རྔ་བ་ཀུན་བཟང་སྒྲོལ་མ།
སྤྲིན་ནག་གི་སྨུག་ལོང་ཡོལ་དུས།།
གྲང་རླུང་གི་འཁྱག་གདུང་བཙན་དུས།།
སུན་སྣང་གི་མིག་ཆུ་བཞུར་དུས།།
ཕྱིར་དྲན་ནི་སྐྱོ་བའི་གཞི་མ།།
ཁེར་རྐྱང་གི་གདུང་སེམས་ཆེ་དུས།།
ཀྱག་ཀྱོག་གི་རྐང་ལམ་ངན་དུས།།
བདག་སེམས་ནི་ས་མཐའ་ལྷུང་སྐབས།།
བྱམས་ལྡན་གྱི་མ་ལོ་དྲན་སོང་།།
རེ་སྒུག་གི་འགྱོད་གདུང་མོད་དུས།།
ཕངས་སེམས་ཀྱི་མ་ལོ་དྲན་དུས།།
སྡུག་ཡུལ་གྱི་ཚ་གདུང་བཙན་སྐབས།།
ཁེར་རྐྱང་གི་སྡུག་ཡུས་མང་གི།
ཕུགས་འདུན་ཀྱི་འཚོལ་སྙེག་བཟང་དུས།།
ཞི་བདེ་ཀྱི་གཡང་ཁྱིམ་རོལ་སྐབས།།
དགའ་སྐྱིད་ཀྱི་གླུ་དབྱངས་ལེན་དུས།།
སྤྲོ་སྐྱིད་ཀྱི་གཞིས་ཁྱིམ་དྲན་སོང་།།
དགུན་དུས་ཀྱི་གྲང་རླུང་ཁྲོད་དང་།།
དབྱར་དུས་གྱི་ཆར་ཆུ་འབབ་དུས།།
བདག་མེད་ཀྱི་ཁང་སྟོང་ཞིག་ནས།།
ཁེར་རྐྱང་གི་སྐྱོ་གླུ་མང་གི།
(ཞི་བདེ་ཀྱི་གཡང་ཁྱིམ་རོལ་སྐབས།།)འདི་ནོར་འདུག དེ་མིན་བདེ་མོ་ཟིག་བྲིས་འདུག
མ་ལོ། ཟེར་ན་ག་རེ་རེད། ཤིང་མ་ཡི་ལོ་མ་ཡིན་ནམ། དྲིན་ཆེན་མ་ཡི་ལོ་ཚད་ལ་གོ་དགོས་སམ། ཡང་ན་གཞན་ཅིག་ཡིན་ནམ།
ཀ་རྡོར་ལགས་སུ་ཨ་མ་ཟེར་དུས་ བྱམས་ལྡན་གྱི་ཨ་མའི་མིང་དུ་འབོད་ལ་ འདོད་ཚིག་འདི་མང་ཆེ་བ་ཨ་མདོའི་ཁ་སྐད་དུ་ཟེར་སྲོལ་ཡོད། མ་ལོ་ཟེར་དུས་ཨ་མའི་གཅེས་སྐད་དུ་ཟེར དཔེར་ན་ ཨ་མའི་རང་གི་བུ་ཕྲུག་ལ་ངའི་མ་ལོའི་གཅེས་ཕྲུག་ཅེས་འབོད་པ་ལྟ་བུའོ།
ཁེར་རྐྱང་གི་ཁེར་འགྲོས་དེ་སྙན་པོ་ཞེ་དྲགས་འདུག
ཁྱོད་རང་དྲན་པའི་མཚན་མོ།།
ཟླ་འོད་མེད་པའི་མཚན་མོ་།།
སྐྱོ་བདུང་ཆེ་བའི་མཚན་མོ།།
མིག་ཆུ་ཤོར་བའི་མཚན་མོ།།
ཞོག་པའི་སྐྱ་རེངས་ཤར་དུས།།
ཁྱོད་རང་མེད་པའི་སྐྱོ་སྣང་།།
ཁྱོད་ཉིད་དྲན་པའི་གདུང་བས།།
ལུས་སེམས་ངལ་གྱི་ཁེང་སོང་།།
ཡ་ཆུང་སེམས་པའི་ནང་དུ།།
ཉིན་དང་མཚན་མོའི་རྨི་ལམ།།
ཁྱོད་ཉིད་དྲན་པའི་རི་མོ།།
བསུབ་ཀྱང་སུབ་པ་མི་འདུག།།
ཁྱོད་རང་དྲན་པའི་ལོ་ཟླ།།
ནམ་ཡང་ཡལ་བ་མི་འདུག།།
ནམ་ཞིག་མཇལ་བའི་བསྐལ་བ།།
རེ་སྒུག་བྱས་ནས་ཡོད་དོ།།
དྲིན་མ་ལོ་མེད་པའི་ས་མཐའ་ན།
དྲན་གདུང་བ་ལྕི་བའི་གསར་འབྱོར་མང་།།
ཁ་ཆུང་དུས་ཁྲེལ་མེད་ལུགས་མེད་རེད།
དུས་དེང་སང་མྱི་རྒན་བསམ་ཤེས་རེད།
སྡུག་རིག་དུས་རིག་དུས་མ་རྒན་དྲན།
དེ་མིན་དུས་ཆུང་དུས་རོགས་ལོ་དྲན།
ཕ་ལས་ངན་དྲན་པའི་ལས་ངན་ཞིག།
ང་གཅིག་པོ་མ་བྱས་མེད་ས་རེད།
རྔ་པ་ཀུན་བཟང་སྒྲོལ་མ་ལགས་ཀྱིས།
༼མ་ལོ་ཟེར་དུས་ཨ་མའི་གཅེས་སྐད་དུ་ཟེར།༽ཨ་མདོའི་ཁ་སྐད་དུ་ཨ་མའི་གཅེས་ཕྲུག་ལ་མ་ལོ་རེད་ཅེས་གོ་དོན་བཀྲལ་བར་ཐུགས་རྗེ་ཆེ་ཞེས་ཞུའོ། །ཡང་། ཕ་ལོ་ཞེས་ཟེར་སྲོལ་ཡང་ཡོད་དམ་མེད།
གཅེས་ཕྲུག
ཆུང་དུས་ཨ་མའི་གཅེས་ཕྲུག །
བར་དུ་བོད་དགེའི་གཅེས་ཕྲུག །
མཐའ་མར་ཀུན་གྱི་གཅེས་མི། །
གཅེས་ཕྲུག་མི་ཚེ་དོན་ལྡན། །
ཀུན་བཟང་སྒྲོལ་མ་བརྩེ་བ་ཟབ་མོའི་སྡུག་ཡུས་ལས་སངས་པར་གྱིས། བརྩེ་བ་ནི་རང་ལ་བདེ་སྣང་འདྲེན་བྱེད་དུ་མི་རུང་ཚེ། རང་ཉིད་སྡུག་ལ་སྤྱོར་དོན་མེད་ཀི
བཀའ་དྲིན་ཆེ་ཀུན་བཟང་སྒྲོལ་མ་ལགས། མི་བུ་གང་མང་ཞིག་གིས་ཁྱེད་ལ་བསྟོད་གླུ་ལེན་བཞིན་སྒང་རེད།
ཀུན་བཟང་སྒྲོལ་མ་ལགས་ཡག་པོ་འདུག་་་་་་་་་་་་མི་མཐུད་དུ་འབྲི་བར་རེ་སྐུལ་ཡོད