛིན་བཅུ་དྲུག་པ་ཞེས་བཀོད་གནང་བ་ལས་བཅུ་བདུན་པ་ཞེས་བཀོད་གནང་མི་འདུག་པས་དེ་ལ་གསལ་བཤད་ཇི་ལྟར་བྱེད་དམ། དེ་ཙམ་དུ་མ་ཟད་མཆོག་གླིང་གི་གཏེར་ལུང་ནས། ཐེག་མཆོག་མྱ་ངན་འདས་འོག་དགོད་པའི་མཚན། བདེ་བའི་བདག་ཉིད་རིག་པའི་རྡོ་རྗེ་དང་། ཨོ་རྒྱན་ཕྲིན་ལས་བསམ་གཏན་ལ་སོགས་འབྱུང་། ཞེས་གསུང་པར་བརྟག་ན། རིག་པའི་རྡོ་རྗེ་མ་འཁྲུངས་གོང་གཞན་ཞིག་འཁྲུངས་པའི་གཏེར་ལུང་ནས་མ་གསུང་པའི་ཕྱིར་ན་ཁྱེད་ཀྱིས་བཤད་པ་དེ་ཡང་དག་པ་ཡིན་པ་ཇི་ལྟར་སྒྲུབ་ཐུབ། ད་ལྟ་ལས་ཀའི་རྐྱེན་པའི་དུས་ཁོམ་མ་བྱུང་བས་རྗེས་སུ་ཤེས་ཡངས་ཁྱེད་དང་བཀའ་བསྡུར་ངེས་པར་བྱ་རྩིས་ཡིན།
༈ སྐབས་འདིར་གཏེར་ལུང་དེ་ཚོ་ཆ་ཚང་བ་ཞིག་ངའི་ལག་ཏུ་ཁུར་མི་འདུག མཁན་པོ་ཨ་ཆུག་གི་སྒར་ནས་གུ་རུའི་གཏེར་ལུང་པར་རྒྱུ་ཡིན་ཟེར་དེ་ལ་བསྐུར་བ་ཡིན་དེ་པར་མི་འདུག ཕྱིས་སུ་སྤར་ཡོང་བའི་རེ་བ་ཡོད། ཁོང་ཚོས་ཉེ་ཆར་་པོད་ཆེན་པོ་གཉིས་སྤར་ཡོད་པ་དེ་ཕལ་ཆེར་གསེར་རྟའི་ཨ་ལག་རྟ་ཁྱུང་རིནཔོ་ཆེས་བསྒྲིགས་པ་དེ་རེད་འདུག ཞིག་གླིང་པདྨ་གར་གྱི་དབང་ཕྱུག་རྩལ་གྱི་་ལུང་བསྟན་ཚར་གཅིག་ཉག་རོང་གུ་རུ་དགོན་ཏུ་ཡོད། ཚར་གཅིག་རྫོང་སར་ཏུ་ཡོད། དེ་ལས་པར་བཤུ་མང་པོ་བྱས་འདུག རིག་འཛིན་ཚེ་ནོར་སྒྲོལ་དམར་སྐོར་གསང་སྒྲུབ་ལུང་བསྟན་བཅས་པ་དེ་རིན་ཆེན་གཏེར་མཛོད་དུ་བཞུགས། ལས་ཚོགས་བརྒྱ་རྩ་བརྒྱད་པའི་ལུང་བསྟན་གསང་རྒྱ་ཆེ་བས་གསུང་འབུམ་ཏུ་བཞག་མི་འདུག སྟང་ཚང་རྡོ་རྗེ་གྲོ་ལོད་ལུང་བསྟན་ལས་ཆ་ཤས་དང་། ཀརྨ་པ་ཞྭ་དམར་ནག་གི་སྒོས་ལུང་དེ་བལ་ཡུལ་བྱ་བྲལ་རིན་པོ་ཆེའི་ཕྱོགས་ནས་ཁྱེར་ཡོང་གི་འདུག །སྐབས་འདིར་ཡི་གེ་ཚོ་གམ་ན་མེད་པ་དང་། ཡི་གེ་དེ་བཀོད་ན་བླ་ཆེན་མང་པོ་ལ་ཕོག་འགྲོ་བས་ཚང་མས་ལས་ངན་གསོག་ས་རེད། ཕྱིས་སུ་རིམ་བཞིན་ཞུ་ཆོག འོན་ཀྱང་དྲ་བ་ལ་སྤེལ་འདོད་ཆེར་མེད་པས་དགོངས་འགལ་མེད་པར་ཞུ། །ཀརྨ་རྣམ་གཉིས་ཐུགས་སྣང་མཐུན། བཀའ་བརྒྱུད་བསྟན་པ་ཀུན་ཏུ་ཁྱབ། །ཞྭ་དམར་སི་ཏུ་དམ་ཚིག་གཙང་། །བོད་ལ་བདེ་སྐྱིད་དཔལ་འབར་ཤོག །
འབྲོག་བུ་སོག་ཚ་ལགས། དང་པོ་ཁྱོད་ལ་ཞུ་རྒྱུ། ཁྱོད་ཀྱིས་ལུང་ཁས་ལེན་ནམ་། རིགས་པ་ཁས་ལེན། ཡང་ན་གཉིས་ཀ་ཁས་ལེན། དམ་བཅའ་ཞོག་དང་། ཕྲན་གྱིས་ས་ཟླའི་ནང་འདིར་གཞན་གྱི་སེམས་དཀྲུགས་པའི་ཁ་ངན་བཤད་འདོད་མེད་དེ། རྩེད་མོ་དང་འབྲེལ་བའི་རིགས་པ་རེ་བཀོད་ན་མི་ཆོག་པའང་མེད། །
ངས་ལྟས་ན་ཁ་བ་བརྡ་དྲ་བས་མཆན་ཚོད་འཛིན་དགོས་པ་ཙམ་དུ་མ་ཟད། ཕྱི་འདུག
གང་ཟག་སྒེར་ལ་དམོད་པ་འགོག་གི་ཡིན་ཟེར་གྱི་མེད་པས།
ཚེ་རིང་བཀྲ་ཤིས་ལགས། འདི་སོ་གང་ཟག་སྒེར་ལ་དམོད་པ་ཟེར་གྱི་མ་རེད། འདི་ཙམ་གྱི་ཡིན་མིན་ཞིག་ཀྱང་གླེང་མི་ཆོག་ན་དེ་ནས་ཁ་གྲག་མི་ཆོག་ཟེར་བ་དང་གཅིག་པ་རེད། ལོ་ཤས་སྔོན་ཨ་རིའི་རྒྱས་ས་ཝ་ཤིན་ཊོན་ཏུ་སྲིད་འཛིན་བྷུ་ཤུ་ལ་མི་དགའ་བའི་མི་སྐོར་ཞིག་གིས་མོ་ཊ་དཀར་པོ་ཞིག་གི་མཇུག་ཏུ་འགྱིག་རས་ཀྱིས་བྷུ་ཤུའི་གཟུགས་པོ་ངོ་མ་ཞིག་བཟོས་ཏེ་མགོ་ཐུར་དུ་བསྟན་ནས་འདྲུད་ཀྱི་འདུག་ཀྱང་ཉེན་རྟོགས་པ་ཚོས་ད་དུང་མི་དེ་ཚོ་སྲུང་སྐྱོབ་བྱས་ནས་འགྲོ་གི་འདུག ང་ཚོ་ལ་ཀརྨ་བ་ལྟ་བུར་ཡིན་མིན་ཅུང་ཞིག་བཤད་མི་ཆོག་པའི་ཁྲིམས་ཞིག་ག་ལ་དགོས། ལར་སྐྱག་ལངས་ལ་ཤོར་བའི་མི་ཆེན་ཚོར་སྐབས་རེ་མཛུབ་མོས་རི་སྟོན་བྱེད་རྒྱུ་གལ་ཆེན་པོ་རེད།
ད་ཁྱོད་ཚོས་ལུང་བསྟན་གྱི་སྐོར་དེ་མང་པོ་མ་ཤོད། དེ་ལས་གོང་དུ་གསར་འགོད་པའི་གསར་འགྱུར་ལ་གཟིགས་དང་དམིགས་བསལ་ཞིག་ཡོད་གསུངས་འདུག དེ་ནི་ཀརྨ་དུས་གསུམ་མཁྱེན་པའི་སྐུ་གསུང་བྱོན་མ་རྩ་ཆེན་པོ་དེ།ཕྱི་རྒྱལ་ཁག་ཏུ་གཞས་ཞབས་བྲོ་རྒྱག་མཁན་ཚོ་དང་ལྷན་ཏུ་འབུལ་བསྡུ་ལ་འགྲོ་གི་ཡོད་གསུངས་འདུག གཟིགས་དང་སྒོར་མོ་རྩ་ཆེན་པོ་རེད་དམ་མ་རེད། བཀའ་བརྒྱུད་པ་ཡོངས་ཀྱི་ནང་བསྟན། བོད་སྤྱི་བོ་གནམ་བསྟན་ཡོངས་ཀྱི་དད་རྟེན་དེ་ནི་ཕྱི་རྒྱལ་ལ་གཞས་ཞབས་བྲོ་རྒྱགས་མཁན་སྐོར་ཞིག་དང་ལྷན་ཏུ་འགྲོ་བཞིན་ཡོད་གསུངས་འདུག ཀརྨ་དུས་གསུམ་མཁྱེན་པའི་འདྲ་སྐུ་གསུང་བྱོན་མ་ཕྱི་རྒྱལ་ལ་ཞལ་འདེབས་སློང་གི་གཏོང་མཁན་དེ་སུ་ཡིན་ནམ།།
མྱི་ལྡང་། ལྡོག་ཕྱོགས་རྐྱང་རྐྱང་ནས་བསམ་བློ་མ་གཏོང་། མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ། །ཞེས་ཉིན་རེ་བཞིན་སྐྱོར་གིན་མེད་དམ།
1) འོ་རེད། ད་སྐད་ཆ་ཁ་ཤས་བཤད། ལུང་བསྟན་འདི་ནི་རྫུན་མ་རེད། ༼༼སངས་རྒྱས་ཀུན་གྱི་བསྔགས་ པའི་སྲས་གཅིག་པོ༔ རྒྱལ་བའི་དབང་པོ་ཞྭ་ནག་ཅོད་པན་འཛིན༔ བོད་ཡུལ་གདུལ་བྱར་འཇུ་ཡི་རིགས་སུ་བྱོན༔ དེ་དང་དུས་མཚུངས་བདུད་ཀྱི་སྤྲུལ་པ་གཅིག༔ གློ་བུར་རྫུས་ནས་གཟི་བརྗིད་འཕྲོག་སྙམ་བྱེད༔༽༽ ཚིག་འདི་ནི་གང་ན་ཡང་ཡོད་ནི་མ་རེད། མི་ཁོ་རང་ཚོས་བཟོས་པ་རེད། ལུང་བསྟན་འདི་འདྲ་བཟོས་ན་གུ་རུའི་ལུང་གཞན་པ་ཚང་མ་རྫུན་གྱི་མ་རེད་སྙམ་ནས་ལོག་ལྟ་སྐྱེ་ཡོང་གི་འདུག དེ་འདྲ་མ་རྩོམ་རོགས།
2) ཞ་དམར་ཀརྨ་པའི་ཕ་རྒན་དེ་མི་ཕམ་ཡིན་ཟེར་བ་དེ་ཡང་སྐྱག་རྫུན་རང་རེད། མི་ཕམ་དེ་འདྲ་ནམ་ཡང་ལེན་སྲོལ་མེད། རྙིང་མ་པ་ཡོངས་ནས། བླ་མ་ཚད་ལྡན་ཡོངས་ནས་མི་ཕམ་ལ་སྤྲུལ་སྐུ་ཁས་ལེན་ནི་མ་རེད།
3) རྒྱུད་སྟོད་དགོན་དུ་རྟེན་གཞི་བྱས་པའི་ཞི་ལི་ནག་ལྡང་ཡང་རྫུན་མ་རེད། སི་ཏུ་ལུང་བསྟན་ཡང་རྫུན་མ་རེད། མི་ལ་མགོ་སྐོར་གཏོང་གི་ཡོད་ནི་རེད། རིག་པའི་རྡོ་རྗེས་ཕྱག་བྲིས་ཁྱོན་ནས་མ་རེད།
ཀརྨ་པ་དུས་གསུམ་མཁྱེན་པའི་སྐུ་འདྲ་གསུང་བྱོན་ཕྱི་རྒྱལ་ལ་གདན་འདྲེན་ཞུས་ནས། དད་ལྡན་མང་ཚོགས་ལ་བཤུ་གཞོག་ཡག་ཐག་ཆོད་བྱས་ནས་སོང་དེ། ཡོང་སྒོ་ཚང་མ་ཡང་བསྐྱར་རྒྱ་གར་ཁྲིམས་ཁང་ལ་བསྐྱལ་རྒྱུའི་གྲ་སྒྲིག་ནི་ཡིན་མི་སྲིད།
དྲི་མེད་ལྷག་བསམ་ལགས། ང་རང་སྦྱངས་པའི་ཤེས་ཡོན་གྱིས་འཕུངས་ཤིང་ཉམས་མྱོང་གིས་དབེན་པའི་བོད་བསྟན་སྲིད་ཀྱི་དོན་དུ་བསམ་བློ་རྩེ་གཅིག་ཏུ་གཏོང་མཁན་གྱི་གང་ཟག་ཞིག་ཡིན་པ་དང་། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་རང་རེའི་བོད་ཀྱི་བླ་སྤྲུལ་ནང་ཁུལ་རྩོད་པ་ཇི་ཙམ་བྱུང་ཡང་ཆོས་ཕྱོགས་སུ་ཞི་བའི་ཐབས་ལ་འབད་འབུངས་བགྱིད་ཁུལ་གྱིས་ལུང་རིག་ཇི་ཙམ་བརྙེད་སོན་བྱུང་བར་དེར་ཞིབ་དཔྱོད་བགྱིད་བཞིན་ཡོད། དེ་བཞིན་དུ་ཁྱེད་ཀྱི་ལུང་དང་དེའི་རྒྱབ་སྐྱོར་རིག་པ་རྣམ་པར་དག་པ་ཡོད་ན་ཁས་ལེན་ལེན། དེ་ལ་མི་ལེན་པའི་ལྐུག་པ་དབུ་ཚུགས་ཀྱིས་ལོང་བའི་མདའ་འཕེན་ནམ་ཡང་བྱ་རྩིས་མེད། སྐབས་བབས་དྭོགས་པ་འདྲ་བྱུང་ན་ལམ་སེང་ཁྱེད་རང་ནས་འཁྱོག་པོ་ཡོ་སྲང་གནང་བའི་རེ་བའང་ཞུ་བཞིན་ཡོད།
རྩོམ་འདི་ལ་མཆན་སྒོ་བཀག་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com