ཡིད་སེམས་སྐྱིད་པོ་ཞིག་དང་མཉམ་
“དེ་ནས་ཤོད་དང་། བུད་མེད་ཅིག་འདི་ལྟར་སྙན་ངག་ལ་
རོལ་དབྱངས་ཀྱི་རང་སེམས་གསོ་འདོ
སྒྲོ་འདོགས་དང་ཀུ་རེའི་གནས་ཚུལ་
_________________________________________________________
གར་སྟེགས་འདི་རྡོག་སྒྲས་སྐྱོང་
མྱོང་ཚོར་འདི་སྨྱུ་གུས་འཁྲིད་
བརྩེ་དུང་ལ་བརྩི་འཇོག་མེད་ན་ང་
གདོང་འབག་རེ་གོན་ཏེ་ལྐོག་གྱུར་
ཡུ་མོའི་ཚོར་བར་ཧབ་ཆ་རྒྱག་དགོས་
གུ་ཡངས་གཏོང་དགོས་བསམ་པའི་འདུ་
དེ་བས ངས་དུས་རབས་འདིའི་རླབས་རྩེ་ནས
ཞེ་སྐྱོ་བའི་དངན་པ་རེ་འཐེན་མྱོ
ཚིག་ངར་མའི་དམ་བཅའ་འང་བཞག་མྱོང་
ཁྱོད་སྔར་བཞིན ཁྱེད་ཀྱི་གོམ་སྟབས་ཁྱེར་ཏེ་བསྐྱོད་ཆོག་ལ
ང་ད་དུང་ཡང་སྒྱུ་རྩལ་གྱི་བུ་ཆུ
དེ་རིང་དང་མ་འོངས་པ མི་ཡུལ་ཞིག་གི་གཏམ་རྒྱུད་དུ་
ཁྱེད་དང་ང་ལ་དབང་བའི་གསང་འཕྲིན་
དེ་བས མི་ཚེ་འདིར
ཇི་སྲིད་བར་བདེ་མོ
2012.11.19 གཅན་ཡུ་མོ།
གཅན་ཡུ་མོ་ལགས་བྲི་བ་ཤིན་ཏུ་ལེགས་སོ།།
ངོ་ཕོད་མེད་པའི་ཕོ་མཐའ་དེ་ཚོས་དར་སྐུད་ཀྱི་ལམ་ནས།
སྐབས་རེར་མཁས་རྟགས།
ལན་རེར་བློང་རྟགས།
རྫུན་དང་གཡོ་སྒྱུའི་ཁ་དབང་ཐོབ་པའི་དྲིལ་བརྡ་བ་དེ་ཚོས།
ཆགས་གཏམ་དང་དགོད་གཏམ་གྱི་བར་ནས།
ལོང་གཏམ་གྱིས་རྣ་བ་སུན་པོ་བཟོས་བ་ཅང་མིན།
སྒྲ་འཇུག་གི་འཁོར་ཐག་ལ་ཕབ་ནས།
འདི་དང་གན་ལ་མྱི་ཁ་དང་གྱོད་ཁ་ཕྱེ་བ་དེ་ལས་གཙོག།
ཉིན་མཚན་མི་འཁྱོལ་བའི་ཨ་ཁུ་དེ་ཚོ་ཡང་།
ཨ་ཨ་ཨ་་་་་་་་་་།
ཁེར་རྐྱང་གི་ཡུ་མོ་མ་ཁྱོས་ཅིག་དཀའ་ཡ།
ཡུ་མོ་ལ་ཁག་མེད། ཡིན་ནའང་་ང་ཡུ་མོ་ལ་དགའ་བ་དེ་ལྷག་བསམ་ཟོལ་མེད་ཡིན
ཚིག་སྦྱོར་ཡག་པོ་འདུག ནང་དོན་ཐད་ནས་གླེང་རྒྱུར་མེད།
ཨ་ཡོ་་་་་་་་་་་
བརྩེ་བ་ནི་ངེས་དོན་གྱི་ན་ཟུག་ཡིན་ལ། ན་ཟུག་གིས་བརྩེ་བར་བྲོ་བ་འབྱིན། འདི་ནི་འདི་སྟེ་དེ་ཡང་དེ་ཡིན། འདི་ལྟར་ལམ་བུ་ནས་ལམ་བུར་བསྙེགས་ཤིང་། འཕྲང་འགག་ནས་འཕྲང་འགག་བརྒྱུད་དགོས་བྱུང་། འདི་འཚོ་བ་སྟེ་མི་ཞིག་དགོས་ངེས་ཀྱི་གནད་དོན་རྡོག་གཅིག་ཡིན། མི་ཚེའི་རིན་ཐང་ངོ་མ་དེ་ཡང་འདི་ལྟར་འཚོལ་དགོས།
ཡུ་མོས་བྲིས་པ་མང་ཞིང་། བྲིས་པའང་ཧ་ཅང་བཟང་གི། བཀའ་དྲིན་ཆེ།
ཡུ་བོ་རི་ལ་བུད་ཐལ།།
ཡུ་མོ་ཐངས་ནས་ལྷག་སོང་།།
གཅན་གཟན་སྟག་གི་ཁ་ནས།།
གཉོམ་ཆུང་ཡུ་མོ་མཐར་དཀའ།།
ག་རེ། མཚོ་སྔོན་ཕྱོགས་ཀྱི་བུ་མོ་དེ་ཚོས་རྩོམ་ཞིག་བྲིས་ན་ཚང་མ་གཅིག་པ་འདྲ་ཞིག་ཡིན་ནོ་ཅི་རེད། མི་ཚེ་ཡོད་ཚད་རེ་ཆད་དང་ཡི་མུག་གིས་ཁེངས་འདུག
ནོར་གླིང་ན་མི་རྐྱང་མང་བོ་ཡོད་པས་དེ་འདྲའི་ཨུ་ཐུགས་དགོས་དོན་ད་མི་འདུག་ག
ལོ་རྒྱུས་ཀྱིས་སེམས་ལ་ན་ཟུག་སྐུན་ཞིང་། ན་ཟུག་གིས་ལོ་རྒྱུས་ལ་རེ་བ་སྟེར། ན་ཟུག་བརྗོད་པ་ནི་ལོ་རྒྱུས་ཡིན་ཞིང་། ལོ་རྒྱུས་ནི་ཕལ་ཆེར་འགྱོད་གདུང་ཡིན། ཡུ་མོ་ལ་མཚོན་ནའང་། ཕལ་ཆེར་འགྱོད་གདུང་ཡིན་སྲིད། འགྱོད་པས་བྱིན་པའི་གདུང་བ་མེད་ན། ལོ་རྒྱུས་སྙན་ངག་ཏུ་སྨྲ་དགོས་དོན་མེད། འདི་ལྟར་བསམ་གཞིག་བྱེད་དུས། ངའི་སེམས་ལ་སྐྱོ་གདུང་ཉག་གཅིག་ལས་སྤྲོ་སྣང་ཞིག་ཡོང་མི་སྲིད།
མཇུག་གི་སྙན་ངག་དེས་ཡིད་ཕྲོགས་སོང་།