བསྟན་འཛིན་ཉིན་བྱེད།
ངས་ཁ་སང་ཁེ་ཕན་ཞིག་ཡོང་སྲིད་དམ་ཞེས་པའི་རྩོམ་ཐུང་ཞིག་སྤེལ་བ་ཡིན། རྩོམ་འདིའི་རྒྱབ་ཏུ་གོ་བ་གཏིང་ཟབ་ཅིག་ཡོད་སྙམ། ལ་ལས་ང་༧གོང་ས་མཆོག་ལ་དད་པ་མེད་པ་དང་། བོད་ཀྱི་རྩ་དོན་ལ་གནོད་པ་བྱེད་མཁན་གྱི་ཉིན་སྒྲིབ་ལྟ་བུ་ཞིག་ཏུ་ངོས་འཛིན་ བྱས་འདུག དེ་ནི་གནས་ཚུལ་ཡོང་རྫོགས་མ་ཤེས་པའི་རྟགས་མཚན་ཞིག་ཡིན་པ་རེད།
བསམ་བློ་ཞིབ་མོ་གཏོང་ན་ངའི་སྐད་ཆ་རྒྱུ་མཚན་མེད་པ་ཞིག་མིན། ཡག་པོ་ཉོན་ཨ། དུས་བབ་ཀྱི་ཀློག་པ་པོ་ཞིག་གིས་ང་ལ་བྱུང་སོང་གི་རྩིས་རྒྱག་སྟངས་ཤེས་ཀྱི་མེད་པ་ རེད་ཅེས་བརྗོད་འདུག ཁོས་བརྗོད་གསལ་ལྟར་ན་ང་ཚོས་ཨ་རིར་ཨ་སྒོར་ཁྲི་ལྔ་སྤྲད་ཀྱི་ཡོད་ནའང་ཚུར་ལ་ལོ་ ལྟར་ཨ་སྒོར་ས་ཡ་འགའ་ཤས་རེག་གི་ཡོད་རེད་ཅེས་བརྗོད་འདུག སྐད་ཆ་འདི་གློ་བུར་དུ་གོ་ཚེ་བདེན་པ་ཞིག་ཏུ་སྣང་སྲིད། ཡིན་ནའང་དངོས་ཡོད་གནས་ཚུལ་དེ་ལས་མགོ་རྙོག་པ་ཞིག་རེད།
གང་ ལྟར་ངས་བྱུང་སོང་གི་རྩིས་གཏིང་ཟབ་ཅིག་བརྒྱབ་སྟེ་རྩོམ་ཐུང་འདི་བྲིས་པ་ཡིན། ད་བར་༧གོང་ས་མཆོག་དང་བོད་མི་རིགས་ཀྱིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོར་ཕར་ ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་ཞབས་འདེགས་ཚད་མེད་སྒྲུབ་ཡོད།
དཔེར་ན་བོད་ནང་དུ་ཡོད་པའི་རེན་ཆེན་གཏེར་ཁ་བསྔོག་འདོན་བྱེད་མཁན་ གྱི་གཏེར་ཁའི་ཚོང་བདག་ཕལ་མོ་ཆེ་ནུབ་ཕྱོགས་རྒྱལ་ཁབ་ནས་ཡིན་ཅིང་། ཁོང་ཚོས་རྒྱ་ནག་གཞུང་དང་ལག་འབྲེལ་གྱིས་བོད་ཀྱི་གཏེར་དངོས་ཡོང་རྫོགས་བཏོན་ ཏེ་དངུལ་ཨ་སྒོར་ཐེར་འབུམ་མང་པོ་བཟོ་གི་ཡོད་པ་རེད། དེ་བཞིན་ཕྱིའི་སྣོད་ཙམ་དུ་མ་ཟད་ནང་སེམས་ཀྱི་བཅུད་ཀྱང་དེ་འདྲ་རེད།
དཔེར་ ན་བོད་ཀྱི་ཆོས་དང་རིག་གཞུང་བེད་སྤྱོད་གཏོང་སྟེ་དངུལ་བཟོ་མཁན་གྱི་ཚོགས་པ་མང་ དག་ཅིག་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད། ཐ་ན་མི་སྒེར་ཞིག་ལ་མཚོན་ནའང་བོད་ཀྱི་རིག་གཞུང་བེད་སྤྱོད་གཏོང་སྟེ་དངུལ་བཟོ་ གི་ཡོད་པ་རེད། ཡིད་མི་ཆེས་ན་འབྲེལ་ཐག་འདིར་གཟིགས།http://www.freewebs.com/atomgirl/tattootranslation.htm
མདོར་ན་བོད་ཀྱི་སྣོད་དང་བཅུད་ བེད་སྤྱོད་གཏོང་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཞུང་སྒེར་ཚོས་དངུལ་ཕོན་ཆེ་བཟོ་ བཞིན་པ་ནས་རྒྱ་མཚོའི་ཐིག་པ་བཞིན་ང་ཚོར་ཆེས་ཉུང་ཤས་ཤིག་སྐྱོབས་གསོའི་མིང་ བཏགས་ཏེ་སྤྲད་ཀྱི་ཡོད་པ་རེད།
དེ་ལ་ང་ཚོས་ད་དུང་ངོམ་གསོ་ཞེ་དྲག་བྱེད་ཀྱི་ཡོད་པ་རེད།
ནུབ་ ཕྱོགས་རྒྱལ་ཁབ་ཚོ་ནི་བཙན་རྒྱལ་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་གཤིས་ཀ་གཏིང་ ཟབ་ཡོད་སྟབས་བཤུ་གཞོག་གཏོང་རྐྱང་བྱེད་ཀྱི་ཡོད། ཧ་ལས་དགོས་པ་ཞིག་ལ་དེང་སང་ནེ་པ་ལི་ཚོས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ནས་ དངུལ་བཟོ་གི་ཡོད་པ་རེད།
དཔེར་ན་ཨ་རིའི་ནེའུ་ཡོག་གྲོང་འཁྱེར་གྱི་ཇེཀ་ སེན་ཧེཏ་ས་ཁུལ་དུ་ཟ་ཁང་ཞིག་ཡོད་ཅིང་། ཟ་ཁང་འདི་ནི་ས་ཁུལ་འདིའི་ནང་ནས་ཚོང་ཡག་ཤོས་ཕོག་མཁན་གྱི་ས་ཁང་ཞིག་རེད། ཟ་ཁང་གི་བདག་པོ་ནི་ཤར་པ་ཞིག་རེད། ཟ་ཁང་གི་མིང་ལ་ཧི་མ་ལ་ཡའི་ཟ་ཁང་ཞེས་འབོད་ཀྱི་ཡོད་མོད། ཟ་ཁང་ནང་གི་ཟ་མ་མང་ཆེ་བ་བོད་ཟས་རེད། དེ་བཞིན་ཟ་ཁང་ནང་༧གོང་ས་མཆོག་གི་སྐུ་དཔར་དང་། བོད་ཀྱི་སེམས་ཅན་གཡག་དང་། དེ་བཞིན་བོད་ཀྱི་དགོན་པ་སོགས་ཀྱི་འདྲ་དཔར་མང་པོ་སྦྱར་ཡོད་པ་རེད། ཡིན་ནའང་བོད་ཅེས་པའི་མིང་ཙམ་ཟ་ཁང་ནང་མཐོང་རྒྱུ་མེད་པ་རེད།
དཔེ་ གཞན་དག་ཅིག་འཇོག་ན། ང་ཚོའི་མཐོ་སློབ་ཏུ་ནེ་པ་ལིའམ་བལ་པོའི་སློབ་ཕྲུག་མཐུན་ཚོགས་ཤིག་ཡོད་པ་རེད། སློབ་ཕྲུག་དེ་ཚོའི་མདོང་རིས་ནི་རྒྱ་གར་བ་འདྲ་བོ་མ་གཏོགས་ཤར་པའམ་བོད་པ་འདྲ་ པོ་ཁྱོན་ནས་མེད། མིང་ཡང་ཧིན་དུའི་མིང་དང་ཆོས་ཀྱང་ཧིན་དུའི་ཆོས་རེད། ཁོང་ཚོ་ནི་བོད་པར་ཞེན་ཁོག་སོགས་དམིགས་བསལ་མེད། ཡིན་ནའང་མཐོ་སློབ་ཏུ་ལོ་རེར་ཁོང་ཚོས་ནེ་པ་ལིའི་དུས་སྟོན་ཞིག་སྲུང་རྩི་ཞུ་ གི་ཡོད་ལ། དུས་སྟོན་འདིའི་ཁྱབ་བསྒྲགས་ཆེད་བེད་སྤྱོད་གཏོང་བའི་སྦྱར་ཡིག་གི་འདྲ་དཔར་ནི་ ཆོས་རྟེན་བྱ་རོང་ཁ་གཤོང་དང་བོད་ཀྱི་རླུང་དར་ཡིན་པ་མ་ཟད། དུས་སྟོན་སྐབས་མོག་མོག་བཟོས་ཏེ་ཚོང་གི་ཡོད་པ་རེད།
གང་ལྟར་བོད་མི་ རིགས་ཀྱིས་ལོ་ངོ་སྟོང་ཕྲག་མོང་པོ་ནས་དཀའ་ལས་བརྒྱབ་སྟེ་བཟོ་སྐྲུན་བྱས་པའི་ ཆོས་དང་རིག་གཞུང་བེད་སྤྱོད་གཏོང་སྟེ་ཕྱི་རྒྱལ་བ་ཚོས་དངུལ་གྲངས་མེད་བཟོ་གི་ ཡོད་པ་དེ་ཤེས་དགོས། དེ་དག་ཤེས་པའི་ཐོག་ནས་ང་ཚོས་ད་དུང་སྟོབས་ཆེན་རྒྱལ་ཁབ་ཨ་རིར་ལྟ་བུར་ཞལ་ འདེབས་སོགས་རྒྱག་གི་ཡོད་ན་ནི་དངོས་གནས་ཧངས་སངས་དགོས་པ་ཞིག་རེད།
ཕལ་ཆེར་རང་ལས་གཞན་གཅེས་ཞེས་པའི་ལྟ་བ་དེ་དངོས་སུ་ལག་ལེན་བསྟར་གྱི་ཡོད་སྲིད།
ཆོས་ཕྱོགས་ནས་འཆད་ན་ལྟ་བ་དེ་འདྲ་ཞིག་ལག་བསྟར་བྱེད་པ་ནི་དངོས་གནས་བྱང་ཆུབ་སེམས་པའི་ལས་ཤིག་ཡིན་སྲིད་མོད། འཇིག་རྟེན་ཆབ་སྲིད་བྱ་བཞག་གི་ཐོག་ནས་བརྗོད་ན་ནི་དྲང་མཉམ་དང་དྲང་བདེན་ཞིག་ཨེ་ཡིན་སྙམ། རང་དང་གཞན་མཉམ་པ་དགོས་པ་མ་གཏོགས་རང་ལས་གཞན་གཅེས་པ་བྱེད་ན་ཡ་མཚན་ཞིག་མི་འདུག་གམ།།
བསྟན་འཛིན་ཉིན་བྱེད་ཞེས་པའི་མི་འདི་བོད་པའི་སྤྱི་ཚོགས་ནང་ཕྲག་དོག་དང། གཞན་གྱིས་ཡར་རྒྱས་ལ་མི་དགའ་མཁན། ཉེས་མེད་ཉེས་ཅན་བཟོ་མཁན་ལྟེ་བ་ཞིན་ཡིན་པའི་བཟོ་འདུག ༸གོང་ས་མཆོག་གི་མཛད་པ་ལ་ཇུས་ཏོག་དང་དངུལ་འབོར་ལ་ཆགས་སེམས་ཀྱིས་གང་ལབ་འདི་ལབ་མེད་འདི་འདྲ་བྱས་པ་ནི་ཧ་ལས་པའི་ཐབས་སྐྱོ་པོ་མ་ཡིན་ནམ། དངོས་གནས་མི་འདི་འདྲ་མང་དག་ཅིག་གིས་བོད་པ་མགོ་འབུར་དུ་མི་བཅུག་པ་བྱེད་ཀྱི་ཡོད། གང་ལྟར་བོད་མི་ཡོངས་རྗོགས་མི་འདི་འདྲ་ལ་དོག་ཟོན་དང་གཟབ་གཟབ་གནང་དགོས་པ་ཡིན། ༸གོང་སོ་མཆོག་གི་མཛད་པ་ལ་རྗེས་སུ་ཡིད་རང་ཡོད། བཀྲིས་བདེ་ལེགས།
བསྟན་འཛིན་ཉིན་བྱེད་ཞེས་པའི་མི་འདི་བོད་པའི་སྤྱི་ཚོགས་ནང་ཕྲག་དོག་དང། གཞན་གྱིས་ཡར་རྒྱས་ལ་མི་དགའ་མཁན། ཉེས་མེད་ཉེས་ཅན་བཟོ་མཁན་ལྟེ་བ་ཞིན་ཡིན་པའི་བཟོ་འདུག ༸གོང་ས་མཆོག་གི་མཛད་པ་ལ་ཇུས་ཏོག་དང་དངུལ་འབོར་ལ་ཆགས་སེམས་ཀྱིས་གང་ལབ་འདི་ལབ་མེད་འདི་འདྲ་བྱས་པ་ནི་ཧ་ལས་པའི་ཐབས་སྐྱོ་པོ་མ་ཡིན་ནམ། དངོས་གནས་མི་འདི་འདྲ་མང་དག་ཅིག་གིས་བོད་པ་མགོ་འབུར་དུ་མི་བཅུག་པ་བྱེད་ཀྱི་ཡོད། གང་ལྟར་བོད་མི་ཡོངས་རྗོགས་མི་འདི་འདྲ་ལ་དོག་ཟོན་དང་གཟབ་གཟབ་གནང་དགོས་པ་ཡིན། ༸གོང་སོ་མཆོག་གི་མཛད་པ་ལ་རྗེས་སུ་ཡིད་རང་ཡོད། བཀྲིས་བདེ་ལེགས།
བསྟན་འཛིན་ཉིན་བྱེད་ལགས།
ཁྱེད་ཀྱིས་༸གོང་ས་མཆོག་ནས་ལོ་རེར་ཧིན་སྒོར་ས་ཡ་བདུན་ཅུ་བརྒྱད་ཅུ་རེ་བོད་གཞུང་ལ་གསོལ་རས་གནང་གི་ཡོད་པ་མ་ཤེས་སམ། ཁྱེད་རང་ཡང་༸གོང་ས་མཆོག་གི་ཕྱག་དངུལ་གྱི་བཀའ་དྲིན་འོག་ནས་འཚར་ལོངས་བྱུང་བ་ཞིག་མ་ཡིན་ནམ། ལར་ནས་༸གོང་ས་མཆོག་ནི་བོད་མི་ཁོ་ནའི་དབུ་ཁྲིད་ཅིག་མིན་པ་འདི་ཤེས་དགོས། འཛམ་བུ་གླིང་གི་དབུ་ཁྲིད་རེད། ཁོང་བོད་མི་ཁོ་ནའི་ཁྲོད་བཞུགས་ཏེ་གཞན་དུ་མཛད་འཕྲིན་མ་བསྐྱངས་ན་བོད་དོན་འདི་འཛམ་གླིང་ལ་ཇི་ལྟར་ཁྱབ་ཐུབ། ཅིག་ཤེས་ཟེར་མཁན་ཞིག་གིས་འདི་ཙམ་ཡང་མ་ཤེས་པ་ནི་ངོ་མ་བློ་ཕམ་པའི་གནས་རེད།
བསྟན་འཛིན་ཉིན་བྱེད་ཁྱོད་ནི་དངོས་གནས་འཇིགས་མེད་བཀྲ་་་་་་་ཤིས་ཀྱིས་གསུང་བ་བཞིན་ཁྲག་དོགས་དང་འགྲན་སེམས་ལས་འཇོན་ཐང་ཅི་ཡང་མེད་པ་ཞིག་ཏུ་མཐོང་། གལ་སྲིད་འཇོན་ན་བོད་དོན་སོགས་ཁྱབ་སྒྲགས་གནང་དང་། ང་ཚོ་ཐམས་ཅད་ལ་འགན་ཡོད་པ་རེད། ནེ་པ་ལུ་ཚོས་བོད་དོན་ཁྱབ་སྒྲགས་བྱེད་ཀྱི་ཡོད་ན་ང་ཚོ་དགའ་དགོས་པ་ཞིག་མ་རེད་དམ། ཁྱོད་རང་གིས་བརྗེད་འདུག རྒྱ་མིས་ང་ཚོའི་གཏེར་ནོར་སོགས་ག་འདྲ་བྱས་ནས་ཁུར་གྱིས་ཡོད་པ་མ་མཁྱེན་ནམ།
བསྟན་འདྷིན་ཉིན་བྱེད་ལགས།
ཁྱེད་ཀྱིས་གཡག་དང་མོག་མོག་རླུང་རྟ་དང་ཇོ་དར་སོགས་བོད་ལ་བདག་ཚུལ་བཤད་པ་ནི་ཅུང་ཧམ་པ་ཆེ་དྲགས་འདུག།
དེ་ལྟར་ཡིན་པའི་རྒྱུ་མཚན་ཤོད་རྒྱུ་ཡོད་དམ།
མོག་མོག་ཟེར་བ་དེ་ནི་རྒྱ་མི་ཡི་སྐད་ཅིག་རེད་འདུག
དེ་བཞིན་ཆོ་མེན་སོགས་བོད་ཀྱི་ཐུན་མོང་མིན་པའི་ཁ་ཟས་ཤིག་ཡིན་པར་བསྒྲུབ་མི་ཐུབ།
གཡག་ཀྱང་ཧི་མ་ལ་ཡའི་རི་བརྒྱུད་སོགས་སུ་ཡོད་པའི་མཐོ་སྒང་གི་སེམས་ཅན་ཞིག་ཡིན་པ་ལས་བོད་ཀྱི་ཡིན་པར་ཁས་ལན་མི་ཐུབ།
དེ་བཞིན་བོད་ཇ་ཟེར་བ་སོགས་ཀྱང་བོད་ཀྱི་ཐུན་མོང་མིན་པའི་འཐུང་རྒྱུ་ཞིག་ཡིན་པར་བསྒྲུབ་མི་ཐུབ།
ལ་སྟོད་བུས་བཤད་པ་འདི་ངས་ཀྱང་བཤད་འདོད་པ་ཞིག་སྟེ། ལྷག་པར་བྱ་རུང་ཁ་ཤོར་གྱི་པར་བཀོད་པའི་མགྲོན་ཤོག་སོགས་ནེ་པ་ལིས་བེད་སྤྱོད་པར་མི་རངས་པ་ལྟ་བུ་བཤད་འདུག་མོད། དེ་བོད་པའི་ཡིན་པའི་ལོ་རྒྱུས་དང་རྒྱུ་མཚན་གང་ཡོད། མཆོད་རྟེན་དེ་ནི་སུས་ཀྱང་རྩོད་རྒྱུ་མེད་པ་ནེ་པ་ལའི་གཅེས་ནོར་རེད། དེ་བཞིན་མོག་མོག་སོགས་རྒྱ་ལ་ནེ་པ་ལའི་ཡུལ་དུ་བོད་ནས་དར་དུ་ཆུག་ཀྱང་དེ་ནེ་པ་ལས་ཅི་འདོད་དུ་ལོངས་སུ་སྤྱོད་མི་ཆོག་པ་ཅི་ཡོད། རྙོགས་དྲ་མང་པོ་བཤད་དྲག་ན་་ཆོས་དང་རིག་གཞུང་གཞན་ལས་མ་དར་བ་བོད་རང་ལ་རྩམ་པ་ཞིག་མ་གཏོགས་མང་པོ་དེ་འདྲ་ཡོད་རེད་དམ། གོས་སོག་པོ་ནས་དར་བས་སོག་པོར་དབང་། ཆོས་རྒྱ་གར་ནས་དར་བས་རྒྱ་གར་ལ་དབང་། ཟས་རྒྱ་ནག་ནས་དར་བས་རྒྱ་ནག་ལ་དབང་།
དོན་དག་ནི་ང་ཚོའི་གཡས་གཡོན་དུ་ཡོད་པའི་ཁྱིམ་མཚེས་བོད་དང་འབྲེལ་འདྲིས་ཆེ་བ་དེ་ཚོ་སྐད་ཆ་དེ་འདྲ་རེ་རེ་གོ་དུས་བོད་པ་ཟེར་དུས་ཧམ་ཞིག་ལ་ངོས་བཟུང་ནས་བོད་པ་དང་ཐག་རིང་དུ་རིང་དུ་འགྲོ་བཞིན་པ་རེད།
ཧ་ཅང་སྔོན་མཐོན་དུ་རློམ་ནས་གང་བྱུང་མང་བྱུང་མང་པོ་མ་ལབ་རོགས།
བསྟན་འཛིན་ཉིན་བྱེད་འདི་དབྱིན་བོད་གཉིས་ལ་བྱང་ཆ་ཡོད་པའི་མི་འཇོན་ཐང་ཅན་ཞིག་ཡིན་རབས་གོ་མྱོང་། ཡིན་ཡང་ལྟ་བ་ལ་འཇམ་དབྱངས་ནོར་བུའི་ཤན་ཐེབས་པ་ཅུང་ཛ་དྲག་འདུག ངས་ཁོང་ལ་གུས་བཀུར་སྔོན་དུ་བཏང་ནས་སྐད་ཆ་འགའ་བཤད་འདོད་བྱུང་།
༧གོང་ས་མཆོག་གིས་ཨ་རིའི་གཞུང་ལ་ཞལ་འདེབས་གནང་བ་ཡིན་རྒྱུ་མ་རེད།
སྐད་ཆ་བཤད་དུས་ཨ་རིའི་མཐོ་སློབ་དང་ཨ་རིའི་མི་དམངས། ཨ་རིའི་གཞུང་བཅས་ཐུག་པ་སྐོལ་སྐོལ་བྱེད་ན་ཀློག་པོ་མགོ་མཁོར་ཏེ། སྐད་ཆ་སྡུག་སྐྱག་ཅི་ཡང་བཤད་སྲིད་ལ། འགའ་རེར་གོ་བ་ལོག་པ་རག་པ་གདོན་མི་ཟ།
མ་གཞི་ཁོང་གི་ལྟ་བ་དེ་འཇམ་ནོར་གྱི་ལྟ་བ་རེད། སྔོན་༧གོང་ས་མཆོག་གིས་རྒྱ་གར་གྱི་སྨན་ཁང་ཞིག་ལ་ཞལ་འདེབས་ཕུལ་སྐབས། འཇམ་ནོར་གྱིས་༧གོང་ས་མཆོག་གིས་རྒྱ་གར་ལ་ངོ་དགའ་བྱས་པ་རེད་ཅེས་བཤད་ཡོད་རབས་འདུག
ད་མི་བཤད། བདེ་མོ།